ནོར་འཁྲུལ་ཚབས་ཆེན་གཉིས།
ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བདེ་བླག་གིས་མཇུག་སྒྲིལ་མ་ཐུབ་པ་དང་། ལས་གཞི་འགའ་རེ་ཅམ་འཇོག་བྱེད་དགོས་བྱུང་བ། འབྱུར་འགྱུར་ངེས་པར་དགོས་པའི་སྒྲིག་གཞི་དང་སྒྲིག་གཞིར་གསལ་ཁ་བཏོད་དགོས་པ་དེ་འདྲའི་ཐོག་གྲོས་ཆོད་འཇོག་མ་ཐུབ་པའི་གནས་ཚུལ་འདི་དག་སེམས་ལ་ཤར་ཐེངས་རེར་མར་ཉལ་ན་གཉིད་མི་ཁུག་ཅིང་ཡར་ལངས་ན་སེམས་མི་སྐྱིད་པ་ཞིག་རེད། དེ་བས་འདིར་བར་སེང་གི་གོ་སྐབས་ཕྲན་བུ་བཟུང་ནས་བྱས་ཉེས་ཀྱི་ཕུང་རྒན་སུ་ལ་ཐུག་མིན་སྐོར་ཅུང་ཟད་གླེང་བར་བྱ་བ་ནི་རང་སེམས་རང་གིས་གསོ་ཐབས་ཙམ་ཡིན།
རང་ཉིད་ལ་དུས་ཚོད་ཡོད་མེད་ལ་མ་ལྟོས་པར་གྲོས་ཚོགས་ཀྱི་གནས་ཚུལ་གང་ཐུབ་ཀྱིས་རྒྱུས་ལོན་བྱས་པ་ལྟར་ན། གྲོས་ཚོགས་ནང་སྔ་ཕྱིར་ནོར་འཁྲུལ་ཚབས་ཆེན་གཉིས་བྱས་ཡོད་པ་ངོ་འཕྲོད་ཀྱི་འདུག
གཅིག སྤྱི་འཐུས་རྒྱུན་ལས་ཀྱི་ནོར་འཁྲུལ་ཏེ། ལམ་ལུགས་སྲོལ་དང་སྒྲིག་གཞི་སྣང་མེད་ལ་བཞག་ནས་ཕྱི་རྒྱལ་དུ་སྡོད་པའི་སྤྱི་འཐུས་སྒེར་བ་ཞིག་གི་ལམ་གྲོན་སྤྱི་འཐུས་རྒྱུན་ལས་ནས་བཏང་བ་དེ་རེད།
གཉིས། ཁྲིམས་བཟོ་ལྷན་ཚོགས་ཀྱི་ལས་འགན་ནི་ཁྲིམས་སྒྲིགས་གསར་བཟོ་དང་ཁྲིམས་སྒྲིགས་ལ་བཟོ་བཅོས། ཁྲིམས་སྒྲིགས་གསལ་ཁ་མེད་ན་དེར་གསལ་ཁ་བཏོད་དགོས་པ་དེ་ཡིན་ཡང་སྤྱི་འཐུས་འགའ་ཤས་ཤིག་དེ་ལས་ལྡོག་ཏེ་ཚོགས་ཁང་ནས་ཕྱི་ལ་ཐོན་ཏེ་དགོས་ཕན་ལྡན་པའི་གྲོད་ཆོད་འཇོག་པར་བར་ཆད་བཟོས་པ་དེ་རེད།
ང་ཚོས་ད་བར་གྲོས་ཚོགས་ཀྱི་ཕྱི་ཚུལ་ཙམ་གླེང་སྡོད་པ་ལས་ནང་ལོགས་སུ་ཟབ་ཞུགས་ཞེ་དྲག་བྱེད་ཐུབ་ཀྱི་མི་འདུག འགའ་རེས་དེའི་སྐོར་གླེང་ནའང་ཕྱོགས་གང་ལའང་ཕོག་ཐུག་གཏོང་མ་དགོས་པ་གཙོ་བོར་བཟུང་ནས་བར་མ་ལྡིང་དུ་གང་འཇམ་འཇམ་རེ་བཤད་ནས་ནོར་འཁྲུལ་ངོ་མ་དང་ནོར་འཁྲུལ་སྒྲུབ་མཁན་གསལ་འདོན་བྱས་མི་འདུག་པས་གླེན་པ་ང་རང་གདོང་དུ་ལངས་ནས་ཕུགས་ལ་ཉལ་བའི་ཕུང་རྒན་དེ་ཚོ་མཇུབ་མོ་རུ་སྟོན་བྱས་ནས་ཞེ་དུག་ཅན་གྱི་སྦྲུལ་རྒན་རེ་རེ་བྱས་ནས་ཁུང་ནས་འདོན་པར་འདོད།
ཕུང་རྒན་དེ་ཚོ་སུ་སུ་ཡིན་མིན་གསལ་པོ་ཞེ་དྲག་རེད། སྤྱི་འཐུས་རྒྱུན་ལས་ཀྱི་ནང་དུའང་ཡོད་མཁན། ཚོགས་ཁང་ནས་བསམ་ངན་བཅངས་ཏེ་ཕྱི་ལ་ཐོན་མཁན་གྱི་ནང་དུའང་ཡོད་མཁན། མདོར་དེད་ན། ངས་གོང་དུ་ནོར་འཁྲུལ་ཚབས་ཆེན་གཉིས་དྲངས་པ་དེ་གཉིས་ཆར་འབྲེལ་བ་ཡོད་པའི་གཤམ་གསལ་གྱི་སྤྱི་འཐུས་རྒྱུན་ལས་འདི་ཚོ་རེད། དེ་དག་ནི།
༡ དུག་སྦྲུལ་ཀརྨ་ཆོས་འཕེལ།
༢ དུག་ཅན་འཇུ་ཆེན་དཀོན་མཆོག
༣ ལྕེ་གཉིས་སྨོན་ལམ་མཐར་ཕྱིན།
༤ ལྟོ་འགྲོ་བེར་འཇིགས་མེད་དབང་རྒྱལ།
ད་རུང་གཞན་ ༥ བསོན་ནམས་བསྟན་འཕེལ། ༦ བསོད་ནམས་དགྲ་འདུལ། ༧ ཚེ་རིང་པོ་ཟེར་བའི་སྦྲུལ་ཕྲུག་གསུམ་ཡང་འདུག
ཇུས་གཞི་ངན་པ་བཏིང་བ།
