དོལ་པོ་པདྨ་དགོས་འབྱོར།
འཚོལ་སྨྱུག་ཚོགས། སྐད་ཡིག་རིག་གཞུང་ལ་དུང་བ་ཡོད་མཁན་ངེད་དོལ་པོའི་ན་གཞོན་ཁག་གཅིག་གིས་ཇ་ཁང་དང་སྲང་ལམ་ཡན་ཆད་ནས་མི་རིགས་ཀྱི་གནས་བབ་གླེང་གིན། འདས་པའི་ལོ་རྒྱུས་དང་མ་འོང་པའི་ཕུན་ཚོགས་དཔལ་ཡོན་ཞིག་གི་ཟམ་པ་ཞིག་ཏུ་དོད་དུ་སྤྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༢ ཉིན་བལ་ཡུལ་བོད་ཀྱི་ཛམ་དཀར་གསོལ་སྒྲོན་ཁང་དུ་དགོང་ཟས་སྟབས་བདེ་ཞིག་ལ་རོལ་ཞོར་འཚོལ་སྨྱུག་ཚོགས་ཞེས་པའི་ཚོགས་པ་འདི་དངོས་སུ་འཛུགས་རྒྱུའི་ཐག་ཆོད་དང་བགྲོས་མཐུན་བྱུང་།
ངེད་རྣམས་ནི་མཐོ་གོ་གནས་དང་། འབྱོར་ལྡན། མིང་གྲགས་ཡོད་མཁན་དེ་འདྲ་ནམ་ཡང་མིན་ལ། ཅི་ཞིག་ཤེས་ཁུལ་གྱིས་ཚོགས་པ་འདི་གཉེར་བ་ཞིག་ཀྱང་གཏན་ནས་མིན། ཚན་རྩལ་གྱི་རྦ་རླབས་དྲག་ཏུ་འཕྱོ་ལྡིང་བྱེད་པའི་དུས་སྐབས་འདིར་ང་ཚོས་སྔ་ས་ནས་རང་གི་སྐད་ཡིག་དང་རིག་གཞུང་ལ་དུང་བ་ཞིག་ན་གཞོན་ཚོར་བསྐྲུན་མ་ཐུབ་པ་དང་། བདག་གཅེས་ལ་འབད་མ་ནུས་ཚེ་ཡོད་ཚད་མིང་ཙམ་ཞིག་ཏུ་གྱུར་ཚར་རྗེས་ངལ་བ་ཇི་ཙམ་བརྟེན་ཡང་སྙིང་པོ་ལོན་རྒྱུ་དཀའ་བས་ད་ལྟ་མ་སྔ་མ་ཕྱིས་བའི་དུས་ཚིགས་གལ་ཆེན་ཞིག་ཏུ་བརྩིས་ནས་ང་ཚོས་འདི་ལྟར་རང་ནུས་ལ་དཔགས་པའི་སྐད་ཡིག་རིག་གཞུང་དང་འབྲེལ་བའི་བྱེད་སྒོ་སྤེལ་མུས་ཡིན།
ངེད་ཀྱིས་ལས་འགུལ་འདི་དག་གིས་མཐོ་སྒང་ཧི་མ་ལ་ཡའི་ས་ཁུལ་གཞན་ཀུན་ལའང་བརྡ་ལན་ཞིག་སྤྲོད་ཐུབ་པའི་རེ་བ་དང་། འུ་ཅག་རྣམས་མེས་པོའི་ལོ་རྒྱུས་དང་། ད་ལྟའི་སྐད་ཡིག རིག་གཞུང་། གོམས་སྲོལ་ཡོད་དོ་ཅོག་གིས་ཁྱེད་དང་ངེད་ཅེས་ཐ་དད་དུ་འབྱེད་ས་མེད་པ་གསལ་བཞིན་འདུག་ལགས་ན་ལག་རྡང་སྦྲེལ་ནས་ཅིས་མི་འགྲོ། ང་ཚོས་སང་ཉིན་གྱི་ཆེད་དུ། འདི་ལྟར་ཕ་མེས་ནས་བརྒྱུད་པའི་ཡ་རབས་སྲོལ་བཟང་དེ་དག་གཅེས་འཛིན་སླད་ལག་རྡང་སྦྲེལ་ཞིང་དགའ་བའི་འཛུམ་མདངས་དང་ལྷན་དུ་གོམ་ཁ་སྒྱུར་ན་འདོད།
སྤྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣ ཉིན་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཞོན་ཤར་པ་ཨ་ཙཱརྱ་ནོར་བུ་སོགས་གདན་ཞུས་ཐོག་ཚོགས་པ་འདིའི་དབུ་འབྱེད་ཀྱི་མཛད་སྒོ་སྟབས་བདེ་ཞིག་བལ་ཡུལ་རྒྱལ་སྤྱིའི་བོད་ཀྱི་གསོལ་མགྲོན་ཁང་ Hotel Tibet International དུ་སྤེལ། <<བལ་ཡུལ་དོལ་པོའི་ཡུལ་ནས་རྩོམ་རིག་གི་ཤོག་ཁག་དབུ་བརྙེས་པ།>> ཞེས་ཀྲུང་གོའི་བོད་ཀྱི་དྲ་བ་དང་། རྫ་ཆུའི་རླབས་སྒྲ། དྲ་ནང་གི་བོད། དེ་བཞིན་བོད་ནང་གི་ཕྲིན་སྟེགས་གང་མང་བཅས་ནས་དོ་སྣང་ཆེན་པོ་བྱས་སོང་པ་དེ་ཡང་ཚོགས་པ་འདིའི་གསོན་ཤུགས་ལ་རྣོ་ངར་ཞིག་བྱིན་ཡོད།
སྤྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༧ ཉིན་སྐབས་གཉིས་པ་འཚོལ་སྨྱུག་ཚོགས་ཀྱིས་སྐད་ཡིག་རིག་གཞུང་སྲུང་སྐྱོབ་ཀྱི་ལས་འགུལ་ལ་དོལ་པོ་སློབ་ཕྲུག་ཚོགས་པས་མཐུན་འགྱུར་གནང་། བཀུར་འོས་དོལ་པོ་སྤྲུལ་སྐུ་རིན་པོ་ཆེ། གློ་བོ་ས་སྐྱ་ནང་པའི་ཚོགས་གཞོན་སློབ་དཔོན་ཚེ་རིང་བཀྲ་ཤིས་མཆོག འབུམ་རམས་པ་ཆོས་འཁོར་ཚང་དགེ་བཤེས་ཉི་མ་འོད་ཟེར་མཆོག ནེ་པལ་གདོད་མའི་མི་རིགས་ཚོགས་ཆེན་གྱི་དྲུང་ཆེ་ཟུར་པ་ཤར་པ་ཨང་ཀ་ཇི་བཅས་ཆེད་དུ་གདན་ཞུས་ཐོག་སྐད་ཡིག་རིག་གཞུང་དང་སྤྱི་དང་། ཁྱད་པར་དོལ་པོའི་ལོ་རྒྱུས་སོགས་ཀྱི་སྐོར་ནས་ཚ་ཚ་འུར་འུར་གྱིས་བགྲོ་གླེང་ཞིག་གོ་སྒྲིག་བྱེད་ཐུབ་པར་ངེད་རྣམས་སྤྲོ་བ་བརྟས།
འགྲོ་བ་མིའི་བདེ་སྐྱིད་ནི་ཕྱིའི་དཔལ་འབྱོར་ཁོ་ན་མིན་པར་ནང་གི་ཤེས་རིག་དང་བསམ་པའི་དཔལ་ཡོན་ལའང་ལྟོས་ཡོད་པས་ན་རང་རེའི་ཕ་མེས་ནས་བརྒྱུད་པའི་གནའ་བོའི་ཆོས་རིག་དེ་དག་གིས་འགྲོ་བ་མིའི་བདེ་སྐྱིད་ལ་ཤུགས་རྐྱེན་ངེས་ཅན་ཞིག་བསྐྲུན་ནུས་པས་ང་ཚོ་འདི་ལྟར་འདར་འདར་ཡོམ་ཡོམ་ངང་གོམ་པ་སྤོ་དོན་ཡང་དེ་ལྟར་ཡིན།
གཤམ་གསལ་དྲ་བྱང་དེ་ནས་འཚོལ་སྨྱུག་ཚོགས་ཀྱི་སྐོར་ལ་ཁྱེད་ཀྱིས་མཁྱེན་རྟོགས་ལེགས་པར་ཐུབ།
https://www.facebook.com/Tsolngyuktsok/
དོལ་པོ་པདྨ་དགོས་འབྱོར་པས་རྒྱལ་སྤྱིའི་ཕ་སྐད་ཉིན་མོར་སྤེལ། ༢༢/༢/༢༠༡༨/
