ཁྲོ་གཏུམ།
ཤོག་བུའི་གསེབ་ནས་དལ་བུར་ཡིག་འབྲུ་ཁ་ཤས་བཤའ
ནང་དོན་གྱི་ནང་ཇོ་ལྡུག་པའི་ལས་ཀར་གཡེང་དུས
སེམས་པའི་གོམ་འགྲོས་ཀྱིས་ཤོག་བུ་ནི་དཀར་པོ་ཡིན་པ་འཚོལ
ལྷག་བསམ་གྱི་བྲང་མགོ་ཟ་ཞོར
བློ་ཁ་བཀེང་བའི་གནས་དེར་ངལ་གསོས་ཡོད
ནམ་རྒྱུན་གྱི་ཡིག་འབྲུ་དེར་ཧེད་པའི་བར་ལོག་གི་བསྟི་གནས་སུ
བསམ་བློའི་བར་སྟོང་ལ་སེར་བུ་ཤོར་སྟེ
འཆམ་རིམ་གང་ཞིག་གི་གཉན་ཚད་ཀྱིས་རང་ཉིད་བོར་དགོས
གནས་ལུག་འཚོལ་ཞོར་རྐང་རྡུབ་ལག་རྡུབ་ཤོར
གནས་ལུག་ནི་བློ་གྲོས་ཀྱི་ཁམས་སུ་བཙལ་ན
ཤོག་བུའི་ངོས་སུ་ཡིག་འབྲུ་ག་ཚོད་ཡོད་པ་དེའི་སྙིང་བོ་སེམས་པས་རོལ་དགོས་སམ
ཡང་ན་དཔྱད་དགོས
དེ་ལྟར་སེམས་ངོས་སུ་མང་པོ་མང་པོ་འབྲི
ཕྱི་ལོ་༢༠༡༩ཟླ་༤ཚེས་༡༥ཉིན།