གནས་ཚུལ་བརྒྱུད་སྤྲོད་པ། དོན་འགྲུབ་བཀྲ་ཤིས།
བལ་ཡུལ་བོད་ཀྱི་སྲོང་བཙན་སློབ་གྲྭའི་དགེ་ཆེ་ཡིས་སློབ་གྲྭའི་བུ་མོ་ཁག་ཅིག་ལ་བཙན་གཡེམ་བྱས་པར་ཉེན་རྟོག་པས་འཇུ་བཟུང་བྱས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཁོངས་གཏོགས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ཆེན་མོའི་ཁུལ་དུ་ཡོད་པའི་སྲོང་བཙན་སློབ་གྲྭའི་དགེ་ཆེ་མ་ཧེ་ཞིས་ཐཱ་པ་ Mahesh Thapa ཡིས་སློབ་གྲྭའི་བུ་མོ་ཁག་ཅིག་ལ་ཚུལ་མིན་བྱ་སྤྱོད་སྤེལ་བ་དང་། བཙན་གཡེམ་བྱས་པའི་གནས་ཚུལ་བྱུང་རྗེས། སློབ་གྲྭའི་འགན་འཛིན་ལྷན་ཚོགས་ཚོགས་འདུ་འཚོགས་ནས། ཁོང་སློབ་གྲྭ་ནས་གནས་དབྱུང་ཕྱིར་འབུད་བཏང་ཡོད་པ་དང་། སློབ་སྤྱི་བྱམས་པ་ཕུན་ཚོགས་ལགས་ཀྱིས་དོན་རྐྱེན་དེའི་ཐད་མུ་མཐུད་དུ་ཞིབ་འཇུག་བྱེད་རྒྱུ་ཡིན་པ་བརྗོད་འདུག
གནས་ཚུལ་རྒྱུས་ལོན་ལྟར་ན། སློབ་གྲྭ་དེའི་སློབ་མ་བུ་མོ་བདུན་བརྒྱད་ཞིག་གིས་དགེ་ཆེ་མ་ཧེ་ཞིས་ཐཱ་པ་ ཡིས་ཁོང་རྣམས་ལ་བཙན་གཡེམ་བཏང་སོང་ཞེས་དཔང་བོ་ཐོན་གྱི་ཡོད་པ་དང་། ཁོང་ཚོའི་ཁྲོད་ཀྱི་ལོ་ན་ ༡༤ ཅན་གྱི་བུ་མོ་ཞིག་གི་ཨ་ཕས་བརྗོད་དོན། སློབ་གྲྭའི་དགེ་ཆེ་མ་ཧེ་ཞིས་ཐཱ་པ་ ཡིས་ཁོང་གི་བུ་མོ་ཟ་ཁང་དུ་བོས་པ་དང་དགོང་མོ་མགྲོན་ཁང་ལ་འཁྲིད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་འགྲེལ་བརྗོད་བྱས་འདུག
སློབ་གྲྭའི་དེའི་དགེ་ཆེ་མ་ཧེ་ཞིས་ཐཱ་པ་ཡིས་སྲོང་བཙན་སློབ་གྲྭའི་ནང་འདས་པའི་མི་ལོ་ཉི་ཤུ་ལྷག་གི་རིང་དགེ་རྒན་བྱས་མྱོང་བ་དང་། ཟླ་འདིའི་ཚེས་ ༢༣ ཉིན་བཙན་གཡེམ་གྱི་གནས་ཚུལ་དང་འབྲེལ་ནས་ཁོང་བལ་ཡུལ་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
གོང་གི་སྲོང་བཙན་བལ་བཟའ་གཏན་ཉིན་འབྲིང་རིམ་སློབ་གྲྭ་ནི། བལ་ཡུལ་དོན་གཅོད་རིན་ཆེན་དར་ལོ་ལགས་ཀྱིས་ཐུགས་ཁུར་འོག་ཕྱི་ལོ་༡༩༨༢ ཕྱི་ཟླ་༣ ཚེས་༢༨ ཉིན་འགོ་འཛུགས་གནང༌བ་དང་། ༡༩༨༥ ཡས་མས་སུ་གཏན་སློབ་ཀྱི་ངོ་བོར་དེབ་སྐྱེལ་ཞུས་ཏེ་བལ་ཡུལ་གཞུང་གི་ཤེས་རིག་ལས་ཁུངས་དང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁོངས་སུ་ཡོད་པ་རེད།
