ཉེ་ཆར་འཇམ་གཅེས་ཟེར་བ་བོད་ཡིག་གི་དག་ཆ་ཧ་ཅང་པོ་ཡོད་པ་མ་ཟད་ཚིག་བཅད་དམ་དུམ་འབྲི་བར་ཡང་ཐོགས་པ་མེད་པའི་དྲ་གྲོགས་ཤིག་གིས་ཁ་བརྡ་དྲ་ངོས་སུ། གཏོར་དཔྱད་དང་བསང་རྩིས་སོགས་སངས་རྒྱས་ཀྱི་བསྟན་པ་མིན་པས་གཙང་སེལ་བྱེད་དགོས་ཟེར་ཞིང་། བན་བོན་གྱི་ཆོས་ལུགས་ལོ་རྒྱུས་ལ་ཆ་རྒྱུས་ཆེན་པོ་མེད་པ་ཞིག་གི་ངོས་ནས་ཧོབ་སྟེ་བལྟས་ན་དེ་ནི་མགོ་སྐོར་ལས་སླ་བོར་གཏོང་བྱེད་ཀྱི་སྐད་ཆ་ཞིག་ཡིན་མོད། སྤྱིའི་ཆ་ནས་བཤད་ན་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་ནི་གཞན་ཕན་སྒྲུབ་རྒྱུ་དེ་ཡིན། ལྷ་ཀླུ་གཞི་བདག་སོགས་ཀྱི་བཀྲེས་སྐོམ་གྱི་སྡུག་བསྔལ་སེལ་ཕྱིར་གཏོ་འམ་གཏོར་མ་སྦྱིན་རྒྱུ་དེ་ནི་སངས་རྒྱས་རང་གི་སྐུ་དུས་ནས་ཡོད་པ་ཞིག་རེད། དཔེར་ན་འཕྲོག་མ་ལ་ཆངས་བུ་སྦྱིན་རྒྱུ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་གཏན་ལ་ཕབ་པའི་རྒྱ་གར་གྱི་དགེ་སློང་ཚོའི་རྒྱུན་མཐོང་གི་ཕྱག་ལེན་ཞིག་ཡིན་པ་ནི་འཕྲོག་མའི་ལོ་རྒྱུས་རང་ལས་ཤེས་ཐུབ་པ་མ་ཟད། རང་རེའི་ཕ་ཆོས་ཀྱི་འབྱུང་ཁུངས་བསྙོན་དུ་མེད་པ་དཔལ་ནྰ་ལེནྡྲ་སོགས་སུ་ཡང་དེ་ལྟར་ཡོད་པ་ལོ་རྒྱུས་ལས་ཤེས། ད་རུང་བརྒྱ་བཞིའི་ཆོ་ག་འདི་སངས་རྒྱས་རང་གི་ཞལ་ནས་གསུངས་པའི་མདོ་ཞིག་ཡིན་པར་རྒྱ་བོད་གཉིས་ལ་ཡོངས་སུ་གྲགས་པས། རིགས་དྲུག་མགྲོན་རིགས་ལན་ཆགས་བགེགས་ཚོགས་ལ་གཏོར་མ་དང་བསང་གསུར་སོགས་ཀྱིས་གནས་སྐབས་ཀྱི་སྦྱིན་པ་གཏོང་ཞོར། སྐར་མ་རབ་རིབ་མར་མེ་དང་། །སོགས་དང་། སྡིག་པ་ཅི་ཡང་མི་བྱ་ཞིང་། །སོགས་ཆོས་ཀྱི་སྦྱིན་པ་གཏོང་དགོས་པ་ནི་རྒྱ་བོད་མཁས་གྲུབ་ཕལ་མོ་ཆེར་གྲགས་པའི་གཞན་ཕན་དགེ་སྒྲུབ་ཀྱི་ཡན་ལག་ཅིག་ཡིན་ལ། རྗེ་ཙོང་ཁ་པས་ཀྱང་། ཐོག་མར་ཟང་ཟིང་སྦྱིན་པས་སེམས་ཅན་རྣམས། །འཁོར་དུ་བསྡུས་ནས་ཆོས་ཀྱིས་ཚིམ་བྱེད་ཤོག །ཅེས་གསུངས་ཡོད། སངས་རྒྱས་ཀྱིས་གསུངས་པའི་བརྒྱ་བཞི་རང་གི་ནང་དུ། བདག་གིས་པུས་མོ་ས་ལ་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱིས། །གསན་ནས་ཕན་གདགས་སླད་དུ་འདིར་སྤྱོན་ཅིག །ཅེས་ཕྱོགས་སྐྱོང་བཅོ་ལྔ་སོགས་ལ་ཨུ་ཚུགས་ག་ཚོད་བསྐྱོན་འདུག གལ་སྲིད་མདོ་སྡེ་དུ་མ་ནས་ལན་བརྒྱ་སྟོང་དུ་མར་གསུངས་པའི་སྦྱིན་པ་རྣམ་པ་བཞི་ཞེས་པ་དེའི་གྲངས་འདྲེན་ཙམ་ཤེས་མཁན་ཞིག་ཡིན་ན་ནི། གཏོ་དང་གཏོར་མའི་ཕན་ཡོན་ཕྲན་ཙམ་རེ་ཅིས་ཀྱང་མཁྱེན་དགོས་པ་ཡིན། གལ་སྲིད་བསང་གསུར་སོགས་རྦད་དེ་སངས་རྒྱས་ཀྱི་བསྟན་པ་དང་རྒྱབ་འགལ་དུ་གྱུར་པ་ཞིག་ཡིན་ཚེ། གོང་ས་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་སྤྱི་དང་ཁྱད་པར་དུ་སྐུ་ཕྲེང་བཅུ་བཞི་བ་མཆོག་གིས་གནས་ཆུང་དང་ལྷ་མོ། བོད་སྐྱོང་བསྟན་མ་བཅུ་གཉིས་སོགས་ཀྱི་བསང་ཡིག་ལྗགས་རྩོམ་མཛད་དགོས་དོན་ཅི་ཡང་མེད་ལ། དེ་དག་མཛད་དུས་ཀྱང་གདུང་ཤུགས་དྲག་པོས་མཆོད་ཅིང་ཉེར་བསྐུལ་ན། །ཞེས་པའི་ཚིག་འདི་འདྲའི་ལྗིད་ཁོག་ཅན་དག་འབྲི་དགོས་དོན་ཡེ་ནས་མེད་པ་གང་ཞིག་ལ། དཔལ་ནྰ་ལེནྡྲའི་ཆོས་རྒྱུན་འཛིན་པའི་ནང་པའི་སློབ་དཔོན་དག་གི་ཁྲོད་ནས། དེང་སྐབས་སའི་སྟེང་ན་འགྲན་ཟླ་མེད་པའི་སྐྱེས་བུ་བདག་ཉིད་ཆེན་པོ་ཁོང་གིས་ཀྱང་བོད་སྐྱོང་ལྷ་སྲུང་དག་གི་བསང་ཡིག་རིམ་པར་བརྩམས་ཡོད་པ་མ་ཟད། དུས་དང་དུས་སུ་སྐུ་ཉིད་ཀྱི་སྒེར་དགོན་རྣམ་རྒྱལ་གྲྭ་ཚང་རང་དུ་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་དུ་མ་གདན་ཞུས་ཀྱིས་གཏོ་དང་གཏོར་མའི་རིགས་འདི་ཕྱག་བཞེས་སུ་བསྟར་དང་སྟར་བཞིན་མཆིས་པས། ཡུལ་དམ་པ་དེ་དག་གིས་ཁྱེད་རང་ཅི་བཞིན་སངས་རྒྱས་ཀྱི་བསྟན་པའི་གནད་འགག་གལ་བོ་ཆེ་དེ་མ་མཁྱེན་པ་ནི་ཡིན་ཨེ་སྲིད། ཚ་གསུར་ལྟ་བུ་ནི་བར་དོའི་སེམས་ཅན་དང་ཡི་དྭགས་བཀྲེས་སྐོམ་གྱིས་གཟིར་བ་ཚོར་དམིགས་པའི་སྦྱིན་གཏོང་གི་ཕྱག་བཞེས་རྨད་དུ་བྱུང་བ་ཞིག་ཡིན་ཞིང་། དགེ་ལྡན་པ་ཚོས་རྗེ་ཙོང་ཁ་པ་གཉིས་པར་གུས་རྩི་བྱེད་པའི་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་ཚ་གསུར་གྱི་ཆོ་ག་བསྡུས་པ་དེ་ལྟ་བུ་ཞིག་གིས་ཀྱང་བྱང་ཆུབ་སེམས་ཀྱི་རྩིས་ཟིན་ན་ནི་ཚེ་གང་བོའི་ཉམས་ལེན་གྱི་གོ་ཆོད་པ་ནི་ཆོས་རྒྱུས་ཡོད་དག་གིས་མི་ཤེས་པ་ག་ལ་སྲིད།
ད་དུང་མོ་འདེབས་པ་འདི་ཡང་བོད་ཀྱི་ལོ་ངོ་སྟོང་ཕྲག་རིང་གི་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་སྟོང་ཕྲག་ཁྲི་ཕྲག་གིས་གཞན་དང་རང་གི་དགེ་སྡིག་གི་བླང་དོར་འབྱེད་བྱེད་ཀྱི་ཕྱག་བཞེས་རྨད་དུ་བྱུང་བ་ཞིག་ཡིན་ཞིང་། དཔེར་མཚོན་གསལ་བོ་ཞིག་ནི། གོང་ས་རྒྱལ་དབང་འདི་བས་སྲུང་མ་བསྟེན་ཕྱོགས་ཀྱི་རྩ་བའི་ཐུགས་ཐག་གཅོད་ས་དེ་ནི་ལྷ་མོའི་ཤོ་མོ་དེ་ཡིན་ལུགས་ཉེ་ཆར་རང་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་གསུངས་པ་དེས་ཁྱེད་ཀྱི་བློ་མིག་འབྱེད་ཐུབ་ཀྱི་མ་རེད་དམ། དེ་བས་བླུན་པོ་སྨྲ་བ་ཉུང་ན་བསྟན་པ་ལ་ཕན། ཞེས་པ་དེ་ཡང་སྐབས་འདི་ལྟ་བུར་དམིགས་ནས་གསུངས་པ་ཞིག་ཡིན་མཆི། མོ་རྩིས་དང་ཧ་ཅང་མཐུན་པའི་པྲ་འབེབ་པའི་ཆོ་ག་འདི་ཡང་ཁྱོད་ལྟར་ན་བོན་ལུགས་ཡིན་པས་འདོར་དགོས་ཟེར་མོད། པྲ་ཡི་རིག་གཞུང་གི་ནང་ཚན་མཚོ་ཡི་ནང་དུ་པྲ་འབེབ་པའི་ཆོ་ག་འདིར་བརྟེན་ནས་རྒྱལ་ཚབ་ར་སྒྲེང་རིན་པོ་ཆེས་ལྷ་མོའི་བླ་མཚོའི་ནང་དུ་ཡི་གེ་ཨ་ཀ་མ་གསུམ་གཟིགས་ཤིང་། པྲ་ཡི་འབྲས་བུ་དེར་བརྟེན་ནས་བོད་གངས་ཅན་མགོ་ནག་རྩམ་ཟན་ས་ཡ་དྲུག་གི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་སྐྱེས་བུ་བདག་ཉིད་ཆེན་པོ་འདི་ཉིད་རང་རེའི་སྐྱབས་དང་སྐྱོབས་པ་མཆོག་གི་བགོ་སྐལ་དུ་ཐོབ་པ་མ་ཡིན་ནམ། ཨ་ལས་ངན་པོ། ཕོར་བའི་ནང་ནས་ཟོས། ཕོར་པའི་ནང་དུ་སྐྱུགས་པ་ཟེར་བ་འདི་ལ་མིན་ན་གང་ལ་ཡིན།
འབྱུང་བཞིའི་དགྲ་གྲོགས་ཀྱི་ཕན་གནོད་ཀྱིས་འཇིག་རྟེན་གྱི་སྣོད་བཅུད་ལ་བདེ་སྡུག་གི་བསྐལ་པ་འབྱུང་གི་ཡོད་པ་ནི་གནའ་རབས་དེང་རབས་གཉིས་ཀའི་རིག་གཞུང་དག་གིས་བསྙོན་དུ་མེད་པར་ངོས་ལེན་བྱེད་བཞིན་ཡོད་ལ། བོད་པའི་རྩིས་དཀར་ནག་འདི་ཡང་ཉི་ཟླའི་གཟའ་འཛིན་དང་དུས་བཞིའི་འགྱུར་ལྡོག་གི་སྣང་ཚུལ་དག་འཕྱུག་མེད་དུ་སྟོན་ཐུབ་པ་དང་། ཚོགས་བསག་སྒྲིབ་སྦྱོང་སོགས་ལས་དགེ་སྡིག་གི་རྣམ་གཞག་སྟོན་པའི་རིག་གཞུང་གཞན་གྱིས་རྩ་མེད་མ་བཏང་སྔོན་དུ་རང་གིས་སྡུག་ལག་འགུལ་ནས་མེ་ཆུར་བསྟིམ་རྒྱུ་ཞིག་ནི་ཅི་ནས་ཀྱང་མ་ཡིན་པས། གཏོ་དང་གཏོར་མ། རྩིས་དང་བསང་དཔྱད་སོགས་ནི་རྨོངས་དད་ཡིན་པས་མཐའ་གཅིག་ཏུ་སངས་རྒྱས་ཀྱི་བསྟན་པ་གནོད་པའོ་ཟེར་བ་ནི་རང་ཉིད་ཀྱི་རྨོངས་པའི་ནད་རྟགས་ཚབས་པོ་ཆེ་ཕྱིར་མངོན་པ་ཙམ་ཞིག་ཡིན་པ་ཤེས་པར་མཛོད།
ས་དཔྱད་ལ་མཚོན་ན་ཡང་ཁྱེད་ཀྱིས་བཤད་པའི་བོན་ལུགས་རྙིང་དྲི་ཁ་བ་ཞིག་མི་ཀླད་པ་མེད་པ་ཞིག་གིས་བོད་འདིར་ཁྱབ་སྤེལ་བྱས་རྗེས་ཁྱེད་ཀྱིས་བླུན་པོར་བགྲངས་པའི་མི་དག་གིས་ལག་ལེན་བྱས་པ་ཙམ་ཞིག་ཡེ་ནས་མ་ཡིན་པར། བོད་ལ་དེང་སྐབས་ཡོད་པའི་ས་དཔྱད་ཀྱི་གཞུང་མང་པོ་ཞིག་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་མཐའ་འཁོབ་ཀྱི་འགྲོ་བ་འདུལ་ཕྱིར་ས་དཔྱད་མཁན་པོའི་གཟུགས་སུ་བྱོན་ནས་རྒྱ་ཡུལ་དུ་ས་དཔྱད་ཀྱི་གཞུང་བསྟན་པར་རྒྱ་ནག་གི་མཁས་གྲུབ་དུ་མས་ཞལ་གྱིས་བཞེས་པ་དང་། རྒྱ་གར་ལུགས་ལ་ཡང་་མགོན་པོ་ཀླུ་སྒྲུབ་སོགས་ཀྱིས་མཛད་པའི་ས་དཔྱད་ཀྱི་གཞུང་ལུགས་དུ་མ་གནའ་ནས་ད་བར་ཡོད་པ་མ་ཟད། སློབ་དཔོན་པདྨ་སམྦྷ་ཝས་མཛད་པའི་ས་དཔྱད་གསེར་གྱི་ལྡེའུ་མིག་དང་། བོད་རང་གི་སློབ་དཔོན་ནམ་མཁའ་སྙིང་པོས་མཛད་པའི་ནག་པོ་འབུམ་ནག་དང་། མ་ཅིག་ལབ་སྒྲོན་གྱིས་མཛད་པའི་གཉན་དམིགས་ཁྲི་མིག་སོགས་ཧ་ཅང་མང་། ད་དུང་མི་དཔྱད་ཀྱི་རིགས་འདི་ནི་གསང་སྔགས་ཀྱི་རྒྱུད་སྡེ་དུ་མ་དང་བསྟན་འགྱུར་གྱི་ནང་དུ་ཡང་མང་པོ་ཞིག་ཡོད་པ་ཁྱེད་ཀྱིས་ག་ལ་གཟིགས། ད་དུང་དབང་བསྐུར་རྗེས་གནང་གི་རིགས་ཞུས་པའི་དུས་དང་། འཆི་ལྟས་གསོན་ལྟས་ཀྱི་རྨི་ལམ་ལ་དཔྱད་པ་ཡང་སངས་རྒྱས་རང་གིས་ཞལ་ནས་གསུངས་པའི་གསང་སྔགས་ཀྱི་རྒྱུད་སྡེ་དུ་མའི་དགོངས་པ་ཡིན་མོད། ཁྱེད་ལྟ་བུ་སངས་རྒྱས་ཀྱི་བསྟན་པ་ཞེས་པ་དེ་ནམ་མཁའ་ལྟ་བུའི་མཐའ་རྒྱ་མེད་པ་ཞིག་མིན་པར་ཁྲོན་པ་ལྟ་བུའི་གུ་དོག་པ་ཞིག་ཡིན་པར་ཁས་ལེན་པ་དག་གི་བློས་ག་ལ་འཆུན།
ཁྱེད་ཀྱི་རེ་འདོད་ལྟར་ན་བོད་ཀྱི་ཆོས་བརྒྱུད་རིས་སུ་མ་ཆད་པའི་མཁས་པ་དང་གྲུབ་པའི་སློབ་དཔོན་ཁྲི་ཕྲག་གིས་ལོ་ངོ་སྟོང་ཕྲག་གི་རིང་ལ་མཛད་པའི་མོ་བསང་རྩིས་དཔྱད་ཀྱི་ཕྱག་དཔེ་ཐམས་ཅད་མེ་ལ་བསྲེགས་ཤིང་ཆུ་ལ་བསྐྱུར། གསང་སྤྱོད་དུ་གཡུགས་ཤིང་ལྷམ་མཐིལ་དུ་གླན་ནས་རྩ་མེད་གཙང་དག་བཟོས་ན་མ་གཏོགས་བོད་ལ་སངས་རྒྱས་པའི་བསྟན་པ་རྣམ་དག་ཅིག་ཚུགས་ཐུབ་མེད་པ་འདྲ་ཡང་། བོད་ལ་རིག་གནས་གསར་བརྗེ་གཉིས་པ་ཞིག་བསླེབས་ན་མ་གཏོགས་རེ་ཞིག་བོད་རྒྱ་ཆེའི་མི་དམངས་ཀྱིས་ཁྱེད་ཀྱི་ཐུགས་རེ་དེ་བསྒྲུབ་མདོག་ཁ་བོ་མ་རེད།
རིག་གཞུང་གཞན་དག་ནང་འདྲེན་བྱས་ཏེ་རང་གི་སྲོལ་རྒྱུན་རིག་གཞུང་ཕྱུག་པོ་བཟོ་རྒྱུ་དེ་ནི་གནའ་ནས་ད་བར་མི་རིགས་ཚང་མར་ཡོད་པ་ཞིག་ཡིན་པ་མ་ཟད། སྔོན་ཆད་ཀྱི་དཔལ་ནྰ་ལེནྡྲའི་ཆོས་སྡེ་ཆེན་པོར་མཚོན་ན་ཡང་དེ་གའི་སློབ་གཉེར་བ་དག་གིས་རྒྱ་གར་གྱི་ཆོས་ལུགས་གྲུབ་མཐའ་མང་པོར་མཐོ་སློབ་དེ་རང་གི་ནང་དུ་སློབ་སྦྱོང་བྱེད་ཆོག་པ་ཞིག་ཡིན་པས། འཛམ་གླིང་གི་ཕྱོགས་མཐའ་ཁག་ནས་སློབ་གཉེར་བ་ཁྲི་ཕྲག་དུ་མ་པད་མའི་མཚོ་ལ་ངང་བ་འདུ་བའི་རྗེས་སུ་སོང་བའི་ལོ་རྒྱུས་ད་དུང་གསེར་འོད་དུ་འཚེར་ཞིང་རླུང་བཞིན་དུ་ལྡང་ངོ་།།
བོད་ལ་ནང་པའི་བསྟན་པ་མ་གཏོགས་བོན་ལུགས་ཡོད་མི་ཆོག་ཟེར་བ་འདི་ནི་སློབ་དཔོན་བདག་ཉིད་ཆེན་པོ་གོང་ས་རྒྱལ་དབང་ཡིད་བཞིན་ནོར་བུ་རྩ་བའི་བླ་མར་བཀུར་མཁན་ཞིག་གི་ཁ་ནས་དབྱུང་དུ་རུང་བའི་ཚིག་གཅིག་ནི་གཏན་ནས་མ་ཡིན་ཏེ། བདག་ཉིད་ཆེན་པོ་ཁོང་གིས་ནི་འཛམ་གླིང་གི་ས་ཕྱོགས་གང་ཞིག་ཏུ་ཕེབས་ཀྱང་ལྟ་བ་མཉམ་གནས་དང་གུ་ཡངས་བློ་འབྱེད་ཀྱི་གསུང་བཤད་འདི་ཉིད་ཡང་དང་བསྐྱར་དུ་བསྩལ་དང་སྩོལ་བཞིན་མཆིས་ལ། རང་རེས་མུ་སྟེགས་པའི་རྒྱལ་ཁམས་སུ་བོས་དང་འབོད་བཞིན་པའི་ཡེ་ཤུའི་རྒྱལ་ཁབ་མང་པོའི་སྤྱི་འབངས་ས་ཡ་དུ་མས་ཁོང་ལ་གུས་བརྩི་བྱེད་པ་འདི་ཡང་མཐར་ཐུག་ན་ཁོང་གི་རླབས་ཆེ་བའི་ལྟ་བ་འདྲ་མཉམ་དང་གུ་ཡངས་བཟོད་སྒོམ་གྱི་ལྟ་སྒོམ་སྤྱོད་གསུམ་དེར་ཐུག་ཡོད་པ་མ་ཡིན་ནམ།
