རྩམ་གཟན།
ན་ནིང་དགུན་དུས་ཀྱི་གུང་སེང་དང་བསྟུན་ནས་ᩏ་ᩏ་བལ་ཡུལ་དུ་ཐོན། དེའི་སྐབས་སུ་ངའི་མ་དག་པའི་ཆུ་བུར་ངོར་སྣང་འོང་བ་ནི། མཁན་པོ་དང་སྤྲུལ་སྐུ། དགེ་བཤེས་དང་བླ་མ་སོགས་ཤེས་འཇོན་གཉིས་ཀ་ལྡན་པར་གྲགས་པའི་རབ་བྱུང་དང་སྔགས་པའི་དབུ་ཁྲིད་པ་དག་གིས་དད་ལྡན་སྐྱེ་བོ་རྣམས་ཀྱིས། ཧ་ཅང་མང་ཐལ་བ་དང་མོད་དྲག་པའི་དབང་གིས་མིན་པར་ཚེ་འདིའི་ནད་དང་རྐྱེན་བགེགས་བར་ཆད་དང་ཕྱི་མར་བར་དོ་དང་དམྱལ་བའི་སྡུག་བསྔལ་ཞི་ཆེད་ཁོ་ནར་དམིགས་ནས་བློས་གཏོང་ཆེན་ཆེནཔོའི་ཐོག་ཕུལ་བའི་ཤོག་སྒོར་ཡོད་ཚད་ཕྱོགས་གཅིག་ཏུ་བསྡོམས་ནས། བལ་ཡུལ་གྱི་རི་རྡོག་རྡོག་ཡོད་ཚད་དང་། ས་ཀོང་ཀོང་ཡོད་ཚད། ཐང་ལེབ་ལེབ་ཡོད་ཚད་རྣམས་སུ་དགོན་པས་ཁེང་ཚར་འདུག ༼བྱ་རུང་ཁ་ཤོར་ཉེ་སྐོར་གཅིག་པུར་དགོན་པ་བཅུ་སྐོར་ཞིག་ཡོད།༽
དེ་དག་ལ་ཞིབ་ཕབ་ནས་བལྟ་དུས་ནང་བཞུགས་སུ་གྲྭ་པ་དང་བཙུན་མ་བོད་སྐད་མགོ་རྔ་མ་ཚང་མཁན་རེ་བསྐྱོན་པའི་ སྐྱ་མིན་སེར་མིན་རེ་ཟུང་ཙམ་ལས་གཞན་བཤད་སྒྲུབ་གཉིས་ལྡན་གྱི་དགོན་པ་ནི་ཉི་མོའི་སྐར་མ་ཙམ་ཞིག་རེད་འདུག ལྷག་དོན་དུ་བལ་ཡུལ་ཡང་ལེ་ཤོད་ཀྱི་འདུ་ཁང་ཆེ་མིན་ཆུང་མིན་ཞིག་གི་ནང་དུ་༼ང་ལ་ཞེད་སྣང་མེད་ཀྱང་མིང་དངོས་སུ་བརྗོད་ནས་བཤད་པ་ལ་དགོས་པ་ཆེར་མ་མཐོང་༽ ཕྱིན་པས་དེའི་ནང་བརྐྱངས་བཞག་པའི་གློག་སྒྲོན་ཁོ་ན་ལ་ནེ་སྒོར་འབུམ་ཉིས་བརྒྱ་ལྔ་བཅུ་འགྲོ་གྲོན་བཏང་རེད་ཅེས་ཧང་སང་མདོག་ཁ་པོའི་ཐོག་དེར་ཡོད་རྣམས་ཀྱིས་བཤད་ཀྱི་འདུག འོན་ཀྱང་དགོན་དེར་འགྲོ་སའི་ལམ་ནི་ཐལ་ལ་ཐུལ་ལེ་རེད་འདུག