དོལ་པོ་པདྨ་དགོས་འབྱོར་ལ་དགའ་བསུ་ཞུ། ང་ལ་དྭགས་པ། སྐུ་གཤེགས་དོལ་པོ། པདྨ་དབང་རྒྱལ་ལྷ་བྲིས་པའི་གྲོགས་པོ་ཞིག་ཡིན། ཐུགས་ཕན་གསོས་ཚེ། སྔར་ལུགས་དཔེ་ཆ་དག་ནས་གསལ་བ་ལྟར། ཕྲན་བུའི་ཞབས་ཕྱི་ཞུ་ངེས། ཁྱེད་རྣམས་ཀྱི་དགོངས་འཆར་དེ་ཉིད་ངོ་མཚར་ཆེ་བ་ཞིག་སྟེ། ཡ་རབས་རྣམས་ཀྱི་མིག་དཔེར་འོས་པ་ཞིག་གོ
མ་འོང་པའི། ཞེས་པར། མ་འོངས་པའི་། དགོང་ཟས། ཞེས་པར། དགོངས་ཟས། ཧི་མ་ལ་ཡ། ལེགས་སྦྱར་སྐད། མིང་ཚིག་གཉིས་ཀྱིས་བསྐྲུན་པ་ཞིག་གོ དེ་ཡང་། ཧི་མ། གངས་དང་། ཨཱ་ལ་ཡ། མཛོད། གནས་སོགས་ལ་འཇུག མིང་ཚིག་གཉིས་པོ་བསྡོམས་ནས། མིང་ཚིག་གཞན་ཞིག་བཟོ་སྐྲུན་བྱེད་ན། ཧི་མཱ་ལ་ཡ། ཞེས་དགོས་སོ།
བོད་སྐད་ཀྱི་གདོད་མའི་མིང་ཚིག་རྣམས་དབྱངས་གཅིག་པ་ཅན་ཁོ་ན་ཡིན་འདུག དཔེར་ན། ས། ཆུ། མེ། རླུང་། ཉི། ཟླ། ཞིང་། ཁང་། ལོ། ལེགས་སྦྱར་སོགས་སྐད་རིགས་གཞན་ལ་དེ་ལྟར་མེད་པར་མཐོང་། ལེགས་སྦྱར་སྐད་ཀྱཻ་ཚིགས་བཅད་རྣམས་བོད་སྐད་དུ། སྒྱུར་བ་ན། ལེགས་སྦྱར་ཚིགས་བཅད་ལས། བོད་སྐད་དུ་བསྒྱུར་པ་དེ་དག་གོ་སླ་བར་ཐོས་སོ།
རྡང་། ཞེས་པ་མ་གོ་བས། དོན་འཚོལ་བཞིན་པ་ལགས་སོ།
རེ་བ་འདུག བཀྲིས་བདེ་ལེགས་ཞུ།
དགའ་བསུ་ཞུ།
བལ་ཡུལ་གྱི་ཧི་མ་ལ་ཡ་བ་རྣམས་མཉམ་དུ་ལག་གདང་སྦྲེལ་ནས་བྱ་བཞག་འདི་བསྒྲུབས་ན་ད་གཟོད་གྲུབ་འབྲས་བཟང་པོ་ཞིག་ཐོན་ངེས་རེད་སྙམ།
རྣམ་པ་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་དང་དམིགས་གསལ་ལ་དྭགས་གྲོགས་པོར་བཀའ་དྲིན་ཆེ་ཞུ། ཁྱེད་ཀྱིས་ཕྲན་ལ་ངོ་དེབ་ནས་འབྲེལ་བ་གནང་རོགས་ཞུ། Pema Gojor མིང་འདི་ཡིན།
བོད་འདི་མགྱོགས་མྱུར་འཆི་རྒྱུ་ལས་མ་འདས་་་བལ་ཡུལ་གྱི་ཧི་མ་ལ་ཡ་བ་རྣམས་མེས་པོ་དམ་པའི་ཆོས་
དང་རིག་གཞུང་སྲུང་སྐྱོབ་ཡག་པོ་གནང་རོགས་་་་
ཧི་མ་ལ་ཡའི་མི་རྣམས་མཉམ་རུབ་གྱིས་ང་ཚོར་ཐུན་མོང་དུ་ཡོད་པའི་རིག་གཞུང་འདི་སའི་གོ་ལ་འདིའི་སྟེང་མུ་མཐུད་དུ་གནས་ཐུབ་པའམ་རྒྱུན་སྲིང་ཡོང་བར་འབད་བརྩོན་གནང་ན་ནུས་པ་ཆེ་བ་ཡོད།