དྲ་གྲོགས་ཀླུ་སྨྱོན་ལགས། སྨྱོས་གཏམ་མ་མང་རོགས། ངས་བཤད་པ་བོན་ཆོས་དང་འབྲེལ་བས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གཅིག་ལ་བཤད་པ་ཡིན་པས་ཁྱེད་ཀྱིས་མ་མཁྱེན་པ་ཡིན་ནམ་ཡང་ན་མ་མཁྱེན་པའི་ཚུལ་ཡིན། སྤྱན་ཟུན་ཆེ་ཙམ་བགྲད་ནས་ཡང་སྐྱར་གཟིགས་ཙམ་གནང་རོགས། ད་དུང་བློ་གཟུར་བོ་གནས་པའི་སྒོ་ནས་དཔྱད་ཞིབ་རེ་ཡང་གནང་རོགས། ངས་བོད་རྒྱུད་ནང་བསྟན་དུ་ཆོས་སྤྱོད་དང་བསང་གཏོ་སོགས་བྱེད་མི་རུང་དུས་ནམ་ཡང་བཤད་མི་སྲིད་པས་སྐུ་ཉིད་ཀྱིས་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ནམ་ཡང་གནང་མི་དགོས། དེ་བཞིན་ཕྱོགས་སྔའི་ནམ་མ་ལངས་གོང་ནས་དགག་པའི་ཉི་འོད་དེ་ལས་ཀྱང་འཕྲོ་དགོས་དོན་ཨེ་ཡོད་དམ། གང་ལྟར་ཁྱེད་དང་ཁྱེད་ཞེས་བྱ་བའི་ཀླད་རྙིང་ཅན་དག་གི་ཐུགས་ལ་འཐད་མིན་ཇི་ལྟར་ཡང་། ལྷ་གསོལ་ཀླུ་གསོལ་ཡི་ལམ་ལུགས་མང་པོ་ཞིག་ནི་བོན་ལུགས་ཀྱི་སྲོལ་དང་འབྲེལ་བ་ཡོད་པར་མཁས་དབང་མང་པོས་གསུངས་མྱོང་ཡོད་ལ་ལོ་རྒྱུས་དེབ་ཐེར་ནང་དུ་ཡོད་པའང་ཁྱེད་ཀྱིས་ལོས་མཁྱེན། ལྷག་པར་དུ་ཡང་༸གོང་ས་མཆོག་ནས་ཀྱང་གསུང་གནང་གི་ཡོད་པ་ངས་ཁྱེད་ལ་གསལ་བཤད་དགོས་པ་གང་ཡང་མི་འདུག དེ་མིན་ཁ་རྩོད་ཚིག་རྩོད་ལ་ནམ་ཡང་དབྱེ་འབྱེད་དཀའ་བས་རེ་ཞིག་དེ་ཙམ་ཡིན་་་་
མདོར་བསྡུས་ནས་བཤད་ན། རྙིང་སྲོལ་ཐམ་ཅད་ལྷ་ཡི་དངོས་གྲུབ་དང་། གསར་བྱུང་གང་ཡིན་བདུད་ཀྱིས་ཆོལ་འཕྲུལ་ངས་དུས་ནམ་ཡང་མི་འདོད་་་་་སུ་ཡིན་ཡང་རང་ལུགས་རེ་བཤད་རྒྱུ་ཡོད་པ་རེད་་་
དམ་པའི་སྤྱོད་པར་བྱིས་པས་ཚད་གཞལ་བ་ནི་ཁག་པོ་ཞིག་རེད་མོད། སྤྱིར་བཏང་གི་བསམ་ཚུལ་ཙམ་བརྗོད་མི་ཆོག་པ་ག་ལ་ཡོད།
ཀླུ་སྨྱོན་གྱིས་བསང་བསུར་གཏོ་བཅོས་ལས་སོགས་ཀྱི་སྐོར་ལ་རྩོམ་གནང་བར་བཀའ་དྲིན་ཆེ།
ངོས་ནས་ཀྱང་འདི་ལྟར་ཞིག་ཁ་བརྡའི་དྲ་རྒྱར་རྩོམ་འཆལ་འདྲ་ཕུལ་དགོས་བསམ་ཀྱང་་་་སྐུར་ཐབས་ལ་སྦྱང་བ་མེད་པར་བརྟེན་འདི་ལྟར་ལུས་སོང། རྗེས་སུ་སྐུར་ཤེས་པ་ཞིག་བྱུང་ན་རྩོམ་འཆལ་རེ་ཟུང་སྐུར་དགོས་བསམ་པ་ཡོད།
སྐུ་ཞབས་ཁྱེད་ཀྱིས་ཕལ་ཆེར་བོད་པས་རྒྱུན་དུ་སྤྱོད་པའི་སྦྱིན་པ་རྣམ་བཞི་འདི་དག་གི་ཁུངས་རྒྱ་གར་ནས་དར་བའི་ནང་བསྟན་ལས་བྱུང་བར་གསུངས་པ་ཡིན་ནམ། མོ་རྩིས་གཏོ་དཔྱད་བཞི་དང་སྦྱིན་པ་རྣམ་བཞི་ལས་སོགས་དེ་དག་དེང་སང་གྲགས་པའི་དཔལ་ཎ་ལཎ་ཌ་ནས་མཆེད་པར་བཞེད་དམ།
ཐུའུ་ཀན་གྱིས།
བོན་ཞེས་དམོད་ཀྱང་གལ་ལ་ཐུག་པའི་དུས། བོན་པོ་ཇུ་ཐིག་ཅན་ལ་བླང་འདོར་འབྲི།
བོན་གྱི་བཅོས་ཀས་ཕན་པ་ཀུན་གྱིས་རེ།
ཞེས་པ་དེ་དང་འགལ་བ་མིན་ནམ།
གཞན་ཡང་བོན་ལུགས་ལ་་་་་ས་དཔྱད་ཀྱི་རིག་པ་ཤིན་ཏུ་རྒྱས་པར་ཞུགས་ཡོད་པ་སྟེ།
དུས་རབས་བདུན་པ་བརྒྱད་པའི་གོང་དུ་བྱོན་པའི་ཞང་བོད་ཀྱི་མཁས་པ་མི་བཞིས་མཛད་པའི།
ས་དཔྱད་བྱེ་མ་ལག་ཁྲིད་ལས་སོགས་མང་དུ་ཞུགས་ཡོད། དེ་དག་ནི་བོད་རང་ས་ནས་དར་བའི་རིག་གཞུང་ཞིག་ཡིན་པ་ནི་ས་མིང་ཡུལ་མིང་ལས་ཤེས་ཐུབ།
ལྷག་པར་དུ་་་་་མོ་ཞེས་པ་དང་་་་་གཏོ་ཞེས་པ་སོགས་ཀྱི་མིང་ཚིག་ལ་་འགྲེལ་བྱེད་རྣམ་དག་ཅིག་བྱེད་ཐུབ་་མཁན་ཡོད་དམ།
གང་ལྟར་ཨོ་ཉི་ལས་སོགས་བན་དྷེ་བ་རྣམས་ཀྱིས་བོན་ལ་ངན་སྨྲས་བྱེད་སྟངས་འདི་ལ་ལྟས་ན་་་བསང་གསུར་ལས་སོགས་སྦྱིན་པ་རྣམ་བཞིའི་ཆོ་ག་དང། མོ་རྩིས་གཏོ་དཔྱད་ལས་སོགས་སྔར་ཕར་བསྣམས་པ་དེ་ཚུར་བོན་པོ་རང་ལ་སློག་ན་ལེགས་ཤོས་རེད།
ཡ་མཚན་པ་ཞིག་ལ་དེང་སང་བན་དྷེ་བ་དག་གིས་་་་བོད་ཀྱི་ཐུན་མོང་མིན་པའི་ཁ་བཏགས་སམ་་་་རྟེན་འབྲེལ་ལ་མཁོ་བའི་་་་དར་ཁ་ཡན་ཆོད་རྒྱ་གར་ནས་དར་ཚུལ་་་་མི་ལ་མིང་ཡོད་མཁན་དང། མཚོན་ལ་ཡུ་བ་ཡོད་མཁན་དེ་ཚོས་འགྲེལ་བཤད་བྱེད་ཀྱི་འདུག
ད་ངོ་མ་བོད་མི་རིགས་འདི་མགྱོགས་མྱུར་དུ་་་་་རྒྱལ་རབས་ལོ་རྒྱུས་སོགས་ནས་་་་བོད་མུན་པའི་གླིང་ཞེས་ཡང་ཡང་ཤོད་པ་ལྟར་རང་མི་རིགས་འདི་ལ་རིག་གཞུང་ཅི་ཡང་མེད་མཁན་དུད་འགྲོ་ལྟ་བུ་ཞིག་ཏུ་བསྒྲུབ་ངེས་རེད་འདུག
གཙང་གསལ་བཟོ་དགོས་ཞེས་པའི་བསམ་འཆར་ལ།།
མི་མཁོ་འམ་ཞེས་དྲིས་པའི་བསམ་འཆར་དེར།།
བརྗོད་མི་ཆོག་པ་གང་ཞེས་བསམ་འཆར་བཤད།།
ངས་ནི་ཐམས་ཅད་མཚུངས་པར་བསམ་འཆར་གོ།
རིན་པོ་ཆེ་ལགས། གང་འདྲ་འདུག
དར་ལྕོག་བསང་གསོལ་གསེར་སྐྱེམས་བོན་ལུགས་ལ། །
སྐྱབས་འགྲོ་སེམས་བསྐྱེད་ཟིན་དུས་ནང་ཆོས་ཆགས། །
བོད་ཀྱི་རོལ་ཆ་སྲོལ་བཟང་གནའ་བོའི་དྲིན། །
ལས་འབྲས་སྐྱབས་འགྲོ་སེམས་བསྐྱེད་ནང་ཆོས་དྲིན། །
རྡོར་དྲིལ་ཉེར་མཆོད་འབུལ་སྲོལ་རྒྱ་གར་ལུགས། །
རྒྱ་གླིང་གླིང་བུ་ལ་སོགས་ཀུན་གྱི་ལུགས། །
རྔ་བུབ་རག་དུང་སྒྲ་སྙན་རྐང་གླིང་དང་། །
ཌ་རུ་ཆེན་པོ་དེ་དག་སུ་ཡིས་བཟོས། །
ས་བཤད་བྱེ་མ་རྡུལ་སྤུངས་ཆགས་མེད་གསུང་།།
བོན་པོའི་བརྐུས་ཏེ་བོན་ལུགས་ཞེས་སུ་བཤད།།
ཧཧཧཧཧ་ད་ཡང་ཨོ་ཉི་འདིས་ཆགས་མེད་ཆགས་མེད་ཟེར་ན་ ཆགས་མེད་དང་པོ་ཆོས་ལུགས་སུ་རེད་ཤེས་སམ་
སྐྱབས་འགྲོས་ཟིན་ན་ནང་ཆོས་དང་།།
བྱང་སེམས་ཀྱིས་ཟིན་ཐེག་ཆེན་ཆོས།།
ཡིན་ཕྱིར་བསངས་བསུར་མོ་རྩིས་དག།
ནང་ཆོས་མིན་པར་གང་གིས་སྒྲུབ།།
བསངས་ནི་དུད་པ་ཆེ་བ་ལས།།
བདུག་སྤོས་བྱེ་བྲག་ཡིན་པར་ངེས།།
བསུར་ཡང་བར་དོའི་སེམས་ཅན་་ཕྱིར།།
མངོན་པའི་གཞུང་དང་བསྟུན་ནས་བྱས།།
མོ་ལ་རྡེ་འུ་ཤོ་མོ་དང་།།
རྔ་མོ་་ཕྲེང་མོ་འཛུབ་མོ་དང་།།
དཔེ་མོ་ལ་སོགས་སྣ་ཚོགས་ཕྱིར།།
ཐམས་ཅད་བོན་གྱི་ཡིན་ནོ་ལོ།།
རྩིས་ལ་སྐར་ནག་དབྱངས་འཆར་རྩིས།།
སྐར་རྩིས་དུས་འཁོར་རྒྱུད་ལས་བྱུང་།།
ནག་རྩིས་རྒྱ་མོ་ཀོང་ཇོས་དྲངས།།
དབྱངས་འཆར་རྩིས་ནི་མུ་སྟེགས་ལུགས།།
ཆགས་མེད་གཏོ་ཐབས་སུམ་བཅུ་ས་ས་དཔྱད་སོགས་བོན་ནས་རྐུ་འཁྱེར་བྱས་ཏེ་བན་ལ་བསྒྱུར།
ཆོས་དང་ཆབ་སྲིད་ཁྲིམས་འགལ་ནག་ཉེས་བསགས། རྩ་བཞི་དམ་ཚིག་ཉམས་པ་ས་མ་ཡ།
ཨོ་ཉི་འདི་ཡང་དེ་དང་དེ་བཞིན་རེད།་་ཧཧཧཧཧཧཧཧ
ཀ་ཡིས་དྲ་གྲོག་བསམ་མེད་རྣམས།།
ཁ་བཤད་དོན་མེད་ཁོང་གཙོགས་རྣམས།།
ག་འགོར་འཁོང་དཀྲུག་བསམ་མདེ་རྣམས།།
ང་དངོས་མི་ཤེས་ཀླ་གློག་རྣམས།།
ཅ་ཆང་འཐུང་ནི་ཡིན་ས་རེ།
ཆ་རི་ཆོ་རེ་མ་བཤད་རོག།
ཇ་མདོག་གཟན་ཤབ་དེ་པེ་རོག།
ཉ་རི་ཉོབ་བེ་གཉིད་ཁོག་རོག།
ད་འདི་རིགས་དེ་སྔོན་མ་ཡང་ཁ་བརྡ་དྲ་ཐོག་ཏུ་ཡུན་རིང་པོར་བཤད་སྦྱངས་བྱས་ཚར་བ་རེད། ཡང་བཤད་བསྐྱར་བཤད་བྱས་བསྡད་ན་ཁ་ན་རོགས་དང་མིད་པ་ཚ་རོགས་རེད།
མོ་རྩིས་ལྷ་གསོལ་ཀླུ་གསོལ་དེ་ཚོ་འཇིག་བརྟེན་ཁྱིམ་པ་རྣམས་ལ་མཁོ་ཆེ་བས། ཁོང་ཚོའི་འདོད་མོས་བཞིན། དཔེར་ན་ཁྲོམ་རའི་དཔལ་འབྱོར་བཞིན། ནང་ཆོས་ཀྱི་ཆོས་རྒྱུད་སོ་སོའི་ནང་ལ་བཅུག་པ་རེད་སྙམས། སྔོན་མ་དགེ་བཤེས་ཞིག་ནུབ་ཕྱོགས་ལ་ཕེབས་པ་དང་། ཁོང་ཐོག་མར་ཕེབས་དུས། ཆོས་ལ་གཙོ་བོ་སེམས་བཅོས་དགོས་པ་ལས་མོ་རྩིས་གསོལ་གཏོར་གྱིས་མི་ཕན་ཞེས་ཡང་ཡང་གསུངས། རྗེས་མ་ལོ་བཅོ་བརྒྱད་ཙམ་གྱི་རྗེས་ལ་གུས་པས་དགེ་བཤེས་ཁོང་སྐྱར་དུ་མཇལ་ཞིང་། ཁོང་མཉམ་དུ་གཟའ་འཁོར་གཅིག་ཙམ་མཉམ་དུ་རོལ་བའི་གོ་སྐབས་ཤར་། སྐབས་དེ་དུས། དགེ་བཤེས་ལ་སློབ་མ་བརྒྱ་སྐོར་ཞིག་ཆད་མེད་རྟག་ཏུ་ཁོང་གི་དྲུང་ནས་གསུང་ཆོས་ཉན་པ་དང་། ཁོང་ལ་ཞབས་ཕྱི་ཞུ་བ་སོགས་བྱེད།
ཁོང་ཚོའི་བཀའ་དྲིན་ལས་རྒན་ཁོང་ལ་ཆོས་ཚོགས་ཆེ་ཐག་ཆོད་ཤིག་ཉོ་ཐུབ་པ་དང་། ཟུར་དེ་ལ་ཉལ་ཤག་བཞི་ཙམ་ཡོད་པའི་ཁང་པ་ཡག་ཐག་ཆོད་ཅིག་ཉོ་ཐུབ་འདུག དགེ་བཤེས་ཀྱི་དྲུང་ནས་སློབ་མ་ཚོ་ཡོང་ནས་མོ་རྒྱག་པ་དང་། ཞབས་རིམ་སྒྲུབ་རྒྱུའི་རེ་བ་འདོན་མཁན་ཡང་མང་པོ་འབྱོར་བཞིན་འདུག ངས་དགེ་བཤེས་ལ་དྲན་གསོ་ཞུས་ནས། སྔོན་མ་རྒན་ནས་མོ་རྩིས་ཀླུ་གཏོར་སོགས་གཏོང་གི་མིན་གསུངས་པ་དྲན་གྱི་འདུག་ཞུས་པར།
དེ་བདེན་པ་རེད། རྩ་བ་ནས་འདོད་པ་མེད། འོན་ཀྱང་སློབ་མ་ཚོར་ཆོས་ཅེས་པ་འདི་ལྷ་དང་སྲུང་མའི་ནུས་པས་རང་གི་རྟོགས་པ་དང་ལས་ཉོན་སེལ་བའི་རྨོངས་དད་ཤུགས་ཆེ་ཐག་ཆོད་ཅིག་ཡོད་སྟབས། གནས་སྐབས་འདི་ལྟར་མི་གྱིད་ཐབས་མེད་རེད། ཆོས་གསེར་ལྟ་བུའི་རིན་ཐང་ཆེ་བ་དེ་དག་བྲིན་གྱི་མིན་འདུག མོ་རྩིས་གསོལ་གཏོར་དེ་ཚོར་གདུལ་བྱ་མང་པོ་འཁོར་གྱི་འདུག སྔོན་ལ་ཁོང་ཚོའི་འདོད་པ་བཞིན་མོ་རྩིས་དང་ཞབས་རིམ་རྣམས་སྒྲུབ། དེ་ནས་རིམ་གྱིས་ལམ་རིམ་བློ་སྦྱོང་སོགས་ཁྲིད་ཀྱི་ཡོད་གསུངས། ཁོང་ནས། འདིར་ཡོང་མཁན་ནང་ལ་ལམ་རིམ་གྱི་ཁྲིད་ཞུས་ནས། སྒྲུབ་པ་ལོ་གཉིས་ལྷག་བྱེད་མཁན་མི་གསུམ་ཡོད་གསུངས།
དགེ་བཤེས་ན་རེད། སྔོན་མ་གདན་སར་ཡོད་དུས་མོ་དཔེ་དང་མོ་ཁྲིད་ཞུ་མྱོང་མེད། རྗེས་མ་ཕྱིར་རྒྱ་གར་ལ་ཕྱིན་ནས་བླ་མ་ཚད་ལྡན་ཁག་གི་དྲུང་ནས་དེ་དག་ལ་སློབ་སྦྱོང་བྱ་དགོས་བྱུང་། ལོ་གསུམ་ཙམ་ནར་མར་དེ་ཚོའི་ཐོག་ལ་སློབ་སྦྱོང་བྱས་པ་ཡིན། ཁམས་སྤྲུལ་རིན་པོ་ཆེ་དེ་ཤིན་དུ་ནས་བཀའ་དྲིན་ཆེན་པོ་ཡིན་གསུངས་བྱུང་།
དེ་ལས་ཤེས་ཐུབ་པར། གདུལ་བྱའི་ཁམས་དང་མོས་པ་ལ་བསྟུན་དགོས་པ་འདི་ཤིན་དུ་ནས་གལ་ཆེ་བར་མངོན། གོང་ས་མཆོག་གིས་ཀྱང་དུས་འཁོར་དབང་ཆེན་དེ་གཙོ་བོ་སྔོན་འགྲོའི་ཆོས་རྣལ་མ་རྣམས་ཁྲིད་ཆེད་དུ་ཡིན་གསུངས་པ་དྲན།
དེས་ན། མོ་རྩིས་གསོལ་གཏོར་དེ་ཚོ་གནས་སྐབས་ཀྱི་བདེ་བ་སྒྲུབ་ཆེད་དང་། སློབ་མའི་རེ་བ་སྐོང་བའི་དོན་དུ་ཡིན་པ་གསལ་པོ་འདུག་སྙམ།
དར་ལྕོག་ནི་དམག་དར་ཡིན་པ་ལ་ཕྱིས་སུ་ཆོས་ཀྱི་ལས་སུ་སོང་ཚུལ་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་གསུངས་ཡོད།
ཀླུ་སྨྱོན་གྱིས་རྒྱལ་བ་རིན་པོ་ཆེ་ཞྭ་སྣ་ཚོགས་མནབ་པའི་པར་འདི་དང་བརྗོད་གཞི་འདི་ལ་འབྲེལ་བ་གང་ཡོད
བསང་དང་གསུར་དེ་རིགས་དེ་ངའི་ཡིན་ཁྱོད་ཡིན་བརྩད་རྒྱུ་མི་འདུག ཆོས་ལུགས་མང་པོ་ཞིག་དུ་བ་ཚུབ་ཚུབ་བྱ་རྒྱུར་དགའ་བ་རེད། ཁ་ཐོ་ལིག་གི་ཁྲི་པ་པོབ་འབྱོན་བཞུད་ཀྱི་སྣེ་འདྲེན་པས་སྤོས་ཕོར་ནང་དུ་སྤོས་སྦར་གི་འདུག་ག
གནད་དོན་འདིའི་གླེླེང་བསླངས་སྟངས་ལས་འཇམ་གཅེས་ཟེར་བ་འདི་གླགས་ཁེལ་ས་ཞིག་མིན་ཐག་ཆོད་འདུག བོན་གྱི་ཡིན་ན་བོན་གྱི་ཡིན། བན་གྱི་ཡིན་ན་བན་གྱི་ཡིན། འདི་ཚོ་དགོས་ནུས་གང་ཡང་མེད། རྨོངས་དད་ཅན་ཚོས་ཅི་དགའ་གྱིས།།
སྤོབས་པ་མཐའ་ཡས་ཀྱི་བརྗོད་སྟངས་ལ་མོས་མཐུན་ཡོད། བླ་མའི་བཀའ་གསུང་གི་སྙིང་བོ་དག་ནི་ཀླུ་སྨྱོན་སོགས་ལ་དགོས་མིན་མི་ཤེས་ཀྱང་། རང་གི་ཞེ་འདོད་དང་ལས་དོན་རིགས་ལ་ཐུག་དུས་རྒྱལ་བ་རིན་པོ་ཆེ་ལ་བརྩི་བཀུར་ཡོད་མདོག་གིས་རྩོམ་ཐུང་འདི་ལྟ་བུར་ཡང་རྒྱལ་བ་རིན་པོ་ཆེའི་སྐུ་པར་བེད་སྤྱོད་བྱེད་རྐྱང་རེད།
བསང་གསུར་རྩིས་དཔྱད་སོགས་བོད་ལ་མཁོ་མིན་ཕྱོགས་ནས་རྒྱལ་བ་རིན་པོ་ཆེར་འབྲེལ་བ་ཅི་ཡང་མ་མཐོང་། ཀླུ་སྨྱོན་ཁྲི་ཐོག་ཏུ་བསྡད་ཡོད་པའི་པར་ལྡན་གྱི་རྩོམ་ཞིག་ཁ་སང་ཁ་བརྡར་ཡོད་པ་མཐོང་ཡང་། བར་སྐབས་ཤིག་ནས་དེ་མེད་པར་གྱུར་འདུག
དེ་རིང་ཞོགས་པར་ཁ་བརྡ་ཀློག་དུས་གོང་རྩོམ་འདིའི་ལྷན་དུ་པར་ཅི་ཡང་མི་འདུག་མོད། ད་ལྟ་རྒྱལ་བ་རིན་པོ་ཆེས་དབུ་ཞྭ་སྣ་ཚོགས་མནབས་པའི་པར་ཞིག་བཞག་འདུག ཀླུ་སྨྱོན་འདི་ཁ་བརྡ་ཚང་གི་དབང་ཆེན་ཞིག་ཡིན་ལོས་ཆེ།
དེ་རིང་ཀླུ་སྨྱོན་གྱི་ལྷ་བབས་པ་ལྟ་བུའི་ཚིག་སྦྱོར། མདའ་འཕངས་པ་ལྟ་བུའི་གཏན་ཚིགས། འདྲེ་ཞུགས་པ་ལྟ་བུའི་ཚར་གཅོད། ཀྱོ་འཕངས་པ་ལྟ་བུའི་ཚུར་བསྡུས། ཨ་་་་་རང་གི་རིག་གཞུང་ལ་ཤ་ཚ་ལུགས་འདི་ལྟར་ལོས་ཡིན། མུ་མཐུད་ཡིན། བོད་ལ་ཡོད་ཚད་ཚར་གཅོད་དགོས་པར་འདོད་པའི་མི་ལུས་རྩྭ་གཟུགས་ཅན་དག་གི་ཁ་ནང་ལ་ཐལ་བས་ཆོད་ཆོད།