སྐབས་དེར་ངས་བསམ་བློ་འདི་ལྟར་འཁོར། ཨ་ཙི། མང་ཚོགས་ཀྱི་དཔལ་འབྱོར་འདི་འདྲ་བྱས་ནས་བེད་སྤྱོད་བཏང་གི་འདུག་བསམ་ནས་ཡ་མཚན་དང་སྐྱོ་སྣང་ཞིག་འཁོར། དེ་ནས་ངས་སྨོན་ལམ་དང་རེ་བ་ཞིག་བརྒྱག་མགོ་བཙུག་དགོས་བྱུང་། མཁན་པོ་དང་སྤྲུལ་སྐུ། དགེ་བཤེས་དང་བླ་མ་སོགས་ཤེས་འཇོན་གཉིས་ཀ་ལྡན་པར་གྲགས་པའི་རབ་བྱུང་དང་སྔགས་པའི་དབུ་ཁྲིད་པ་དག་གིས་དཔལ་འབྱོར་བེད་སྤྱོད་བཏང་ཡུལ་དེ་ཅུང་ཟད་ཁ་ཕྱོགས་བསྒྱུར་ན་འདོད། དེ་ནི་གཙོ་བོར་སློབ་གྲྭ་དང་། སྨན་ཁང་། རྒས་སྐྱོང་ཁང་། ཡུལ་མི་ལ་ཕན་པའི་ལམ་ཆེན། ཟམ་པ་སོགས་ལ་བཏང་ན་ཤིན་ཏུ་ནས་དགེ་ཕན་ཆེ་བ་ཞིག་མིན་ནམ། དེ་ནི་ངའི་སྟོང་བསམ་རེད་ལ་རྨི་ལམ་ཡང་རེད། ལོ་ཤེས་སྔོན་དགོན་པ་ཞིག་ ༼ང་ལ་ཞེད་སྣང་མེད་ཀྱང་མིང་དངོས་སུ་བརྗོད་ནས་བཤད་པ་ལ་དགོས་པ་ཆེར་མ་མཐོང་༽ སྒོ་འབྱེད་སྐབས་༧གོང་ས་མཆོག་གི་གསུངས་དོན། ༼བཤད་སྒྲུབ་གཉིས་ལྡན་གྱི་ཆོས་སྡེ་ལ་ གྲྭ་པ་དང་བཙུན་མ་འབོར་ཆེན་ཆགས་ནས་མ་ཤོང་པའི་དཀའ་ངལ་བྱུང་ན་ལྷ་ཁང་ཆེན་པོ་དང་རྒྱ་བསྐྱེད་བྱས་ན་དོན་ལྡན་ཞིག་རེད། དེ་ལས་གཞན་དང་པོར་དགོན་པ་ཆེན་པོ་ཞིག་བརྒྱབ། དེ་ནས་གྲྭ་པ་རེ་བཟུང་བསྡུ་རུབ་བྱས་ན་ཕན་པ་མེད།༽ཅེས་གསུངས།༽ དེའི་གོ་དོན་ངོ་མ་ང་ཚོ་བོད་མི་རྩམ་གཟན་བ་རྣམས་ཀྱི་ཐུགས་བསམ་ཞིབ་ཏུ་ནས་གཏོང་དགོས་གལ་ཆེ།
གོང་དུ་ཞུས་པའི་གནས་ཚུལ་དེ་ལྟ་བུ་བྱུང་བའི་རྒྱུ་རྐྱེན་ངོ་མ་ནི། བསྟན་པ་དང་སེམས་ཅན་ལ་ཕན་པའི་ཆེད་མིན་པར་དེང་སང་ཕྱི་རྒྱལ་ཁག་ལ་ཕེབས་བཞིན་པའི་གོང་སྨོས་མི་སྣ་དེ་དག་གིས་མགོ་སེར་དང་མགོ་ནག་བ་འབྱོར་ལྡན་དེ་དག་གི་དཔལ་འབྱོར་འཕྲོག་མ་བཅོམ་གྱི་སྒོ་ནས་བདག་གིར་བྱེད་པ་ལ་མ་རྩ་ལྟ་བུ་ སྟོན་རྒྱུ་དེ་འདྲ་པོ་ཞིག་དགོས་ཀྱི་ཡོད་པ་རེད་འདུག དེ་ནི་ལུང་རིགས་ཀྱིས་གྲུབ་པའི་དངོས་ཡོད་གནས་ཚུལ་ཞིག་རེད།