སྤྱི་འཐུས་ལྷན་ཚོགས་ནི་ཁྲིམས་བཟོ་ལྷན་ཚོགས་ཡིན་པས་སྤྱི་འཐུས་སུ་ཞིག་ནས་ཁོ་ཚོ་རང་ཉིད་ཀྱིས་བཟོས་པའི་ཁྲིམས་སྒྲིག་གཞི་དེ་ཚོ་སེམས་ནང་གསལ་ཐིང་ཐིང་ཡོད་པ་ནི་ང་ཚོར་ཐེ་ཚོམ་མེད་པ་ཞིག་རེད། རྒྱ་བོད་འབྲུག་གསུམ་གྱི་སྤྱི་འཐུས་སུ་ཞིག་ཕྱི་རྒྱལ་དུ་ཡོད་ན་དེའི་འགྲོ་གྲོན་སྤྱི་འཐུས་ནས་གཏོང་རྒྱུ་མེད་པ་དེ། སྔོན་སྤྱི་འཐུས་ནས་ལམ་གྲོན་གྱི་དཀའ་ངལ་ལས་འཕྲོས་ཏེ་བགྲོ་གླེང་བྱས་འབྲས་སུ་བྱང་ཨ་རི་དང་ཡོ་རོབ་ནས་རང་ཁོངས་ཀྱི་སྤྱི་འཐུས་འདེམས་རྒྱུ་བྱས་པ་འདིས་ཀྱང་གསལ་བཤད་བྱེད་ཐུབ་པ་ཞིག་རེད། དེ་མིན་དེ་སྔོན་ནས་སྤྱི་འཐུས་གཞན་གཉིས་ལ་ལམ་གྲོན་བཏང་མེད་པ་འདིའང་ཆོལ་གསུམ་གྱི་དཀྲུག་ཐུར་ཁྱེད་ཚོས་མ་ཤེས་པ་ཅི་ལ་ཡིན། སྤྱིར་བཏང་སྒྲིག་གཞི་འདི་གསལ་པོ་ཞེ་དྲག་རེད། ད་རུང་འདིའི་ཚིག་ཟིན་ལ་གསལ་ཁ་བཏོད་དགོས་ས་འདུག་ཅེས་སྔོན་མ་སྤྱི་འཐུས་དེ་འདྲས་བཤད་པའི་སྐབས་ཀརྨ་ཆོས་འཕེལ་དང་སྨོན་ལམ་མཐར་ཕྱིན་གཉིས་ནས་གསལ་བཤད་རིང་པོ་ཞིག་བརྒྱབས་འདུག་ག དེས་ན་ད་ཐེངས་ཀྱི་ལམ་གྲོན་གྱི་སྐོར་དེ་བསམ་བཞིན་དུ་ལམ་ལུགས་སྲོལ་དང་སྒྲིགས་གཞི་ལ་འགལ་བ་བྱས་པའི་བྱས་ཉེས་ཤིག་རེད་ལ་འགལ་བ་དེའང་ཚིག་ཟིན་གསལ་པོ་མེད་པའི་སྒྲིག་གཞི་ཞིག་གོ་སྐབས་སུ་བཟུང་ནས་གྲོས་ཚོགས་ལ་གཏོར་བརླག་བྱས་པ་འདི་གཡོ་སྒྱུ་ཅན་གྱི་ཝ་མོ་ནང་བཞིན་གྱི་སྲིད་དོན་པ་ནག་པོ་འདི་ཚོས་དང་པོ་ནས་བཏིང་བའི་འཆར་གཞི་ཡིན་པ་གསལ་པོ་རེད། རྒྱ་མིའི་སོ་བ་ཞིག་ཡིན་ནའང་འདི་ལས་ལྷག་པའི་ལས་ཀ་ཞིག་ཇི་ལྟར་བྱེད་ཐུབ། རྒྱ་མིས་བོད་ནང་ལ་དམར་གསོད་བྱས་ནས་བོད་གཞིས་བྱེས་གཉིས་ཀྱི་མི་མང་སེམས་པ་མ་སྐྱིད་པར་བསྡད་ཡོད་པའི་སྐབས་དེ་འདྲའི་ཐབས་སྡུག་གི་ལས་ཀ་བྱས་པ་ནི་བསམ་བཞིན་བོད་མི་མང་གི་སེམས་ལ་ཕོག་ཐུག་བཏང་བ་དང་བོད་མི་མང་ལ་སྙིང་ཚིམ་བྱས་པ་ཞིག་ཀྱང་རེད།
གཡོལ་ཐབས་མེད་པའི་གྲོས་འཆར།
ནམ་རྒྱུན་ནས་ཁྲིམས་སྒྲིག་གཞི་དང་ལམ་ལུགས་སྲོལ་ལ་འགལ་བའི་དོན་དག་ཚང་མ་སྤྱི་འཐུས་ནང་བགྲོ་གླེང་བྱེད་གི་ཡོད་པ་ལྟར། ཕུང་རྒན་ཁོ་ཚོའི་སྒྲིག་འགལ་གྱི་བྱ་བ་དེའང་ད་ཐེངས་གྲོས་ཚོགས་ནང་གླེང་སློང་བྱེད་རྒྱུ་ཡིན་པ་དེ་ཁོ་པ་ཚོས་སྔོན་ཚུད་ནས་ཤེས་ཀྱི་ཡོད་པ་རེད་ལ་དེ་ནི་ཁོ་ཚོས་བྱུས་ངན་བཏིང་བའི་དགོས་དམིགས་དང་ད་བར་སྒུག་བསྡད་པའི་གོ་སྐབས་ཀྱང་ཡིན་པ་འདྲ་བོ་འདུག
ནོར་འཁྲུལ་བྱས་ཟིན་པ་ནི་བྱས་ཟིན་པ་རེད་དེ་མ་འོང་བར་དེ་འདྲ་སྐྱར་ཟློས་སུ་མ་ཡོང་བའི་ཆེད་གྲོས་ཆོད་ཅིག་འཇོག་དགོས་པ་ནི་་ལྡོག་ཏུ་མེད་པ་ཞིག་རེད། དེ་བས་སྤྱི་འཐུས་སྒྲོལ་མ་མཚོ་མོས་བཏོན་པའི་གྲོས་འཆར་དེ་ནི་འབྱུང་འགྱུར་གྱི་ཕྱག་ལས་གནང་སྟངས་ལ་དམིགས་པའི་གྲོས་འཆར་གལ་ཆེན་པོ་ངེས་པར་འཇོག་དགོས་པ་ཞིག་རེད། ཡིན་ན་ཡང་། དེ་ནི་དེ་འདྲའི་ལས་སླ་པོ་ཞིག་ཀྱང་མིན་པར་ཞེ་ཕུགས་ངན་ཞིང་ལྐོག་བྱུས་འདིང་མཁན་གྱི་མི་ངན་དེ་ཚོས་ཁ་གཏད་གཅོག་རྒྱུ་ཡིན་པ་ནི་མ་བལྟས་ལེབ་མཐོང་ཡིན་པས་ཆོལ་གསུམ་སྤྱི་འཐུས་གཞན་༡༤ ཡིས་ས་རྟགས་བརྒྱབས་ནས་རྒྱབ་སྐྱོར་བྱས་པ་དེ་ནི་གནས་ལུགས་དང་མཐུན་པ་ཞིག་རེད། དངོས་སུ་ན་གྲོས་ཚོགས་ནང་མ་སླེབས་སྔོན་ས་རྟགས་བརྒྱབས་པ་ནི་གྲོས་འཆར་དེ་ལ་རྒྱབ་སྐྱོར་མིན་པར་ཁོ་ཚོ་གྲོས་འཆར་འདོན་མཁན་ཆགས་པ་རེད། མདོར་ན། གྲོས་འཆར་གཅིག་འདོན་མཁན་མི་བཅོ་ལྔ་ཆགས་པ་རེད། སྒྲོལ་མ་མཚོ་མོ་གྲོས་འཆར་ཀློག་མཁན་ཙམ་མ་གཏོགས་མ་རེད་ཅེས་བརྗོད་མ་ཆོག་པ་མི་འདུག གྲོས་འཆར་གཅིག་འདོན་མཁན་མི་བཅོ་ལྔ་ཆགས་པ་དེའི་ཐོག་ནས་གྲོས་འཆར་འདིའི་གལ་ཆེའི་རང་བཞིན་ང་ཚོས་ཤེས་ཐུབ་པ་མ་ཟད་སྒྲིག་འགལ་བྱེད་མཁན་གྱི་རྒྱུན་ལས་ངན་པ་ཁྱུ་གཅིག་གྲོས་འཆར་འདིའི་ཁ་གཏད་དུ་ལངས་ཡོད་པ་དེའང་མཐོང་ཐུབ། ཁ་གཡར་ས་ཞིག་བཙལ་ནས་ཁྲིམས་དང་སྒྲིག་གཞིར་སྣང་མེད་གཏོང་མཁན་གྱི་ཁྱི་སྤྱང་ངན་འབྲེལ་གྱི་དཔུང་ཚོགས་འདི་ཚོས་རང་སྐྱོན་འགེབས་ཐབས་ལྷུར་བླངས་ན། འབྱུང་འགྱུར་དོན་ཕན་ལྡན་པའི་སྒྲིག་གཞི་བཟོ་བའི་ཆེད་དཔུང་བསྒྲིགས་ནས་ངན་པ་ལ་ཁ་གཏད་བཅག་པ་ནི་འོས་ཤིང་འཚམས་པ་ཞིག་རེད། གྲོས་འཆར་དེ་འདྲ་ད་རེས་འཇོག་མ་ཐུབ་ཀྱང་རྗེས་མ་ངེས་པར་དུ་འཇོག་དགོས་པ་དེ་འདྲ་རེད།
ཁྭ་ཏས་མི་གཙང་ཟོས་པའི་མཆུ། ས་གཙང་གཞན་ལ་འབད་ནས་འབྱིད།
དང་པོར་ཁྱི་སྤྱང་ངན་འབྲེལ་གྱིས་ཤེས་བཞིན་སྒྲིག་འགལ་གྱི་བྱ་བ་བྱས། དེ་ནས་མང་མོས་ཐག་གཅོད་ཀྱི་ལམ་ཁ་ཡངས་པོ་དེར་བརྩི་མེད་ཀྱིས་ཚོགས་ཁང་ནས་ཐོན་ཕྱིན་ཏེ་ཐེངས་འདིའི་གྲོས་ཚོགས་ལ་བར་ཆད་བཟོས་པའི་ཉེས་བྱས་རི་འདྲ་བ་དག་འགེབས་སྲུང་གིས་ཁ་གཡར་ས་གཞན་ཞིག་བཙལ་ཏེ་ནོར་འཁྲུལ་གཞན་ལ་དཀྲི་བ་འདི་འདྲ་གོ་ན་གློ་མཆིན་པའི་གཏིང་ལ་ན་ཟུག་སྐྱེ་གི་འདུག
༡ སྒྲིག་གཞི་གསལ་ཁ་མི་འདུག སྐྱག་པ་སྐམ་པོའི་སྒྲིག་གཞི་གསལ་ཁ་མི་འདུག ཁ་གཡར་ས་རང་རེད། ད་བར་དུ་ལག་ལེན་བསྟར་ཡོང་བའི་སྒྲིག་གཞི་དེས་ཁྱེད་ལ་ཅི་ཞིག་གསལ་བཤད་བྱེད། ཚིག་ཟིན་གསལ་མི་གསལ་ཐོག་སྔོན་མ་ནས་ཀརྨ་ཆོས་འཕེལ་དང་སྨོན་ལམ་མཐར་ཕྱིན་གཉིས་ནས་གསལ་བཤད་ཇི་ལྟར་བྱས་པ་དེ་བདེན་དཔང་གསོན་པོ་ཞིག་མ་རེད་དམ།
༢ སྤྱི་འཐུས་སྒེར་ཞིག་ལ་འབྲེལ་འདུག་ཟེར། འདི་ཡང་ཁ་གཡར་ས་རེད། དོན་དག་སྤྱི་འཐུས་སྒེར་ཞིག་དང་འབྲེལ་ནས་བྱུང་ནའང་བྱུང་བ་དེ་བྱུང་ཚར་བ་རེད། གྲོས་འཆར་དེ་གཙོ་བོ་འབྱུང་འགྱུར་དེ་འདྲ་མ་འོངས་པ་དང་འགོག་པའི་ཆེད་ཡིན་པས་སྤྱི་འཐུས་སྒེར་ཞིག་ལ་འབྲེལ་བ་ཇི་ལྟར་ཡོད་པ་རེད།
༣ སྤྱི་འཐུས་ ༡༤ ཡིས་གྲོས་ཚོགས་ནང་མ་སླེབས་སྔོན་ནས་རྒྱབ་སྐྱོར་ས་རྟགས་རྒྱབ་པ་སྒྲིག་སྲོལ་དང་མཐུན་མིན་གྱིས་རྒྱབ་སྐྱོར་བྱེད་ས་འགྲོ་གི་མི་འདུག་ཟེར། སྤྱི་འཐུས་མང་པོ་ཞིག་ནས་རྒྱབ་སྐྱོར་གྱིས་ས་རྟགས་རྒྱབ་པ་དེས་གྲོས་འཆར་གྱི་གལ་ཆེའི་རང་བཞིན་སྟོན་གི་ཡོད་པས་ལྷག་ཏུའང་རྒྱབ་སྐྱོར་བྱ་འོས་པ་ཞིག་རེད། འདི་ཚོ་ཚང་མ་ཁ་གཡར་ས་རེད། འདི་ཚོ་རྩམ་པ་རང་གིས་ཟོས་ནས་རྩམ་ཁུག་གཞན་མགོར་གཡོགས་པ་ཞིག་རེད།
ཚོགས་ཁང་ནས་ཕྱི་ལ་ཐོན་དགོས་པའི་དམིགས་ཡུལ་ངོ་མ།