ངེད་ཁའི་ཨ་མས་ནང་སྔ་ཚ་གསུར་རྒྱུན་གཏོང་བྱེད།
ངེད་དགས་དབྱེར་ཟླ་བཅོ་ལྔར་བསང་མཆོད་བྱེད།
ངེད་ཁའི་ཨ་ཕས་སྦྲ་ནག་གར་འབབ་ས་དཔྱད་བྱེད།
ངེད་ཁ་ཚང་ལ་སྐད་ཆ་འདི་མོ་འགྲོ་ས་མེད།
ཀླུ་སྨྱོན་གྱིས་བཀྲམས་པའི་༧རྒྱལ་བ་རིན་པོ་ཆེ་ཆོས་ལུགས་འདྲ་མིན་གྱི་ཞྭ་མོ་མནབས་པའི་སྐུ་པར་ཞིག་བཞག་བཞག་འདུག
འོན་ཀྱང་དེའི་ནང་དུ་་་་བོད་ཀྱི་ཆོས་རྒྱུད་ཆོས་ལུགས་ལྔ་ཡི་ནང་ཚན་བོད་མི་དམངས་སྤྱི་འཐུས་ཀྱི་ནང་དུ་འཐུས་མི་ཡོད་པ་བོད་ཀྱི་བླ་ཆེན་ནང་དུ་ཚོགས་མི་ཡོད་པའི་བོན་པོའི་པད་ཞྭ་མནབས་པ་ཞིག་མི་འཇོག་པ་དེ་ལ་དགོས་པ་རྒྱུ་མཚན་གང་ཡོད་དམ། བོད་མི་རིགས་འདིའི་ལས་དབང་འདི་འདྲ་རང་རེད། རང་ཡུལ་འཕྲོགས་པའི་དགྲ་བོ་ལས་་་་བོན་པོར་དགྲར་འཛིན་ཆེ། རང་གི་བསྟན་པའི་དར་ཡུལ་དུ་འདུག་ཏུ་བཅུག་ཅིང་རྟེན་གསུམ་རྣམས། དཔེར་ན། ཝར་ནའི་མཆོད་རྟེན་རྣམས་དུར་ཁྲོད་བཞིན་དུ་བཟོ་མཁན་ལྟ་བ་ལོག་པ་མུ་སྟེགས་པ་ལས་་་་་་་རང་གི་ཕ་མྱེས་ཡང་མྱེས་ཚོས་བསྟ྄ེན་བསྟེན་མཆོད་མཆོད་བྱེད་པའི་བོན་གྱི་ཆོས་ལུགས་ལ་དགྲར་འཛིན་ཤུགས་ཆེ་ལུགས་འདི་་་་བོད་མའི་ལས་དབང་ཅི་ཞིག་ཡིན་ནམ། གནས་ཚང་གཡར་བས་མ་ཚད། གནས་མོར་ཚད་ཚད་བྱེད་པའི་དཔེ་དེ་བྱུང་བ་ཡིན་ནམ།
རང་གི་བསྟན་པའི་དར་ཡུལ་དུ་འདུག་ཏུ་མ་བཅུག་ཅིང་རྟེན་གསུམ་རྣམས།
ཞེས་བཅོས་རོགས།
འོ་ད་ལྟ་རང་ཀླུ་སྨྱོན་གྱིས་ང་ཡི་བསམ་ཚུལ་དེ་ལ་རྒྱབ་སྐྱོར་གྱིས་་་་་་་བོན་གྱི་པད་ཞྭ་མནབས་པའི་སྐུ་པར་ཞིག་ཀྱང་བཞག་གནང་འདུག་ཐུགས་རྗེ་ཆེ། ངས་མཆན་འདེབས་དུས་བཞག་པ་འདྲ།
ཁྱེད་ཀྱིས་མཐོང་བ་རེད་མ་གཏོགས་སྐུ་པར་གཅིག་པ་རེད།
མ་མཐོང་བ།
ང་ལ་སྐུ་པར་དེ་མ་གཏོགས་མེད། ངས་ཁྱེད་ཀྱི་མཆན་གོང་མ་དེ་ཀློག་དུས་འདིས་ཅི་ཟེར་གིན་འདུག་བསམས་སོང་། སྐུ་པར་འདི་སུས་བསྒྲིགས་མིན་མི་ཤེས་པར་ངོ་དེབ་ནང་འདུག ངས་འདི་ལ་བཟོ་བཅོས་གང་བྱས་མེད།
༼༡༦ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༩ གི་ཆུ་ཚོད་ ༡༧ སྐར་མ་ ༣༡
ཀླུ་སྨྱོན་གྱིས་རྒྱལ་བ་རིན་པོ་ཆེ་ཞྭ་སྣ་ཚོགས་མནབ་པའི་པར་འདི་དང་བརྗོད་གཞི་འདི་ལ་འབྲེལ་བ་གང་ཡོད༽
ཀླུ་སྨྱོན་གྱི་རྩོམ་འདི་ལ་གཟིགས་དང་་་་་་་གོང་གི་སྐུ་པར་ཁག་བཀོད་དགོས་པའི་རྒྱུ་མཚན་འདི་ལས་གསལ་བཤད་བྱས་འདུག
༼ བོད་ལ་ནང་པའི་བསྟན་པ་མ་གཏོགས་བོན་ལུགས་ཡོད་མི་ཆོག་ཟེར་བ་འདི་ནི་སློབ་དཔོན་བདག་ཉིད་ཆེན་པོ་གོང་ས་རྒྱལ་དབང་ཡིད་བཞིན་ནོར་བུ་རྩ་བའི་བླ་མར་བཀུར་མཁན་ཞིག་གི་ཁ་ནས་དབྱུང་དུ་རུང་བའི་ཚིག་གཅིག་ནི་གཏན་ནས་མ་ཡིན་ཏེ། བདག་ཉིད་ཆེན་པོ་ཁོང་གིས་ནི་འཛམ་གླིང་གི་ས་ཕྱོགས་གང་ཞིག་ཏུ་ཕེབས་ཀྱང་ལྟ་བ་མཉམ་གནས་དང་གུ་ཡངས་བློ་འབྱེད་ཀྱི་གསུང་བཤད་འདི་ཉིད་ཡང་དང་བསྐྱར་དུ་བསྩལ་དང་སྩོལ་བཞིན་མཆིས་ལ། རང་རེས་མུ་སྟེགས་པའི་རྒྱལ་ཁམས་སུ་བོས་དང་འབོད་བཞིན་པའི་ཡེ་ཤུའི་རྒྱལ་ཁབ་མང་པོའི་སྤྱི་འབངས་ས་ཡ་དུ་མས་ཁོང་ལ་གུས་བརྩི་བྱེད་པ་འདི་ཡང་མཐར་ཐུག་ན་ཁོང་གི་རླབས་ཆེ་བའི་ལྟ་བ་འདྲ་མཉམ་དང་གུ་ཡངས་བཟོད་སྒོམ་གྱི་ལྟ་སྒོམ་སྤྱོད་གསུམ་དེར་ཐུག་ཡོད་པ་མ་ཡིན་ནམ།༽
སྐུ་པར་འདིའི་འོག་ཏུ་གསལ་བོར་བལྟས་ན་By Tsongkha Ten Gyaltsen ཞེས་པ་ཞིག་མཐོང་གི
ལ་དྭགས་སུ་རྒྱལ་བ་རིན་པོ་ཆེས་ཆོས་བརྒྱུད་ཁག་གི་ཞྭ་མོའི་ཐད་བཀའ་བཀྱོན་དང་བསྦྲགས། མི་འཁོ་མི་དགོས་ཚུལ་མང་ཙམ་གསུང་སོང་། ཡིན་ནའང་ཁོང་གིས་ཆོས་ལུགས་ཕྱི་ནང་ཁྱད་མེད་ཀྱི་ཞྭ་མོ་སྣ་ཚོགས་མཆོད་ཀྱིན་འདུག་པར་འདི་ལ་དྲང་ངེས་ཀྱི་འགྲེལ་བརྫོད་ཇི་ལྟར་བྱེད་དགོས་པ་ཡིན་ནམ།
ལ་དྭགས་སུ་འབྲུག་པ་ཤུགས་ཆེ་ཡོད་པར་མ་བཟོད་ནས་དགེ་ལུགས་ཁོག་ཏུ་བཟུང་ཞིང་རིས་མེད་ཁ་ནས་འཁྱེར་བའི་དགེ་བཤེས་ཁ་ཤས་ཀྱིས་ཞུ་ལོག་ཕུལ་བ་རེད་ཟེར་ཡོངས་སུ་གྲགས། དེ་རྗེས་འབྲུག་པ་ཚོས་སྔར་ལས་མང་ཙམ་གྱི་འབྲུག་དར་འཕྱར་སོང་ཟེར། ངས་དེ་ལ་རྗེས་སུ་ཡི་རངས་ཞུས་པ་ཡིན།
དུས་ཕྱིས་སུ་གསེར་སྐྱེམས་ལ་འགྲེལ་བཤད་འདྲ་མི་འདྲ་རྒྱག་མཁན་འདུག དོན་དུ་གསེར་སྐྱེམས་ནི་གསེར་གྱི་སྣོད་དུ་བཏུང་བ་བླུགས་བ་ཙམ་ཙམ་རེད འདི་ཐོག་མར་ལྷ་ལ་མཆོད་པ་འབུལ་བ་ཁོ་ན་མ་ཡིན་པར་མིས་བཏུང་བ་ལ་ཡང་གོ་གི་ཡོད་ཚོད་རེད
དོན་དམ་རྒྱལ་བསྟན་རིན་ཆེན་དགོང་དོན་ལ་བློ་ཁ་ཙམ་ཡང་ཕྱོགས་མི་ནུས་པས་ཁྱི་འཁྱམས་རེ་ཟུང་གིས་ནང་ཆོས་གོ་དོན་མ་ལོན་པས་མང་ཚོགས་ནང་དུ་ལྷ་འདྲེ་གདོན་བགེགས་ལ་བསང་གསོལ་དང་དར་ཅོག ད་དུང་མི་དང་དུད་འགྲོས་དབྱིབས་གཟུགས་འདྲ་མིན་བཟོས་ནས་གདོན་བགེགས་གང་ཡིན་ཕྱིར་འབུད་གཏོང་ཚུལ་དང་། དངོས་གྲུབ་གང་ཡིན་མྱུར་དུ་འབྱུང་ཚུལ་སོགས་བཤད་ནས་མི་མགོ་འཁོར་ཐབས་སུ་བརྩོན་པའི་བླུན་སྤྱོད་རིགས་ནི་བན་བོན་སུའི་ཆོས་ལུགས་ཡིན་ཡང་ཆོག བླ་སྤྲུལ་སུ་ཡི་མཛད་རྗེས་ཡིན་ཡང་ཆོག གོང་ལྟར་ཆེས་རྗེས་ལུས་དང་རྨོངས་དད་ཀྱི་རྣམ་པ་ཡིན་པས་ཡིད་ཆེས་དགོས་དོན་གང་ཡོད།
འཇམ་གཅེས་ཀྱིས་གསུང་པར་མོས་འཐུན་ཡོད་དཱ། རེད་རེད། དེ་འདྲའི་རིགས་བན་བོན་སུ་ལ་ཡོད་ནའང་མི་མཁོ་བ་དང་ལྷག་པར་དེང་གི་དུས་སུ་རྒྱུ་མཚན་མེད་པ་རང་རེད། རྨོངས་དད་དང་རྨོངས་ཚོད་ཀྱི་ལས་ཀ་རང་རེད།
དགུང་སྔོན་གནམ་ལ་ཐུག་དོགས་མེད་རུང་མགོ་བོ་སྒུར་ནས་འགྲོ་དང་གཅིག །
ཡངས་པའི་ས་ཆེན་རྡིབ་དོགས་མེད་རུང་རྐང་པའི་འདེགས་འཇོག་ཡང་དང་གཉིས། །
མི་བུ་བདག་གི་གོམས་གཤིས་ཡིན་ཡང་ཁྲེལ་མེད་རྒད་པོའི་སེམས་ངོགས་སུ། །
གཞན་དུ་གོ་བའི་སྣང་ཚུལ་ཤེས་དུས་སེམས་པའི་གཏིང་ནས་གད་མོ་ཤོར། །
ཀུན་མཐུན་གཤིས་ཀྱི་རྟུལ་ཞུགས་བཟུང་བར་མི་ཤེས་རྨོངས་པའི་གྲལ་དུ་བརྫངས། །
ལ་རྒྱ་བསམ་ནས་གྱོང་ཁས་བླངས་ཡང་རང་ཉིད་ཁེངས་དྲེགས་སྔར་ལས་རྒྱས། །
ཐལ་ཤལ་མི་བུའི་བྱ་སྤྱོད་འདི་དག་བཟོད་པའི་རྒྱུ་ཞེས་མཁས་པའི་གསུང་། །
ཡིད་ལ་འཁོར་དུས་རང་བློས་གང་ནུས་སྔར་བཞིན་འབད་པའི་དམ་བཅའ་འདོད། །
གོ་བ་མེད་པའི་བོང་རྒན་དག་ལ་བླངས་དོར་གནས་ལུགས་མི་འགྲོ་ཡང་། །
བཅོས་མིན་ལྷག་བསམ་དྭངས་མ་ལྡན་པའི་ཡབ་མེས་རིགས་ཀྱི་སྲས་པོ་འགས། །
ཐུགས་བསྐྱེད་ཟབ་མོས་གནས་ལུགས་ལམ་སྟོན་སྔར་ལྷག་མཛད་བཟང་སྐྱོང་བའི་ཚུལ། །
ཀུན་གྱིས་འཇལ་བའི་སྐལ་བཟང་དུས་འདིར་བདག་ཡིད་སྤྲོ་བ་འབུམ་གྱི་ཁེངས། །
་་་་ ཀླུ་སྨྱོན་གྱིས་བཀྲམས་པའི་༧རྒྱལ་བ་རིན་པོ་ཆེ་ཆོས་ལུགས་འདྲ་མིན་གྱི་ཞྭ་མོ་མནབས་པའི་སྐུ་པར་ཞིག་བཞག་བཞག་འདུག
འོན་ཀྱང་དེའི་ནང་དུ་་་་བོད་ཀྱི་ཆོས་རྒྱུད་ཆོས་ལུགས་ལྔ་ཡི་ནང་ཚན་བོད་མི་དམངས་སྤྱི་འཐུས་ཀྱི་ནང་དུ་འཐུས་མི་ཡོད་པ་བོད་ཀྱི་བླ་ཆེན་ནང་དུ་ཚོགས་མི་ཡོད་པའི་བོན་པོའི་པད་ཞྭ་མནབས་པ་ཞིག་མི་འཇོག་པ་དེ་ལ་དགོས་པ་རྒྱུ་མཚན་གང་ཡོད་དམ། ་་་་་་་ཟེར།
༢༤༽ བན་དེ་བ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༩ གི་ཆུ་ཚོད་ ༢༠ སྐར་མ་ ༥༤
འོ་ད་ལྟ་རང་ཀླུ་སྨྱོན་གྱིས་ང་ཡི་བསམ་ཚུལ་དེ་ལ་རྒྱབ་སྐྱོར་གྱིས་་་་་་་བོན་གྱི་པད་ཞྭ་མནབས་པའི་སྐུ་པར་ཞིག་ཀྱང་བཞག་གནང་འདུག་ཐུགས་རྗེ་ཆེ། ངས་མཆན་འདེབས་དུས་བཞག་པ་འདྲ།
༢༧༽ ཀླུ་སྨྱོན་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༩ གི་ཆུ་ཚོད་ ༢༡ སྐར་མ་ ༠༠
ང་ལ་སྐུ་པར་དེ་མ་གཏོགས་མེད། ངས་ཁྱེད་ཀྱི་མཆན་གོང་མ་དེ་ཀློག་དུས་འདིས་ཅི་ཟེར་གིན་འདུག་བསམས་སོང་། སྐུ་པར་འདི་སུས་བསྒྲིགས་མིན་མི་ཤེས་པར་ངོ་དེབ་ནང་འདུག ངས་འདི་ལ་བཟོ་བཅོས་གང་བྱས་མེད།
ཚང་མས་ཚིག་མཚོན་ཉུང་ལ། བགྲོ་གླེང་མང་བར་དགའ་བསུ་ཡོད་ལ། མུ་མཐུད་གྱིས་ཤིག་ཕ་བཟང་བུ།
འདི་ན་བོན་པོ་ཁ་ཤས་ཤིག་གི་ཞྭ་རྩོད་རྒྱག་གི་འདུག ལོ་རྒྱུས་རྙིང་པ་ཞིག་ན་བོན་གྱི་འོབ་ཞྭ་ཟེར་བ་ཞིག་ཡོད་ཚུལ་བྲིས་འདུག དེའི་དབྱིབས་དང་ཁ་ཏོག་དང་རྒྱུ་ཆ་སོགས་གང་ཞིག་ཡིན་པ་གསུངས་ཐུབ་མཁན་ཡོད་དམ།
སྐུ་པར་འདི་ཁ་སང་ནས་ངོ་དེབ་ན་འདུག
༧གོང་ས་མཆོག་ཕྱོགས་སུ་ཕེབས་སྐབས་ལ་ཚོགས་ཁང་དུ་གློག་འོད་སྣ་ཚོགས་དང་པར་ཆས་ཀྱི་འོད་སོགས་ཤུགས་ཆེ་བས་དེ་འགོག་ཆེད་དུ་ཞྭ་མོ་འདི་འདྲ་མནབ་པ་རེད།
འགའ་ཤས་ཀྱིས་རྫུན་མ་ཡང་བཟོ་བཞིན་མེད་སྙམ་པ་བྱུང་།
དཔྱད་འཚལ།
རྒྱལ་བ་རིན་པོ་ཆེའི་མནབ་པའི་ཞྭ་མང་ཆེ་བ་ཆོས་ལུགས་འདྲ་མིན་གྱི་བྱེད་སྒོའི་སྐབས་སུ་སྤྱོད་པའི་ཞྭ་དང་། ཁ་ཤས་ཤིག་ནི་ཉི་སྒྲིབ་ཞྭ་མོ་མཆུ་རིང་སོགས་རྒྱུས་གྱོན་དཀྱུས་མའི་རིགས་ཡིན་སྟབས་མཐོང་ན་མི་མཐུན་པ་ཆེར་མི་འདུག རྡ་རམ་ས་ལར་བཞུགས་པའི་ཀརྨ་པའི་སྤྲུལ་སྐུ་འདི་ཨ་མེ་རི་ཁར་ཕེབས་དུས་དམག་གི་ཞྭ་མོ་ཞིག་གྱོན་ནས་དམག་གི་གུས་འདུད་ཀྱི་རྣམ་འགྱུར་བསྟན་པ་ཞིག་འདུག དེ་གཅིག་བཙོག་པ་ལ་དཔེ་ཞིག་མི་འདུག ལུས་ལ་ཆོས་གོས་གྱོན་ནས་མགོ་ལ་དམག་ཞྭ་གྱོན་པ་འདི་ལས་མཐོང་དུས་ངོ་མ་རྣམ་རྟོག་ལངས་པ་ཞིག་རེད། ཁྱེད་ཚོས་དེ་མཐོང་སོང་ངམ།
༸གོང་ས་མཆོག་གི་མནབ་པའི་དབུ་ཞྭ་ལ་རིགས་གཉིས་ཁོ་ན་ངེས་པ་ཡིན། དང་པོ་གཞན་གྱིས་གུས་བཀུར་དང་ཆེ་མཐོང་ཐོག་ནས་ཕུལ་སྲོལ་ཡོད་པའི་དབུ་ཞྭ་དག་དང་། གཉིས་པ་གློག་འོད་དང་ཉི་འོད་སོགས་འགོག་བྱེད་གཉིས་ལས་ཕུང་གསུམ་པ་དེ་འདྲ་གང་ཡང་མེད། ཡིན་ཡང་རྣམ་རྟོག་ཅན་ཚོས་འགྲེལ་བཤད་མང་ཙམ་གནང་དང་།
ཚིག་མ་རྩོད་དོན་ལ་རྩོད། །
ཞྭ་ལ་མ་རྩོད་ལྟ་བར་རྩོད། །
ཚེ་ཐག་རིང་དུ་འཚོ་དགོས་ན།
ལྷ་ཀླུ་གཞི་བདག་སྡོངས་གྲོགས་བསྐུལ་བ་དང་། །
སྲུང་མ་དྲེགས་པར་འཕྲིན་བཅོལ་བཏང་བ་དང་། །
ཚེ་ལྷའི་གཟུངས་སྔགས་ཅི་ཐུབ་བགྲང་བ་ལས། །
གཟུགས་ཅན་ཕུང་པོར་འཕྲོད་བསྟེན་གནང་གལ་ཆེ། །
རང་ཉིད་དུག་གསུམ་གདོན་གྱིས་གཞན་དབང་འོག །
ཚུད་པའི་དྲེགས་པ་ལྷ་ཀླུ་བཞི་བདག་ལ། །
བསྟོད་པའི་བསང་གསོལ་འཕྲིན་ལས་བཅོལ་བ་ལས། །
ཟ་ཁོང་ནང་ནས་མོག་མོག་ཟོས་དང་ལེགས། །
ཟ་ཁང་་་་་་་་་་་་་་་་་་་་་
རང་ཉིད་དུག་གསུམ་གདོན་གྱིས་གཞན་དབང་འོག །
ཚུད་པའི་དྲེགས་པ་ལྷ་ཀླུ་བཞི་བདག་ལ། །
བསྟོད་པའི་བསང་གསོལ་འཕྲིན་ལས་བཅོལ་བ་ལས། །
ཟ་ཁོང་ནང་ནས་མོག་མོག་ཟོས་དང་ལེགས། །
ཞེས་པ་ལས།
རང་ཉིད་དུག་གསུམ་གདོན་གྱིས་གཞན་དབང་འོག །
ཚུད་པའི་དྲེགས་པ་ལྷ་ཀླུ་བཞི་བདག་ལ། །
བསྟོད་པའི་བསང་གསོལ་འཕྲིན་ལས་བཅོལ་དགོས་འདི། །
མོག་མོག་འགྲོ་གྲོན་ལས་ལྷག་གཅེས་པར་གྱིས། །
ཚེ་ཐག་རིང་དུ་འཚོ་དགོས་ན།
ལྷ་ཀླུ་གཞི་བདག་སྡོངས་གྲོགས་བསྐུལ་བ་དང་། །
སྲུང་མ་དྲེགས་པར་འཕྲིན་བཅོལ་བཏང་བ་དང་། །
ཚེ་ལྷའི་གཟུངས་སྔགས་ཅི་ཐུབ་བགྲང་བ་ལས། །
གཟུགས་ཅན་ཕུང་པོར་འཕྲོད་བསྟེན་གནང་གལ་ཆེ། །
ཞེས་པ་འདི།
ཚེ་ཐག་རིང་དུ་འཚོ་དགོས་ན།
ལྷ་ཀླུ་གཞི་བདག་སྡོངས་གྲོགས་བསྐུལ་བ་དང་། །
སྲུང་མ་དྲེགས་པར་འཕྲིན་བཅོལ་བཏང་བ་དང་། །
ཚེ་ལྷའི་གཟུངས་སྔགས་ཅི་ཐུབ་བགྲང་ཞོར་དུ། །
གཟུགས་པོར་འཕྲོད་བསྟེན་གནང་གལ་ཆེ་བའང་མཛོད། །
མི་མངོན་དབྱིངས་སུ་རེ་སྟོང་འཆང་བ་ལས། །
མི་བུ་སྔོན་ཐོན་ཅན་ཚོར་དམིགས་དཔེར་ལྟོས། །
མི་རིགས་སྔོན་ཐོན་གྲལ་དུ་བསྐྱོད་འདོད་ན། །