མདོར་བསྡུས་ནས་བཤད་ན་ང་ནི་དེ་དག་ལ་ཡི་རང་མེད་ལ་རིན་ཐང་ཡང་བརྩི་རྒྱུ་མིན།
དགོན་པ་མང་པོ་མི་དགོས། །རེ་ཟུང་ཡོད་ན་འགྲིགས་ག །ནང་བཞུགས་མང་པོ་མི་དགོས། །མཁས་བཙུན་ལྡན་ན་འགྲིགས་ག
སྟོན་པའི་དམ་ཆོས་རྣམ་པ་གཉིས་སུ་ཁ་མཚམས་ཆོད། །དེ་འཛིན་བྱེད་ལ་སྒྲུབ་དང་སྨྲ་བ་ཁོ་ན་ལས། དོན་མེད་ས་སྟོང་ཁང་སྟོང་དུ་མ་བསྐྲུན་གྱུར་ཡང་། །རྒྱལ་བསྟན་འཛིན་པའི་དོན་གོ་ཆོད་པ་ངས་མ་ཤེས། །ཞེས་པ་ཞིག་ཐལ་སོང་བས་དགོངས་ཚོམས་མེད་པར་ཞུ།
ཕལ་ཆེར་བདེན་ཤས་ཆེ་ཡང་དེ་འདྲ་རང་མ་རེད།
ས་མཐར་སྡོམ་པའི་བུ་ཆུང་ང་ཡི།།
ཤ་ཚའི་གཏམ་ཞིག་དྲང་པོར་བཤད་ལ།།
ལ་ལས་ཕལ་ཆེར་བདེན་ཤས་ཆེ་ཞེས།།
ར་མ་ལུག་གི་གྲས་སུ་འཇོག་བྱུང་།
ཨ་ལགས་ཕལ་ཆེར་ཐུགས་དགོངས་འཁྲུགས་སྲིད།།
ཨ་ཕས་ང་ལ་ཉེས་བརྡུང་ཕོག་སྲིད།།
ཨ་མས་བཀའ་བཀྱོན་ཚད་མེད་གཏོང་སྲིད།།
ཨ་ཉོག་ང་རང་ད་ནི་མྱོང་སོང་།།
༼གྲྭ་པ་དང་བཙུན་མ་བོད་སྐད་མགོ་རྔ་མ་ཚང་མཁན་རེ་བསྐྱོན་པའི་ ༽་ཞེས་ཟུར་ཟའི་ཡུལ་བོད་མི་ཞིག་ཡིན་ན་འོས་ཤིང་མཚམས་པ་ཞིག་རེད་མོད། གལ་ཏེ་བལ་པོའི་མི་རིགས་ཡིན་ན་ཧ་ཅང་སྣང་བ་མི་འགྲོ་བའི་སྐད་ཆ་ཞིག་རེད། བོད་དང་འབྲེལ་བའི་བལ་པོའི་མི་རིགས་ཤར་པ། ཡོལ་མོ། དོལ་པོ། མུ་གུམ། སྙེ་ཤང་། ཝ་ལུང་པ་སོགས་ཁོང་རང་ཚོར་བོད་སྐད་སྲོག་ཏུ་ཞུགས་པའི་རང་རང་གི་སྐད་ཡོད་པ་དེ་ཁོང་ཚོས་ལོས་རྒྱབ། རྒྱག་འོས་པ་ཞིག་ཀྱང་རེད། དེ་བཞིན་ནེ་པ་ལིའི་སྐད་ནི་རང་གི་རྒྱལ་ཁབ་ཀྱི་སྐད་ཡིན་དུས་སྤོབས་པ་དང་ལྡན་པའི་སྒོ་ནས་རྒྱབ་ངེས་རེད། སྤྱིར་གྲྭ་པ་དང་ཨ་ནེ་ཡིན་ན་བོད་སྐད་རྒྱབ་དགོས་སྙམ་པའི་བསམ་བློ་དེ་བོད་མི་