བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས་ཁང་ནས།
ཕྱི་ ལོ་༢༠༡༢ ཟླ་༣ཚེས་༣༡རེས་གཟའ་སྤེན་པའི་ཉིན་བལ་ཡུལ་མཆོད་འཇོར་གནས་སུ་བལ་ཡུལ་ནང་སྔར་ནས་ ཡོད་པ་དང་གསར་དུ་འབྱོར་བ་སོགས་མདོ་སྨད་མི་མང་གང་འཚམས་འདུ་འཛོམས་ཀྱིས། མདོ་སྨད་ས་གནས་རྒྱུན་ལས་སྐབས་བརྒྱད་པ་མི་གྲངས་བཅུ་གཅིག་གསར་དུ་འོས་འདེམས་བྱས་ཤིང་། འོས་ འདེམས་དེའི་ཁྲོད་ནས་མང་ཚོགས་འདུ་འཛོམས་སར་སྐབས་བདུན་པའི་རྒྱུན་ལས་ཚོགས་ གཞོན་བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་ལོ་གསུམ་རིང་གི་རྩིས་ཁྲ་མང་ཚོགས་ལ་སྒྲོགས་སྦྱང་གནང་བ་དང་། རྒྱུན་ལས་རྙིང་པའི་ལོ་གསུམ་རིང་བོད་ནང་གི་གཞིས་ལུས་དཔའ་བོ་དཔའ་མོ་ཚོས་རང་ལུས་མེ་བསྲེག་གི་ལས་འགུལ་ཁྲོད་ནས་སྐུ་སྲོག་ཤོར་བ་དང་། ཤུལ་ལུས་ནང་མི་སོགས་ལ་གདུང་སེམས་བསྐྱེད་མཉམ་ཆེད་བལ་ཡུལ་ནང་གི་ཆོལ་གསུམ་མང་ ཚོགས་དང་རིས་མེད་དགོན་སྡེ་ཁག་གི་དགེ་བཙུན་སོགས་གདན་ཞུས་ཀྱིས་མཎི་སྨོན་ལམ་ དང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཕྱོགས། ལྷག་པར་དུ་རྒྱུན་ལས་ཀྱི་ངོས་ནས་ལོ་གསུམ་རིང་ས་གནས་མདོ་སྨད་མང་ཚོགས་ཁྲོད། ལྟ་སྐྱོང་བྱེད་མཁན་མེད་པའི་ཛ་དྲག་ནད་མནར་རིགས་ལ་སྨན་བཅོས་མཐུན་རྐྱེན་གྱི་ རོགས་རམ་གང་ཐུབ་དང་། བློ་ བུར་རྐྱེན་འདས་སུ་གྱུར་པ་སུ་འདྲ་ཞིག་བྱུང་ཡང་རྒྱུན་ལས་ཀྱི་ངོས་ནས་དུས་ཐོག་ རོགས་ཕན་བྱེད་དགོས་སོགས་མང་ཚོགས་ཀྱི་བདེ་སྡུག་ལ་གཟིགས་ཕྱོགས་ཀྱང་གསལ་བཤད་ གནང་ཡོད་ཅིང་།
ཕྱི་ ཟླ་༤ཚེས་༧རེས་གཟའ་སྤེན་པའི་ཉིན་རྒྱུན་ལས་རྙིང་བའི་ཚོགས་གཙོ་གཞོན་གཉིས་ཀྱིས་ མཆོད་འཇོར་ས་གནས་མདོ་སྨད་རྒྱུན་ལས་ཚོགས་ཁང་དུ་རྒྱུན་ལས་སྐབས་བདུན་པའི་དངུལ་གྱི་རྩིས་ཁྲ་སོགས་སྐབས་བརྒྱད་པའི་རྒྱུན་ལས་གསར་པར་རྩིས་འབུལ་བྱས་ཐོག མ་འོངས་པའི་རྒྱུན་ལས་གསར་བའི་ལས་དོན་བྱེད་ཕྱོགས་དང་མ་དངུལ་ཉར་ཚགས་བྱེད་ཕྱོགས། དགོས་གལ་ནམ་བྱུང་ལ་རྒྱུན་ལས་འདུ་འཛོམས་དང་། མང་ཚོགས་བསྡུ་བསྐོངས་བྱེད་ཕྱོགས་སོགས་ཀྱི་ཐད་གོ་བསྡུར་ལྷུག་པོ་གནང་མཐར་སྒྲིག་གཞི་ཡང་གཏན་འབེབས་མཛད་ཡོད།