ཁྱི་སྤྱང་ངན་པ་དེ་ཚོ་ཚོགས་ཁང་ནས་ཕྱི་ལ་ཐོན་དགོས་པའི་དམིགས་ཡུལ་ངོ་མ་དེ་འབྱུང་འགྱུར་ལ་ཕན་པའི་གྲོས་ཆོད་གསར་པ་དེ་འཇོག་མ་ཐུབ་པའི་ཆེད་རེད། གྲོས་ཆེད་དེ་བཞག་པ་ཡིན་ན། གྲོས་ཚོགས་ནང་རྒྱུན་ལས་ནོར་བ་རེད་ཅེས་དང་། དེ་འདྲ་ཡིན་ན་སྤྱི་འཐུས་རྒྱུན་ལས་ཚང་མས་དགོངས་པ་ཞུ་དགོས་པ་རེད་ཅེས་གླེང་སློང་རིམ་པར་བྱུང་བ་དེ་ལ་འབྲེལ་བ་ཡོད་པ་རེད། ། བོད་ཀྱི་བང་ཆེན་གྱིས་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ཟེར་བའི་མགོ་གཉིས་པ་དེར་བཅར་འདྲི་བྱས་པའི་ནང་། ཚིག་དྲིས་ན་མི་ཡོང་ཞོར་དུ་ཡོང་ཟེར་བ་ལྟར། ཁ་སངས་པོ་བྱས་བཤད་པ་ཡིན་ན་ནོར་འཁྲུལ་ལ་ངོས་ལེན་བྱེད་པའི་བློ་ཁོག་མེད་པ་དང་རྒྱུན་ལས་ཀྱི་རྐུབ་སྟེགས་མ་ཤོར་བའི་ཆེད་ཡིན་པ་གསལ་བོ་ཞེ་དྲག་རེད་འདུག་ག དོན་དངོས་སུ་ན། ནོར་འཁྲུལ་ཞིག་བྱས་པ་ཙམ་གྱིས་རྒྱུན་ལས་ཚང་མས་དགོངས་པ་ཞུ་དགོས་པ་ཞིག་ཡིན་མིན་མི་ཤེས་ཀྱང་། ནོར་བ་ལ་ནོར་བར་ཤེས་ནས་གསལ་བསྒྲགས་བསྐྱང་དགོས་པ་དེ་གལ་ཆེན་པོ་རེད།
དོན་དངོས་སུ། གྲོས་འཆར་འདི་དེ་འདྲའི་རྙོག་དྲ་ཚ་བ་ཞིག་མ་རེད། གྲོས་ཆོད་འདི་འཇོག་ཐུབ་ཡོད་ན་ཕན་ཐོགས་ས་དེ་མ་འོངས་པ་ལ་རེད། སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལའང་ཐེངས་གཅིག་གི་ལམ་གྲོན་རིན་མེད་རེག་པ་དེ་ཁོ་རང་གི་ཁེ་བཟང་རེད། སྤྱི་འཐུས་རྒྱུན་ལས་ཀྱིས་ཀྱང་ནོར་བ་ངོས་ལེན་གྱིས་གསལ་བསྒྲགས་བྱས་ཡོད་ན་ཁོང་ཚོ་ལའང་བོད་མི་མང་ནང་ནས་མཐོང་ཞིག་སླེབས་གི་རེད། རྒྱུན་ལས་ནས་དགོངས་པ་ཞུ་དགོས་པའི་དོན་དག་དེ་འདྲ་མ་རེད།
ད་རྙོག་དྲ་ཁོ་ཚོས་བཟོས་ཚར་བ་རེད། རྙོག་དྲ་བཟོ་སྟངས་འདི་ཚོ་རེ་རེ་བྱས་བལྟས་ཡོང་ན་སྤྱི་འཐུས་རྒྱུན་ལས་ཕར་ཞོག སྤྱི་འཐུས་དཀྱུས་མ་ཞིག་གི་གོ་ཡང་ཆོད་ཀྱི་མི་འདུག་པས་ཁྱེད་ཚོས་སྤྱི་འཐུས་ནས་དགོངས་པ་ཞུ་རོགས་ཞེས་ཞུ་གི་ཡིན། རང་སྐྱོན་ངོས་ལེན་བྱེད་མི་ཐུབ་པའི་ཁོག་རྒྱ་དོག་མོ། ཆོལ་ཁའི་ཕྱོགས་ཞེན་ཆེན་པོ། རང་དོན་ལ་ཐུག་ན་སྤྱི་ཚོགས་ནང་གཏོར་བརླག་བྱེད་པའི་བཀྲ་ལག་སྣ་ཀུན་ནས་འཛོམས་བསྡད་ཡོད་པའི་དགྲ་དགའ་གཉེན་སྡུག་འདི་ཚོ་སྐེ་སྒོ་རེ་གཡོགས་ནས་རྒྱངས་ཕུད་ལ་ཐོངས་ཤིག
ད་རེས་ཀྱི་ནོར་འཁྲུལ་འདིའི་གཞི་རྩ་དེ་ང་ཚོ་ལ་སྐྱོན་ཆེན་པོ་ཞིག་ཡོད་པ་དེ་མངོན་ཡོད། དེ་ནི་ང་ཚོས་ཆེས་སྐྲག་པའི་ཆོལ་ཁའི་འཐེན་འཁྱེར་དེ་རེད། དེར་བརྟེན་ཇི་སྲིད་ངེད་ཚོས་སྐྲག་ཡུལ་གྱི་སྐྱོན་དེ་མ་བསལ་བར་དུ། ཇི་ཙམ་གྱི་གྲོས་གླེང་བྱས་ཀྱང་མི་ཕན།
དེ་ན་ཕུགས་ཐག་རིང་བའི་བསམ་བློ་ཞིག་བཏང་ནས་མིག་སྔའི་སྐྱོན་ཆ་དེ་མ་བསལ་བར། ཉིན་གང་ཁྱོལ་ལྟ་བུའི་ཐབས་ཤེས་ཀྱི་མི་ཕན། ད་འོ་ན་ཕུགས་རྒྱང་རིང་བའི་ཐབས་ཤེས་གང་རེད་ཅེས་ན། དེ་ནི་སྤྱི་འཐུས་དེ་ཆོལ་ཁའི་འདུ་ཚོགས་ཤིག་ནས་ཆབ་སྲིད་ཀྱི་འདུ་ཚོགས་ཤིག་ཏུ་འགྱུར་ཐུབ་ཚེ་གོང་གི་དཀའ་ངལ་དེ་མི་ཡོང་། དེ་ལྟར་ཡོང་བར། ངེས་པར་དུ་གཏན་འབེབ་གསར་པ་ཞིག་དགོས། དེ་ནི་ཆབ་སྲིད་ཀྱི་ཚོགས་པ་འཛུགས་རྒྱུ་དང་དེའི་ཁྲིམས་བཟོ་རྒྱུ་རེད།