སྟངས་འཛིན་མེད་ནས་སྐྱག་ལང་ཤོར་ལེགས་ཉེས་ཅི་བྱས་ཀྱང་མཐའ་མ་འབྲས་རྟགས་མངོན་རྒྱུ་ཡོད་པ་ནི་ཆོས་འཇིག་རྟེན་གང་གིས་ཀྱང་གློད་གི་མ་རེད། དགེ་ཆེ་དེ་ལ་ཁྲིམས་ཆད་ནན་མོ་གཏོང་ཐུབ་པ་བྱ་རྒྱུ་སྲོང་བཙན་སློབ་གྲའི་འགན་འཛིན་ཡས་ནས་བཙན་གཡེན་ཕོག་མཁན་བུ་མོ་བདུན་བརྒྱད་ཚུན་ཆད་ནས་མཉམ་རུབ་བྱས་ཏེ་ནག་ཉེས་གཏེ་བོ་དགེ་ཆེ་དེ་ཉིད་ཁྲིམས་ཆད་ཚ་ནན་གཏང་དགོས་དེ་རིགས་ཡན་གར་བཞག་ན་ཁྱོན་ནས་ཡོང་གི་མ་རེད། ལྷག་པར་ཞུ་རྒྱུ་ཞིག་ལ་བལ་གཞུང་འདི་དྲང་བདེན་ལམ་ལ་མི་བསྐྱོད་མཁན་གྱི་གཞུང་ཞིག་ཡིན་པས་ཚང་མས་གཟབ་ནན་གྱིས་ཁྲིམས་ཆད་ནན་མོ་གཏང་དགོས། ངོ་ཚ་དང་ཁྲེལ་མེད་པའི་ཁྱི་རྒན་འདི་་་་་་་རང་གར་འཇོག་མི་འོས།
# 10 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:
June 23rd, 2014 at 6:42 PM
སློབ་མ་བུ་མོ་བདུན་བརྒྱད་དང་། ཁོང་ཚོའི་ཁྲོད་ཀྱི་ལོ་ན ༡༤ ཅན་གྱི་བུ་མོ་ཞིག་ལ་བཙན་གཡེམ་བྱ་ས་དེ་ཡང་མཆོད་རྟེན་གྱི་དྲུང་དུ། ལྟས་ངན་རེད། ཁོའི་རླིག་པ་དེ་མ་ཤི་གོང་རུལ་རྒྱུ་ཐག་ཆོད་པ་རེད།
# 11 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:
June 24th, 2014 at 2:47 AM
ནེ་ལ་ལི་བལ་ནག་སྣ་ལེབ་མུ་སྟེགས་ཀླ་ཀློ་མྰ་ཨ་ཅིག་ནི་མ་ཧེ་ཞིས་ཐཱ་པ་ཁྱོད་ཀྱིས། ངའི་ཚ་མོ་ཚོར་བཙན་གཡེམ་བཏང་བར་ལྟད་མོ་ལྟོས་ཡ། ཁྱོད་ཀྱི་མི་རབས་དགུ་བར་རབས་ཆད་དུ་འགྲོ་བའི་མཐུ་གཏད་ཅིག་མ་བསྒྲུབས་ན་འོངས་ས་མ་རེད། ཧཧ། རྫིག་རྫིག་བཤད་པ་ཡིན་ནོ། །ད་ང་ཚོ་བོད་པས་མཐུ་གཏད་ཙམ་ཡང་འཇོན་ས་མ་རེད།
ཤེས་རིགས་ལས་ཁུང་རང་ལ་བྱ་བ་བྱེད་བཞིན་པའི་ལས་བྱེད་ནང་ན་ཡང་སློབ་མ་ལ་བཙན་གཡབ་བྱེད་མཁན་དེ་འདྲ་རེད་ཟེར་བ་མཐོང་ཡ་འདུག།
ཕ་མ་དང་ལས་བྱེད་ཚང་མ་མཉམ་རུབ་ཐོག། ང་ཚོས་གྲྭ་སའི་གྲྭ་ཆུང་ནས། སློབ་གྲྭ་ཡོངས་རྫོགས་ལ། ང་ཚོའི་མ་འོངས་བའི་སོན་རྩ་ཆུང་ཆུང་འདི་ཚོ། བཙན་གཡབ་ལས་ཐར་བ་དང་གཙན་གཡབ་ལ་རྒོལ་བའི་སྤྱི་ཚོགས་གསར་བ་ཞིག་གི་འགན་འཁུར་བའི་དུས་ཤིག་ཤར་ཡོད་པ་ཚང་མ་ཤེས་དགོས།