མི་དགོས་ལྷ་ཀླུ་གསོལ་བསྟོད་མཚམས་འཇོག་གྱིས། །
རྡོ་རྗེ་གདན་གྱི་ཀུ་ཤའི་མལ་གདན་སྟེང་།།ཤཱཀྱ་ཐུབ་པ་མངོན་སངས་རྒྱས་པ་ཡང་།།ལྷ་དང་བླ་མས་གནང་བའི་དངོས་གྲུབ་མིན།།བདག་འཛིན་བློ་ཡིས་ཐོངས་པའི་གྲུབ་འབྲས་ཡིན།།
བསང་གི་དུ་བ་རི་བོའི་སྤོ་ནས་འཕྱུར།།
རླུང་རྟའི་དར་ཚོན་རི་བོའི་རྩེ་ནས་གཡོ།།
ཀྭི་ཀྭི་བསོ་བསོ་ནམ་མཁའི་དབྱིངས་སུ་གྲགས།།
ཆོས་ཀྱི་སྙིང་པོ་བྱང་སེམས་རུས་སྦལ་སྤུ།།
རྙིང་བོན་གྱི་གསང་གསོལ་དང་།་ བཀའ་སྐྱའི་རྐུ་སྟེག་བརྩོན་ལེན་སོགས་ནི་སྔ་ནས་ད་ལྟའི་བར་བོད་པའི་སྤྱི་ཚོགས་ལ་ཕན་པ་མེད་པར་མ་ཚད་། གནོད་པ་དེ་བས་མང་ཞིང་།
བསང་གི་དུ་བའི་བར་སྣང་་སྒྲིབ་ལ་ཁད། ། རླུང་རྟའི་དར་ཚོན་རི་བོ་བཏུམ་ལ་ཁད། ། ཀྭི་ཀྭི་བསོ་བསོའི་རི་རྣ་བ་འགས་ལ་ཁད། ། ཡོད་ཚད་བླུན་ཆོས་རྗེས་སུ་རྒྱུག་ལ་ཁད། །
སྣང་བ་མཐོ་དུས་བསངས་བསུར་མོ་དར་རྗེས་ལུས་ཟེར།།
འུ་ཞིག་ཐུག་དུས་མོ་བོན་རྩིས་གསུམ་སྐྱབས་སུ་འཚོལ།།
འགག་རྩར་སླེབས་དུས་ལྷ་ལྟ་སྨོས་ཅི་འདྲེ་ཡང་གསོལ།།
ཚན་རིག་ཟེར་དུས་རྒྱུ་མཚན་མེད་ཀྱང་རྨོངས་དད་བྱེད།།
འཇམ་གཅེས་་་དེ་ཡིན་ན་བན་ཕྱོགས་ནས་་་པདྨ་འབྱུང་གནས་ནས་བཟུང་གོང་ས་བཅུ་བཞི་པའི་བར་མཐོ་སྐྱེས་ཆེན་དམ་པ་དང་། དམའ་སེར་གཟུགས་དོད་ཙམ་ཡན་ཚང་མ་
རྨོང་དད་ཀྱི་རུམ་དུ་ཉལ་བའི་བླུན་པོའི་གྲལ་ལ་བཞག་འདུག་བ། ད་བྱེད་དུས་བོད་གང་ཅན་པའི་ནང་སྤྱང་པོ་ཁྱེད་རང་གཅིག་པུ་ཡིན་ས་རེད། ཁྱོད་ཀྱི་འགྲོ་བ་
རིགས་དྲུག་ཟེར་བ་དེ་ངོས་ལེན་བྱེད་ཀྱི་ཡོད་དམ་མེད། སངས་རྒྱས་ཆོས་ལུགས་ཟེར་བ་དེ་ངོས་ལེན་བྱེད་ཀྱི་ཡོད་དམ་མེད་ འདི་དྲི་བ་ཡིན་ལེན་ཡོད་པར་གནང།
གསང་གསུར་གྱི་མཆོད་པ་ནི་་་སྲིད་ཞི་་་ཡོན་ཏན་་་ལན་ཆགས་་སྙིང་རྗེའི་མགྲོན་བཞི་ལ་མཆོད་འབུལ་བྱེད་ཚུལ་ཞིག་རེད། རླུངས་རྟ་དང་བསང་གསུར་ནི་མདོ་སྔགས་རྫོགས་
གསུམ་དང་འབྲེལ་ཏེ་ནང་དོན་ཟབ་ལ་ཁྱད་ཆོས་ལྡན་པ་ཡོད། བསང་ལ་དུག་རིགས་མ་འདྲེས་པའི་སྨན་སྣ་རྒྱ་རྩ་བརྒྱད་དང། འདོད་ཡོན་ལྔའི་མཆོད་རྫས་ཀྱི་མགྲོན་
བཞི་མཆོད་ཐབས་ཞིག་རེད།
དཀོན་མཆོག་སྲི་ཞུའི་མགྲོན།
མགོན་པོ་ཡོན་ཏན་གྱི་མགྲོན།
རིགས་དྲུག་སྙིང་རྗེའི་མགྲོན།
གཅིག་དྲན་མ་སོང་། གང་ལྟར་སྲིད་ཞི་མ་རེད། སྲི་ཞུ་རེད། མཁྱེན པ་གནང་།
བགེགས་རིགས་ལན་ཆགས་ཀྱི་མགྲོན།
རིན་པོ་ཆེ་ལ་ཐུགས་རྗེ་ཆེ་ཞུ།
ཧ་ཧ་ཧ་ཧཧ་་་་དྲ་གྲོགས་ཚོ། འབྲེལ་མེད་དོན་གཞན་ཁོ་ན་བཤད་ནས་ང་ལ་ཁ་བརྡུང་མ་གནང་རོགས་་་་་་ངས་ག་རེ་བཤད་ཡོད་མིན་ང་རང་གི་གསལ་པོ་ཤེས་ཀྱིན་ཡོད་་་་
ས་དཔྱད་བྱེ་བ་བརྡལ་སྤུང་བོན་ལུགས་ཡིན་པར་རྕོད་པ་མེད། ཀརྨ་ཆགས་མེད་རང་གི་ས་དཔྱད་དུ་དེ་ལུང་དྲང་ཡོད། ནང་པ་ལ་ས་དཔྱད་མེད་པ་མིན། གུ་རུའི་བླ་མ་དགོངས་འདུས་ཀྱི་ས་དཔྱད་གསེར་གྱི་ལྡེ་མིག ནམ་མཁའི་སྙིང་པོའི་འཇིགས་པའི་ལྕེ་མདུང་ནག་པོ། ས་དཔྱད་སྡོང་པོ་དགུ་འདུས། ཇོ་རྗེའི་ས་དཔྱད་སོགས་ཡོད། རྒྱ་གར་ལུགས་དང་། རྒྱ་ནག་ལུགས། བོད་ལུགས་གསུམ་པོ་ས་དཔྱད་ཙམ་དུ་འདྲ་བ་ལས་གཞུང་ཤིང་སོ་སོ་རེད། སྦ་བཞེད་དུ་མཁན་ཆེན་ཞི་འཚོ་ཡང་ས་མཁན་ཡིན་པ་གསལ། བི་མ་མི་ཏྲ་ཡང་ས་མཁན་ཞྀག་རེད། གུ་རུའི་ས་དཔྱད་གཏེར་མ་མང་འདིར་སྐབས་སུ་མ་བབས། ཇོ་བོ་རྗེའི་ར་སྦྲེང་ལུང་བསྟན་པ་སོགས་ནའང་ས་དཔྱད་ཡོད་པས་ས་མཁན་ཡིན། ས་དཔྱད་བན་བོན་ཕན་ཚུན་ཤུགས་རྐྱེན་ཐེབ་ཡོད་ན་མ་གཏོགས་བརྐུ་བཤུ་ཁོ་ན་བྱས་པ་མིན་པ་དགོངས་མཛོད། །
༡༽མོ་དང་གཏོ་ཟེར་བ་མིང་ཚིག་ལ་འགྲེལ་བ་རྒྱག་དགོས་བྱུང་ན་བོན་ལ་འདྲི་མི་དགོས་པའི་ངེས་པ་མེད། དཔེར་ན་ད་ལྟ་རང་རེའི་དབྱིན་སྐད་དུ་བྲིས་པའི་བན་བོན་གཉིས་ཀའི་ཆོས་སྐད་མང་པོ་ཞིག་ཡེ་ཤི་ལ་གཡར་བ་རེད། དེ་ལྟ་ནའང་ཆོས་དང་རིག་གཞུང་རང་གི་ངོ་བོ་བན་བོན་གང་ཡིན་ཀྱང་དེ་སོ་ན་གནས་ཡོད་པ་ཞིག་སྒྱུར་དགོས། སྐད་གཞན་དུ་སྒྱུར་དུས་མི་རིགས་དེའི་བརྡ་དང་དང་ཡི་གེ་བེད་སྤྱོད་མ་བཏང་བར་མིང་ཚིག་རེ་གཉིས་ལས་གཞུང་ཆེན་པོ་ཞིག་བསྒྱུར་ཐབས་ཤིག་གཏན་ནས་མེད་དོ། །༢༽ཆགས་མེད་མདོས་སྣ་དྲུག་ཅུ་དང་གཏོ་ཆོག་སོགས་ནང་པའི་གཞུང་ལ་བརྟེན་ནས་བཟོས་པ་ཤ་སྟག་རེད། དཔེར་ན་ཤེར་སྙིང་བདུད་བཟློག སྒོལ་མ་གཡུལ་མདོས། བརྒྱ་བཞི། ཕྱག་རྡོར་གྲིབ་སེལ་སོགས། སྤར་རྨེ་བཅོས་ཐབས་འགའ་ཞིག་རྒྱ་ནག བོན་པོ། ཡང་ན་འབྲུ་ཤ། བལ་ཡུལ་གང་གི་ཆོས་ལུགས་ཡིན་མི་ཤེས་པའང་ཡོད། མདོར་ན་སྐྱབས་སེམས། ཡི་དམ་གྱི་མངཽན་རྟོག མཆོད་སྦྱིན་དམིགས་པ་བྱིན་བརླབས། མཐར་བསྡུ་རིམ། བསྔོ་བ་སོགས་སྔགས་དང་མི་འགལ་བ་ཤ་སྟག་གོ། སྤར་ཁ་དང་རྨེ་བ་ཟེར་བ་འདི་རྒྱ་གར་ནག་བོན་དང་བཅས་པར་ཡོད་པ་དང་། ལྷག་པར་རྒྱ་ནག་ལུགས་པ་བཤད་པ་རྒྱ་ཆེ། འོན་ཀྱང་སྒྲ་བཤད་ནི་འབྱུང་བ་དེ་ཉིད་ཀྱི་སྒྲ་ཡིན་པས། རྒྱ་གར་ལུགས་སྒྲ་སྒྲུབ་ཀྱིས་སྒྲུབ་ཐུབ་པ་ཞིག་ཡིན་ཚུལ་ཞིབ་འཇུག་པ་མང་པོར་བཤད་རྒྱུ་འདུག དེས་ན་ད་དུང་སུའི་རིག་གཞུང་ཡིན་ཐག་ཆོད་པ་ཞིག་མེད། །
གིང་གི་ཀླུ་་སྨྱོན་གྱིས་ཡག་པོ་བྲིས་འདུག། འོན་ཏེ་བོན་རྒྱུད་རྣམས་ཅུང་མ་འགུ་བས། མཐའ་དོན། སྒོ་དམུ་རྒོད་ནས། ཐུགས་བསམ་དྲང་པོ་ངང་ནས་བྲིས་འདུག་ཤིན་ཏུ་ལེགས།
ལྷ་ཀླུ་ཞི་བདག་རྣམས་ངོ་མ་ཡོད་དམ། ཡོད་ན་ཁོང་ཚོར་ནུས་པ་ཡོད་དམ། འདི་ངའི་འདྲི་བ་ཡིན། དཔེར་ན། བོད་པ་རྣམས་ལྷ་ཀླུ་དེ་ཚོར་བཞེད། ཏོག་ཙམ་མ་འགྲིག་པ་དང་ཉེས་པ་ལྕི་ཐག་ཆོད་སྤྲོད། རྒྱ་མི་ཚོས་སྐྱག་གཅིན་མགོ་ལ་བཏང་ཡང་མི་ཚོར་བའི་རྣམ་་པ་ཞིག་འདུག
་་་་་ རྒྱ་གར་ལུགས་དང་། རྒྱ་ནག་ལུགས། བོད་ལུགས་གསུམ་པོ་ས་དཔྱད་ཙམ་དུ་འདྲ་བ་ལས་གཞུང་ཤིང་སོ་སོ་རེད། ་་་་་ཟེར།
ཡུལ་ལྷ་གཞི་བདག་གསོལ་ན་མི་ཕན་ཅི། །
དད་མེད་ཀླ་ཀློ་དམར་དམག་གུང་བྲན་དང་། །
ཁྱི་དང་ཕག་པ་དུད་འགྲོར་ཁྱད་ཅི་ཡོད། །
དེ་ཚོར་ལྷ་ཀླུའི་ཕན་གནོད་གླེང་རིན་མེད། །
ཏཱ་ལའི་བླ་མས་བློ་བཟང་སེང་གེ་“རྩིས་མེད་”བཏང་ནས་རང་ཉིད་ཀྱི་དབུ་ཁྲིད་གོ་གནས་གླེང་བ།
2013.06.29 02:23:30
ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་ཕྱི་ཟླ་༦ པའི་ཚེས་༡༥ ཉིན་ཨོ་སི་ཁྲུ་ལི་ཡར་བོད་མི་དང་ཧི་མ་ལ་ཡའི་དད་ལྡན་མང་ཚོགས་སྟོང་ཕྲག་བརྒལ་བར་མཇལ་ཁ་གནང་ཡོད་ཅིང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རང་བཙན་གྱི་དགོས་འདུན་འདོན་མཁན་མི་ཉུང་བ་ཞིག་ཡོང་གི་ཡོད་པ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ཀྱང་རང་བཙན་དུ་བསྒྱུར་དགོས་པའི་རེ་འདུན་འདོན་མཁན་གྱི་ཚོགས་པའང་ཡོད་པའི་སྐོར་༧གོང་ས་མཆོག་གིས་བཀའ་གནང་དོན།
བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་མཁན་དེ་ཁོང་ཉིད་གཅིག་པུ་ཡིན་ཞེས་དང་། (“ཚོགས་གཙོས་བོད་མི་ས་དྲུག་གི་ཚབ་བྱེད་ཐུབ་ཀྱི་མ་རེད། སྲིད་སྐྱོང་བློ་བཟང་སེང་གེ་ལགས་བཙན་བྱོལ་དུ་ཡོད་པ་ཚོས་འོས་བསྡུ་བྱས་པ་རེད་མ་གཏོགས། ཁྱེད་རང་གིས་ཕལ་ཆེར་བོད་མི་ས་ཡ་དྲུག་གི་ཚབ་བྱེད་ཐུབ་ཀྱི་མ་རེད་དཱ། ངས་ཕལ་ཆེར་བྱེད་ཐུབ་པའི་བཟོ་འདྲ་ཞིག་ཡོད་པ་རེད་ཅེས་ལབ་རྒྱུ་བྱུང།” ༧གོང་ས་མཆོག་གི་བཀའ་སློབ་ཇི་བཞིན་སྒྲ་ཕབ་ཞུས། སྒྱུར་མཁན་གྱི་མཆན།) ཐད་ཀར་མིང་བཏོན་ནས་བོད་ཀྱི་གྲོས་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་དང། སྲིད་སྐྱོང་བློ་བཟང་སེང་གཉིས་ཀྱིས་བོད་ནང་གི་བོད་མི་ཚོའི་སྐུ་ཚབ་མཚོན་ཐུབ་ཀྱི་མེད་སྐོར་གསུངས་ཡོད་པ་རེད། གནད་དོན་དབྱེ་ཞིབ་པས་བརྗོད་པ་ལྟར་ན། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཏཱ་ལའི་བླ་མའི་དབུ་མའི་ལམ་ལ་ཡིད་ཆེས་མེད་པར། བཙན་བྱོལ་བོད་མིའི་ནང་ཁུལ་ཁ་བྲལ་འབྱུང་ཉེན་ཡོད་པའི་དུས་སྐབས་འདིར། ཏཱ་ལའི་བླ་མ་མཆོག་གིས་བསྐྱར་དུ་ཁོང་ཉིད་ཀྱིས་ད་གཟོད་བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་ཐུབ་པ་དང་། བོད་ཕྱི་ནང་གཉིས་ཀྱི་དབུ་ཁྲིད་དངོས་གནས་དེ་ཁོང་ཉིད་ཡིན་པ་དང་། དབུ་མའི་ལམ་ཤུགས་ཆེན་པོས་གསུངས་པ་ནི། ལངས་ཕྱོགས་ཀྱི་འཐབ་རྩོད་འབྱུང་ཉེན་ཡོད་པར་མངོན་པ་མ་ཟད། ཏཱ་ལའི་བླ་མས་བློ་བཟང་སེང་གེ་ལ་ཡིད་ཆེས་མེད་པར་བསྟན་པ་རེད།
ཏ་ལཱའི་བླ་མ། ཁོང་ཉིད་གཅིག་པུས་བོད་མི་ཡོངས་ཀྱི་སྐུ་ཚབ་མཚོན་ཐུབ།
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་ཕྱི་ཟླ་༦ པའི་ཚེས་༡༥ ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཏཱ་ལའི་བླ་མ་མཆོག་གིས་ཟླ་འདིའི་ཕྱི་ཚེས་༡༥ ཉིན་ཨོ་སི་ཁྲུ་ལི་ཡའི་སི་ཌི་ནི་ཡི་སྤྲོ་གསེང་ལྟེ་གནས་སུ་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་རྣམས་ལ་ཆོས་འབྲེལ་གནང་སྐབས། བོད་མི་དང་འབྲུག་པ། སོག་པོ་སོགས་ཀྱི་དད་ལྡན་སྟོང་ཕྲག་བརྒལ་བར་དམིགས་བསལ་མཇལ་ཁ་གནང་ཡོད་པ་མ་ཟད་བཀའ་སློབ་ཀྱང་གནང་ཡོད་པ་རེད།
དབུ་མའི་ལམ་གྱི་འཐབ་རྩོད་སྐོར་ངོ་སྤྲོད་གནང་སྐབས་༧གོང་ས་མཆོག་གིས་གསུངས་དོན། ལོ་རབས་༧༠ པའི་ནང་བོད་མི་ཚོས་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་ཁབ་ཁག་ལ་ཐབས་ཤེས་འདྲ་མིན་སྣ་ཚོགས་བརྒྱུད་དེ་འབོད་སྐུལ་བྱས་ཀྱང་། རྒྱབ་སྐྱོར་མ་རག་པའི་རྗེས། མཇུག་མཐར་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་རྩོད་པའི་དབུ་མའི་ལམ་གཏན་ལ་ཕབ་པ་དང་། རྒྱ་ཆེའི་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཡོད། ཏཱ་ལའི་བླ་མ་མཆོག་གིས་གསུངས་དོན། བོད་ནང་གི་བོད་མི་ཚོས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་པ་ནི་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་རེད་ལ། བོད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཡག་ཤོས་དེ་རེད།
བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དུ་རང་བཙན་གྱི་ལྟ་བ་འཛིན་མཁན་ཡོད་པ་དང་། དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་ལངས་ཕྱོགས་བསྒྱུར་དགོས་པའི་དགོས་འདུན་འདོན་མཁན་གྱི་ཚོགས་པ་དང་སྒྲིག་འཛུགས་ཡོང་གི་ཡོད་པ་དེའི་སྐོར་༧གོང་ས་མཆོག་གིས་བཀའ་གནང་དོན། ཚང་མས་ངེས་པར་དུ་བསམ་བློ་ནན་ཏན་གཏོང་དགོས། ཏཱ་ལའི་བླ་མ་མཆོག་གིས་གསུང་དོན། བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་ཐུབ་མཁན་དེ་ཁོང་ཉིད་གཅིག་པུ་ཡིན་ཞེས་དང་། ཁོང་ཉིད་ཀྱི་འཁྲིས་སུ་ཡོད་པའི་སྤྱི་མཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་བརྡ་བསྟན་ནས། ཁོང་དང་སྲིད་སྐྱོང་བློ་བཟང་སེང་གེ་སུས་ཀྱང་བོད་ནང་གི་བོད་མི་ཚོའི་སྐུ་ཚབ་མཚོན་ཐབས་མེད། ཁོང་གིས་གསུངས་དོན། ངོས་རང་དགུང་ལོ་༡༦ ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་འགན་བཞེས་པ་ནས་བཟུང། དགུང་ལོ་༧༨ ལ་མ་སླེབས་བར་དུ་ཉམས་མྱོང་བསགས་ཡོད། དེའི་ཁར་བོད་ནང་གི་བོད་མི་ཚོས་ཡིད་ཆེས་བློ་གཏད་བྱེད་བཞིན་པས། གནས་སྟངས་འདི་འདྲ་ཞིག་གི་འོག་བཏོན་པའི་དབུ་མའི་ལམ་གྱི་ལངས་ཕྱོགས། གློ་བུར་དུ་བསྒྱུར་དགོས་ན་དེ་ནི་རྣམ་དཔྱོད་དང་ལྡན་པ་ཞིག་མ་རེད།