ཞིག་ཡིན་པའི་ཆ་ནས་ལ་རྒྱ་ཡིན་སྲིད་ཀྱང་། སྤྱི་ཡོངས་ནས་གཞིག་ན་ཧམ་པ་ཆེ་དྲག་པ་རེད། སྤྱིར་སྟོན་པས་བདེན་བཞི་བླང་དོར་གྱི་རྣམ་གཞག་གིས་འཁོར་བ་དང་མྱང་འདས་གསུངས་པ་ལས་སྐད་འདི་དང་འདིས་ཐར་དང་ངན་འགྲོ་གང་དུ་འགྲོ་ཚུལ་གསུངས་མེད་ཀྱི་རེད། དེ་བཞིན་ནང་ཆོས་ཉམས་སུ་ལེན་པ་ལ་བོད་སྐད་ཤེས་དགོས་པའི་མ་ངེས་ལ་བོད་ཀྱི་ནང་ཆོས་ཉམས་སུ་ལེན་པྲལའང་བོད་སྐད་བཤད་དགོས་པའི་ངེས་པ་དང་ཁྲིམས་གང་ཡང་མེད་སྟབས་དམར་རིལ་རིལ་ཚང་མས་བོད་སྐད་མ་རྒྱབ་ཀྱང་སྐྱོན་མེད།
དེ་ལས་ང་རང་ཚོས། གཞན་ལ་བལྟ་བའི་མིག་ཡོད་ཀྱང་། རང་ལ་བལྟ་བར་མེ་ལོང་དགོས། ཟེར་བ་ལྟར་ ༼ཆོས་ཚོགས་ཟོ་མང་གི་ར་་་་་་་གང་ཡོང་གིས་རོག་པ་ཟོ་གནང་ཡོད་ཀི་ཧྲ་གི་་་་༽ འདི་འདྲ་འབྲི་མཚམས་བཞག་ན་ལེགས་པར་སེམས།
དེ་ལས་གཞན་འབྲི་མོས།
ངས་རྒྱ་ནག་ཡུལ་དུ་ཐོན་པ་ནས།
ངས་རྒྱ་སྐད་དག་མ་དིག་ཅིག་བཤད།
ང་རྒྱ་གར་ཡུལ་དུ་གནས་ཡོད་པས།
ངས་ཧིན་རྡི་འཆལ་མ་འཆོལ་ཞིབ་བཤད།
ང་ཕྱི་གླིང་ཡུལ་དུ་འགྲོ་དགོས་པས།
ངས་དབྱིན་སྐད་དག་ལ་མ་དག་བཤད། ཅེས་པའི་མཇུག་ཏུ་
ང་ཁ་བརྡ་བལྟ་ཞིང་ཀློག་དགོས་པས།
ངས་ཨམ་སྐད་ཧྲག་གེ་ཧྲི་གེ་བཤད། འདི་འདྲ་ཞིག་སྦྱར་དགོས་ཐུག་ས་མ་རེད་དམ།
དེ་ནས་དེང་སང་གི་དགོན་པ་ཆུང་གྲས་རིགས་དང་དེའི་དབུ་ཁྲིད་རྣམ་པས་དཔལ་འབྱོར་བེད་སྤྱོད་གཏོང་སྟངས་ཐད་ཉིད་ཀྱིས་བཤད་པ་ལྟར་རེད། གལ་ཆེ་ཤོས་གཅིག་ནི་གྲྭ་པ་བསྡུ་རུབ་བྱས་ཏེ་སློབ་སྦྱོོང་གང་ཡང་མེད་པར་མི་ཚེ་འཕྲོ་རླག་ཏུ་གཏོང་མཁན་ཡང་གང་མང་འདུག་པ་དེ་ནི་ཆེས་མི་རུང་པ་ཞིག་རེད།
ད་མང་པོ་འབྲི་མིྲ་ཁོམས་་་་་ནུབ་ཕྱོགས་་་་ཟེར་བའི་ནང་ཁྱོད་ལ་ཀ་རྩོམ་ཞིག་འབྲི་དགོས་ཡོད་་་་་ཧ་ཧ་ཧ་ཧཧ་ཧ་