བཙན་གཡབ་པའི་རིགས་ནི། གྲྭ་རྒན་བཙན་གཡབ་པ། རྡོབ་རྡོབ་བཙན་གཡབ་པ། ཆོས་དགེ་བཙན་གཡབ་པ། སློབ་དགེ་བཙན་གཡབ་པ། ལས་བྱེད་བཙན་གཡབ་པ། ཇ་མ་བཙན་གཡབ་པ། སྒོ་སྲུང་བཙན་གཡབ་པ་སོགས་ཡིན། དགོན་ར་དང་སློབ་ར་ནི་བུ་གུ་ཆུང་ཆུང་ཚོ་འཇིགས་སུ་རུང་བའི་གནས་ཤིག་ལ་བསྐྱལ་ཡོད་པའི་བློ་ཚབ་མི་དགོས་བ་ཞིག་བྱེད་རྒྱུ་ནི། ཁྲིམས་དམ་པོ་དང་འགན་མཉམ་འཁུར་ལ་རོགས་ཡོད་པས། ཚང་མས་མིག་ཆེན་པོ་དང་། རྣ་ཀྲོང་ཀྲོང་གིས། ཉེས་ཅན་པ་འདི་ཚོ་གང་ན་ཡོད་ན། གང་ནས་ཐོས་ན། གང་དུ་ཐུག་ན་ཡང་ཐར་བ་མེད་པར་གཏོང་རོགས་ཞུ་ཞུས་བ་ཡིན། རྣམ་རྟོག་ལངས་ཡ་འདི་ཚོ། མི་ལོ་ཉི་ཤུ་ལྷག་གི་རང་ལ་དགེ་རྒན་ཅི་ལྟར་བྱས་བ་རེད། ཁོས་མི་ལོ་ཉི་ཤུ་ལྷག་ལ་བཙན་གཡབ་བྱས་བ་རེད། དེའི་མ་ཚད་ལྟོ་བཟས་བ་རེད།
ཧ་ཅང་བློ་ཕམ་སྐྱེས་དགོས་པའི་གནས་ཚུལ་ཞིག་རེད། ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་བཙན་གཡེམ་གྱི་གནས་ཚུལ་ཁག་གཅིག་རྗེས་གཉིས་མཐུད་ཀྱིས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་འོང་གི་འདུག
སྔར་བོད་ལ་བོད་པའི་ཕོ་གསར་ཕལ་ཆེར་བཙན་གཡེམ་གཏོང་མཁན་རེད། བུ་མོ་ཆུང་ཆུང་དེ་ཚོའང་ཕལ་ཆེར་ལ་བཙན་གཡེམ་གྱི་གནོད་འཚེ་མ་ཕོག་པ་མེད་རེད་བསམ། ཁྱེད་ཚོས་ཁྱི་བརྡུང་ཟེར་བ་གོ་མྱོང་ངམ། བོད་སྐད་དག་མ་རེད། དེའི་ནང་ནས་ཏཱ་ལི་བླ་མ་སྐུ་འཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ནི་དེའི་ནང་ནས་ཁྱི་བརྡུང་བ་སྐད་གྲགས་ཆེ་ཤོས་དེ་རེད།
དུས་རབས་ཉེར་གཅིག་པའི་ཁྲིམས་ཐོག་ལ་ལོ་ན་བཅོ་བརྒྱད་ཟིན་མེད་ན། ཆང་རག་ཉོ་ཚོང་མི་ཆོག་ལ། ཐ་མག་ཀྱང་བཀག་འགོག་བྱས་ཡོད་ལ། འཁྲིག་སྤྱོད་གློག་བརྙན་ཡང་ལྟ་མི་ཆོག་ན། དགེ་ཆེ་རང་གི་བོང་རླིག་བླངས་ནས་རང་གི་དགེ་ཕྲུག་བུ་མོ་ལོ་ན་མ་སོན་པ། ལོ་བཅུ་བཞི་པ་ཙམ་པ་ལ་རྒྱོ་རྒྱུ་ད་ཕར་ཞོགས། སྟོན་ཐུབ་པ་དེ་ཡང་། མི་དེ་སེམས་འཚོ་བརྟན་པོ་མེད་པའི་རྟགས་རེད་དོ།།
སློབ་གྲྭ་འདི་སྒེར་གཉེར་སློབ་གྲྭ་་་ཡིན་ན་་་བོད་གཞུང་སློབ་གྲྭ་ཡིན་་་གསལ་པོ་མཁྱེན་མཁན་ཡོད་ན་་?