དགོངས་དག གོང་གསལ་གྱི་མིང་ཐོ་ནག་པོའི་ནང་བསོད་ནམས་དགྲ་འདུལ་གྱི་མིང་བཀོད་པ་ནོར་འདུག
ཚངས་དབྱངས་ལགས་ཀྱིས་བཤད་པ་དེར་རྒྱུ་མཚན་མེད་པ་ཞིག་མིན་ཡང་། རྩ་བའི་བོད་ཆོལ་ཁ་གསུམ་གཅིག་གྱུར་བྱ་རྒྱུ་ད་རུང་ལྷག་བསྡད་ཡོད་པ་དང་། རྒྱ་ནག་གིས་སྲིད་འཛིན་ས་ཁོངས་དབྱེ་སྟངས་ལ་བརྟེན་ནས་རྒྱལ་སྤྱིའི་ཐོག་ཏུའང་བོད་ཟེར་ན་བོད་ཀྱི་ཆ་ཤས་ཤིག་ལ་མ་གཏོགས་ངོས་འཛིན་གྱི་མེད་པའི་སྐབས་འདིར། ང་ཚོ་བཙན་བྱོལ་གཞུང་གི་སྒྲིག་འཛུགས་འདིས་བོད་ཟེར་བ་འདི་ག་འདྲ་ཞིག་ཡིན་མིན་ལ་སྒྲིག་འཛུགས་རང་གི་ཐོག་ནས་རང་བཞིན་གྱིས་ལན་འདེབས་གསལ་པོ་ཞིག་བྱེད་གི་ཡོད་པ་རེད་སྙམ། འདི་ནི་ཆབ་སྲིད་ཀྱི་རིན་ཐང་ལྡན་པ་ཞིག་རེད། ད་བར་སྐབས་ཀྱི་དོན་དག་འདི་འདྲར་བལྟས་ན་དངོས་གནས་བསམ་བློ་གཏོང་དགོས་པ་ཞིག་རེད། ཆོལ་ཁ་གསུམ་གྱིས་གྲུབ་པའི་གྲོས་ཚོགས་འོག་མ་ཞིག་དང་། དེའི་སྒང་དུ་ཆོལ་ཁ་ལ་རིས་སུ་མ་ཆད་པའི་གྲགས་ཆེན་མི་སྣ་ཉུང་ཤས་ཤིག་གིས་གྲུབ་པའི་གྲོས་ཚོགས་གོང་མ་ལྟ་བུ་ཞིག་ཡོད་པ་ཡིན་ན་དེ་ལ་ཁྱད་པར་ཅུང་ཞིག་ཡོད་ན་མེད་ན་བསམ་བློར་འཁོར་གི་འདུག བཀའ་སྤྱི་ལྷན་ཚོགས་ཟེར་བ་ཞིག་ཡོད་པ་དེའང་རང་བཞིན་གྱིས་མི་དགོས་པ་ཆགས་འགྲོ་གི་རེད།
གནའ་སྔ་མོའི་གཏམ་དཔེ་ཞིག་ཏུ། ཨ་མདོ་བ་ལ་ཨོ་མདོ་མེད། ཅེས་བརྗོད་སྲོལ་འདུག ལུང་པ་ཁ་ཤས་ཀྱི་སྐད་དུ་ཨོ་མདོ་ནི་རྐུབ་ཀྱི་དོན་ལ་འབོད་ཀྱིན་པར་བརྟེན་དོན་དུ་ཨ་མདོ་བ་ལ་སྐུབ་ཡག་པོ་ཡོད་མ་རེད་ཟེར་བ་ངེས་དེས་གཏམ་དཔེ་དེ་མདའ་ཚན་པའམ་མགོན་ཕྱག་ད་དུང་དུས་བབ་དང་ཁ་བརྡའི་ཟིན་བྲིས་པ་མང་པོ་ཞིག་ལ་བལྟས་ཧ་ཅང་བདེན་པའི་ཚད་དུ་སྣང་། རྒྱུ་མཚན་ནི་ཁོ་ཅག་ལ་མགོ་ཡག་པོ་ཡོད་ཀྱང་རྐུབ་ཡག་པོ་མེད་པ་དེ་རེད། གསལ་ཁ་ཅུང་ཟད་གཏོད་ན་ཁོ་ཚོས་མགོ་ལ་རྒྱ་ནས་འཛུགས་ཀྱིན་མཇུག་ཞེན་གོག་གིས་བསྡུ་བཞིན་ཡོད་པ་ཁོང་ཚོས་བྲིས་པ་དག་ལས་ཤེས་ནུས། དེས་ན་རྐུབ་ཡག་པོ་མེད་པ་ཆགས་ཀྱིན་མི་འདུག་གམ། དེ་ལས་མདའ་ཚན་པ་འདི་རང་གི་རྩོམ་ཡིག་ཐ་ཐོར་ཞིག་ཀྱང་འབྲི་མི་ཤེས་པས་བེར་འཇིགས་ལ་རྟག་ཏུ་གཞི་མེད་ཀྱི་ཕྲག་དོག་བྱེད་བཞིན་ཡོད་སྟབས་ད་ལན་ཁོས་གོ་སྐབས་ཤིག་རག་སོང་སྙམ་ནས་དེ་བེད་སྤྱོད་བྱེད་ཀྱིན་འདུག ཨ་ཁཁཁཁཁ། ང་ངོ་མ་ཁྱོད་ལ་སྙིང་རྗེ་ལས་ངན་ཁྱོད་་་་་་་་་་་
གོང་གི་མཆན་དེ་གཏགས་ནོར་ནང་དུ་ཤོར་འདུག་པས་འདི་ལ་གཟིགས་རོགས།
གནའ་སྔ་མོའི་གཏམ་དཔེ་ཞིག་ཏུ། ཨ་མདོ་བ་ལ་ཨོ་མདོ་མེད། ཅེས་བརྗོད་སྲོལ་འདུག ལུང་པ་ཁ་ཤས་ཀྱི་སྐད་དུ་ཨོ་མདོ་ནི་རྐུབ་ཀྱི་དོན་ལ་འབོད་ཀྱིན་ཡོད་པར་བརྟེན། དོན་དུ་ཨ་མདོ་བ་ལ་སྐུབ་ཡག་པོ་ཡོད་མ་རེད་ཟེར་བ་ངེས་དེས་ན་གཏམ་དཔེ་དེ་ཉིད་མདའ་ཚན་པའམ་མགོན་ཕྱག་དང་རིན་འབྱུང་དོན་བཀྲ་སོགས་ད་དུང་དུས་བབ་དང་ཁ་བརྡའི་ཟིན་བྲིས་པ་མང་པོ་ཞིག་ལ་བལྟས་ནས་བཤད་ན་ཧ་ཅང་བདེན་པའི་ཚད་དུ་སྣང་། རྒྱུ་མཚན་ནི་ཁོ་ཅག་ལ་མགོ་ཡག་པོ་ཡོད་ཀྱང་རྐུབ་ཡག་པོ་མེད་པ་དེ་རེད། གསལ་ཁ་ཅུང་ཟད་གཏོད་ན་ཁོ་ཚོས་མགོ་ལ་རྒྱ་ནས་འཛུགས་ཀྱིན་མཇུག་ཞེན་གོག་གིས་བསྡུ་བཞིན་ཡོད་པ་ནི་ཁོང་ཚོས་བྲིས་པ་དག་ལས་ཤེས་ནུས། དེས་ན་རྐུབ་ཡག་པོ་མེད་པ་ཆགས་ཀྱིན་མི་འདུག་གམ། དེ་ལས་མདའ་ཚན་པ་འདི་རང་གི་རྩོམ་ཡིག་ཐ་ཐོར་ཞིག་ཀྱང་འབྲི་མི་ཤེས་ཀྱང་འོན་ཏེ་་བེར་འཇིགས་ལ་རྟག་ཏུ་གཞི་མེད་ཀྱི་ཕྲག་དོག་བྱེད་བཞིན་ཡོད་སྟབས་ད་ལན་ཁོས་གོ་སྐབས་ཤིག་རག་སོང་སྙམ་ནས་དེ་བེད་སྤྱོད་བྱེད་ཀྱིན་འདུག