ཧ་ཧ། མེ་དཀར་ཁྱོད་ངས་ད་ལྟ་བར་ནུབ་ཕྱོགས་ ་་་་་་་་་སྒུག་ནས་བསྡད་པ་ཡིན། ད་ལ་ང་འདི་ནས་རང་ལ་སྐྱོན་ཆ་ལྷག་ལ་ཉེ་ཚེ་༧གོང་ས་མཆོག་གི་སྡིག་ར་བསྐུལ་བའི་སྲོལ་ལྟ་བུ་ཞིག་མིན་ཡང་། ངས་འདི་ནས་ལུང་འདྲེན་ཞིག་བྱེད་འདོད་བྱུང་། ཁོང་གི་གསུང་དོན་ལ་དཔལ་ན་ལེནྡྲའི་ཆོས་ཚུལ་བཟང་པོ་ཚང་ལ་མ་ནོར་བུ་ཞིག་ཤེས་པར་འདོད་ན་བོད་ཀྱི་སྐད་ཡིག་ཆ་ཚང་བ་ཞིག་ཤེས་དགོས། གང་ཡིན་ཞེ་ན་དེང་སང་དུས་ཚོད་ལ་དཔལ་ན་ལེནྡྲའི་ཆོས་ཚུལ་ཆ་ཚང་བ་ཞིག་བོད་ཀྱི་སྐད་ཡིག་ཁོ་ན་ལས་གཞན་ནང་ལ་མེད་ཅེས་གསུངས་པ་ཐོན་ཨེ་བྱུང་། ངས་དེ་རྒྱུ་མཚན་དང་གནས་ལུགས་ཡོད་པ་ཞིག་ཏུ་བརྩིས་ནས་དེ་འདྲ་ཞིག་བཤད་པ་ཡིན། མི་རིགས་དང་ལུང་ཚན་རིགས་རུས་སོགས་གང་འདྲ་ཡིན་མིན་ལ་མ་ལྟོས་པར་དཔལ་ན་ལེནྡྲའི་ཆོས་ཚུལ་ཉམས་སུ་ལེན་པའི་གྲྭ་བཙུན་ཚད་ལྡན་ཞིག་ཡིན་ན་ངེས་པར་དུ་བོད་ཀྱི་སྐད་ཡིག་ཤེས་དགོས་པ་འདོད། ད་མང་པོ་བཤད་འདོད་མེད་མཐོང་ཐོས་རྣམས་གོ་དུ་བཤད་ཟིན་དེ་འོ།
དཔལ་ན་ལེན་ཌའི་མཁས་པ་ཚོས་བོད་སྐད་ཤེས་གི་ཡོད་མ་རེད། ཁོང་ཚོས་བོད་སྐད་རྒྱབ་གི་མེད་པ་ཐག་ཆོད་པ་རེད། དེའི་སྐོར་བསམ་ཚུལ་གང་ཡོད།
ི
མདོ་སྔགས་ཡོངས་སུ་རྫོགས་པ་བོད་སྐད་ལ་མེད་གསུངས་པ་མ་གཏོགས་ན་ལེན་ཌའི་མཁས་དབང་ཚོའི་གསུང་ཨ་ཞང་རྒྱ་ཚང་ལའང་ཡོད་རབས་ཐོས་པས་་་་་་་་་་གོ་བ་རགས་རིམ་ཙམ་གྱིས་ཐག་གཅོད་མ་སྔ་ཞིག
ི
གོང་གི་ནོར།
མདོ་སྔགས་ཡོངས་སུ་རྫོགས་པ་བོད་སྐད་ལ་ཡོད་གསུངས་པ་མ་གཏོགས་ན་ལེན་ཌའི་མཁས་དབང་ཚོའི་གསུང་ཨ་ཞང་རྒྱ་ཚང་ལའང་ཡོད་རབས་ཐོས་པས་་་་་་་་་་གོ་བ་རགས་རིམ་ཙམ་གྱིས་ཐག་གཅོད་མ་སྔ་ཞིག