བཅོ་བརྒྱད་འོག་ལ། ཆང་རག་ཉོ་མི་ཆོག
བཅོ་བརྒྱད་འོག་ལ། ཆང་འཐུང་འོང་སྲིད།
བཅོ་བརྒྱད་འོག་ལ། ཐ་མག་ཉོ་མི་ཆོག
བཅོ་བརྒྱད་འོག་ལ། ཐ་མག་འཐེན་སྲིད།
བཅོ་བརྒྱད་འོག་ལ། འཁྲིག་སྤྱོད་གློག་བརྙན་ལྟ་མི་ཆོག
བཅོ་བརྒྱད་འོག་ལ། འཁྲིག་སྤྱོད་དངོས་སུ་འོང་སྲིད།
བཅོ་བརྒྱད་འོག་མར། འཁྲིག་སྤྱོད་བྱས་ན།
བཅོ་བརྒྱད་ཡན་ལ། སྲོག་ཁྲིམས་ཐོབ་སྲིད།
བག་མེད་འཁྲིག་སྤྱོད། ངོ་ཚའི་གནས་རེད།
བཙན་གཡེམ་འཁྲིད་སྤྱོད། ཁྲིམས་འགལ་ལས་རེད།
# 7 དཀར་མཛེས་གངས་ཕྲུག་་ལགས།
་་་་་ བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཁོངས་གཏོགས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ཆེན་མོའི་ཁུལ་དུ་ཡོད་པའི་སྲོང་བཙན་སློབ་གྲྭའི་དགེ་ཆེ་མ་ཧེ་ཞིས་ཐཱ་པ་ Mahesh Thapa ཡིས་་་་་་་
ཞེས་པ་འདིས་བོད་གཞུང་གི་ཡིན་པར་བསྟན་པ་རེད་ལགས།
གེ་ཆེ་མ་ཧེ་ཞིས་ཐཱ་པ་ Mahesh Thapa ཁྱོད་ལ། །
འདོད་ལྷའི་མདའ་ཕོག་པའི་རྒན་སྨྱོན་པ། །
བོད་ཕྲུག་མི་ཚེ་ལ་གནོད་འཚེ་བཏང་ནས། །
རང་གི་མི་ཚེར་མུན་འཐིབ་ཡིད་མུག་གོ །
ང་ཚོའི་བོད་མིའི་སྤྱི་ཚོགས་ཀྱི་གསར་ལམ་དྲ་ལམ་འདི་ཚོ་གནས་ཚུལ་རྐུ་རྒྱུར་བྱང་ཆ་ལྡན་པ་ལ་དཔེ་རེད། གནས་ཚུལ་བརྒྱུད་སྤྲོད་པས་གང་ནས་བླངས་བ་རེད། གསར་འགོད་པ་དང་གསར་ལམ་གྱི་མིང་ཙམ་ཡང་མ་བཀོད་པར་སུས་བརྒྱུད་སྤྲོད་བྱེད་དབང་སྤྲད་པ་རེད། གསར་འགོད་པའི་སྒྲིག་ཁྲིམས་དང་འགྲོ་བ་མིའི་ཀུན་སྤྱོད་སོགས་ལ་བསམ་བློ་ཙམ་ཡང་འཁོར་གྱི་མེད་པ་ཆི་རེད
རང་རེའི་དགོན་པ་གྲྭ་ཚང་ནང་གི་གྲྭ་ཕྲུག་སྒྱོ་མཁན་དེ་ཚོ་དང་བསྡུར་ན་འདི་ག་འདྲ་འདུག
སྤོབས་མཐའ་གྲྭ་ཆུང་ཡིན་དུས། སྙིང་རྗེ། མྱང་པ་འདྲ། ཧཧཧཧ།། །།
ཤོག་ངོས་ཀྱི་ཁུངས། གཙོོ་ངོས། » འཛམ་གླིང་།
ཧི་མ་ལའི་རི་ཁུལ་ནས་ལོ་ས་ཡའི་གོང་གི་མི་རུས་རྙེད།
འདོན་སྤེལ། ༢༠༡༤/༠༦/༢༤
བལ་ཡུལ་སྤོག་རའི་ཧི་མ་ལ་ཡའི་རི་ཁུལ་གྱི་ཕུག་དོང་ཅིག་ནས་མི་ལོ་ས་ཡ་གཅིག་ནས་གཉིས་ལྷག་གོང་གི་འགྲོ་བ་མིའི་རིགས་ཀྱི་རུས་སྒྲོམ་ཞིག་རྙེད་སོན་བྱུང་ཡོད་འདུག