ཨ་ཁཁཁཁཁ། ང་ངོ་མ་ཁྱོད་ལ་སྙིང་རྗེ་ལས་ངན་ཁྱོད་་་་་་་་་་་
རྒོད་པོ་སྙི་ཐོགས། བདེ་ཆེན་དབྱངས་འཛོམས། མིའུ་ཕྲུག ད་གཞན་པ་ཁྱེདཀྱིས་མིང་ག་རེ་བེད་སྤྱོད་གཏོང་གི་ཡོད་མེད་མི་ཤེས། ངའི་གོང་དུ་བྲིས་པར་བསམ་ཚུལ་མི་མཐུན་པ་ཡོད་ན་གནས་ལུགས་དང་རྒྱུ་མཚན་བཤད་ནས་སྦྱངས་བཤད་བྱས་ན་ཉན་གི་ཡིན། དེ་མིན་ཉན་གི་མིན། རང་གིས་མུ་མཐུད་དུ་ང་ལ་གཤེ་གཤེ་བཏང་བསྡད་ན་འགྲིགས་གི་རེད།
བེར་འཇིགས་འདྲ་བོ་གླེན་པ་ལུག་འདྲ་བ་ཞིག་ལ་ངས་ཕྲག་དོག་བྱེད་དགོས་པའི་གཞི་རྩ་ཁོ་རང་མེད། ངའི་ཁོ་ངོ་ཁོ་རང་ཤེས་གི་མེད། ངས་ཁོ་སློབ་སྦྱོང་ཅུང་ཟད་ཡག་པོ་ཡོད་པ་ཞིག་ཡིན་རྒྱུ་རེད་བསམས་ཡོད། བཤད་ཡོང་ན་ཁོ་གང་ཡང་མ་ཤེས་མཁན་ཞིག་ཡིན་ཚུལ་གོ་རྒྱུ་འདུག བོད་རིག་པའི་ཚོགས་འདུའི་གཏམ་བཤད་ཁག་རྩོམ་སྒྲིག་བྱེད་མཁན་ཞིག་ནས་ང་ལ་ཁ་བརྡ་བྱས་པ་ལྟར་ན། ཁོས་བེ་རུ་རྒྱལ་པོའི་སྐོར་ཅིག་བྲིས་ཡོད་པ་རེད་དེ། ནོར་བ་མང་པོས་ཁེངས་ནས་དོན་དག་མགོ་ཚོས་གི་མི་འདུག རྩོམ་ཡིག་ཕྱོགས་སྒྲིགས་ནང་དགོད་རྒྱུའི་ཆ་རྐྱེན་ལོངས་གི་མི་འདུག་སྟེ་གཞན་ལ་ཞུ་དག་བཏང་བཅུག་ནས་བཀོད་པ་ཡིན་ཟེར། ད་རུང་གཞན་གྲྭ་སར་འགྲོ་མྱོང་མཁན་གཉིས་ནས་ཁ་གཅིག་གྲག་གིས་བཤད་པ་ལྟར་ན། ཁོ་ཆོས་ལའང་ཡག་པོའི་གྲས་མ་རེད། དགེ་བཤེས་ཀྱི་མིང་དེའང་དམིགས་བསལ་སྤྲད་ནས་རེག་རེད་ཟེར། ངས་ཕྲག་དོག་མི་ཟ་མི་ཟ་ཡ་བེར་འཇིགས་འདྲ་བོར་ཕྲག་དོག་ཟ་དགོས་པའི་དུས་ཚོད་ཅིག་ཤར་དུས་ང་ལྷུང་ས་བཅོ་བརྒྱད་ལ་ལྷུངས་བསྡད་པ་ཡིན་རྒྱུ་རེད། ད་ཁྱེད་ཚོའི་ཁ་ཤས་ཀྱི་བཀུར་བར་འོས་པའི་མཁས་དབང་བེར་འཇིགས་གི་ལས་སྟངས་བྱེད་སྟངས་དེ་ཚོ་ཅིག་ལྟོས་ར། ངས་བེར་འཇིགས་ལ་གོང་དུ་ལྟོ་འགྲོ་ལབ་ཡོད། དེ་ནི་ཆོས་ལུགས་ཀྱི་སྤྱི་འཐུས་ཤིག་རང་གི་རྐང་བའི་ཐོག་ལངས་མ་ཐུབ་པར་སྦྲུལ་མགོ་ཀརྨ་ཆོས་འཕེལ་སོགས་ཀྱི་རྗེས་སུ་གཡམ་རྒྱུགས་བྱས་ཏེ་ནུར་ཕྱིན་པས་དེ་ལྟར་བཏགས་པ་ཡིན། སྨོན་ལམ་མཐར་ཕྱིན་ཟེར་བ་དེར་ལྕེ་གཉིས་བཏགས་ཡོད། ཁོས་ད་རུང་གྲོས་ཆོད་དེ་དགོས་རེད་མདོག་མདོག་བཤད་གི་འདུག་ག དེས་ན་ཚོགས་ཁང་ནས་ག་རེ་བྱས་ཕྱིན་པ་རེད། དེ་ནི་མགོ་གཉིས་མའི་བྱ་བ་ཡིན་ཙང་ངས་དེ་ལྟར་ལབ་པ་ཡིན། ད་རུང་ངོ་ཚ་རྒྱུ་མེད་ལ་དྲ་ཁང་དུ་ཡོང་ནས་རྒྱུ་མཚན་འདྲ་མང་པོ་ཞིག་ཤོད་གི་མི་འདུག་གེ