གཞུང་རེ་གཉིས་ཙམ་ཡོད་པས་ཆོས་ཚུལ་བཟང་པོ་ཡོད་གོ་ཆོད་ལེ་མ་རེད་ཁོ་རེ་
འདིའི་སྐོར་ལ་ངས་ཡང་ཚིག་སྣོན་ཞིག་བྱེད་དགོས་བྱུང་། ཕྲན་ཐེངས་གཅིག་རྒྱ་གར་ལྷོ་ཕྱོགས་སུ་གོང་ས་མཆོག་གིས་གནང་བའི་དུས་འཁོར་དབང་ཆེན་ལ་འགྲོ་ཐུབ་པའི་གོ་སྐབས་བྱུང་སྐབས་དོན་རྐྱེན་འདི་འདྲ་ཞིག་རིག་སོང་།
དུས་དེ་ནི་བོད་ཟླ་ཞིག་གི་ཟླ་དཀྱིལ་ལ་ཁེལ་འདུག བོད་ཚེས་༡༤་ཉིན་གྱི་ཕྱི་དྲོ་གསུང་ཆོས་རྗེས་སྐུའི་སྲང་མོ་རྗེས་བཙུན་པདྨ་ལགས་ནས་གནས་དེར་འཛོམ་ཡོད་པའི་མཇལ་བ་དང་མགྲོན་པོ་རྣམས་ལ་རྒྱ་གར་ནང་ཡོད་པའི་བུ་གསོ་ཁང་དང་སློབ་གྲྺ་ཁག་གི་གནས་ལུགས་དང་འགྲོ་སོང་། དཔལ་འབྱོར་གྱི་དཀའ་ངལ་སྐོར་བསྒྲགས་སོང་། འོན་ཀྱང་རང་རིགས་གཅིག་པ་དག་གི་གནས་སྐབས་དེར་ཡར་ལངས་ནས་རྒྱབ་སྐྱོར་རམ་རོགས་དངུལ་སྤྲོད་པ་སོགས་གཅིག་ཡང་མཐོང་། རྗེས་སུ་བྱུང་ཡོད་མེད་མི་ཤེས།
དེའི་ཕྱིར་ཉིན་བོད་ཚེས་༡༥་ཉིན་ང་ཚོས་དགེ་བ་གཅིག་བྱས་ན་བརྒྱ་འགྱུར་སྟོང་འགྱུར་ཡོང་གི་རེད་ཟེར་བའི་ལུགས་སྲོལ་ལྟར་ཡུལ་དེ་ནས་ནམ་རྒྱུན་ཧིན་སྒོར་༥་ལས་རེགས་པའི་ཡང་ལ་(蜡烛) ལ་ཧིན་སྒོར་༡༠་ལས་ལྷག་སྤྲད་དེ་མར་མེའི་ཚུར་དུ་འབར་སོང་། མཐར་ས་དེར་ཡང་ལ་སྤོང་ནས་ཡག་པོ་འབར་མ་ཚར་སྔོན་ནས་ཞི་བ་དང་དུད་སྨུག་གིས་བཀང་སོང་། ལྟ་ཚོད་ལ་ས་ཁུལ་དེ་མེས་བསྲེག་པས་ལོ་དུ་མར་རྩ་ཡང་སྐྱེ་འེ་ཐུབ་བསམ།
སྐབས་དེར་ང་རང་གི་ཞེ་ལ་གལ་སྲིད་ཡང་ལ་དེ་ཚེའི་རིན་བསྡུས་ནས་སྔར་ཉིན་སྐྱབས་བཅོལ་སྤྱི་ཚོགས་ནང་ཡོད་པའི་བུ་གསོ་ཁང་དང་སློབ་གྲའི་དཔལ་འབྱོར་དཀའ་ངལ་སེལ་ཐབས་ཕུལ་ཐུབ་ན་ཅི་མ་རོང་བསམ་སོང་།
ཨ་མཆོག་ལགས། ངས་ཀྱང་རྩམ་གཟན་གྱི་སྐད་ཡིག་སྐོར་ལ་བསམ་ཚུལ་མི་མཐུན་པ་ཙམ་ལས་གཞན་ཁྱེད་གཉིས་ཀྱི་བསཅ་ལེན་རྒྱུ་མང་པོ་འདུག་དྲན་གི་འདུག་