ཟླ་འདིའི་ཚེས་ ༡༢ ཉིན་སུད་ཊན་དང་ནོར་ཝེའི་མཉམ་འབྲེལ་རི་བརྩེགས་རུ་ཁག་ཅིག་ལ་བལ་ཡུལ་སྦོག་རའི་ཕྱོགས་ཀྱི་ཧི་མ་ལ་ཡའི་རི་ཁུལ་ཞིག་ནས་གངས་སྙིལ་དོན་རྐྱེན་བྱུང་ཡུལ་གྱི་བྲག་སྐྱིབས་སམ། རི་ཕུག་ཅིག་ནས་རྡོ་ཆས་དུས་རབས་ (paleolithic era )ཀྱི་ཨ་ཧྥི་རི་ཁའི་ཧཱོ་མོ་ཁུལ་དུ་གནས་སྡོད་བྱེད་མཁན་(Homo habilis) ཞེས་པའི་གདོད་མའི་འགྲོ་བ་མིའི་རིགས་ཀྱི་རུས་སྒྲོམ་ཞིག་རྙེད་སོན་བྱུང་ཡོད་ཅིང་། དེ་ལ་བརྟག་དཔྱད་བྱས་པ་བརྒྱུད་ཧི་མ་ལ་ཡའི་མངའ་ཁུལ་དུ་མི་ལོ་ས་ཡ་ ༡།༤༤ ནས་ ༢།༣༣ ལྷག་གི་ཡར་སྔོན་ནས་འགྲོ་བ་མིའི་རིགས་འཚོ་སྡོད་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག
ད་ལྟ་རྒྱལ་སྤྱིའི་གནའ་ཤུལ་ཞིབ་འཇུག་ཚན་པས་རུས་སྒྲོམ་དེ་དང་། ཕུག་དོང་ནས་རྙེད་པའི་གཞན་རྡོ་ཆས་དང་ཀོ་ཆས་ཁག་ཅིག་བཅས་ལ་ཞིབ་འཇུག་བྱེད་བཞིན་ཡོད་ཅིང་། ཁོ་ཚོས་རུས་སྒྲོམ་དེ་ནི་ཧི་མ་ལ་ཡའི་མངའ་ཁུལ་དུ་ལོ་ངོ་ས་ཡ་མང་པོའི་ཡར་སྔོན་ནས་འགྲོ་བ་མིའི་རིགས་འཕེལ་རྒྱས་ཕྱིན་ཡོད་པའི་སྒྲུབ་བྱེད་དུ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཡང་ཁག་ཅིག་གིས་རུས་སྒྲོམ་དེ་རྡོ་ཆས་དུས་རབས་ཀྱི་རིགས་རྒྱུད་རྩ་ཡལ་མ་ཕྱིན་གོང་གི་ཚོ་ཁག་ཅིག་གི་རིགས་རྒྱུད་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་འདུག
དེང་རབས་ཀྱི་གནའ་ཤུལ་རྟོག་ཞིབ་བྱེད་སྟངས་ (carbon dating test) ཞེས་པ་ལྟར་ན། དུས་རབས་རིམ་པའི་ནང་འགྲོ་བ་མིའི་རིགས་འཕེལ་རྒྱས་ཕྱིན་ཏེ་རིམ་པས་འཛམ་གླིང་ལ་ཁ་ལོ་བསྒྱུར་མགོ་ཚུགས་པ་ཞིག་ཡིན་ཞིང་། ཨ་ཧྥི་རི་ཁའི་གདོད་མའི་ཧཱོ་མོ་མི་རིགས་དེ་ཨ་ཧྥི་རི་ཁ་བརྒྱུད་གྲང་ངར་ཆེ་བའི་ཧི་མ་ལ་ཡའི་རི་རྒྱུད་དུ་འགྲུལ་བཞུད་བྱས་པ་ཞིག་མིན་པར། གནའ་སྔ་མོ་ནས་ཧི་མ་ལ་ཡའི་མངའ་ཁུལ་དུ་འགྲོ་བ་མིའི་རིགས་འཕེལ་རྒྱས་བྱུང་ཡོད་པ་བདེན་དཔང་བྱས་ཡོད་འདུག