ནོར་འཁྲུལ་བྱེད་མཁན་གྱི་རྒྱུན་ལས་དེ་ཚོ་ཞེ་ཕུགས་ནག་པོ་སྤྲུལ་དང་འདྲ་བ་གཅིག་མཚུངས་ཡིན་ནའང་མ་འདྲ་བའི་ཁྱད་པར་འདུག ཁ་ཤས་སྦྲུལ་གྱི་མགོ་རེད། ཁ་ཤས་རང་རྐང་ཐོག་ལངས་མི་ཐུབ་པར་ལྟོ་འགྲོ་རེད། ཁ་ཤས་ལ་དཀར་ནག་གི་ལྕེ་གཉིས་འདུག ཁ་ཤས་ཕྱོགས་ཞེན་གྱི་དུག་གིས་ཁོག་པ་བརྒྱངས་འདུག ཁ་ཤས་ལ་མགོ་ཆེ་ཡང་མཇུག་མ་ཕྲ་བས་སྦྲུལ་དང་འདྲ་། དེ་ཚོ་སྦྲུལ་དང་འདྲ་བ་གང་ཞིག་ལ་མ་འདྲ་བའི་ཁྱད་པར་རེད།
ཡང་མིག་གཅིག་ལས་མེད་མཁན་ཀྱི་ཨམ་ཕྲུག་རྐྱང་རྐྱང་སླེབས་འདུག འོན་ཀྱང་གནད་དོན་འདི་ཚོའི་སྐོར་ལ་མུ་མཐུད་བགྲོ་གླེང་མ་དགོས་པར་བཞག་ན་ཡག་པོ་མཐོང་གི་ཡོད། གལ་སྲིད་བྱེད་དགོས་བྱུང་ན་རིམ་གྱིས་ལྟ་ཆོག དེ་རིང་ངས་འདིར་དམིགས་བསལ་གནད་དོན་འདི་དང་འབྲེལ་བའི་སྐོར་ལ་ཡག་སྡུག་གི་སྐད་ཆ་ཚིག་གཅིག་བཤད་རྒྱུ་མིན། རྗེས་མ་བལྟ་རྒྱུ་ཡིན། ངས་བལྟས་ན་སྤྱི་འཐུས་ཚོས་ཕྱོགས་ཞེན་བྱས་པ་ནང་བཞིན་དྲ་བའི་བགྲོ་གླེང་པ་དག་གིས་ཀྱང་མིག་ཡ་གཅིག་བཙུམ་ནས་སྨྱོ་མཆོང་དགོས་དོན་མེད་པ་ལྟ་བུ་འདུག གལ་སྲིད་གླེང་དགོས་བྱུང་ན། ཤ་བོ་དུང་རྭ་ཅན་ལ་འགྲོ་ལུགས་བཅུ་དགུ་ཡོད་ན། རྔོན་མ་མདའ་གཞུ་ཅན་ལ་སྒུག་ལུགས་ཉི་ཤུ་ལོས་ཡོད། དེ་བས་ཕྱོགས་ཞེན་གྱི་ན་ཚ་འདི་དག་གཏིང་ཟབ་ཏུ་བཏང་ནས་ཕན་ཐོགས་མི་འདུག་བསམ། སྤྱིར་ཁ་བརྡ་དྲ་རྒྱའི་དམིགས་ཡུལ་ག་རེ་ཡིན་མིན་ངས་མི་ཤེས་ཀྱང་། དངོས་ཡོད་གནས་ཚུལ་ལ་དྷ་སའི་སྲང་ལམ་བར་གྱི་མིང་མེད་ཡིག་འཁྱམ་གད་སྙིགས་དེ་ཚོ་འགོད་ས་ལྟ་བུ་ཆགས་འདུག དྲ་གྲོགས་རྣམ་པ་ང་ཚོ་གནད་དོན་འདིའི་ཐད་མགོ་འཁོར་གྱི་མི་འདུག་པས། གནས་སྐབས་གླེང་དགོས་པ་གནད་དོན་འདི་འབྲེལ་གྱི་མ་འོངས་པའི་སྐོར་གླེང་ཐུབ་ན་ཡག་པོ་ཡིན་པ་ལས། གཞན་ཕན་མེད་རྐྱང་པ་གླེང་བས་ཕན་ཐོགས་ག་རེ་ཡོད།
ད་དུང་གསལ་བཤད་ཞུ་རྒྱུ་ཞིག་ལ། སྤྱི་འཐུས་ནང་ནས་དཀྲུག་པ་ལས་དྲ་རྒྱའི་ནང་དུ་དཀྲུག་པ་ནུས་པ་ཆེ་བ་ཡོད། བོད་གཞིས་བྱེས་གཉིས་ཀས་གསལ་པོ་མཐོང་ཐུབ་པས། དེ་བས་གནས་སྐབས་མི་བདེན་རྫུན་སྒྲིག་གི་བསམ་ཚུལ་འདི་རིགས་གླེང་མཚམས་འཇོག་རོགས་ཞེས་ཞུ་བཞིན་ཡོད།
རྩོམ་ཡིག་འདི་གོ་དོན་མཐར་ཐུག་ནི་མདོ་སྟོད་སྤྱི་འཐུས་དང་མི་དམངས་རྣམས་ལ་དམའ་འབེབས་བྱེད་ཀྱི་འདུག་་་ཆོལ་ཁ་གཞན་རྣམས་ཀྱི་མིག་འདུན་ཁམས་པ་རྣསམ་འདི་ལྟ་བུ་ཐ་ཤལ་དང་དམའ་འབེབས་བྱ་ཡུལ་ཞིག་མཐོང་གི་ཡོད་ན།ཁམས་རིགས་རྣམས་ཀྱིས་ཀྱང་དེ་ལུགས་ཁོང་ཚོ་ལ་དམའ་འབེབས་དང་ཕྱོགས་རིས་བྱེད་པ་ནི་རང་བཞིན་ཞིག་རེད།་རྙོག་གླེང་གང་ཡང་མ་ཡོང་ཆེད་ཆོལ་ཁ་སོ་སོས་རང་སྐྱོང་དང་།་རང་བཙན་གང་རུང་རྩོད་ན་གང་འདྲ་འདུག
ཤི་ཐར་ཁྱེད་ཀྱིས་བཤད་པ་བདེན་པ་རེད། ངས་ཀྱང་དང་པོ་གྲོས་ཚོགས་ལས་ཕྱིར་འབུད་བྱེད་པར་རྐྱོན་བརྗོད་བྱས་ཡོད་འོན་ཏེ་ཨ་མདོ་བ་་ཁ་ཤས་ཀྱིས་གོ་སྐབས་འདི་བེད་སྤྱད་བྱས་ནས་དུག་སྦྲུལ་དང་ཇག་པ་རྒྱ་མིའི་སོ་བ་སོགས་ཀྱིས་གྲོས་ཚོགས་ཀྱི་གནད་དོན་མ་ཡིན་པའི་སྙིང་ནད་རྩོད་རྒྱུ་ཞིག་ཡོད་ངེས་ཅན་བརྟེན་ད་ནི་ངས་ཀྱང་རྔ་ལ་དཔག་པའི་འཁྱམས་ཤིག་འཁྲབ་རྒྱུ་ལ་བསམ་བློ་འཁོར་གྱིན་གདའ། སྐད་ཆ་འདི་བདེན་པ་ཡིན།