དེ་འདྲ་རེད་རམ་གྲོགས་པོ་རྣམ་པ།
ཁ་བརྡ་ལགས་གོང་གི་མཆན་དུ་བསུབ་རོགས་
ཨ་མཆོག་ལགས། ང་ཡང་རྩམ་གཟན་གྱི་སྐད་ཡིག་སྐོར་ལ་བསམ་ཚུལ་མི་མཐུན་པ་ཙམ་ལས། གཞན་ང་ཚོའི་བསམ་ཚུལ་ཁྱད་པར་གང་ཡང་མིན་འདུག ད་རང་ང་ཚོས་སེམས་ཅན་ཐམས་ཅད་ཟེར་རྒྱུ་ཉུང་ཙམ་བྱས་ཏེ་ཁ་ཡོད་ལ་ཡོད་ཀྱི་ཕན་བཏགས་རྒྱུ་གལ་ཅེ་བ་འདུག དེ་ནི་ནང་ཆོས་ཀྱི་དགོངས་དོན་དང་ཡང་འབྱོར་ཚབས་ཆེ་གི་རེད། ཡི་ཤུ་ཚོས་བྱེད་སྟངས་ཁག་གཅིག་ནས་ལེགས་ཆ་ལེན་རྒྱུ་མང་པོ་འདུག སྤྱིར་བཙན་བྱོལ་ནང་གི་དགོན་ཁག་གཅིག་གིས་སྤྱི་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོག་གནང་མཁན་དེ་འདྲ་ཡང་ཡོད་རེད།
སྨན་ཁང།
སློབ་གྲྭ།
ཆུའི་དཀའ་ངལ།
ཁོར་ཡུག་སྐོར་འདི་དག་ལ་ང་ཚོས་དོ་སྣང་དང་རོགས་རམ་གནང་དགོས་རེད།
གྲོགས་པོ་ཨ་མཆོག་ཆོས་དར་ལགས།
བདེན་པ་རེད། ཁྱེད་དང་གི་བསམ་ཚུལ་དང་གཅིག་མཚུངས། ངས་ཀྱང་ཨ་རིའི་སྲིད་འཛིན་གསར་བའི་མཛད་སྒོའི་སྐབས་དོན་མེད་མི་མང་འབུམ་འཕྲག་མང་པོ་འདུ་འཛོམས་བྱུང་བ་ལས།
དེ་དུས་ཀྱི་ཕྱོགས་གང་སར་ནས་ཕེབས་པའི་འགྲོན་པོ་ཡོངས་ཀྱི་ལམ་འགྲོན་ཡོངས་རྫོགས་ལྷན་དུ་བསྡུས་ནས། ཉེ་ཆར་ས་ཡོམ་གྱིས་ཆགས་འཇིགས་བྱུང་སའི་ཁམས་སྐྱེ་རྒུ་མདོར་རོགས་སྐྱོར་ལ་ཕུལ་ན་བསམ་བྱུང༌།
གྲོགས་པ་ལགསས།
མི་རིགས་རེ་ལ་རིགས་གཞུང་རེ་རེ། སུ་ཞིག་གིས་བཟོ།
མི་རིགས་རེ་ལ་སྐད་རིགས་རེ་རེ། སུ་ཞིག་གིས་བཤད།
མི་རིགས་རེ་ལ་ཆོས་ལུགས་རེ་རེ། སུ་ཞིག་གིས་སྒྲུབ།
རི་རིགས་རེ་ལ་ལོ་རྒྱུས་རེ་རེ། སུ་ཞིག་གིས་འབྲི།
དག་བཅོས། (འགྲོན་པོ་) མགྲོན་པོ། (ལམ་འགྲོན་) ལམ་གྲོན།