ཏཱ་ལའི་བླ་མ་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་སློབ་སྟོན་གནང་དོན། མི་རེ་ཟུང་གིས་བསམ་བློ་མ་བཏང་བ་དང་དངོས་ཡོད་གནས་ཚུལ་ལ་མ་ལྟོས་པའི་རྫུན་གཏམ་གྱིས་ཤུགས་རྐྱེན་ཐེབས་མི་རུང་ལ། མི་གཅིག་གཉིས་ཤིག་གི་རྗེས་སུ་གཡམ་རྒྱུགས་མི་བྱེད་པར། ཚང་མས་ངེས་པར་དུ་གཟབ་གཟབ་བྱེད་དགོས་པ་དང་། མགོ་སྐོར་མ་ཐེབས་པར་དགོས་པ་རེད་ཅེས་བཀའ་གནང་ཡོད། གནད་དོན་དབྱེ་ཞིབ་པས་བརྗོད་པ་ལྟར་ན། ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་དེས་བོད་མི་ཚོར། བཙན་བྱོལ་བོད་མིའི་དབུ་ཁྲིད་དངོས་གནས་དེ་ཁོང་ཉིད་ཡིན་པར་བསྟན་པ་རེད།
ཏཱ་ལའི་བླ་མ་མཆོག་གིས་ཕྱི་ཟླ་༣ པའི་ཚེས་༢༩ ཉིན་ངྷ་རམ་ས་ལར་གསུང་ཆོས་ཤིག་གི་ཐོག་ཏུ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ཞིབ་ཕྲའི་འགྲེལ་བཤད་བསྐྱོན་གནང་སྐབས་དམིགས་བསལ་གྱིས་གསུངས་དོན། “གཙོ་བོ་དེ་བོད་ནང་གི་བོད་མི་ཚོས་སྔར་བཞིན་ང་ལ་ཡིད་ཆེས་བློ་འགེལ་བྱེད་ཀྱི་ཡོད་པ་དང་། ཁོང་ཚོས་ང་ལ་དད་གུས་བྱེད་བཞིན་ཡོད། དེ་བཞིན། བཙན་བྱོལ་བོད་མི་ཚོས་ཀྱང་ཡིད་ཆེས་བློ་འགེལ་དང་དད་གུས་བྱེད་བཞིན་ཡོད། དེར་བརྟེན། ང་ལ་ད་དུང་འགན་ཁུར་ཆེན་པོ་ཡོད།” གནད་དོན་དབྱེ་ཞིབ་པས་བརྗོད་པ་ལྟར་ན། ཏཱ་ལའི་བླ་མ་མཆོག་གིས་ཐེངས་ཁ་ཤས་ཀྱི་གསུང་བཤད་ལས་བསྟན་པ་ནི། སྤྱིར་ཕྱི་ལོ་༢༠༡༡ ལོར་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་བྱས་ཟིན་ཀྱང་། དོན་དངོས་སུ་ད་དུང་རྒས་ཡོལ་བྱས་མེད་པར། བློ་བཟང་སེང་གེ་ནི་ཁོང་གི་བཀོལ་སྤྱོད་བྱེད་པའི་མི་ཙམ་ཞིག་ཡིན་པ་དང་། བོད་མིའི་དབུ་ཁྲིད་དངོས་གནས་དེ་ད་དུང་ཏཱ་ལའི་བླ་མ་མཆོག་ཡིན་པ་རེད། དེའི་ཁྲོད་ཀྱི་རྒྱུ་རྐྱེན་གཙོ་བོ་དེ་བློ་བཟང་སེང་གེ་སོགས་ཀྱིས་དབུ་མའི་ལམ་གྱི་ལངས་ཕྱོགས་མུ་མཐུད་དུ་རྒྱུན་འཛིན་ཐུབ་པར་ཡིད་ཆེས་མེད་པ་དེ་རེད། ཐེངས་འདིར་བློ་བཟང་སེང་གེ་སོགས་ལ་ཐད་ཀར་བོད་མི་ཡོངས་ཀྱི་ཚབ་མཚོན་ཐུབ་ཀྱི་མ་རེད་ཅེས་གསུངས་པ་ལས་ཀྱང་ཧ་ཅང་གསལ་པོ་ཤེས་ཐུབ། མ་འོངས་པར་ཉིན་ཞིག་བོད་རང་བཙན་གྱི་ཤུགས་རྐྱེན་གྱིས་ནང་ཁུལ་ཁ་བྲལ་བྱུང་བ་དང་མཉམ་དུ་བློ་བཟང་སེང་གེ་བཙན་གྱིས་ཕྱོགས་གཅིག་ཏུ་འདེད་པའི་སྔ་ལྟས་ཀྱང་ཡིན།
ཁ་ཞེ་མི་མཚུངས་པའི་བོད་ཀྱི་གཞོན་ནུའི་ཚོགས་གཙོ།
རྒྱ་ནག་སྲིད་གཞུང་གིས་འཇིགས་སྐུལ་རིང་ལུགས་པར་བསྒྲགས་པའི་བོད་ཀྱི་གཞོན་ནུ་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་ཏཱ་ལའི་བླ་མས་བཏོན་པའི་དབུ་མའི་ལམ་གྱི་ལངས་ཕྱོགས་ཐད། ཕྱོགས་ངོས་གཉིས་ཀྱི་རྣམ་འགྱུར་མངོན་ཡོད། ཕྱི་ཟླ་༥ པའི་ཚེས་༢༧ ཉིན་ཁོང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྟེང་། ཏཱ་ལའི་བླ་མ་མཆོག་གི་བཀའ་དགོངས་དང་འགལ་བའི་བྱ་སྤྱོད་རིགས་ལ་དགོངས་སེལ་ཞུས་ཡོད་པ་དང་། ཁོང་གིས། “གལ་སྲིད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཏཱ་ལའི་བླ་མ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དགོངས་དང་འགལ་བའི་ལས་ཀ་བྱས་ཡོད་ན། སྙིང་ཁོང་རུས་པའི་གཏིང་ནས་དགོངས་སེལ་ཞུ་རྒྱུ་ཡིན། ཚེ་དབང་རིག་འཛིན་གྱིས་ད་དུང་ཁས་ལེན་བྱས་དོན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོང་ས་ཏཱ་ལའི་བླ་མ་མཆོག་གི་ཅི་གསུང་བཀའ་བཞིན་བསྒྲུབ་རྒྱུ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མཉམ་འབྲེལ་བྱེད་རྒྱུ་ཡིན་པ་མ་ཟད་ལས་དོན་ཁག་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཟེར། ཡིན་ནའང་དེ་དང་མཉམ་དུ་བརྗོད་རྒྱུར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་མུ་མཐུད་དུ་རང་བཙན་གྱི་ལམ་དུ་བསྐྱོད་རྒྱུ་ཡིན་ཞེས་བརྗོད། ཕྱི་ཟླ་༦ པའི་ཚེས་༢ ཉིན་བཏོན་པའི་<>ཀྱི་སྟེང་དུ་འཁོད་པ་ལྟར་ན། བོད་རང་བཙན་གྱི་སྒྲིག་འཛུགས་ཁག་གིས་སྔར་ལས་ལྷག་པའི་སྟོབས་ཤུགས་ལྡན་པའི་འཐབ་རྩོད་ཀྱི་ནུས་པ་འདོན་ཐབས་ཀྱི་གྲ་སྒྲིག་བྱེད་བཞིན་པ་དང་། ཁོང་ཚོས་བོད་རང་བཙན་མཉམ་འབྲེལ་སྒྲིག་འཛུགས་ཤིག་འཛུགས་རྒྱུའི་ཇུས་འདོན་བཞིན་ཡོད་པ་རེད། གནས་ཚུལ་དེའི་ནང་འཁོད་དོན། དེ་སྔོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་པའི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་སོགས་བཙན་བྱོལ་བོད་མིའི་རང་བཙན་གྱི་སྒྲིག་འཛུགས་ཁག་གིས་བགྲོ་གླེང་ཚོགས་འདུ་ཐེངས་མང་འཚོགས་ཡོད་ཅིང་། དེའི་ཁྲོད་ཀྱི་ཕྱི་ཟླ་༩ པའི་ནང་སྒྲིག་འཛུགས་དང་ཤོག་ཁག་ལས་བརྒལ་བའི་རྒྱལ་སྤྱིའི་ནང་གི་བོད་རང་བཙན་གྱི་སྟོབས་ཤུགས་ཕྱོགས་གཅིག་ཏུ་སྤུངས་ཏེ། བོད་རང་བཙན་སླར་གསོའི་“བོད་རང་བཙན་གནའ་འབྲེལ་”འཐུས་མི་ཚོགས་ཆེན་འཚོགས་ཡོད། (དོན་དངོས་ཐོག་ཚོགས་འདུ་དེ་འདྲ་ཞིག་འཚོགས་པ་གོ་ཐོས་མེད་ཀྱང། མ་རྩོམ་དུ་ཡོད་པ་སོར་བཞག་གིས་བསྒྱུར་ཡོད། སྒྱུར་མཁན་གྱི་མཆན།)
ཚེ་དབང་རིག་འཛིན་གྱིས་ཁ་གསལ་ངང་བརྗོད་དོན། ཁོང་རང་ཉིད་ཀྱིས་ཏཱ་ལའི་བླ་མ་མཆོག་གི་དབུ་མའི་ལམ་ལ་རྒྱབ་སྐྱོར་མེད། “བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་བོད་རང་བཙན་ཕུད་པའི་གཞན་གྲོས་མོལ་ཅི་འདྲ་ཞིག་ཡིན་ནའང་རྩིས་མེད་ཡིན།” གནད་དོན་དབྱེ་ཞིབ་པས་དཔྱད་བརྗོད་བྱས་པ་ལྟར་ན། ཐེངས་འདིའི་ཚོགས་ཆེན་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཆེས་གཞི་རྒྱ་ཆེ་བའི་བོད་རང་བཙན་གྱི་ཚོགས་ཆེན་ཞིག་ལ་ངོས་འཛིན་བྱས་ཡོད་པ་རེད།
འདྲ་བཤུས།
༦༧༽ གངས་སྨྱུག་གིས་མི་ལ་བསང་གསུར་བགྱིད་འདུག
སྐུ་ཞབས་སྒོ་དམུ་རྒོད་ལགས།
སྐབས་འདིར་ཁྱེད་རང་གིས་བློ་སྤོབས་ཆེན་པོའི་སྒོ་ནས་མོ་གཏོའི་སྐོར་ལ་སྐད་ཆ་མང་བོ་ཞིག་གནང་འདུག་པར་རྗེས་སུ་ཡི་རང་འོས་མོད། དེ་ལ་དོགས་པ་ཁ་ཤས་མཆིས་པ་འདི་ལྟར། ཁྱེད་ཀྱིས་རྒྱ་གར་དང་བོན་ལ་སྤར་ཁ་སོགས་ཡོད་པར་གསུངས་འདུག་ཀྱང་། རྒྱ་གར་ལུགས་ལ་སྤར་ཁ་བརྒྱད་ཡོད་པ་བདག་གི་བློ་ངོར་འགྲོ་ཅུང་དཀའ་བྱུང་། སྤར་ཁ་ཞེས་པའི་ཐ་སྙད་ནི་རྒྱ་ནག་གི་པཱ་བཀྭའ་ཞེས་པའི་སྒྲ་སོར་བཞག་པ་དང་ཟུར་ཆག་པ་ལས་ཐོན་པ་དང་། རྒྱ་ནག་གི་སྐད་ལ་རྟགས་མཚན་བརྒྱད་ཅེས་པའི་དོན་ཡིན་ལ། དེ་ནི་ཏོ་ཅོ་ལུགས་ཀྱི་སྲིད་པའི་རྣམ་གཞག་དང་འཇིག་རྟེན་ཆགས་སྟངས་གི་སྐབས་སུ་བཀོལ་བའི་ཐ་སྙད་ཞིག་གོ །
གཞན་ཡང་ཁྱེད་ཀྱིས་སྨེ་བ(རྨེ་བ་ཡིག་ནོར་ཤོར་བ་འདྲ)དང་སྤར་ཁ་སོགས་རྒྱ་གར་ལ་ཡོད་ཅིང་འབྱུང་བའི་དོན་ཡིན་པར་གསུངས་ནས་སྤར་སྨེ་གཉིས་མཉམ་བསྲེས་གནང་ནས། ད་དུང་དེ་ལ་ལེགས་སྦྱར་སྐད་དུ་སྒྲ་སྒྲུབ་བྱེད་ཚུལ་ཡོད་པར་གསུངས་པ་མཐོང་ཚེ་ང་ནི་གད་མོ་དྲག་པོ་ཤོར་ཐལ། འདི་གར་ངས་ལག་གཉིས་ཐལ་མོ་སྦྱར་ནས་ཁྱེད་ཀྱིས་ཡ་མཚན་པའི་སྒྲ་སྒྲུབ་ཞིག་གནོང་དང་། དེ་རིང་ནས་བཟུང་གུས་པ་བདག་གིས་རིག་པའི་དཔའ་བོ་ཁྱེད་ཉིད་ཚངས་པའི་སྲས་མོའི་རིགས་ཀྱི་མྱུ་གུར་བཀུར་བར་བགྱི།
དེང་སང་བོད་ལ་སྐར་ནག་གི་རྩིས་གཉིས་གྲགས་ཁྱབ་ཆེ་ཞིང་། ཕྱི་མ་ནི་འབྱུང་བ་གཙོ་བོར་བྱེད་པའི་རྒྱ་ནག་གི་རྩིས་དེ་བོད་ལ་དར་བ་ཞིག་དང་། རིམ་གྱིས་རྒྱ་ནག་གི་མོ་འདེབས་རིག་པ་ཡེས་ཅིན་དུ་གྲགས་པའང་བོད་ལ་དར་ཞིང་། དེ་དག་གི་ཤུགས་རྐྱེན་མང་བོ་ནི་ད་ལྟའི་བོད་ཀྱི་གཏོ་ཆོག་རྣམས་ཀྱི་ནང་ལ་དངོས་སུ་མཐོང་རྒྱུ་ཡོད་དེ། གཤིན་རྩིས་ཀྱི་སྐབས་སུ་སྤར་ཁའི་ཕྱག་རྒྱ་དེ་ཚོ་ཡེས་ཅིན་གྱི་གཞུང་ལུགས་སུ་བསྟན་པ་དང་མཐུན་པོ་འདུག །
མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་གཏོ་དྲུག་ཅུར་མཛད་པའི་དགོངས་གཞི་ནི། ཁོང་གིས་མ་མོའི་འཁྲུག་བསྐང་དུ། གསང་སྔགས་བོན་དུ་གྱེར་བའི་དུས། །ཞེས་གསུངས་པར་གཞིགས་ཚེ། བསྐྱེད་རྫོགས་མེད་པའི་ཨ་མཆོད་རྣམས་ཀྱིས་བཀའ་གཉན་པའི་གསང་སྔགས་ཀྱི་ལས་བྱང་རྣམས་གྲོང་ཆོག་ཏུ་གྱེར་བ་ཐུགས་མ་དགྱེས་ནས་དེ་འདྲ་མཛད་པ་ཡིན་ཤས་ཆེ། འདིའི་སྐབས་ཀྱི་བོན་ལ་གཡུང་དྲུང་བོན་ལ་གོ་བར་མི་བྱའོ། །
འོད་གསལ་ལགས། སྨེ་བ་ཡིག་ནོར་ཤོར་བ་བདེན་པ་རེད། སྤར་ཁའི་འབྱུང་ཁུངས་ཉི་ཧོང་པ་ཞིག་གིས་ཞིབ་འཇུག་བྱས་པ་ཡོད་པས་དུས་ཚོད་བྱུང་ན་འགོད་ཆོག རྒྱ་ནག་གི་སྤར་ཁའི་ཁུངས་ཡི་ཅིང་ཟེར་བ་དེ་རེད། ཐུའུ་བཀྭན་གྲུབ་མཐར་སྔགས་བླ་མེད་དང་འདྲ་ཟེར། དེ་ལས་མོ་རྩིས་ས་དཔྱད་སོགས་བྱུང་བ་རེད། རྒྱ་ནག་ཞིག་ལ་འདི་ཁྱོད་རང་གི་རིག་གནས་མ་རེད་ཅེས་བཤད་ན་གདོང་དམར་པོར་འགྱུར་འགྲོ། འོན་ཀྱང་སྤར་ཁའི་ྱི་གེ་དེ་རྒྱ་ནག་གི་ཡི་གེའི་ཁུངས་ཡིན་ཟེར་བའི་ཟེར་སྒྲོས་ཙམ་ལས་འགྲེལ་བ་རྒྱག་རྒྱུ་མེད། བོད་དུ་དར་བའི་ནང་བསྟན་གྱི་འགྲེལ་བ་རྒྱ་གར་ལས་མང་བ་བཞིན་རྒྱ་ནག་ཏུ་སྤར་ཁའི་སྐོར་གྱི་ཡི་གེ་པོད་བརྒྱ་ཕྲག་མང་པོ་ཡོད། རྒྱ་གར་ལ་འབྲེལ་བ་བྱེད་སའི་སྣེ་ཙམ་ལས་མེད། འོན་ཀྱང་སྤར་ཀའི་ཡི་གེ་དང་པོ་བརྒྱད་འཇིག་རྟེན་སྐྱོང་བ་བརྒྱད་ཀྱི་མིང་ཡིག་དང་ཁ་ཤས་སྲོག་ཡིག་རེད་འདུག སྤར་ཁ་བརྒྱད་ཀྱི་ལྷ་དང་འབྲེལ་བ་ཡོད་པས་དེར་གཟིགས། ལྷ་སྔགས་བྱེད་ལས་གཅིག་པ་ཡིན་དུས་འཇིག་རྟེན་སྐྱོང་བའི་ལྷ་བརྒྱད་དུ་སྒྲུབ་ངེས་པར་ཐུབ། རྒྱ་ནག་གི་དྭ་ཅོའི་ཆོས་ལུགས་སུ་གཟའ་བརྒྱད་ཀྱི་ལྷ། སྤར་ཁ་བརྒྱད་ཀྱི་ལྷ་སོགས་མཆོད་སྲོལ་འདུག མ་ཟད་དེ་དག་ལ་སྔགས་ཀྱང་འདུག ཤེས་པར་འདོད་ན་དྭ་ཅོའི་བསྟན་འགྱུར་དུ་གཟིགས་ཤིག དེ་བཞིན་སྤར་ཁ་བརྒྱད་མཆོད་རྟེན་བརྒྱད་ལ་ཡང་འབྲེལ་བ་ཡོད་མིན་གླེང་མཁན་འདུག དེ་བཞིན་སྨེ་བ་དགུ་ལ་ལྷ་རེ་ཡོད་པའི་སྙིང་པོ་འདོན་དུས་རྒྱ་གར་སྐད་ཡིན་ཚུལ་ལ་དགོངས། ཚངས་སྲས་དགྱེས་པའི་འབངས་ཀྱིས་གུས་ཕུལ།
འོད་གསལ་ལགས། ཉིད་ཀྱིས། ༼སྤར་ཁ་ཞེས་པའི་ཐ་སྙད་ནི་རྒྱ་ནག་གི་པཱ་བཀྭའ་ཞེས་པའི་སྒྲ་སོར་བཞག་པ་དང་ཟུར་ཆག་པ་ལས་ཐོན་པ་དང་། རྒྱ་ནག་གི་སྐད་ལ་རྟགས་མཚན་བརྒྱད་ཅེས་པའི་དོན་ཡིན་ལ།༽ཞེས་པར་དཔྱད་པ་ཡོད། ༼པཱ་བཀྭའ་༽ པཱ་ཟེར་བ་གྲངས་༨་ཀྱི་དོན་རེད། བཀྭའ་ཟེར་བར་ཡང་རྒྱ་ནག་སྐད་ཅིག་མ་རེད། བཀྭའ་ཟེར་བ་སྐབས་རེར་མོ་འདེབས་པ་དང་། སྐབས་རེར་ཕྱག་རྟགས། སྐབས་རེར་སྐེ་ལ་འདོགས་རྒྱུའམ་སྒོ་ཁར་འདོགས་རྒྱུའི་རི་ལོ་ལ་འཇུག་པའང་ཡོད། །བྱེད་ལས་ཀྱི་སྒོ་ནས་བཤད་པ་དང་། ནང་དོན་གྱི་འགྲེལ་བཤད་ཡོད་པ་ལས་དོན་དུ་སྤར་ཁ་དྲུག་ཅུའམ་སུམ་བརྒྱ་དྲུག་ཅུ་བོར་མིང་སྒྲ་བསྒྱུར་ཞིག་ལས་མེད། དཔེར་ན་གཏོ་ཟེར་ན་ཅི་ཞིག་རེད་ཅེས་དྲིས་དུས། ང་ཆོས་མཆོད་སྤྱིན་གྱི་ཆོ་ག་ཞིག་ལ་ཟེར་ཞེས་བཤད་པ་དང་ཅིག་རེད། ཚངས་སྲས་དགྱེས་པའི་འབངས་ཀྱིས་ཕུལ།
