སེང་ཕྲུག་བརྟན་པ།
བཤེས་གཉེན་བསྟེན་ཚུལ་ལོག་ན་འདི་ཕྱི་གཉིས།།
འདོད་དོན་གྲུབ་པ་ལྟ་ཞོག་ཉེས་དམིགས་སུ།།
བློ་ཇ་ཚགས་བཞིན་ཇི་ཙམ་བླུགས་ཀྱང་སྟོང་།།
གང་ཤེས་བརྗེད་ངས་རྟག་ཏུ་བཙན་འཕྲོག་བྱེད།།
འབྲས་བཟང་དུས་སུ་སྨིན་པའི་ཡོན་ཏན་ཡང་།།
རང་གཞན་གང་ལའང་ཕན་པ་ངས་མ་མཐོང་།།
དེ་བཞིན་ཀུན་གྱིས་འཕྱ་དང་སྡང་བ་སོགས།།
མདོར་ན་མར་ལྷུང་རྐྱང་ལས་ཡར་འཕུར་མེད།།
གྲོགས་རྣམས་རྟག་ཏུ་གནད་འདིར་བག་ཟོན་གྱིས།།
སྤྲང་པོའི་གཏམ་ལ་རྩིས་འཇོག་མེད་ན་ཡང་།།
ལས་འབྲས་བསླུ་མེད་དོན་ལ་བསམས་ན་ཤེས།།
རྩ་བའི་བླ་མ་ཀུན་འདུས་རྡོ་རྗེ་འཆང་།།
རྟག་ཏུ་མ་གྱུར་སེམས་ཅན་ཐམས་ཅད་ལ།།
ལོག་པའི་ལམ་དུ་ནམ་ཡང་མི་ཞུགས་པའི།།
བྱིན་རླབས་ནུས་མཐུ་མ་ལུས་བསྩལ་དུ་གསོལ།།
གོང་དུ་གསལ་བའི་བཤེས་གཉེན་བསྟེན་ཚུལ་ལོག་པའི་ཉེས་དམིགས་དེ་དག་ཤེས་པའི་ཐོག་ནས་ནམ་ཡང་མ་ལོག་པར་འབད་པ་འཚལ་ལོ།།
ཆོས་གྲོགས་སེང་ཕྲུག་བརྟན་པ་མིང་ཅན་གྱིས་ལོ་ཟླ་ཚེས་བཟང་ལ་སྦྱར་བ་དགེའོ། །
ཆོས་གྲོགས་སེང་ཕྲུག་ལགས།
ཁྱེད་ཀྱིས་བཤེས་གཉེན་བསྟེན་ཚུལ་གྱི་གནད་འགག་ཆེ་ཤོས་དེ་བཤད་མི་འདུག དེ་ནི་སྔོན་ལ་བཤེས་གཉེན་གྱི་ཡོན་ཏན་སོགས་ལ་བརྟག་པ་བྱེད་པ་དེ་རེད། བརྟག་པ་མ་བྱས་པར་བཤེས་གཉེན་བསྟེན། དེ་ནས་བཤེས་གཉེན་གྱི་སྐྱོན་རྣམས་རིམ་བཞིན་ཐོན་འོང་ན། བཤེས་གཉེན་དེ་བསྐྱུར་དགོས། དེ་མིན་རང་གཞན་གཉིས་ཀ་དམྱལ་བ་ལ་འགྲོ་བ་མ་ཡིན་ནམ།
དཔེར་ན། དེང་སང་བོད་པའི་བླ་རྫུན་མང་པོ་འཐོན་བཞིན་ཡོད། རྗེས་མ་དེ་དག་བླ་རྫུན་ཡིན་པ་ཤེས་ན། བསྐྱུར་མི་དགོས་སམ། ལྟོས་དང་། རྒྱ་ནག་ནང་ལ་དོན་ཚོགས་ཀྱི་བླ་རྫུན་དེ་ཚོ་དང་། འཁྲིག་པ་དང་དངུལ་ཁོ་ན་དོན་གཉེར་བྱེད་པའི་བླ་རྫུན་དེ་དག་ཕྱིས་སུ་ཁོང་ཚོའི་ནང་ཁོག་ཤེས་ན་བསྐྱུར་མི་དགོས་སམ།
མཆན་འདི་བདེན། བླ་མ་མ་བརྟགས་དུག་འཐུང་འདྲ། སློབ་མ་མ་བརྟགས་གཡང་མཆོངས་འདྲ། ཞེས་དང་། དང་པོ་བླ་མ་བརྟག་ལ་མཁས་པ་དང་། བར་དུ་བླ་མ་བསྟེན་ལ་མཁས་པ། མཐའ་མ་དགོངས་སྤྱོད་བསླབ་ལ་མཁས་པ་ཞིག་དགོས་པར་གསུངས་ཡོད། དེ་དག་ཆོས་དད་ཅན་ཚོས་ཤེས་ན་ལེགས།
བླ་མ་ལྔ་བཅུ་པ་ལས།
དངོས་གྲུབ་སློབ་དཔོན་རྗེས་འབྲང་ཞེས། །
རྡོ་རྗེ་འཛིན་པ་ཉིད་གསུང་བར། །
ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །
བླ་མ་ཡོངས་སུ་མཉེས་པར་བྱ། །
ཆོས་གྲོགས་རྣམ་པས་གསུངས་པ་དེ་དེ་བཞིན་ནོ། ངས་བརྟགས་པས་བླ་མ་ཚད་ལྡན་དུ་ཤེས་ནས་བཤེས་གཉེན་བཨྟེན་རྗེས་བསྟེན་ཚུལ་ལོག་ན་ཉེས་དམིགས་གང་འདྲ་ཡོད་མིན་རང་གི་མྱོང་ཚོར་དང་སྦྱར་ནས་བྲིས་ཁུལ་ལོ། །
༅༅།སེང་ཕྲུག་ལགས་ནས་དེཔ་ཡག་པོ་བྲིས་འདུག་པ་བཀྲིས་བདེ་ོལེགས་ཡོད།
ང་ཡང་ཁྱོད་ཀྱི་བསམ་པ་ལྟར་ཡིན