ད་རེས་གསར་དུ་འདེམས་ཐོན་བྱུང་བའི་བལ་ཡུལ་མདོ་སྨད་ས་རྒྱུན་གསར་པའི་མཚན་གཞུང་གཤམ་གསལ།
༡༽ ཚོགས་གཙོ་རྔ་བ་རྒྱ་མཚོ།
༢༽ཚོགས་གཞོན་གསེར་རྟ་བཀྲ་ཤིས་དོན་འགྲུབ།
༣༽དངུལ་གཉེར་ཨ་ཁུ་རྟ་འགྲིན།
༤༽དྲུང་ཆེ་རྐྱང་ཚ་གྲགས་པ།
རྒྱུན་ལས་ཚོགས་མི།
༥༽ས་དཀར་བསྟན་འཛིན། ༦༽ལྷ་ལུང་།
༧༽བླ་བྲང་ཚེ་རིང་སྐྱིད། ༨༽ ཀླུ་ཆུ་ཨ་ཚེ།
༩༽རྐྱང་ཚ་ལྷ་མོ་སྐྱབས། ༡༠༽འབྲུག་ལྷ།
༡༡༽ རྔ་བ་དགེ་ཁོ།
བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས་ཁང་ནས།
བལ་ཡུལ་མདོ་སྨད་པ་རྣམས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
ཁྱེད་ཅག་གིས་དུས་ཡུན་ལ་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།
ངས་ཁ་བརྡ་ཚང་འདི་ཕྱོགས་རེས་འཐེན་འཁྱེར་མེད་པའི་དྲ་རྒྱ་ཁྱད་འཕགས་ཞིག་ཏུ་ངོས་འཛིན་བྱེད་མུས་ཡིན་རུང་འདའ་དགོང་ཕྲན་གྱི་བུད་མེད་ལྷན་ཚོགས་ཀྱིས་ཚོགས་གཙོས་ཚོགས་དངུལ་འབུམ་གཉིས་བཟས་པའི་གནས་ཚུལ་ཁུངས་ལྡན་ཞིག་མཆན་ཐོག་ཏུ་སྤེལ་ཡང་ཁྱེད་ཁ་བརྡ་ཚང་གི་མ་བཀོད་པའི་རྒྱུ་མཚན་གསལ་པོ་ཞིག་ཕྲན་ལ་བཤད་རོགས།
ངའི་མཆན་དྲ་ཐོག་ཏུ་མ་བཀོད་པའི་རྒྱུ་མཚན་གསལ་བཤད་ངེས་པར་དུ་བྱ་རོགས།
རྒྱུད་ལས་གསར་བ་རྣམས་པར་མཚམས་འདྲི་ཡོད།
འཚམས་ཞེས་བཅོས་དགོས་ཐུག་སོང་དགོངས་དག
དགའ་ལྡན་ལགས་ཁྱེད་ཀྱི་མཆན་བུ་དེ་མཐོང་སོང་། ཁུངས་ལྡན་གང་ཡང་རེད་མིན་འདུག
དེ་འདྲ་ཞིག་གོ་སོང་། དེའི་སྐོར་ཤེས་མཁན་ཡོད་དམ་ཟེར་བ་གཞན་ལ་དྲི་བ་བཏང་བ་ཞིག་རེད་འདུག
བཀུར་འོས་འབྲེལ་ཡོད་ལྷན་རྒྱུས་ལ་ཞུ་རྒྱུར། རྒྱུན་ལས་གསར་པ་ཚོར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། གཅིག་ནོར་འདུག ཚོགས་གཞོན་གསེར་རྟ་བཀྲ་ཤིས་དོན་འགྲུབ་ལབ་འདུག བལ་ཡུལ་དུ་གསེར་རྟ་བ་བཀྲ་ཤིས་དོན་གྲུབ་ཟེར་བ་ཞིག་མེད་པས། ང་ཚོས་སྐབས་འཚོལ་བར་དོ་སྣང་བྱེད་དགོས།
བལ་ཡུལ་མདོ་སྨད་ས་རྒྱུན་གསར་རྙིང་གཉིས་ཀར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སྟབས་བསྟུན་ས་རྒྱུན་གསར་པ་རྣམ་པས་གདུང་སེམས་མཉམ་བསྐྱེད་དང་།་་་མ་ཎི་སྨོན་ལམ།་་་རོགས་སྐྱོར་དང་ལྟ་སྐྱོང་སོགས་ཕྱོགས་གང་ས་ཅི་ཐད་ནས་ས་རྒྱུན་རྙིང་པ་ལས་མ་འདྲ་བ་ཞིག་དང་ཆོད་ཆེ་བ་ཞིག་ཡར་ནས་ཡར་དུ་ཡོང་པའི་སྨོན་འདུན་ཡང་ཡང་ཞུ།