གསར་རྙེད་བྱུང་བའི་རུས་སྒྲོམ་དེ་ནི་ལོ་ངོ་ས་ཡ་དུ་མའི་རིང་གྲང་ངར་ཧ་ཅང་ཆེ་བའི་ཧི་མ་ལ་ཡའི་རི་ཕུག་ཅིག་ནས་རྙེད་ཡོད་ཅིང་། རི་ཕུག་དེར་བྲག་ཕུག་ཆེ་ཆུང་མི་འདྲ་བ་ ༦༥ ཙམ་ཡོད་འདུག གནའ་རྫས་རྟོག་ཞིབ་པ་ཚོས་བྲག་ཕུག་དེ་དག་ནི་<གདོད་མའི་འགྲོ་བ་མིའི་རིགས་འཚོ་སྡོད་བྱེད་སའི་གཞིས་ཁྱིམ་ཡིན་མིན་དོགས་གཞིའི་འོག བྲག་ཕུག་དེ་དག་ནང་སེམས་ཅན་གཞན་གྱི་དངོས་རྫས་དང་འགྱུར་རྡོ་སོགས་ཡོད་མེད་འཚོལ་ཞིབ་བྱེད་བཞིན་ཡོད་ཀྱང་། གནམ་གཤིས་གྲང་ངར་ཆེ་བ་དང་ས་ཆ་ཁུག་ཀྱོག་ཡིན་སྟབས། རྟོག་ཞིབ་ཚོགས་ཆུང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག
གནའ་རྫས་ཞིབ་འཇུག་པ་ཇེག་ཚན་ ( Jack Tseng) ལགས་ཀྱིས། “མིའི་རུས་སྒྲོམ་དེ་ནི་ཧི་མ་ལ་ཡའི་མངའ་ཁུལ་དུ་འགྲོ་བ་མིའི་རིགས་ག་དུས་བྱུང་མིན་ལ་ཞིབ་འཇུག་གི་རྒྱུ་ཆ་གལ་ཆེན་ཞིག་ཆགས་ཡོད་སྟབས། རྒྱལ་སྤྱིའི་གནའ་རྫས་རྟོག་ཞིབ་པ་ཚོས་བརྟག་དཔྱད་མཐིལ་ཕྱིན་བྱས་ཏེ་གྲུབ་དོན་ཁྱབ་བསྒྲགས་བྱ་རྒྱུ་གལ་ཆེན་རེད” ཅེས་བརྗོད་འདུག
བོད་པའི་བུ་མོ་རྣམས་ལ་གདུང་སེམས་ནཉམ་བསྐྱེད་ཞུ། སྙིང་མ་རྗེ། ད་དུང་བལ་པོ་དགེ་རྒན་འདི་ཡང་སྙིང་མ་བྱེད། ཉོན་མོངས་དབང་གིས་དེ་ལྟར་བྱུང་། ང་ཚོ་ཚང་མ་གཅིག་པ་རེད། རྐྱེན་འཕྲད་ན་ང་ཚོ་མང་པོ་ཞིག་གིས་ལས་དེ་ལྟར་གསོག རྒྱོ་མི་འདོད་མཁན་སུ་ཡོད་དམ། རང་གི་རང་ལ་འདྲི་བ་འདི་སྐུལ་དང་། སངས་རྒྱས་ཀྱིས་ཉོན་མོངས་ལ་སྡང་བ་མ་གཏོགས་གང་ཟག་ལ་སྙིང་རྗེ་སྒོམས། བྱས་ཙང་དགེ་སྙེན་ཀརྡོ་ལགས་སྡོམ་པ་ཤོར་ཚར་འདུག
བཅུ་དྲུག་ལངས་ཚོ་ཟེར་དུས་ལོ་༡༨ལོན་ཚར་དུས་རྒྱོ་རྒྱག་ཡས་དུས་ཚོད་བསླེབས་ཟིན། ཕྲུ་གུ་མ་རེད། ཡིན་ནའང་བཙན་གཡེམ་གཏོང་བ་འདི་ནོར་བ་རེད། ངས་བུ་མོ་ལོ་༡༨ཅན་ལ་འདོད་མོས་ཡོད་པའི་སྒོ་ནས་བསྡད་མྱོང་། ང་རང་དེ་དུས་ལོ་༡༨ཡིན། དམིགས་བསལ་སྐྱིད་པ་ཅང་མི་དྲན།
་་་་་་ ཨ་ཧྥི་རི་ཁའི་གདོད་མའི་ཧཱོ་མོ་མི་རིགས་དེ་ཨ་ཧྥི་རི་ཁ་བརྒྱུད་གྲང་ངར་ཆེ་བའི་ཧི་མ་ལ་ཡའི་རི་རྒྱུད་དུ་འགྲུལ་བཞུད་བྱས་པ་ཞིག་མིན་པར། གནའ་སྔ་མོ་ནས་ཧི་མ་ལ་ཡའི་མངའ་ཁུལ་དུ་འགྲོ་བ་མིའི་རིགས་འཕེལ་རྒྱས་བྱུང་ཡོད་པ་བདེན་དཔང་བྱས་ཡོད་འདུག ་་་་་་་