སྤོབས་པས་གསུང་པའི་ཀརྨ་པའི་དམག་ཞྭ་གྱོན་པ་དེ་ངས་ཀྱང་མཐོང་མྱོང་། བོད་ལ་རིག་གསར་སྐབས་སུ་བྱིས་པ་ལོ་ཆུང་དེ་ཚོ་དམག་ཞྭ་གྱོན་པར་དགའ་བ་དེ་འདྲ་ཞིག་དྲན་སོང་། ཀརྨ་པའི་སྤྱོད་ལམ་མང་པོ་ཞིག་ང་ལྟ་བུ་ཡིན་ན་ཡིད་ལ་འཐད། འོན་ཀྱང་དམག་ཞྭ་གྱོན་པ་དེ་དང་། གཞུགས་ཁྲི་མཐོན་པོ་ཞིག་གི་སྟེང་ན་ཁའི་མན་མཆུ་ལ་སོ་བཏབ་ནས་རྟགས་བསལ་གཏོང་གི་ཡོད་པའི་དཔར་ཞིག་འདུག དེ་ཡིད་ལ་མི་འཐད། སུས་རྟགས་བསལ་གཏོང་པར་བཞུགས་ཁྲི་མཐོན་པོ་དེ་འདྲ་བརྩིགས་པ་རེད། འདི་དག་ལ་བལྟས་ན་་་་་་་་
འོད་གསལ་དང་དམུ་རྒོད་གཉིས་ཀྱི་རྩིས་རིག་སྐོར་དེ་བགྲོ་གླེང་མུ་མཐུད་གནང་ཐུབ་ན་ཡག་པོ་འདུག
སྤར་ཁའི་ཚིག་འགྲེལ་གསལ་པོ་མི་ཤེས། ཡིན་ནའང་བོན་པོའི་ཡི་གེ་རྙིང་པའི་ནང་འབྱུང་བར་སྦྱར་ནས་༼མིང་ལ་སྤར་ཁ་ལབ་མེད་པ་འདྲ༽སྤར་ཁ་དང་བརྩི་སྟངས་གཅིག་པ་ཡིན་པ་ཞིག་འདུག་ཟེར་བ་ཐོས་ཀྱང་ལྟ་ལོང་མ་བྱུང་། སྨེ་བ་ནི་བོན་གྱི་ཡིག་རྙིང་ལྟར་ན་བཙོག་པའི་དོན་ལ་འགྲེལ་བཤད་བརྒྱབས་ཡོད་ཅིང་། དར་གུད་བཅུ་གཉིས་དང་། བདུན་ཟུར་བཞི་གཤེད་སོགས་ཞིབ་ཕྲར་བཤད་ཡོད།
བོན་པོས་བན་དེའི་སྐར་རྩིས་དང་། ནག་རྩིས་ལས་བཤུས་དུས་ཅུང་ཟད་བསྒྱུར་བཞག་པ་ཡིན་པ་འདྲ། དེ་མ་ཡིན་ན་ཚང་མ་གཅིག་པ་ཆགས་སོང་ན། ཁག་པོ་ཆགས་པ་རེད། ཧཧཧཧཧཧཧཧ
ཨོ་ཉི་་་་་་་་་་ཁྱོད་ལ་ཁ་ཡ་བྱེད་པ་ནི་དུས་ཚོད་གྲོན་སྤྱད་རང་རེད་་་་ལན་འདེབས་ཉན་མེད། ཧཧཧཧ
ཕྱི་དཀར་ལགས། ཕྲན་རང་ལོ་བཅུ་དྲུག་སྐབས་ཤིག་ལ་བོན་རྩིས་ཞིག་བསླབ་མྱོང་མོད། འོན་ཀྱང་ཡུན་རིང་བར་མོ་རྩིས་གཉིས་གཉིས་བཞག་པས་ཅི་བཞིན་མི་དྲན། དྲན་པ་ཡད་ཡུད་ཅིག་ལ། གཤེན་རབ་མི་བོའི་གཙུག་ལག་རྩིས་ཀྱི་བོན་སྒོ་ལ། གབ་རྩེ་འཔྲུལ་གྱི་མེ་ལོང་། སྤར་ཀ་སྨེ་བའི་གླིང་སྐོར། འབྱུང་བ་དུས་ཀྱི་འཁོར་ལོ། ཇུ་ཞག་རྟེན་འབྲེལ་ལས་རྩིས་བཞི་ཡོད་པ་ལས། སྤར་ཀ་བརྩི་ཚུལ།དབུས་སུ་སྨེ་བ་དགུ་སྐོར་ལ། ཕྱོགས་མཚམས་སྤར་ཁ་བརྒྱད་པོས་བསྐོར། ཞེས་བརྩི་ཚུལ་ཞིག་ཡོད། བོན་ལུགས་སྤར་ཁ་བརྒྱད་ཀྱི་ལྷ་ནི། ཡེ་སང་སྤྲིན་རྗེ། པང་རླང་རུམ་རྗེ། གནམ་ཆར་རོལ་པོ། ཆབ་ཤིང་རྒྱལ་བ། ཆུ་བདག་ལྡིང་ནམ། ཁ་བ་ལྷབས་ཆེན། ཆབ་ཟིལ་མ་མོ། འཕྱག་པ་རྒྱས་འདེབས་མ་སྟེསྲིད་པའི་ལྕམ་དྲལ་བརྒྱད་ཅེས་འབྱུང་ལ་དབང་བྱེད་པའི་ལྷ་བརྒྱད་ཡོད་པ་ཡིན་སྣང་ཤར། ཐག་ཆོད་པོ་མེད་པས་བོན་གྱི་མཁས་པ་རྣམས་ལ་འདྲི་བར་བྱའོ། །
བཅོས། འཁྱག་པ་རྒྱས་འདེབས་མ།
རྨུ་རྒོད་ལགས། བོན་གྱི་ཡིག་རྙིང་ཀུན་འབུམ་གོ་འབྱེད་ཟེར་བ་དེར་གཟིགས་ན་གནའ་དུས་བོད་རྩིས་ཀྱི་སྐོར་དང་ ལོ་ཟླ་ཞག་གཟའ་སྐར་སྨེ་བ་སོགས་ཀྱི་ལྷའང་གསལ། གཞུང་འདིར་ས་ལྷ་དང་། ཆུ་ལྷ། ལྕགས་ལྷ། རླུང་ལྷ་བཅས་ཀྱི་སྐོར་ཡོད། ཕྱི་ས་ཆུ་མེ་རླུང་དང་། ནང་ཤ་ཁྲག་དྲོད་དབུགས་གཉིས་ལྟོས་གྲུབ་ཀྱི་འབྲེལ་བ་ཡོད་སྟབས་གཞུང་དེ་རྣམས་ཀྱི་ཉམས་ལེན་ནི་ཤིན་ཏུ་གལ་ཆེན་དུ་སྣང་།
བོན་ལུགས་སྤར་ཁ་བརྒྱད་ཀྱི་ལྷ་ནི། ཡེ་སང་སྤྲིན་རྗེ། པང་རླང་རུམ་རྗེ། གནམ་ཆར་རོལ་པོ། ཆབ་ཤིང་རྒྱལ་བ། ཆུ་བདག་ལྡིང་ནམ། ཁ་བ་ལྷབས་ཆེན། ཆབ་ཟིལ་མ་མོ། འཕྱག་པ་རྒྱས་འདེབས་མ་སྟེསྲིད་པའི་ལྕམ་དྲལ་བརྒྱད་ཅེས་འབྱུང་ལ་དབང་བྱེད་པའི་ལྷ་བརྒྱད་ཡོད་པ་ཡིན་སྣང་ཤར། ཐག་ཆོད་པོ་མེད་པས་བོན་གྱི་མཁས་པ་རྣམས་ལ་འདྲི་བར་བྱའོ། །་་་་་ཞེས་ཟེར་བ་འདི་ངས་ཐོས་པ་ཐོག་མ་ཡིན་པས། ཁ་བརྡར་དྲངས་པ་ལ་བཀའ་དྲིན་ཆེའོ།།
སྤར་ཁའི་མཚོན་བྱེད་རི་མོ་བརྒྱད་ནི། ལི། ཁོན། དྭ། ཁེན། ཁམ། གིན། ཟིན། ཟོན།
མཚོན་བྱ་དོན་ལ། མེ། ས། མཚེའུ། གནམ། ཆུ། རི། གནམ་ལྕགས། རླུངབཅས་དང་བརྒྱད་དོ།།
སྨེ་བ་དགུ་ནི།
དཀར་སྨན། བདུད། མཐིང་མཚོ། ལྗང་ཀླུ། དགྲ་ལྷ། དཀར་རྒྱལ། བཙན། ཡུལ་ལྷ། སྨུག་གཡང་དང་དགུའོ། །སྨེ་ནི། ལུས་ཀྱི་ཤ་མཚན་ནག་པོ་དང་བཙོག་པའོ་དོན་ལ་འཇུག་གོ།
ཚིག་མཛོད་ཆེན་མོ།
སྤར་ཁ་བརྒྱད་ཀྱང་ཟེར། འབྱུང་རྩིས་ལས་བཤད་པའི་པཱ་བཀྭའི་སྒྲ་ཟུར་ཉམས་པ་སྟེ། ནང་གསེས་སུ་ལི། ཁོན། དྭ། ཁེན། ཁམ། གིན། ཟིན། ཟོན་བཅས་མཚན་མ་བརྒྱད་ཀྱི་རི་མོ་སྟེ། དོན་ལ། མེ། ས། མཚེའུ། གནམ། ཆུ། རི། གནམ་ལྕགས། རླུང་བཅས་བརྒྱད་དོ།
དག་ཡིག་གསར་བསྒྲིགས།
སྤར་ཁ་བརྒྱད་ཀྱང་ཟེར། འབྱུང་རྩིས་ལས་བཤད་པའི་པཱ་བཀྭའི་སྒྲ་ཟུར་ཉམས་པ་སྟེ། ནང་གསེས་སུ་ལི། ཁོན། དྭ། ཁེན། ཁམ། གིན། ཟིན། ཟོན་བཅས་མཚན་མ་བརྒྱད་ཀྱི་རི་མོ་སྟེ། དོན་ལ། མེ། ས། མཚེའུ། གནམ། ཆུ། རི། གནམ་ལྕགས། རླུང་བཅས་བརྒྱད་དོ།།
Ives Waldo
the [8] trigrams
James Valby
tortoise shell divination markings, astrological system of trigrams
Rangjung Yeshe
trigrams
For other uses, see Bagua (disambiguation).
The bagua (Chinese: 八卦; literally “eight symbols”) are eight trigrams used in Taoist cosmology to represent the fundamental principles of reality, seen as a range of eight interrelated concepts. Each consists of three lines, each line either “broken” or “unbroken,” representing yin or yang, respectively. Due to their tripartite structure, they are often referred to as “trigrams” in English.
The trigrams are related to taiji philosophy, taijiquan and the wu xing, or “five elements”.[1] The relationships between the trigrams are represented in two arrangements, the Primordial (先天八卦), “Earlier Heaven”[2] or “Fuxi” bagua (伏羲八卦), and the Manifested (後天八卦), “Later Heaven,”[2] or “King Wen” bagua. The trigrams have correspondences in astronomy, astrology, geography, geomancy, anatomy, the family, and elsewhere.[3][4]
The ancient Chinese classic I Ching consists of the 64 possible pairs of trigrams (called “hexagrams”) and commentary on them.
八卦 Bāguà—The eight trigrams
乾 Qián
☰ 兌 Duì
☱ 離 Lí
☲ 震 Zhèn
☳ 巽 Xùn
☴ 坎 Kǎn
☵ 艮 Gèn
☶ 坤 Kūn
☷
Heaven/Sky Lake/Marsh Fire Thunder Wind Water Mountain Earth
天 Tiān 澤(泽) Zé 火 Huǒ 雷 Léi 風(风) Fēng 水 Shuǐ 山 Shān 地 Dì
དེང་སང་བོད་ཡུལ་དུ་བཞུགས་པའི་གཏོ་ཆོག་མང་བོ་ཞིག་ནི་བན་བོན་གྱི་གྲུབ་མཐའ་དང་གཉུག་གནས་མི་རིགས་ཀྱི་ཡུལ་སྲོལ། གཞན་ཡང་རྒྱ་ནག་ནས་ཐོན་པའི་འབྱུང་རྩིས་མོ་དཔྱད་སོགས་གྱི་གྲུབ་ཆ་སྣ་ཚོགས་ལས་སྐྱེས་པའི་དངོས་པོ་ཡུན་རིང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་ལྡན་ཡོད།
དེ་ཚོའི་ནང་ལ་གསོ་བ་རིག་པ་དང་རྩིས་རིག་པའི་བཞེད་ཚུལ་མང་བོ་ཐོན་གྱི་ཡོད་པ་དང་། མཚམས་རེར་ཏོ་ཅོ་དང་ཁོང་ཙིའི་གྲུབ་མཐའི་ཆ་ཤས་རེ་ཟུང་མཐོང་རྒྱུ་འདུག་པ་ནི། བོད་ཀྱི་ཆོས་བརྒྱུད་ཁག་ཅག་གིས་གྱེར་བའི་མགོན་པོ་ཚོགས་བདག་གླང་སྣའི་སྒྲུབ་ཆོག་རྣམས་ཀྱི་ནང་ལ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཞེས་སྲིད་པའི་རྒན་པོ་གྲགས་པ་དེ་རྒྱ་ནག་གི་གནའ་བོའི་བསམ་བློ་བ་ཆེན་པོ་ཁོང་ཙི་ཡིན་པ་ལྟ་བུ་སྟེ། རྒྱ་གར་གྱི་ཚོགས་བདག་གླང་སྣ་དང་རྒྱ་ནག་གི་ཀོང་ཙེ་རྣམ་གཉིས་བོད་ཀྱི་གཏོ་ཆོག་གཅིག་གི་ནང་ལ་མཐོང་བ་འདིས་འབྱུང་ཁུངས་བན་བོན་གང་རུང་གཅིག་པུ་མ་ཡིན་པར་འདྲ་མིན་མཆིས་པར་ཤུགས་ཀྱིས་བསྒྲུབས།
ཕྲན་གྱིས་ཕྱོགས་རིས་མ་བྱས་པར་བློ་གཟུ་བོས་ཡང་དང་ཡང་དུ་དཔྱད་པའི་མཐར། སྤར་ཁ་ཞེས་པ་ནི་རྒྱ་ནག་གི་ཏོ་ཅོའི་གཞུང་དང་ཡེས་ཅིན་ལས་འབྱུང་བས། བན་བོན་གཉིས་ཀས་དེ་བཀོལ་སྤྱོད་གནང་འདུག་ཀྱང་། རྒྱ་གར་རམ་ཞང་ཞུང་དང་བོད་དག་ལས་མ་ཐོན་པར། རྒྱ་ནག་ཁོ་ན་ལས་བྱུང་བའི་ཤེས་བྱ་ཞིག་རེད་སྙམ་ཐལ། ནོར་འཁྲུལ་ཡོད་ན་དགག་པ་གནང་རོགས། འོན་ཀྱང་མདོ་གཟེར་མིག་དང་། སྨན་འབུམ་དཀར་ནག་རྣམས་སུ་གནའ་ནས་ཞང་ཞུང་གི་ཡུལ་དུ་ལོ་ཁམས་དང་། འབྱུང་ཁམས། སྤར་སྨེ་བཅས་བརྩི་སྲོལ་དར་བར་གསུངས་པ་དང་འགལ་མི་དགོས་སྟེ། དུས་སྔོན་མ་ཞིག་ལ་དར་ལམ་ཆེན་མོ་བརྒྱུད་ནས་རྒྱ་ནག་ནས་ཞང་ཞུང་ལ་བརྒྱུད་ཆོག་གི་རེད། ཐུའུ་བཀྭན་ཞབས་ཀྱི་གྲུབ་མཐའ་ཤེལ་མེར། དེའི་རྒྱབ་ཏུ་པཱ་བཀྭའ་སྟེ་རི་མོ་བརྒྱད་ལ་བོད་སྐད་དུ་ཟུར་ཉམས་པས་སྤར་ཁ་ཞེས་ཟེར་བ་དེ་འདུག་པ་ཞེས་གསུངས་པས་དེ་ལས་ལྷག་པའི་སྒྲུབ་བྱེད་མི་དགོས། སྤར་ཁ་བརྒྱད་པོ་འབྱུང་བ་ལྔ་དང་སྦྱར་ནས་རེ་བཞི་དང་ཕྱག་རྒྱ་བཟང་བཞི་ངན་བཞི་སྒྲིག་ཚུལ་རྣམས་རྒྱ་ནག་ལུགས་དང་མཐུན་སྟབས། རྒྱ་གར་ལ་སྤར་ཁའི་ཐ་སྙད་ཡོད་པ་ཐོས་མ་མྱོང་བ་མ་ཟད་ཁུངས་མེད་པའི་གཏམ་དུ་སྣང་།
རྒྱ་བཟའ་སྔ་ཕྱི་གཉིས་དང་སློབ་དཔོན་དུ་ཧར་ནག་པོ་རྣམས་ཀྱིས་རྩིས་རིག་པ་གཙོས་པའི་རྒྱ་ནག་གི་གཙུག་ལག་མང་བོ་གདན་འདྲེན་བྱས་ཤིང་། རིམ་གྱིས་ནག་རྩིས་དང་བོད་རང་ལ་ཡོད་པའི་ཡར་ལུང་རྒན་མོ་བལ་མོའི་ཟླ་རྩིས་དང་ཞང་ཞུང་བོན་གྱི་རྩིས་རིག་པ་རྣམས་དང་འདྲེས་ནས་ད་ལྟ་ང་ཚོས་སྤྱོད་བཞིན་པའི་འབྱུང་རྩིས་འདི་འཁྲུངས་སོ།།
་་་་་་་ རྒྱ་བཟའ་སྔ་ཕྱི་གཉིས་དང་སློབ་དཔོན་དུ་ཧར་ནག་པོ་རྣམས་ཀྱིས་རྩིས་རིག་པ་གཙོས་པའི་རྒྱ་ནག་གི་གཙུག་ལག་མང་བོ་གདན་འདྲེན་བྱས་ཤིང་། རིམ་གྱིས་ནག་རྩིས་དང་བོད་རང་ལ་ཡོད་པའི་ཡར་ལུང་རྒན་མོ་བལ་མོའི་ཟླ་རྩིས་དང་ཞང་ཞུང་བོན་གྱི་རྩིས་རིག་པ་རྣམས་དང་འདྲེས་ནས་ད་ལྟ་ང་ཚོས་སྤྱོད་བཞིན་པའི་འབྱུང་རྩིས་འདི་འཁྲུངས་སོ།། ་་་་་་་་་ཟེར།
ཡར་ལུང་རྒན་མོ་བལ་མོའི་ཟླ་རྩིས་དང་། ཞང་ཞུང་བོན་གྱི་རྩིས་ཀྱི་རིག་པ་གཉིས་ལ་ཁྱད་གང་དང་ཡོད་དམ། ལགས།
ཨོ་ཉི་དང་འོད་གསལ་རྣམ་གཉིས་ཀྱིས་ངའི་གོང་དུ་བཤད་པར་གོ་བ་ཆགས་མི་འདུག རྩོད་པ་ཞུ་འདོད་མེད། ངས་རྒྱ་ནག་ལ་སྤར་ཁ་མེད་ཅེས་གཏན་ནས་བཤད་མེད། མ་ཟག་འགྲེལ་བ་ཡང་བརྒྱ་ཕྲག་ལྷག་ཡོད་པར་ཁས་ལེན་བྱས་ཡོད། ཨོ་ཉིས་བྲིས་པའི་རྒྱ་ཡིག་ལྡོག་མ་བརྒྱད་པོ་ཡི་གེ་འབྲི་དགོས་ཀྱང་ཁ་ནས་འདོན་དགོས་ཀྱང་ཤར་རེ་ཡོད། དེར་མ་ཟད་རྒྱ་ནག་ལ་དར་ནས་ལོ་སྟོང་ཕྲག་གསུམ་སོང་བར་ཡང་ཡིད་ཆེས་ཡོད། མདོར་ནས་རྒྱ་ནག་གི་སུའུ་ཉི་ཟེར་བའི་བུ་མོ་དང་། ཧོང་ཏི་ཟེར་བའི་རྒྱལ་པོ་གཉིས་ཡི་ཀྱཱང་གི་འབྱུང་ཁུངས་རེད། དེ་གཉིས་སེངྒེའི་གདན་ཅན་དང་རྣམ་པར་རྒྱལ་མ་ཡིན་མིན་ཐག་གཅོད་ཐུབ་བམ། ཕྲན་ལ་དང་པོའའའི་སློབ་དཔོན་གཉིས་ལའང་རྒྱུ་མཚན་གསལ་པོ་མེད་པས་རྒྱ་ནག་གི་ཡིན་མིན་ལ་ཐེ་ཚོམ་ཆེ། མ་ཟད་སྤར་ཁ་བརྒྱད་པོ་སྒྲ་བསྒྱུར་རེད། དཔེར་ན། ☱ 離 Lí ཟེར་བ་བྲལ་བའི་དོན་ལས་མེ་ཡིན་པའི་སྒྲུབ་བྱེད་རྒྱ་ཡིག་གི་གཟུགས་སྒྲ་དོན་གསུམ་ལ་མེད། དེ་བཞིན་བོན་གྱི་ཀོང་ཙེ་དང་རྒྱ་ནག་གི་ཁུང་ཧྤོས་ཙི་གཉིས་གཅིག་ཏུ་འགྲེལ་བ་ཡང་ཡ་ཆ། ཐུའུ་བཀྭན་གྱི་རྒྱ་ཡིག་མི་ཤེས་པ་རང་གིས་བཤད་ཡོད་པར་གཟིགས་ན་ཁུངས་བཙུན་པོ་མིན་པར་ཐག་ཆོད། ཕྲན་ལ་སློབ་ཁྲིད་བྱེད་པའི་དུས་ཚོད་མེད་པས་གནས་སྐབས་དེ་ཙམ་མོ། །