ཁྱེད་རྣམ་པར་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་བྱ་བཞག་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ།
བལ་ཡུལ་མདོ་སྨད་ས་རྒྱུན་གསར་རྙིང་གཉིས་ཀར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
སྨོན་ལམ་མཆོད་གསོལ་ལེགས་མོད་ཀྱང་། །
གསར་འབྱོར་སྐྱོ་པོ་ཕན་ན་བཟང་། །
ཞབས་བརྟན་བརྟན་བཞུགས་ལེགས་མོད་ཀྱང་། །
ཞལ་གསུང་སྒྲུབ་ན་དེ་བས་ལེགས། །
ཁྱེད་རྣམས་ཀྱི་བྱ་བ་ལམ་འགྲོ་ཡོང་བར་སྨོན།
ཁྱེད་རྣམས་ཀྱི་བྱ་བ་ལམ་འགྲོ་ཡོང་བར་སྨོན།
ཁྱེད་རྣམས་ཀྱི་བྱ་བ་ལམ་འགྲོ་ཡོང་བར་སྨོན།
སང་སང་ལགས། ཁྱེད་ཀྱིས་མཆན་གྱི་ཁྲོད་དུ་གསེར་རྟ་བཀྲ་ཤིས་དོན་འགྲུབ་ཟེར་ཞིག་བལ་ཡུལ་ནང་མེད་ཚུལ་དང་། ཁོང་སྐབས་འཚོལ་རིང་ལུགས་པ་ཡིན་པའི་ཚིག་མཚོན་ཞིག་བཏབ་འདུག དེ་ནི་ཅིག་བྱས་ན་ཁྱེད་རང་གིས་མ་མཁྱེན་པ་ཡིན་ནམ་ཡང་ན་མཁྱེན་བཞིན་སྐྱོན་བརྗོད་བྱས་པ་ཡིན། གསེར་རྟ་བཀྲ་ཤིས་དོན་འགྲུབ་ནི་ད་བར་ལོ་ངོ་བཅུ་ཕྲག་ལྷག་གི་རིང་བལ་ཡུལ་ནང་མདོ་སྨད་སྐྱིད་སྡུག་གི་རྒྱུན་ལས་སུ་ཕྱག་ལས་གནང་ནས་བཞུགས་པ་རེད། མ་ཟད་སྐབས་༡༥བའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོ་དང་དངོས་གཞིའི་འོས་མིར་ཡང་ལགས་པ་རེད། ཁོང་གི་མཚན་ལ་ཡོངས་གྲགས་མགོ་ལོགས་གསེར་རྟ་བཀྲ་ཤིས་དོན་འགྲུབ་རེད།
རྒྱུན་ལས་གསར་བ་རྣམས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལགས་ཞུ།
ཁྱེད་ཅག་གིས་ལྷག་བསམ་དཀར་པོས་བོད་སྤྱི་བའི་རྩ་དོན་ལ་ཞབས་འདེགས་ཞུ་ཐུབ་པའི་སྨོན་འདུན་ཡོད།
མཆན་༡༤བའི་ནོར་བཅོས་སུ། གསེར་རྟ་བཀྲ་ཤིས་དོན་འགྲུབ་ཟེར་ཞིག་ཅེས་པ་ཟེར་པར་བཅོས། འོས་མིར་ལགས་པ་རེད་ཅེས་པར་ལངས་པར་བཅོས་རོགས། མགོ་ལོགས་ཅེས་པ་མགོ་ལོག་ཏུ་བཅོས་རོགས་གནང་།
ཚོགས་གཙོས་གཙོ་བས་བའི་རྒྱུན་ལས་ལྷན་རྒྱས་ལ་སེམས་གཏིང་ནས་བཀྲ་ཤིས་བདེ་ལེགས་ཞུ།
མི་བཟང་རྐྱང་རྐྱང་རེད། ངོ་གནས་དགའ་འོས་པ་ཞིག་རེད།