རྣམ་པ་ལྷན་རྒྱས་ནས་ཐུགས་འཁུར་ཆེ་བཞེས་ཀྱིས་འདི་ལྟར་མིག་དཔེར་འོས་པའི་ལས་འགུལ་སྤེལ་བར་བཅོས་མིན་སྙིང་དབུས་ནས་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ།
སྐ་ཡིག་རིག་གཞུང་མི་རིགས་སྐྱོབས་པའི་སྲོག་རྩ་ལ་།
ནམ་ཡང་མཐུད་ཤོར་མ་གཏོང་བློ་ལྡན་ཚོ་།
ཕ་མེས་སྐད་ཡིག་ཕ་མེས་རིག་གཞུང་སོགས་།
རྒྱུན་འཛིན་འགན་འཁུར་མི་ཐོག་གསར་པའི་འགན་།
#5 པདྨ་དགོས་འབྱོར། ་ལགས་ཀྱིས་སྤེལ་དོན།:
February 22nd, 2018 at 10:20 am
རྣམ་པ་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་དང་དམིགས་གསལ་ལ་དྭགས་གྲོགས་པོར་བཀའ་དྲིན་ཆེ་ཞུ། ཁྱེད་ཀྱིས་ཕྲན་ལ་ངོ་དེབ་ནས་འབྲེལ་བ་གནང་རོགས་ཞུ། Pema Gojor མིང་འདི་ཡིན།
་
ཞེས་པར་དམིགས་བསལ་འབྲེལ་པ་ཞུ་ཤེས་མིན་ལ། མཛའ་བཤེས་དོལ་པོ་དབང་རྒྱལ་དང་། དོལ་པོ་པ་ཤེས་རབ་རྒྱལ་མཚན་གཉིས་ཀྱི་ལོ་རྒྱུལ་མདོར་བསྡུས་རེ་འབྲི་ན་བསམས།
་
པདྨ་དབང་རྒྱལ་ལྷ་བྲིས་པ་ནི། ཐོག་མར་བལ་ཡུལ་རྒྱལ་སར་ཐུག་ཕྲད་བྱུང་། ཁོང་གིས་བཤད་དོན། བཽདྷ་ནཱ་ཐ་རྒྱ་མི་ལྷ་ཁང་དུ། ཐོག་གསེབ་ན། རང་གིས་བྲིས་པའི་ཐང་ཀ་ཞིག་ནག་པོ་རྙིང་པ་བཟོས་པ་མཐོང་ནས། མགོ་འཐོམས་སོང་ཟེར།
༡༩༧༢་ཙམ་ལ་ཨ་རིར་བསྐྱོད། ཨ་རིའི་ཤར་ཕྱོགས་ཀྱི་སྐྱེས་མ་དང་མཉམ་དུ་བུ་མོ་གཉིས་བྱུང་། དེ་ནས་ཨ་རིའི་ནུབ་ཕྱོགས་སུ་སྤོས། དུས་སྐབས་སོ་སོར ང་དང་། ངའི་གྲོགས་པོ། ཟ་ཟླ་གཉིས། ལ་དྭགས་པ་ཀུན་ལ་སྣེ་ལེན་ལེགས་པར་བྱས།
དོལ་པོ་དབང་རྒྱལ་གྱིས་དེར་ཡང་ཆུང་མ་ལོ་ཆུང་ཞིག་བླངས། ང་ལས་ལོ་ངོ་ཁ་ཤས་ཆུང་ཡང་། དོལ་པོ་དབང་རྒྱལ་མྱོས་ཆུ་འཐུང་བར་གཅེས་པས། མཆེར་པ་ལ་སྐྱོན་བྱུང་སྟེ། གྲོངས་པ་ཐོས་སོ།
་
ཀུནམཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་རྒྱུད་བླ་མའི་འགྲེལ་པ་དེ། བོད་སྐད་ལ་འདྲིས་པའི་ཕྱིར་དུ། ཀློག་པར་མཛོད། དཔེ་ཆ་སོགས་མེད་ཀྱང་། གང་སེམས་ལ་ཡོད་པ་དེ། རྗེས་སུ་འབྲི་ཆོག་པ་ཞུའོ།