ླབཙན་གཡེམ་བལ་པོས་བྱས། སྡོམ་པ་ངས་ཤོར་ཨེ། ཀློང་ཆུང་ལགས།
ད་ཡག་པོ་བྱུང་བ་རེད། ང་ཚོས་གཅིག་ལབ་ན་ག་རེ་ཟེར། ༧གོང་ས་མཆོག་དང་ཁོང་གིས་དཀའ་བ་བརྒྱ་ཕྲག་གིས་བཙུགས་གནང་མཛད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཡན་ལག་ཤེས་རིག་ལས་ཁུངས་ཀྱི་དགེ་ཆེ་ཞིག་ལ་ཁ་གཏོང་གི་འདུག ཁོང་གིས་ལོ་ ༢༠ ལྷག་ཞབས་ཞུ་གནང་བ་རེད། ཉམས་མྱོང་དང་ལྷག་བསམ། འཇོན་ཐང་་་་་་་་་་་་་་་།ལ་སོགས་པའི་ཁྲམ་པའི་མན་ངག་དེ་ཚོ་གུང་སྒྲིག་གི་རེད། ད་དངོས་འབྲེལ་སྒོ་ཁྱི་དྭངས་མ་ཞིག་ཡིན་ན་སྦྱིན་བདག་གི་ཆེད་དུ་བལ་གཞུང་ལ་སོ་རྒྱག་མི་ཐུབ་ནའང་། སྐད་རྒྱག་ཙམ་བྱེད་དགོས་མ་རེད་དམ།
བུ་མོ་བོད་མོ་རེད་དམ། བལ་མོ་རེད། དེ་གསལ་བོ་འཁོད་མི་འདུག་ཀྱང་དྲ་གྲོགས་ཚོས་བོད་མོ་ཡིན་ཤག་གནང་གི་འདུག དོགས་པ་འདི་གང་ནས་སླེབས་ཟེར་ན་ལོ་ཤས་སྔོན་བལ་ཡུལ་དུ་འགྲོ་རྒྱུ་བྱུང་། སྐབས་དེར་སློབ་གྲྭ་འདིར་སོང་མྱོང་། སློབ་མ་བལ་ཕྲུག་མང་པོ་ཡང་འདུག་བསམ་སོང་། རྒྱ་གར་དང་བལ་ཡུལ་གཉིས་འཁྲིགས་སྤྱོད་ཀྱི་འདུ་ཤེས་རྦད་དེ་མ་འདྲ་བ་རེད། དགེ་ཆོས་མཆོག་གི་གཏམ་རྒྱུད་གསེར་ཐང་དུ་བལ་མོར་བཙན་གཡེམ་ཡང་སྐྱེས་པའི་འདོད་པ་ཁེངས་རྗེས་བུད་མེད་ཀྱིས་སྐྱེས་པའི་ཞབས་ལ་མགོ་གཏུགས་ནས་འགྲོ་དགོས་ཟེར་བ་ཞིག་འཁོད་ཡོད་པ་དྲན། དེ་ཡང་བལ་ཡུལ་རེད། དེང་སང་ཡིན་ཡང་། བལ་མོ་འཁྲུག་པ་སྤྱོད་པ་ལ་ཧ་ཅང་གུ་ཡངས་ཡིན་པ་འདྲ་འདུག
སྲོང་བཙན་སློབ་གྲྭར་བཙན་གཡེམ་ཨེ། ད་ཡིན་ན་སློབ་གྲྭ་ལའང་བཙན་གཡེམ་བྱེད་ཀྱི་ཡོད་པ་རེད་ཨང་། ཧ་ཧ་ཧ་་་་་་་་་་་། སྐུ་རྩེད་ཡིན་ནོ། བཀའ་བཀྱོན་གནང་ནའང་འགྲིག
# 19 དཔལ་དོན།་ལགས་ཀྱིས་མཆན་བཏབ་པ།:
June 25th, 2014 at 1:48 AM
བུ་མོ་བོད་མོ་རེད་དམ། བལ་མོ་རེད། དེ་གསལ་བོ་འཁོད་མི་འདུག་ཀྱང་དྲ་གྲོགས་ཚོས་བོད་མོ་ཡིན་ཤག་གནང་གི་འདུག ་་་་་་་་
དངོས་གནས་འདི་བུ་མོ་དེ་དག་བོད་རིགས་དང་། ནང་པ་ཡིན་པར་ཐག་ཆོད། འོནད་ཀྱང་། བལ་པོའི་མི་སེར་རེད་དམ། བཙན་བྱོལ་བོད་རིགས་རེད། ལགས།
