༼བོད་ཀྱི་དུས་བབ་དྲ་ཚིགས་ནས་འདྲེན་བཀོད་ཞུས།༽
དེ་་རིང་ཉིན་རྒྱབ་མདོ་སྨད་བླ་བྲང་ཟ་ཡུས་ནང་ནས་ཡིན་པའི་བོད་མི་ཞིག་གིས་བསང་ཆུ་རྫོང་དྲག་ཆས་ཉེན་རྟོག་ཁང་གི་སྒོ་འགྲམ་ནས་རང་ལུས་མེར་བསྲེགས་བཏང་འདུག
དེ་རིང་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༤ དང་ཕྱེད་ཀ་ཙམ་ལ།མདོ་སྨད་བླ་བྲང་ཟ་ཡུས་ནང་གི་རང་ལོ་ ༥༧ ཡིན་པའི་རྡོ་རྗེ་རིན་ཆེན་ལགས་ཀྱིས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དྲག་ཆས་ཉེན་རྟོག་ཁང་གི་སྒོ་འགྲམ་སྲང་ལམ་དུ་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་ཡོད་འདུག
འདི་གར་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། རྡོ་རྗེ་རིན་ཆེན་ལགས་ཀྱིས་བསང་ཆུ་རྫོང་འོད་ལྡན་ཚོང་རའི་ཉེ་འདབས་དྲག་ཆས་ཉེན་རྟོག་ཁང་གི་སྒོ་འགྲམ་སྲང་ལམ་དུ་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་འདུག ས་གནས་མི་མང་གིས་ཁོང་གི་སྐུ་ཕུང་ཕྱིར་སྡེ་བའི་ནང་གདན་འདྲེན་ཞུ་སྐབས་རྒྱ་གཞུང་ཉེན་རྟོག་བཙན་འཕྲོག་བྱ་རྩིས་བྱས་པར་བརྟེན། མི་མང་དང་ཉེན་རྟོག་པའི་བར་འཁྲུག་རྩོད་ཤོར་ཡོད་ཀྱང་། མཐའ་མར་རྒྱ་གཞུང་གི་ལག་ཏུ་ཤོར་མ་བཅུག་པར་ཕྱིར་སྡེ་བའི་ནང་སྐུ་ཕུང་གདན་འདྲེན་ཞུས་ཡོད་འདུག
གཞན་ཡང་། བླ་བྲང་དགོན་པའི་དགེ་འདུན་པ་རྣམས་དཔའ་བོ་ཁོང་མེར་བསྲེགས་གཏོང་ས་དེར་སྨོན་ལམ་གསུངས་ཏུ་བསྐྱོད་སྐབས། རྒྱ་གཞུང་ཉེན་རྟོག་པས་བླ་བྲང་དགོན་པ་ནས་བསང་རྫོང་ཐོག་ཏུ་བསྐྱོད་སའི་ལམ་བར་གྱི་ཟམ་ཁ་ནས་བཀག་འགོག་བྱས་ཏཔར་བརྟེན། དགེ་འདུན་པ་རྣམས་ནས་ཟ་ཁ་དེ་ནས་སྨོན་ལམ་གསུངས་རྗེས་ཕྱིར་ལོག་ཡོད་འདུག
ད་ལྟའི་ཆར་ས་གནས་བོད་མི་མང་པོ་ཞིག་ཟ་ཡུས་སྡེ་བའི་ཕྱོགས་སུ་བསྐྱོད་བཞིན་ཡོད་ཅིང་། རྒྱ་གཞུང་གིས་ཉེན་རྟོག་དམག་མི་འགྲེམས་འཇོག་གིས་སྲང་ལམ་ཁག་ཏུ་བཀག་སྡོམ་ནན་མོ་བྱེད་བཞིན་པ་མ་ཟད། ཁ་པར་དང་དྲ་རྒྱའི་བརྒྱུད་ལམ་ཆ་ཚང་བཀག་འགོག་བྱས་ཡོད་འདུག
ད་ཡིན་དཀོན་མཆོག་མཁྱེན། ཉིན་རེ་མི་རེ་སྲེག་་་་་་་་་
ཨོྃ། བོད་ཀྱི་ལས་དབང་།
མ། བོད་ཀྱི་སྡུག་བསྔལ།
ཎི། བོད་ཀྱི་མི་རིགས།
པད། བོད་ཀྱི་བདེན་དོན།
མེ། བོད་ཀྱི་ཚེ་སྲོག
ཧུྃ། བོད་ཀྱི་དཔའ་བོ།
མ་ཎི་ཡིག་དྲུག
འགྲོ་བ་རིགས་དྲུག
བོད་མི་ས་ཡ་དྲུག
བོད་ཀྱི་མིའུ་གདུང་དྲུག
དཀོན་མཆོག་མཁྱེན།
རྒྱལ་གཅེས་དཔའ་བོ་ཁྱེད་ཅག་ནམ་ཡང་བོད་མིའི་སྙིང་ཁོང་གི་ལོ་རྒྱུས་གསོན་པོ་སྟེ། དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་ཐོབ་པར་ཤོག
མེ་ལྕེ་གཅིག
མེ་ལྕེ་གཉིས།
མེ་ལྕེ་གསུམ།
བར་མེད་དུ་འབར་བཞིན་འདུག
བར་མེད་དུ་མཆེད་བཞིན་འདུག
ང་ཚོས་མྱ་ངན་ཞུ་འོས།
ང་ཚོས་རྗེས་དྲན་བྱེད་དགོས།
ང་ཚོས་སྣང་མེད་དང་འཐུས་ཤོར་གཏན་ནས་བྱེད་མི་ཉན།
སེམས་སྐྱོ་བཞིན་སྨོན་ཚིག་རེ་འདོན་རྒྱུ་ལས་བྱ་ཐབས་ཅང་མི་འདུག
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
བསྐལ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་དེའི་ཐུགས་རྗེས་སྐྱོབས་པར་ཤོག །
ཨ་ཨ་་་་་་་ད་ཚར་སོང་དཀོན་མཆོག་མཁྱེན་་་་་་་་་
ཨོ་མ་ནི་པ་མེ་ཧུཾ
ཁ་བའི་ཕ་ས་ཁ་བར་མ་དབང་ན་།
ཁ་བ་བོད་པ་འབར་ནས་རྫོགས་རྒྱུ་རེད་།
ཁ་སང་དེ་རིང་གཅིག་རྗེས་གཉིས་མཐུད་རེད་།
ཁ་ཙམ་མིན་པར་དོན་གྱི་དཔའ་བོར་གུས་།
མེ་བསྲེགས་གོ་ཐེངས་རེར་་་་་རྨས་ཟིན་པའི་ངའི་སྙིང་ཁར་་་་་་སླར་ཡང་ན་ཟུག་ལང་གི་་་་་ཨོ་མ་ནི་པ་མེ་ཧུཾ།
གྲོགས་འདྲེ་རྒན་བདེན་ང་ལ་ཡང་དེ་འདྲའི་ཚོར་་བ་ཞིག་ཡོད་།