༼དེ་བཞིན་བོན་གྱི་ཀོང་ཙེ་དང་རྒྱ་ནག་གི་ཁུང་ཧྤོས་ཙི་གཉིས་གཅིག་ཏུ་འགྲེལ་བ་ཡང་ཡ་ཆ། ༽
སྒོ་དམུ་རྒོད་ནས་བཤད་པ་དེ་ག་རང་རེད།
དེ་གཉིས་མི་གཅིག་པ་མིན་པར་རྒྱལ་རབས་ལོ་རྒྱུས་སོགས་ནས་ཡང་ཡང་གསལ་ཁ་བཏོད་ཡོད། ངལ་བ་བྱས་ནས་ཕན་པ་མི་འདུག་པས་འབྲི་བར་མི་བྱའོ།
དུས་ཚོད་དང་གང་གིས་ཆ་ནས་གཅིག་མིན་པར་ངེས་ཡོད།
ང་ལ་སྤར་ཁ་བརྒྱད་དང་སྨེ་བ་དགུ་ལས་སོགས་ལ་རྒྱུས་མངའ་ཡོད། དེ་ཚོའི་སྐོར་ལ་བོན་གྱི་གཏོ་ཆོག་ལོ་རྒྱུས་ནས་དེ་དག་གི་ལོ་རྒྱུས་དང་འགྲེལ་བཤད་མང་པོ་ཡོད། གང་ལྟར་བོང་བུའི་རྣ་བར་གསེར་དང་བོང་བ་གང་བླུགས་ཀྱང་ཀྲོག་ཀྲོག་བྱེད་པ་ལས་འདི་ན་ཤོད་པའི་སྐབས་རེད་མི་འདུག དེ་བཞིན་བསང་དང་བསུར་དང་མོ་གཏོ་སྨན་དཔྱད་སོགས་ཀྱང་དེ་ག་རང་རེད། ལྷན་རྒྱས་ཚོས་གོ་བསྡུར་གནང་རོགས། སེང་གེའི་འོ་མ་བླུག་པར་གསེར་བཟོ་དགོས་པ་ལས་ར་གན་ལས་སོགས་ལ་ཆགས་བཟོ་མི་འདུག
མང་པོ་བཤད་རུང་མ་བཤད་རུང་། སངས་རྒྱས་པའི་ཆོས་ལུགས་ནང་དུ་བོན་ཆོས་ཀྱིས་ཤན་ཤུགས་འདི་དག་གཙང་སེལ་བཟོ་མ་ཐུབ་པ་ནི་རྨོངས་དད་དང་འབྲེལ་བ་ཆེན་པོ་ཡོད་པས་ཡིན། ཕྱིས་སུ་འདི་དག་གཙང་སེལ་ཇི་ལྟར་བཟོ་དགོས་མིན་སོགས་ཀྱི་ཐད་ནས་བགྲོ་གླེང་འདྲ་གནང་ན་དགེ་མཚན་ལྡན་ལས་ཆེ། དེ་མིན་ཁ་སྣ་རྩོད་ནས་ཅི་བྱེད་་་་་་་་་་་་་་་་་
དེ་དག་གཙང་སེལ་བཟོ་ཐུབ་ན་ལེགས། དེ་མིན་ཕྱི་ལོགས་ཀྱི་ནང་པ་དང་ལྷག་པར་དུ་ས་སྐྱེས་རྡོ་སྐྱེས་ཀྱི་རྒྱ་གར་གྱི་ནང་པ་དེ་ཚོས་བོད་བླ་མའི་ཆོས་ལུགས་ཞེས་བོད་རྒྱུད་ནང་བསྟན་འདི་ལ་མཚན་བཞེས་བཟོས་ཡོང་གི་འདུག
རྣམ་པ་ཚོས་དགོངས་ཚུལ་མང་པོ་ཞིག་གསུངས་གནང་འདུག། གང་ལྟར་མདོ་དོན་སྙིང་པོ་དེ་ཆོས་ཁུངས་བོན་ལ་ཐུག་པ་དེ་ག་ལེར་ག་ལེར་རྒྱང་ཕུད་གཏོང་ཐབས་ཡིན་པ་འདྲ། དེ་འདྲ་ཞིག་ལམ་སེང་ཡོང་རྒྱུ་ཁག་པོ་ཡིན་འགྲོ། མི་ལོ་ཆིག་སྟོང་ཡས་མས་ཤིག་ལ་ཐབས་ཤེས་སྣ་ཚོགས་བྱས་ཀྱང་དངོས་པོ་གང་ཡང་ཐོན་ཐུབ་མེད། ད་དུང་ཐམས་ཅད་བོན་དྲི་ཐུལ་ལེར་བསྡད་བཞག་འདུག། བོད་ཀྱི་བོན་པོ་རྣམས་ཀྱིས་ད་བར་བོད་ཡུལ་གྱི་ཆོས་དང་རིག་གཞུང་གང་ཡིན་པ་ཡིན་ན་ལས་གཙོ་བོའི་གནད་ཀྱི་བྱུང་ཁུངས་དེ་བོད་རང་ལ་བཏུག་གང་ཐུབ་བྱས་ནས་དཀའ་ལས་བརྒྱབ་ཡོད་པ་རེད། ཁ་ཚར་དང་ཡན་ལག་གི་བྱུང་ཁུངས་གང་ཞིག་མི་རིགས་གཞན་དང་ལུང་པ་གཞན་ལས་ནང་འདྲེན་བྱས་པ་ཡང་ལོས་ཡོད་ཆོག། བསང་གསུར་རྩིས་དཔྱད་སོགས་རྒྱུ་ཡི་བོན་ཁོངས་སུ་གཏོགས་པ་འདི་ཚོ་སྲོང་བཙན་དང་ཁྲི་སྲོང་བཅས་ཀྱིས་ཀྱང་རང་སོར་བཞག་ནས་རྒྱུན་སྐྱོང་གནང་ཡོད་པའི་ལོ་རྒྱུ་དེ་འདྲ་ཡང་མཐོང་རྒྱུ་ཡོད། འདི་ལ་ལྷ་སྒྲུང་ཀླུ་སྒྲུང་འདྲ་པོ་མང་ཞིག་བཤད་ནས་བོན་ཁུངས་མེད་པ་དུས་ནམ་ཡང་ཁྱེད་ཚོས་བཟོ་ཐུབ་ལེ་མ་རེད་དོ། སྔོན་བོན་གྱི་བླ་མ་་་ལྡེ་བོན་གྱིམ་ཚ་རྨ་ཆུང་་་་ཞུ་བ་ཞིག་གིས་འདི་ལྟར་་་་ལྷ་བོན་སྒོ་བཞི་དར་ན་གསས་མཁར་སྲོག་ཡང་འཛིན་་་་གསུངས་འདུག། དེ་འདྲ་ཡིན་དུས་བོད་ཀྱི་བསང་གསུར་རྩིས་དཔྱད་སོགས་ཀྱི་རིག་གནས་འདི་ཚོ་ནི་སངས་རྒྱས་ཀྱི་བསྟན་པ་ཆགས་སའི་གཞི་མ་དེ་ཡང་ཡིན་པར་མ་བཤད་ཡོད། དེ་ལྟར་གང་བོན་པོ་ཡོད་པའི་ས་དེར་བན་ལུགས་ལས་བསླ་པོ་བྱས་ནས་སྤེལ་ཐུབ་ཀྱི་ཡོད་པ་རེད། དཔེར་ན་ཁྱོད་དང་བོད་ཡུལ་དང་འབྲུག་ཡུལ་དང་སོག་ཡུལ་བཞིན་ནོ། བོད་མའི་དད་པ་དང་ཡིད་ཆེས་ཀྱི་ལམ་བུ་དེ་བོན་པོས་སྔོན་ནས་གཏོད་ཚར་ཡོད་པ་རེད། འདི་ཚོ་ཁྱེད་རང་ཚོས་ངོས་ལེན་བྱས་ན་རང་གཞན་ཀུན་ལ་བདེ་སྐྱིད་འབྱུང་བར་ངེས། །
གོང་དུ་བན་དེ་དང་Bonpoརྣམ་པ་གཉིས་ཀྱིས་བཞེད་པ་བཞིན་དུ་བན་བོན་གཉིས་ཀྱིས་བསྡུས་པའི་ང་ཚོའི་བོད་ཀྱི་རིག་གཞུང་མང་བོ་ནི་བོན་ལས་བྱུང་བར་གོར་མ་ཆག་པས། ཕྲན་གྱིས་དུས་རྣམ་ཀུན་ཏུ་བོན་འདི་ང་ཚོ་གངས་ཅན་པའི་བླ་སྲོག་མེད་དུ་མི་རུང་བ་ཞིག་རེད་སྙམ་གྱིན་ཡོད། དཔེར་ན། ཕྱྭ་དང་། གཡང་། གཏོ། བླ་སོགས་སྔ་མོ་ནས་བོན་གཞུང་དུ་བཞུགས་ཤིང་། དེའི་སྐོར་ལ་ངེས་པར་དུ་བོན་གྱི་མཁས་པ་ཚོའི་རྩར་ནས་གོ་བ་གཏིང་ཟབ་མོ་ལེན་ཐུབ་ངེས་པས། བན་དེ་རྣམས་ཀྱིས་བོན་པོ་རྣམས་ལས་རིན་ཐང་བྲལ་བའི་ལེགས་བཤད་མང་དག་ཅིག་ལེན་དགོས་རན་སླེབས་འདུག །
གོང་དུ་དགོ་དམུ་རྒོད་ལགས་ཀྱིས་離ཞེས་པའི་རྒྱ་ཡིག་གི་དོན་བྲལ་བར་གོ་བ་ལས་མེར་མི་འཇུག་གསུངས་ཀྱང་། འབེན་དང་བྲལ་བའི་མདའ་མོ་བཞིན་དུ་སོང་བ་ལས། སྤར་ཁ་ཞེས་པ་དེ་རྒྱ་ནག་ལས་མ་བྱུང་བར་སྒྲུབ་པར་ཅི་ཡང་མི་ཕན། རྒྱ་ནག་གི་ཡེ་ཅིན་དང་འབྱུང་རྩིས་སོགས་སུ་བརྡ་ཚིག་དང་མཚོན་རྟགས་མང་བོ་ཡོད་སྲིད་པས། དངོས་སུ་དེ་དག་སྒྲ་ཅི་བཞིན་པར་འགྲེལ་ག་ལ་དགོས། འོ་ན་སྤར་ཁའི་བརྩི་སྟངས་དེ་གང་ལས་བྱུང་ངམ། ཡུལ་གཞན་ལས་བྱུང་ཟེར་ན་རྒྱུ་ནག་གིས་ཀྱང་དེ་ཡུལ་གཞན་ལས་བླངས་པར་དམ་བཅའ་དགོས་པས་ཐལ་དྲག་པ་མ་ཡིན་ནམ།
སྐབས་འགར་གཙུག་ལག་རྩིས་ཀྱི་བསྟན་པ་ལྷ་མོ་རྣམ་རྒྱལ་མའི་གཙུག་ཏོར་ནས་བྱུང་བར་འདོད་མཁན་དང་། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་གསུངས་པ་འདོད་མཁན་དུ་མ་མཆིས། ཡར་རྗེ་ཨོ་རྒྱན་གླིང་བས་གཏེར་ནས་ཐོན་པའི་པདྨ་བཀའ་ཐང་དུ་རྒྱ་ནག་པ་རྣམས་དོན་དམ་ཆོས་ཀྱིས་འདུལ་དཀའ་བས། འཇམ་དབྱངས་ཀྱིས་ཀུན་རྫོབ་རྩིས་ཀྱིས་གདུལ་བར་མཛད་གསུངས་པར་གོ་རྒྱུ་ཆེན་པོ་འདུག་སྟེ། རྒྱ་ནག་པ་རྣམས་སྔོན་ནས་ད་ལྟའི་བར་དུ་རྣམ་རྟོག་ཆེ་ཞིང་རྨོངས་དད་འཐུག་པོ་ཡོད་པ་རེད།
ཕྲན་གྱིས་ད་སྐབས་སྨེ་བ་དགུའི་འབྱུང་ཁུངས་དང་ངེས་ཚིག་སོགས་ལ་ཞིབ་འཇུག་བྱེད་བཞིན་ཡོད་པས། སྐུ་མཆོག་རྣམ་པས་དོན་ལྡན་གྱི་་དགོངས་འཆར་ཡོད་ཚེ་ལྷུག་པར་གནང་རོགས།
ལོ་ ༥༠༠ སྔོན་དུ་བརྩམས་པའི་་བོན་གྱི་ཚད་མ། དབུ་མ། འདུལ་བ་བཅས་ཀྱི་དཔེ་ཆ་ཞིག་གི་མིང་སྨོས་རོགས། དེར་ལྟ་ཞིབ་ཅིག་བྱ་དགོས་ཡོད། Bonpo ལགས།
བོད་སྐད་ཀྱི་གཏོ་ཟེར་བ་འདི་རྒྱ་ནག་གི་ཏའོ་ཆོས་ལུགས་ཀྱི་མིང་བརྡ་དེ་ལས་ཟུར་ཆག་པ་རེད། གཡང་ནི་རྒྱ་སྐད་ཀྱི་ལུག་ལ་གཡང་ཟེར་བ་དེ་ཟུར་ཆག་པ་ཡིན་སྐོར་མཁས་པས་བྲིས་པའི་དཔྱད་རྩོམ་དུ་ཡང་འདུག ཕྱྭ་དང་བླ་སོགས་ནི་བོད་མིའི་གནའ་བོའི་ཡིད་ཆེས་རེ་ཡིན་པ་ལས་བོན་ལུགས་བན་ལུགས་སུའི་ཀྱང་ཡིན་དོན་མི་འདུག ང་བོན་དགོན་ཁ་ཤས་རེ་ལ་ཕྱིན་པ་ཡིན་མོད་དམིགས་བསལ་གྱིས་ཕྱྭ་དང་གཡང་གི་སྐོར་ལ་ཐོས་བསམ་ཉམས་ལེན་བྱེད་མཁན་འདྲ་མཐོང་མ་སོང་། མ་གཞི་ང་ནི་དེང་སང་ཆབ་སྲིད་ལ་དོ་སྣང་བྱེད་ཤོར་ནས་ཆོས་ལུགས་དད་མོས་ལས་འཕྲོས་པ་འདི་རིགས་ལ་དོ་སྣང་ཆེན་པོ་མེད་པ་ཞིག་ཏུ་གྱུར་འདུག
རྗེ་བཙུན་འཇམ་པའི་དབྱངས་ཀྱིས་གསུངས་པ་འདོད་མཁན་དུ་མ་མཆིས། ཡར་རྗེ་ཨོ་རྒྱན་གླིང་བས་གཏེར་ནས་ཐོན་པའི་པདྨ་བཀའ་ཐང་དུ་རྒྱ་ནག་པ་རྣམས་དོན་དམ་ཆོས་ཀྱིས་འདུལ་དཀའ་བས། འཇམ་དབྱངས་ཀྱིས་ཀུན་རྫོབ་རྩིས་ཀྱིས་གདུལ་བར་མཛད་གསུངས་པར་གོ་རྒྱུ་ཆེན་པོ་འདུག་སྟེ། རྒྱ་ནག་པ་རྣམས་སྔོན་ནས་ད་ལྟའི་བར་དུ་རྣམ་རྟོག་ཆེ་ཞིང་རྨོངས་དད་འཐུག་པོ་ཡོད་པ་རེད། ་་་་ཟེར།
ངས་སློབ་ཕྲུག་གཅིག་ལ་སྨེ་བ་དང་སྤར་ཁའི་སྐོར་ལ་ཧང་གྷ་རིའི་སྐད་དུ་བསྒྱར་སྐབས། བོད་ཡིག་དཔེ་གཞུང་དེ་ཡི་ནང་ལ། ད་ལྟ་ཁ་ཐུག་དྲན་པ་ནི། ཀོང་ཙེ་རྒྱལ་པོ། རྗེ་བཙུན་འཇམ་དཔལ་དང་། དེའི་སྤྲུལ་པ་གསེར་གྱི་རུས་སྦལ་ལ་སོགས་ཀྱི་གཏམ་བརྒྱུད་ཁ་མི་གསལ་བ་ཉག་ཉོག་མང་དག་ཅིག་མཐོང་བ་དྲན་པས་སླར་ཀློག་པ་ལ་ཡང་ད་ཆ་དཔེ་ཆ་དེ་ང་ལ་མེད།
བླ་ཆེན་པོ་དྲན་པ་ནམ་མཁས་མཛད་པའི་་་རྫོགས་ཆེན་གྱི་ཚད་མ། མན་ངག་ལུང་གི་ཚད་མ་ཞེས་པ་དང། ཁོང་སྤྱི་ལོའི་སྔོན་་་་༩༡༤ ལ་འཁྲུངས།
སྤྱི་ལོ་་༡༡༩༨ ལོར་འཁྲུངས་ཤིང་སྤྱི་ལོ་༡༢༦༣ལོར་འདས་པའི་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པ་་་་ཚད་མའི་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད། ཅེས་བྱ་བ་ད་ལྟ་བོན་གྱི་བཤད་གྲྭ་ཁག་ཏུ་སྦྱོང་བྱ་གཙོ་བོ་རེད་འདུག ཁོང་ནི་ས་སྐྱ་པཎཌི་ཏ་དང་དུས་མཉམ་ཡིན། དེ་རྗེས་སྤྱི་ལོ་༡༣༥༦ ལོར་འཁྲུངས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པ་ཚད་མའི་རྩ་འགྲེལ་དང་བཅས་པ་ད་ལྟ་བོན་གྱི་བཤད་གྲྭ་ཁག་ཏུ་སྦྱོང་བྱའི་ཡིག་ཆ་རེད་འདུག གཞན་ཡང་ཚད་མ་དང་དབུ་མ་མཛོད་འདུལ་བ་སྔགས་རྫོགས་ཆེན་ལས་སོགས་ཀྱི་ཡིག་ཆ་གང་དགོས་ཀྱང་གདན་ས་སྨན་རིའི་བཤད་སྒྲུབ་འདུས་སྡེར་འབྲེལ་བ་གནང་ན་བསླུ་ཡོན་གཏོང་རྒྱུ་འདུག
ཀརྡོ་ལགས་བོན་གྱི་རྩིས་གཞུང་ནས་་་་རྩིས་རིག་འདི་ནི་སྟོནནཔ་གཤེན་རབ་ཀྱིས་་་མཛད་པ་བཅུ་གཉིས་ལས་བསྟན་པ་སྤེལ་བའི་མཛད་པའི་སྐབས་སུ་་་་ས་ཡི་ལྷ་མོ་བརྟན་མ་ལ་ལས་སོགས་གཙུག་ལག་ཞུ་བའི་གཤེན་བརྒྱད་རྣམས་ལ་འོག་ཕྱོགས་ས་བདག་རྒྱལ་པོའི་ཁབ་་་་རུས་སྦལ་ཕོ་བྲང་དུ་བསྟན་ཅིང་མཛད། སྐབས་དེར་འཁོར་ལོ་འདི་དག་གསུང་བ་སྟེ། བསྐལ་སྲིད་འགྲོས་འདེབས་མདོ་ལས་སོགས་་་་མདོ་ཆེན་དུས་ཀྱི་འཁོར་ལོ་དང། ཕྱི་ནང་གཞན་གསུམ་རོ་མཉམ་པའི། རྒྱུད་རྒྱལ་དུས་ཀྱི་འཁོར་ལོ་དང། ལོ་ཟླ་ཞག་དུས་རྩིས་འདེབས་པའི། མན་ངག་དུས་ཀྱི་འཁོར་ལོ་དང། དབང་ལྡན་དུས་ཀྱིནའཁོར་ལོ་ལས་སོགས་གསུངས་ཏེ་གཏན་ལ་ཕབ་པར་མཛད། དེ་ནས་ཁོང་གི་སློབ་མ་་་་་ཤར་ཕྱོགས་མ་ཧ་ཙི་ནའི་ཡུལ་དུ་་མཁྱེན་རབས་ཀོང་ཙེ་འཕྲུལ་རྒྱལ་གྱིས་མན་ངག་དུས་འཁོར་ལས་བསྙད་དེ་འགྱུར་རྩིས་སུམ་བརྒྱ་དྲུག་ཅུ་བཤད། ཀོང་ཙེ་འཁྲུལ་རྒྱལ་ནི་རྒྱ་རིགས་ཞིག་ཡིན་ཅིང་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་གི་སློབ་མའང་ཡིན། ད་ལྟ་བོན་གྱི་གཏོ་དཔེ་ནང་དུ་ཀོང་ཙེ་འཁྲུལ་རྒྱལ་ནི་གལ་འགང་ཤིན་ཏུ་ཆེ་བའི་གཤེན་རབ་ཀྱི་སློབ་མ་ཞིག་ཡིན་པར་གསལ་འདུག
་་་་་ ཀོང་ཙེ་འཁྲུལ་རྒྱལ་ནི་རྒྱ་རིགས་ཞིག་ཡིན་ཅིང་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་གི་སློབ་མའང་ཡིན། ་་་་་ཟེར།
རང་གི་མི་ཚེའི་ནང་ལ། ངས་་བོད་སྨན་དང་སྒྲ་རིག་པ་ཡག་པོ་སྦྱངས་མ་ཐུབ་པ་ང་ལ་འགྱོད་པ་ཏོག་ཙམ་ཡོད། འོནད་ཀྱང་སྨེ་བ་སྤར་ཁ་སྐར་རྩིས་ནག་རྩིས་ཡག་པོ་ཤེས་ན་ཡང་ང་འགྱོད་པ་རྩ་བ་ཉིད་ནས་མི་འདུག གང་ཡིན་ནམ། ལགས།
ཨོ་བན་དེ། ལོ་ཚིགས་དེ་ཚོ་ལག་ནོར་ཤོར་ནས་བྲིས་པ་མ་རེད་དམ།
ཀོང་ཙེའི་འོད་ཟེར་ཕོག་པ་ཞིག་ཡིན་སྲིད།
ངས་དགེ་ལུགས་དང་ས་སྐྱ་རྙིང་མ་བའི་དགེ་འདུན་པ་ཁ་ཤས་ཞིག་ལ་བོན་གྱི་འབྱུང་རྩིས་ཾཁྲིད་ཡིན་་་འོན་ཀྱང་ཁོང་ཚོས་མི་གཞན་ལ་ངའམ་བོན་པོ་ནས་སྦྱང་བ་མ་ཡིན་ཁུལ་བཤད་ཀྱི་འདུག་ཅེས་གོ་བྱུང་ཧཧཧཧཧཧཧ་མི་ཟེར་ན་འདི་འདྲ་རེད་་་་ནང་པའི་གཞུང་ལུགས་ནས་དགེ་ཕྲུག་གིས་དགེ་རྒན་གསང་བ་ནི་དམ་ཚིག་དང་འགལ་རབས་ཡོད།
མེ་དཀར་ལགས་སེམས་གཏིང་ནས་དྲིས་པ་ཡིན་ན་ལེགས་གསོལ་ཡོད། དེ་མིན་ཚོད་ལྟ་དང་ཀླན་ཀ་འབྱིན་འདོད་ཡིན་ན་ལན་མེད།
མ་གཞི་ནས་ངས་མི་དེ་རིགས་ལ་ལན་འདེབས་བྱེད་འདོད་མི་འདུག་་་་་དགོངས་དག་ཞུ།
རྫོགས་ཆེན་ཚད་མ་ཞང་ཡིག་ལ་ཡོད་དམ་བོད་ཡིག་ལ་ཡོད།