ངའི་ངོ་ཤེས་ཤིག་བརྗོད་གསལ་ལྟར་བྱས་ན། སྐབས་དེའི་བཙན་གཡེམ་ནང་གི་བུ་མོ་ཕལ་ཆེར་བལ་པོའི་མི་སེར་ཅན་གྱི་བོད་རིགས་ཤ་སྟག་རེད་ཟེར། དེ་དག་མང་ཆེ་ཤོས་དྭ་ཕྲུག་དང་ཕྱེད་དྭ་ཕྲུག་སོགས་རྒྱབ་བདག་ཤུགས་ཆེན་པོ་ཡོད་མཁན་རིགས་མེད་མཁན་ཡིན་འདུག
བལ་པོའི་ཉེན་རྟོགས་པས་དངོས་སུ་འཇུ་བཟུང་བྱས་པའང་མ་རེད་ཟེར། སྐབས་དེ་དུས་སྲོང་བཙན་སློབ་གྲྭའི་སློབ་ཟུར་བ་དང་སློབ་ཟུར་ཕ་མ་ཁག་ཅིག་གིས་གནད་དོན་དེ་ཤེས་ནས་སྐད་འབོད་ཤུགས་ཆེན་བྱས་རྐྱེན་དགེ་ཆེ་རང་ཉིད་ཀྱིས་སོ་སོའི་བདེ་འཇགས་ཆེད་ཉེན་རྟོགས་པ་སྐད་བཏང་ཡོད་འདུག
ལྷག་པར་དུ། སློབ་སྤྱིས་དགེ་ཆེའི་གནད་དོན་ནང་འཇགས་བྱས་ཟིན་པས་ཕ་མ་ཚོས་རྙོགས་དྲྭ་མ་སློང་ཟེར་བ་དང་། གལ་སྲིད་དགེ་ཆེ་སློབ་གྲྭ་ནས་འབུད་ན་སློབ་སྤྱི་རང་ཉིད་དགོངས་པ་ཞུ་གི་ཡིན་ཟེར་བའི་ལངས་ཕྱོགས་བཟུང་ཡོད་འདུག
གལ་སྲིད་ངའི་གྲོགས་པོས་བཤད་པའི་སྐད་ཆ་དངོས་གནས་ཡིན་ན་གནད་དོན་འདི་རང་རེའི་ཤེས་རིག་ལས་ཁུངས་ནས་ཞིབ་འཇུག་ཚ་ནན་བྱེད་དགོས་པ་གལ་ཆེར་མཐོང་།
བོད་མིའི་བཟང་སྤྱོད་ལྡན་པའི་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་མི་ཡོང་བའི་ཁྱད་པར་ཡོད་དོ།།
ངའི་ངོ་ཤེས་ཤིག་གིས་བརྗོད་གསལ་ལྟར་བྱས་ན། སྐབས་དེའི་བཙན་གཡེམ་ནང་གི་བུ་མོ་ཕལ་ཆེར་བལ་པོའི་མི་སེར་ཅན་གྱི་བོད་རིགས་ཤ་སྟག་རེད་ཟེར། དེ་དག་མང་ཆེ་ཤོས་དྭ་ཕྲུག་དང་ཕྱེད་དྭ་ཕྲུག་སོགས་རྒྱབ་བདག་ཤུགས་ཆེན་པོ་མེད་མཁན་འབའ་ཞིག་ཡིན་འདུག
གནས་ཚུལ་ངོ་མ་ཡིན་མིན་བཤད་ཁག་པོ་ཡོད་འདུག་་་སྒྲོ་བཏགས་མ་བྱེད་ན་བཟང་སྙམ་་
གནས་ཚུལ་དེར་སྣང་ཚུལ་མི་འདྲ་བ་མང་དོན་ཅི།
བལ་ཡུལ་མི་སེར་ཡིནའང་འདྲ། ཨ་རིའི་མི་སེར་ཡིནའང་འདྲ། རྒྱ་དཀར་ནག་གང་གི་མི་སེར་ཡིན་ཡང་བོད་པ་ཡིན་ན་བོད་པ་རང་ཟེར་དགོས་པ་རེད། བོད་པ་ཞེས་པ་དེ་ང་ཚོའི་མི་རིགས་ལ་ཟེར་བ་དང་། དེའང་གཙོ་བོ་ང་ཚོའི་ཤ་ཁྲག་གི་རྒྱུད་པ་དེ་ལ་ཟེར་བ་ལས། ང་ཚོའི་ད་ལྟའི་ཆབ་སྲིད་ཀྱི་གནས་སྟངས་ལ་རྟེན་ནས་བེད་སྤྱོད་བྱེད་བཞིན་པའི་ཤོག་བུ་དེ་ལ་བོད་པ་ཟེར་བ་མིན།
བསྟན་འཛིན་ལགས། བོད་པ་དང་བོད་རིགས་གཉིས་་་་་་་་