སྐད་ཡིག་རིག་གཞུང་ཆབ་སྲིད་མ་འདྲེས་སོསོར་བཞོག་།
སྐད་ཡིག་རིག་གཞུང་ཆོས་ལུགས་མ་འདྲེས་སོ་སོར་བཞོག་།
སྐད་ཡིག་རིག་གཞུང་མི་རིགས་མ་འདྲེས་སོ་སོར་བཞོག་།
སྐད་ཡིག་རིག་གཞུང་མི་རིགས་སྤྱི་ནོར་སྲུངས་ན་དགའ་།
དོལ་པོ་གཟི་བརྗིད་ཆེ་འདོད་ན། །
དོལ་པོའི་སྐད་དང་ཡི་གེ་སྦྱོང་། །
དོལ་པོ་རོང་པའི་གཡོག་འདོད་ན། །
རོང་པའི་སྐད་དང་ཡི་གེ་སྦྱོང་། །
གངས་ཅན་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི། །
ལ་དྭགས་གློ་བོ་དོལ་པོ་ཡོལ་མོ་དང་། །
ཤར་པ་ལ་སོགས་བྷོ་ཊའི་གཅེས་ཕྲུག་རྣམས། །
རང་གི་སྐད་ཡིག་རིག་གཞུང་ངོས་འཛིན་གཅེས། །
མང་པོ་ཚོགས་པའི་གྲལ་འགོ་རུ། །
དོལ་པོ་རང་བཞིན་སླེབས་འདོད་ན། །
རང་གི་ཕ་མེས་རིག་པའི་གཞུང་། །
རིན་ཐང་གཞན་འགྲན་མེད་འདི་སྦྱོངས། །
གངས་ཅན་བོད་ཀྱི་སྐད་ཡིག་ཅེས། །
ལེགས་སྦྱར་སྐད་ལ་འགྲན་བཟོད་ཅིང་། །
རིན་ཐང་བརྗོད་ཀྱིས་མི་ལངས་འདི། །
བྱང་ཕྱོགས་བོད་དུ་ཉམས་ལྟས་ཚང་། །
ལྷོ་ཕྱོགས་གངས་ཕྲུག་བོད་པ་ཚོ། །
རང་དབང་ཡུལ་གྲུར་གནས་པའི་ཕྱིར། །
འཛིན་སྐྱོང་སྤེལ་བའི་དུས་ལ་བབ། །
བསམ་འཆར་དང་དགའ་བསུ་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུ།
དམིགས་གསལ་དང་དམིགས་བསལ། ཞེས་པ་འདི་དང་པོ་དེ། དང་པོ་དེ་ཉིད་ཡིན་མདོག་ཁ་པོ་འདུག་ཀྱང་། ཡོངས་གྲགས་སུ་གཉིས་པ་དེ་འབྲི་བ་ཇི་ལྟར་ལགས།
དུང་དཀར་ཚིག་མཛོད་ཆེན་མོ་ན། ཀུན་མཁྱེན་དོལ་བུ་པ་ཤེས་རབ་རྒྱལ་མཚན། ཞེས་འཁོད། དོལ་པོ་པ་ཤེས་རབ་རྒྱལ་མཚན་དང་གཅིག་པར་སེམས། དིང་དུས་བོད་ཀྱི་མཁས་པ་དང་བརྩོན་འགྲུས་ཅན། རི་པིན་དུ་བཞུགས་པ། སྟོད་ཤེལ་དཀར་དུ་སྐྱེས་ཤིང་། རྒྱ་གར་ཝཱ་རཱ་ཎ་སཱི་སོགས་སུ་སློབ་གཉེར་མཛད་མྱོང་བ། ཁང་དཀར། ཚུལ་ཁྲིམས་སྐལ་བཟང་གིས། བོད་ཀྱི་མཁས་པའི་སྐད་ན། དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་སྐད་མཆོག་ཏུ་གྱུར་པ་ཡིན་ཞེས་བྲིས། གཞན་ཡང་། ཆོས་བྱུང་ཞིག་ན། བོད་ལ་རྒྱུད་བླ་མ་དར་སྲོལ་ཆེར་བྱུང་བ། དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་འགྲེལ་པ་ལ་བརྟེན་ནས་བྱུང་ངོ་། ཞེས་བྲིས་པ་བཀླགས། ང་ཨ་རིར་ཡོད་དུས། ཀོ་ལམ་བི་ཡ་སློབ་གྲྭ་ཆེན་མོའི་དཔེ་མཛོད་ནས། དོལ་པོ་ཤེས་རྒྱལ་གྱི། རྒྱུད་བླའི་འགྲེལ་པ་དང་། སྙིགས་དུས་ཀྱི་མཁས་པ་ཆེན་པོ། འཇུ་མི་ཕམ་རིན་པོ་ཆེས་མཛད་པའི་རྒྱུད་བླའི་འགྲེལ་པ་གཉིས་གོ་བསྡུར་གྱིས་བཀླགས་པས། སྔ་མ་ན་ཚིག་བསྡུས་མེད་པ་གསར་བུ་པ་བདག་ལྟ་བུས་གོ་སླ་བ་དང་། ཕྱི་མ་ན། ཚིག་བསྡུས་མང་བས། གསར་བུ་པ་བདག་ལྟ་བུས་གོ་དཀའ་བར་མཐོང་།
ཀུནམཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་རྒྱུད་བླ་མའི་འགྲེལ་པ་དེ། བོད་སྐད་ལ་འདྲིས་པའི་ཕྱིར་དུ། ཀློག་པར་མཛོད། ཅེས་པའི་རྒྱུ་མཚན་ཡང་དེ་ལགས།
བདག་ལོ་ངོ་། བོད་ལུགས་༨༦་པས་བོད་གྲྭ་ཆེན་པོའི་བགྱི་བ་སོགས་འབྲེལ་ཟིངས་ཆེན་པོས་བྲིས་པའི་ཡིག་ནོར་དག་ལ་ཞུས་དག་མཛོད་ཅིག་ཞུ་བ་བཅས་སོ།
སྟོད་མངའ་རིས་འབ་ཆེན་པའི་སྐད་ལུགས་སུ། ང་ཚོ་ལ་བདག་སོགས་ཟེར། བཀའ་བསྟན་གྱི་སྐད་དེ་མངའ་རིས་ཀྱི་སྐད་དུ་ཆགས་འདུག་ཀྱང་། དིང་སང་ཁམས་དང་། ཨ་མདོའི་བརྙན་འཕྲིན་རྒྱང་སྲིང་པ་ཡོད་པ་དང་། མངའ་རིས་དབུས་གཙང་གི་ཁོངས་སུ་བཏང་ནས། སྟོད་མངའ་རིས་ཡུལ་གྱི་སྐད་དོ་ཕོག་འགྲོ་བཞིན་པར་མཐོང་ལགས།།
དགའ་བསུ་ཡོད་དོ།།
བཀའ་དྲིན་ཆེའོ།
ཧི་མ་ལའི་ལུང་ཚན་ཁ་ཤས་རྒྱ་གར་གྱི་འོག་ལ་ཤོར། ཁ་ཤས་རྒྱ་ནག་གི་འོག་ལ་ཁ་ཤས་བལ་ཡུལ་གྱིས་ཁྱེར་རང་བཙན་ཡོད་པའི་རྒྱལ་ཁབ་འབྲུག་ཡུལ་གཅིག་པོ་ཡིན། ཡིན་ནའང་ད་དུང་ང་ཚོ་ཚང་མར་ཐུན་མོངས་གྲུབ་པའི་འདུ་ཤེས་ཡ་མ་ཟུང་ལྟ་བུ་ཞིག་ལྷག་ཡོད།
དོལ་པོའི་སྐད་ཡིག་དོལ་པོའི་རིག་གཞུང་སོགས་།
བོད་ཀྱི་སྐད་ཡིག་བོད་ཀྱི་རིག་གཞུང་དང་།
གཉིས་སུ་མེད་པ་གཅེན་གཅུང་འདུ་ཤེས་ལ་།
མཉམ་རུབ་བྱས་ནས་གཅེས་ཉར་ཐུབ་ན་དགའ་།
བལ་པོའི་མི་རིགས་ཀྱིས། གསུམ་བཅུའི་དུས་དྲན་རང་ཁྱིམ་དུ་སྲུང་གཙི་གནང་རོཊ།
http://tibettimes.net/2018/03/08/167555/