སྤོབས་པ་ལགས།
གཏོ་གཏོ་གཏོ་ལ་ཡར་ལ་སོང་།
གཏོ་གཏོ་གཏོ་ལ་མར་ལ་སོང་ཟེར་དུས་རྒྱ་སྐད་ཅིག་བཤག་གི་ཡོད་དམ།
བཤད་ཀི་ལ་བཅོས།
མཆན་གྲངས་༩༤་པ་དེའི་ལན་དུ་ཕུལ་བ། །
༼བོད་སྐད་ཀྱི་གཏོ་ཟེར་བ་འདི་རྒྱ་ནག་གི་ཏའོ་ཆོས་ལུགས་ཀྱི་མིང་བརྡ་དེ་ལས་ཟུར་ཆག་པ་རེད། གཡང་ནི་རྒྱ་སྐད་ཀྱི་ལུག་ལ་གཡང་ཟེར་བ་དེ་ཟུར་ཆག་པ་ཡིན་སྐོར་མཁས་པས་བྲིས་པའི་དཔྱད་རྩོམ་དུ་ཡང་འདུག༽ ཁྱེད་རང་གིས་གསུངས་པ་དེ་ཚོ་བདེན་པ་མ་རེད་ཟེར་ནས་ལབ་འདོད་མེད། མི་སོ་སོའི་བསམ་བློ་གཏོང་སྟངས་རེད། ཡིན་ནའང་ང་ལའང་འཆར་སྒོ་འདི་འདྲ་ཞིག་ཡོད་ཟེར་ནས་ཞུ་འདོད། བོད་ཀྱི་ཆོས་དང་རིག་གཞུང་ག་འདྲ་ཞིག་ཡིན་པ་ཡིན་ན་ལས་མི་ལོ་སྟོང་ཕྲག་མང་པོར་བརྒྱུད་ནས་དར་རྒྱས་བྱུང་བ་ཞིག་ཡིན་པ་ཡིན་དུས་མཚམས་འགར་ཕར་འདྲེས་ཚུར་འདྲེས་དེ་འདྲ་ཡང་བྱུང་སྲིད་པ་རེད། དཔེར་ན་བོད་ལུགས་ལ་ཀླུ་ཡི་རི་མོ་འབྲི་དུས་མང་ཆེ་བ་རྒྱ་གར་བའི་ནཱ་གཱ་ཟེར་བའི་རི་མོ་མཇུག་མ་སྦྲུལ་ཅན་དེ་འདྲ་རྐྱང་རྐྱང་འབྲི་ཡི་འདུག། འོན་ཀྱང་ཀླུ་དང་ཀླུ་མཆོད་ཀྱི་སྐོར་ནི་བོད་ཡུལ་དུ་གནའ་སྔ་མོ་ནས་ཡོད་པའི་རིག་གཞུང་ཞིག་ཡིན་པ་ཡིན་དུས་དེའི་འདྲ་གཟུགས་སོགས་རྒྱ་གར་བ་དང་གཅིག་པ་བྱེད་དགོས་དོན་རྩ་བ་ཉིད་ནས་ཡོད་མ་རེད། ང་རང་ཚོའི་རིག་གཞུང་ཁུངས་ལྡན་བརླག་འགྲོ་དུས་འདི་འདྲ་བྱས་ནས་མེད་པ་ཆགས་འགྲོ་གི་ཡོད་པ་རེད། ད་འོ་ན་འདྲ་གཟུགས་དེ་ཚོ་ནི་རྒྱ་གར་བ་དང་གཅིག་པ་རེད་འདུག་དེ་འདྲ་ཡིན་དུས་བོད་ལ་སྔ་རབས་ནས་ཀླུ་མཆོད་དང་ཀླུ་ཆོག་ཡོད་མ་རེད་ཟེར་ནས་བཤད་ན་དེ་འགྲིག་གི་ཨ་ཡོད་ན། གནས་སྟངས་འདི་འདྲ་བ་མང་པོ་ཐོན་ཡོང་གི་ཡོད་དུས་ཚང་མས་སེམས་རྣལ་དུ་ཕབས་ནས་དགོངས་པ་བཞེས་དགོས་པ་རེད། དེ་བཞིན་གཏོ་དང་གཡང་སོགས་མིང་ག་འདྲ་ཞིག་ཡོད་པ་ཡིན་ན་ལས་རིག་གཞུང་འདིའི་རྒྱབ་ལྗོངས་བོད་ཡུལ་དུ་སྔ་རབས་ནས་ཡོད་པ་ཞིག་རེད་འདུག་དང་མི་འདུག་བརྟག་པ་བྱེད་དགོས་རྒྱུ་གལ་ཆེ། དེ་ཡང་དངོས་ཐོག་བདེན་ཚོལ་ལམ་ཚན་རིག་གི་ཐོག་ནས་ཞིབ་འཇུག་བྱོས་དང་བོད་མིའི་མེས་པོ་གོང་མ་རྣམས་ཀྱི་སེམས་ཀྱི་གཏད་སོ་གལ་ཆེན་ཞིག་པ་རིམ་པས་ར་འཕྲོད་ཡོང་། ད་དུང་ཀླུང་རྟ་གསོལ་གཏོད་བྱེད་སྟངས་དེ་ལ་བསམ་བློ་ཐོངས། ཀླུང་རྟ་འདི་ནི་བོད་རང་ལ་སྔ་རབས་ནས་ཡོད་པའི་རིག་གཞུང་ཞིག་ཡིན་པ་ཡོངས་གྲགས་རེད། འོན་ཀྱང་བན་དེ་ཚོས་ཀླུང་རྟའི་ཐོག་གི་སྤར་རིས་དང་སྔགས་ཡིག་མང་ཆེ་བ་རྒྱ་གར་གྱི་ལྷ་དང་སྔགས་དེ་འདྲ་རྐྱང་རྐྱང་བྲིས་ནས་གསོལ་མཆོད་བྱེད་ཀྱི་ཡོད་པ་རེད། འདིས་གང་མཚོན་གྱི་འདུག་གམ། ཀླུང་རྟ་གསོལ་གཏོད་བྱེད་པ་དེ་ནི་བོད་ཀྱི་རིག་གཞུང་དང་དེའི་སྒང་ལ་བྲིས་པའི་ལྷ་སྔགས་དེ་ཚོ་ནི་རྒྱ་གར་གྱི་ཡིན་པ་ཡིན་དུས་ད་ཀླུང་རྟའི་རིག་གཞུང་འདི་ཡང་རྒྱ་གར་གྱི་རེད་ཟེར་ནས་ལབ་དགོས་པ་ཡོང་སྲིདཔ་རེད་ད། འདི་འདྲ་བྱས་ནས་འུ་ཚོའི་རིག་གཞུང་ཁུངས་མ་མང་པོ་ཞིག་སྣང་མེད་ངང་གཞན་གྱི་ཡིན་པ་འདྲ་པོ་ཆགས་འགྲོ་བ་ཁྱེད་ཚོ་ལ་ཚོར་སྣང་ཡོང་གི་མི་འདུག་གམ། །
མེ་ཏོག་དཀར་པོ་ལགས།
ཁྱེད་ཀྱིས་ལོ་ ༥༠༠ སྔོན་དུ་བརྩམས་པའི་་བོན་གྱི་ཚད་མ། དབུ་མ། འདུལ་བ་བཅས་ཀྱི་དཔེ་ཆ་ཞིག་གི་མིང་སྨོས་རོགས། དེར་ལྟ་ཞིབ་ཅིག་བྱ་དགོས་ཡོད། གསུངས་པ་ལ་དུས་རབས་༡༢་པའི་ནང་བྲིས་པའི་ཚད་མའི་སྐོར་ཞིག་འདིར་འདུག།
http://old.himalayabon.com/article/research/discuss/20130302951.html
ངས་ཁྱེད་ལ་འདྲི་འདོད་པ་ནི་་་་སྟོན་པ་བཅོམ་ལྡན་འདས་ཀྱིས་ཕྱག་བྲིས་དཔེ་ཆ་དངོས་གནས་ཅིག་ཁྱེད་ལ་སྟོན་རྒྱུ་ཡོད་དམ། མེད་ན་མེད་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
མཆན། ༩༢༽འོད་གསལ་ལགས། ཁྱོད་ཀྱི་ངས་སྐད་ཆ་གཏན་ནས་གོ་མེད་པར་སྣང་། གཅིག་ངའི་རྒྱ་ནག་གི་མ་རེད་ཅེས་ཐག་བཅད་པ་མེད། འོན་ཀྱང་རྒྱ་ནག་གི་ཡིན་ན་སྤར་ཁ་ཞེས་པ་དེ་རྒྱ་ནག་སྐད་དུ་རྒྱ་སྐད་དུ་འབྲི་དགོས་པ་ལས་སྒྲ་བསྒྱུར་བྱེད་དོན་མེད། རྒྱ་ནག་གི་ཡི་གེ་འབྲི་ཀློག་བྱེད་པ་དེ་ཡིན་ན་གཟུགས་སྒྲ་དོན་གསུམ་གང་རུང་ཡིན་དགོས། སྤར་ཁ་ལ་དེའི་བཤད་པ་མེད། ཁྱོད་ཀྱིས་ཐུའུ་བཀྭན་གྱིས་གྲུབ་མཐའ་ལས་སྒྲུབ་བྱེད་གཞན་མི་དགོས་ཟེར། ཐུའུ་བཀྭན་རང་ཉིད་ཀྱིས་རྒྱ་ཡིག་མི་ཤེས་པ་ཁས་ལེན་གནང་འདུག གྲུབ་མཐར༎༼༡༩༨༥་ཀནསུའུ་ལྕགས་པར། ཤོག་ངོས་༤༡༥༽བདག་གི་རྒྱའི་ཡི་གེ་མ་སྦྱངས་པས་གཙུག་ལག་ལྟ་བའི་མིག་དང་མི་ལྡན་པར་གཞན་གྱིས་བཀླགས་པ་ཉན་དགོས་པའི་དབང་གིས་ཤེའུ་དང་དོའུ་སིའི་བྱུང་བ་དང་འདོད་ཚུལ་ཕྱོགས་མཐོང་དེ་ཙམ་ལས་འབྲི་བར་མ་སྤོབས་སོ། །ཞེས་པར་གཟིགས་འཚལ། རྒྱ་ནག་ལ་རྒྱུས་ཡོད་མདོག་གི་བོད་སྟོན་ཕལ་ཆེར་གྱིས་སྤར་ཁའི་བཤད་པ་དང་། འཇམ་དབྱངས་གོང་མའི་བསྟོད་པའང་འདི་འདྲའི་གོ་ཚད་བདེན་པར་བཟུང་བའི་དབང་གིས་བྱུང་བས་སོ། །
རྒྱ་ནག་གི་རིག་གནས་ཀྱི་འབྱུང་ཁུངས་ནི་རྒྱ་གར་གྱི་ཚངས་པའི་གཏམ་རྒྱུད་དང་འདྲ༎ མི་བཟོ་མཁན་ཐོག་པ་ཉི་བ༼ཞི་བ་女媧༽ཟེར་ཞིག་ཡོད། དེ་སྟོད་མི་ལ་སྨད་སྦྲུལ་མཇུག་ཅན་རང་རེའི་ཀླུ་མོ་དུང་སྐྱོང་གི་གཟུགས་དང་ཁྱད་པར་གཏན་ནས་མེད། དེ་སྐབས་རེར་ཕོ་དང་སྐབས་རེར་མོ་ཡིན་པ་ལྟ་བུར་བཤད་ཡོད། དེའི་མིང་པོ་འམ་ཁྱོ་ཀ་ཧྥོ་ཡུའུ་ཟེར། དེའི་མིང་གི་རྣམ་གྲངས་ལ་གཙང་མའམ་དག་པའི་ལྷ་དང་།ཞིང་ལྷ་༼བིད་ཡ伏羲༽ཟེར། སྐུ་ལུས་ལ་ལོ་མ་གྱོན་པ་ཁྲོ་འཛུམ་སྨྲ་ར་རིང་པོ་ཅན་ཞིག་ཡིན། དེའང་སྐབས་རེར་སྨད་སྨྲུལ་མཇུག་ཅན་དང་། ཕྱག་མཚན་མདའ་གཞུ་འགེང་པའང་ཡོད། དེ་གཉིས་སྤར་ཁའི་སྲོལ་འབྱེད་ཡིན་པར་གྲགས་མོད། དེ་གཉིས་གང་ལས་བྱུང་རྒྱ་ནག་ཡི་གེར་སྙོག་དྲ་ཆེ། ཐང་རྒྱལ་རབས་སྐབས་སྤར་ཁ་ཏ་ཟིག་ནས་བྱུང་ཟེར་བ་དང་། རྒྱ་གར་ནས་བྱུང་ཟེར་བ་སོགས་བཤད་སྲོལ་སྣ་ཚོགས་དད་པ་། རྒྱ་ནག་གི་མཁས་དབང་ཁྲིན་ཏན་གྱི་གསུང་དུ་འདུག ད་སྐབས་སྤར་ཁའི་བཤད་པ་ལ་རྒྱ་ནག་ལས་ལྷག་མེད་པ་བདེན། དཔེར་ན་ཚད་མའི་རྩོད་པ་སོགས་ལ་བོད་ལྟ་བུ་མེད་ཀྱང་དེའི་འབྱུང་ཁུངས་ཕལ་ཆེར་རྒྱ་གར་ཡིན་པ་བཤད་སྲོལ་ཡོད་པ་བཞིན་ནོ། ། དང་པོ་མགོ་ཁུངས་གང་ཡིན་བཙལ་ན་རྒྱ་ནག་ལ་བདེན་པ་ཡོད་ཞིག་ད་བར་མ་མཐོང་། རྗེས་སུ་དཔྱད་པ་བྱེད་རྒྱུ་རེད།
འོད་གསལ་ལགས། ཡུའུ་ཅིང་ངམ། ཐུའུ་བཀྭན་གྲུབ་མཐར་ཡཱི་གྱིང་ཞེས་འབོད་པ་རྒྱ་ནག་སྐད་དུ། 《易經》ཟེར།
དེ་སྲོལ་འབྱེད་དང་དར་སྤེལ་བྱེད་པ་ལ་རྒྱ་ནག་ཏུ་གྲགས་ཆེ་བའི་སྐྱེས་བུ་བཞི་ཡོད། དེ་ལ་འཕགས་པ་རྣམ་བཞིའམ་སྐྱེ་བོ་དམ་པ་བཞི་ཟེར། དེ་བཞི་ནི།
༡་ཧྥོ་ཡུའུ伏羲 ༢བིན་བང་། 文王 ༣ཀྲུའུ་གུང་周公 ༤ཁུང་ཙི་孔子སྟེ་༔དད་བཞི་ལ་འཕགས་་པ་བཞི་ཟེར། 四位聖人དེ་བཞི་བོའི་བཤད་པ་འགྲེལ་བ་ཕལ་མོ་ཆེ་ཁོ་བོའི་མིག་ལམ་དུ་སོན་ཅིང་དཔྱད་པའང་ཅི་རིགས་བྱེད་ཁུལ། ཁུངས་དང་ལོ་རྒྱུས་ཀྱི་སྣེ་མོ་ནས་རིག་གཞུང་འདི་གང་ནས་བྱུང་བ་ཡིན་དཔྱད་པ་བྱེད་དགོས་པ་མང་བར་གོ་ནས་གོང་གི་མཆན་དེ་བཏབ་པ་ཡིན། རྒྱ་ནག་གི་ཡིན་མིན་ཐག་བཅད་པ་མེད། གཞན་ནས་བྱུང་ཡང་ཐལ་དྲགས་པ་མིན་པར་དགོངས་མཛོད། བདག་གི་རྨོངས་བློ་ལ་ནི་འཛམ་གླིང་གི་རིག་གཞུང་ཕལ་མོ་ཆེ་ཕན་ཚུལ་རྟེན་འབྱུང་གིས་བྱུང་བར་འདོད། གཞན་གདོད་ནས་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པའི་བདེན་དཔང་གསུང་རྒྱུ་ཡོད་ན་དགའ་བསུ་ཞུ། ཕྲན་གྱིས་གང་ཐོན་དུ་རྒྱུ་མཚན་མེད་པར་དུས་ཚོད་ཆུད་ཟོས་ཀྱི་མཆན་བཏབ་པ་ཅེར་མི་དྲན་པས་ཐུགས་ལ་མི་འགྲོ་བ་མཆིས་ཚེ་དགོངས་དག་ཞུ་བ་ལས་ཐབས་ཟད།
ཡང་གོང་གི་ཞིང་ལྷ། སྐུ་མདོག་དམར་པོ་གཡས་འབྲས་ཀྱི་སྙེ་མ་དང་གཡོན་ས་གནོན་བྱས་པ་ནི་འབྲི་རིགས་འདེབས་མཁན་རྣམས་ཀྱིས་མཆོད་པའི་སྐུ་བརྙན་ནོ། །
BONPO.ཉིད་ལ་སྤྲིད་པའི་གཏོ་ཕུག་གི་རྒྱུད་ཟེར་བའི་དཔེ་ཆ་བཞུགས་ཡོད་མེད་དང་། སྐབས་དེར་རྗེ་བོ་བྱེད་པ་ལ་རིགས་རུས་ཕན་སུམ་ཚོགས་པ་ཞིག་དགོས་པས། བོནཤེས་པ་ཅན་བཅུ་གཉིས་ཀྱིས་བཀུར་བའི་རྗེ་གཉའ་ཁྲི་བཙན་པོའི་འབྱུང་ཁུངས། བོན་ལུགས་འཐད་ལྡན་དུ་བཤད་སྲོལ་གང་རྩ་བར་འཛིན། ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ལོ་རྒྱུས་རྙིང་ཤོས་གང་ཡིན་བཅས་མདོར་བསྡུས་ཤིག་གསུངས་གྲོགས་ཞུ།
སྒོ་དམུ་རྒོད་ལགས།
སྐུ་ཉིད་ཀྱི་དྲི་བ་རྣམས་གོ་རྒྱུ་ཆེན་པོ་འདུག། འོན་ཀྱང་རྒྱས་སྤྲོས་དྲི་ལན་འབུལ་རྒྱུའི་དུས་ཚོད་མེད། གཏོ་ཕུག་གི་རྒྱུད་་་་ཟེར་བའི་དཔེ་ཆ་ཡོད་མེད་ངས་མི་ཤེས། སྤྱིར་བོན་པོ་ལ་གཏོ་བཅོས་ཀྱི་སྐོར་དཔེ་ཆ་ཧ་ལས་མང་པོ་འདུག། གཉའ་ཁྲི་བཙན་པོའི་འབྱུང་ཁུངས་སྐོར་ལ་ཤོད་ཚུལ་མི་འདྲ་བ་ཁ་ཤས་ཤིག་འདུག། འོན་ཀྱང་ལྷ་རི་གྱང་མཐོའི་སྒང་ལ་བབས་ནས་ཡུལ་ཡར་ཀླུང་དུ་ཕེབས་པ་དེ་གཅིག་མཚུངས་ཡིན་པར་སེམས། སྒམ་ལྷ་བོ་ལྷ་སྲས་གནམ་ནས་བབས། སོགས་ཡིག་རྙིང་མང་པོར་གསལ་ཡོད། སྔོན་མ་ལྷ་གསོལ་བ་དང་དཔོན་པོ་བསྐོ་བཞག་བྱེད་པ་དང་དམག་ལ་གྲབ་བྱེད་པ་སོགས་ཡུལ་ལྷའི་སྐུ་མདུན་དུ་རི་རྩེ་ཞིག་ལ་ཚང་མ་འཛོམས་ནས་དུས་སྟོན་བྱེད་སྲོལ་ཡོད་པ་འདྲ། གནས་ཚུལ་དེ་འདྲ་ཞིག་གི་འོག་ནས་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་གཙོས་པའི་མི་མང་པོས་རྗེ་གཉའ་ཁྲི་བཙན་པོ་བསྐོས་པ་ཡིན་སྲིད། ཞང་ཞུང་སྒོ་ཕུག་བར་གསུམ་གྱི་སྐོར་དེ་་་འབེམ་གཏམ་ལུང་སྙིང་་་ནང་གསལ་པོ་བྲིས་ཡོད་རེད་དེར་གཟིགས་པར་འཚལ། སྤྱིར་སྟངས་མི་ཚོས་དེང་སང་ཡིག་ཆ་རྙིང་ཤོས་ག་རེ་ཡིན་ནམ་ཟེར་ནས་འདྲི་གི་འདུག། དེ་གལ་ཆེན་པོ་རེད་དེ། འོན་ཀྱང་ཚན་རིག་དར་ནས་མི་ལོ་༣༠༠་ཡས་མས་ཤིག་མ་གཏོགས་འགྲོ་གི་མི་འདུག། ཚན་རིག་གསར་པ་འདི་ནི་ཚང་མས་ཆ་འཇོག་བྱེད་ས་ཞིག་ཇི་ལྟར་ཆགས་པ་ཡིན་ནམ། །
་་་་་་་ འོན་ཀྱང་ལྷ་རི་གྱང་མཐོའི་སྒང་ལ་བབས་ནས་ཡུལ་ཡར་ཀླུང་དུ་ཕེབས་པ་དེ་གཅིག་མཚུངས་ཡིན་པར་སེམས། སྒམ་ལྷ་བོ་ལྷ་སྲས་གནམ་ནས་བབས། སོགས་ཡིག་རྙིང་མང་པོར་གསལ་ཡོད། ་་་་་་ཟེར།
བོན་པོ་ལགས་ཀྱིས།
་་་་་ ཡུལ་ལྷའི་སྐུ་མདུན་དུ་རི་རྩེ་ཞིག་ལ་ཚང་མ་འཛོམས་ནས་དུས་སྟོན་བྱེད་སྲོལ་ཡོད་པ་འདྲ། གནས་ཚུལ་དེ་འདྲ་ཞིག་གི་འོག་ནས་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་གཙོས་པའི་མི་མང་པོས་རྗེ་གཉའ་ཁྲི་བཙན་པོ་བསྐོས་པ་ཡིན་སྲིད། ་་་་་་་་་ཟེར།
Bonpo.ལགས། ཐུགས་རྗེ་ཆེ། ཏུན་ཧོང་ཡིག་རྙིང་། ཉང་གི་ཆོས་འབྱུང་། རླངས་ཀྱི་གདུང་རབས་སོགས་ཡིག་རྙིང་ཁག་གི་བཤད་སྲོལ་མ་ཤེས་པ་མིན་ཀྱང་། རིགས་རུས་ལ་གཙོ་བོར་འཛིན་པའི་བོན་གྱི་གཞུང་དུ་རང་ལུགས་འཐད་ལྡན་བཞེད་ཚུལ་དྲིས་པ་ལགས། གཉའ་ཁྲི་ཆོས་ལུགས་བོན་དང་འབྲེལ་བ། ་རིགས་རུས་བཟང་པོ་ཁུངས་ལྡན་ཞིག་མིན་ན་བོན་ཤེས་པ་ཅན་བཅུ་གཉིས་སོགས་ཀྱི་རྗེ་རུ་བཀུར་མི་སྲིད་སྙམ། རྙིང་པ་ཚང་མ་བདེན་པ་མིན་ཀྱང་། གནའ་བོའི་དུས་མནའ་ལ་བརྩི་ཞིང་ལྷ་ལ་གུས་པས་ཐལ་ཆེ་བའི་གཞི་མེད་ཀྱི་གཏམ་བཤད་པ་ཉུང་སྙམ། གང་ལྟར་རྙིང་པ་གསར་བའི་ཕྱི་མོ་ཡིན་པས་དེ་རྩ་ཆེན་ཅིས་མི་བྱེད།