གོང་དུ་དུས་བབ་ཚང་གི་ཟིན་བྲིས་ལ་གཟིགས་དང་ངས་དང་པོ་ཞུ་བ་འཐེན་ཡོད་དེ་ནས་རེ་བསྐུལ་བྱས་ཡིན་རྗེས་སུ་རྒྱུ་མཚན་དང་དཔེར་མཚོན་བགྲང་ཡོད་འོན་ཏེ་ཁོ་ཚོས་མུ་མཐུད་ནས་མདོ་སྟོད་ཁམས་པ་ཞེས་སྙིང་ནད་གཅིག་བཟུང་ནས་ཚད་ལས་འདས་པའི་ཕྱོགས་ཞེན་བྱེད་བཞིན་འདུག བྱེད་གཏེ་གཙོ་བོ་ནི་མདའ་ཚན་པའམ་མགོན་ཕྱག རྣོ། བློ་དགའ། རིན་འབྱུང་དོན་འགྲུབ་བཀྲ་ཤིས་སོགས་རེད།
འཁྱམས་ཞེས་པ་དེ་འཆམ་ལ་བཅོས་རོགས
མིང་མེད་པའི་གོང་འཁོད་རྩོམ་བདག་ལ་དྲི་བ་ཁག་ཅིག་ཞུ་རྒྱུ།
༡༽སྤྱི་འཐུས་ལྷན་ཚོགས་ནང་ངོ་རྒོལ་གྱི་ཚུལ་དུ་གྲོས་ཚོགས་ཚོགས་དུས་ཀྱི་ཆ་ཤས་མ་བླངས་བར་ཕྱི་ལ་ཐོན་པ་ཙམ་གྱིས་གྲོས་ཚོགས་སྒྲིག་གཞི་དང་འགལ་བ་གང་ན་གསལ།
༢༽ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་བྱེད་མི་སྣ་མང་ཤོས་མདོ་སྟོད་མི་ཡིན་པས།་དེ་ལས་ཆོས་རྒྱུད་སྤྱི་འཐུས་ཡོང་བས་མ་འགྲིག་བ་གང་ཡོད་དམ།ཁོང་ཚོ་འོས་ཐོབ་ནས་ཡོང་བ་གཏོགས་འོས་འཕྲོག་ནས་ཡོང་བ་རེད་དམ།
༣༽སྤྱི་འཐུས་རྒྱུན་ལས་ནང་འགྲོ་གྲོན་འདིའི་སྐོར་ཐག་གཅོད་བྱེད་སྐབས་མདོ་སྟོད་སྤྱི་འཐུས་ཁོ་ནས་ཐག་བཅད་པ་ཁྱོད་ལ་ཁུངས་སྐྱེལ་གང་ཡོད།
༤༽གྲོས་ཚོགས་ནི་ཆབ་སྲིད་ཀྱི་ལྟ་གྲུབ་མ་འདྲ་བས་རྒྱན་པའི་སྤྱི་འཐུས་རྣམས་ཀྱི་གླེང་སྟེགས་ཡིན་ལ།་སོ་སོས་ལྟ་གྲུབ་དང་མཐུན་པའི་རྣམས་གྱུར་ཙམ་བསྟན་པས་དེ་ལ་མ་འགྲིག་བ་གང་ཡོད།
དྲ་གྲོགས་དང་སྨྱུག་ཐོག་པ་སུ་ཡིན་རུང་སྐད་ཆ་དྲང་པོ་བཤད་དགོས་པ་ང་ཚོས་འོས་འགན་རེད།་དེ་མིན་ཕྱོགས་ཞེན་ཁོ་ནའི་ཚོར་བ་ཞིག་གླེང་བ་ཙམ་གྱིས་ང་ཚོའི་སྤྱི་ཚོགས་ནང་མི་མཐུན་པ་ཆེན་པོ་བཟོ་བཞིན་ཡོད་པ་ངོ་འཛིན་ཐུབ་དགོས།
ངོ་འཛིན་ནོར་བཅོས་་་་ངོས་འཛིན།་
སྐུ་འོས་དྲ་གྲོགས་ལྷན་ལ་ཞུ་རྒྱུ།
ན་ནིང་བོད་ནང་ཞི་སྒོལ་སྐབས་སུ་ཁམས་པ་ལ་རང་དབང་དགོས། ཨ་མདོ་ལ་རང་དབང་མི་དགོས་ཟེར་རྒྱུ་མི་འདུག་ཐལ། དེ་ལུགས་ལྟར་ལྷ་ས་ཡིན་ཡང་གཅིག་པ་རེད། དེ་མེད་ཁྱེད་ཁམས་དང་ང་ཨ་མདོ་ཡིན་ཟེར་ནས་ཕན་མེད་ཚིན་ངན་ལབ་རིང་བྱེད་ན་བོད་མི་རོགས་དང་། ཡང་དགོས་སྨྱུག་འཛོན་པ་ཡིན་ཞེས་ལབ་པ་དེའི་བཟང་སྤྱོད་དང་འགལ་ཡོད་དྲན། གྲོས་ཚོགས་ནང་གིས་དོན་སྐྱིན་ལ་སྦྱངས་བཤད་ཟབ་མོ་གནང་སྟེ་་བོད་མི་ཁྱེད་དང་ང་ལྟར་བུས་ཡོང་རྒྱུ་བསྡད་པའི་སྤྱི་འཐུས་གང་འདྲ་ཞིག་དགོས་པ་ལ་བགྲོ་གླེང་ཐུབ་ན་བཟང།
འགྲོ་གྲོན་གྱི་རྩེད་རྙོང་ཆུང་ཆུང་འདིས་བོད་མི་རིགས་སྤྱིའི་འཆམ་མཐུན་ལ་གདན་ན་རྒྱ་དམག་པས་རྒྱལ་དོན་དུས་དྲན་ཐེངས་གཉིས་ལ་སྲུང་བརྩིས་བྱ་མི་སྲིད་བ་མེད། རེད་ཡ། ངས་ཀྱང་སྒོར་མི་༨༠་སྦྱིན་ནས་གྲོས་ཚོགས་ཀྱི་བརྙན་འཕྲིན་དེ་ཉོ་ནས་ཐེངས་འགར་ལྟོས་སྐབས་སུ་སེམས་སྡུག་ཆོ་པོ་བྱུང་ལ། སྔོན་མ་བོད་ཁྱིམ་སློབ་གྲྭ་གཅིན་ཡིན་པ་ཁག་གཅིན་ལ་ཡང་ལྟ་ཟེར་ནས་སྟོན་རྗེས་གནད་དོན་འདིའི་སྐོར་ལ་བོད་མི་རིགས་ལ་ཕན་ཐུབ་ས་རེད་བསམ་པའི་བསམ་འཆར་དེའདྲ་ང་ཚོའི་བར་ལ་བྱུང། སྤྱིར་བཏང་ང་སྐྱེས་ས་ཁམས་ཡིན་ཏེ་སེམས་ནང་བོད་ཅེས་པའི་ལ་རྒྱལ་འཛིན་མཁན་ཞིན་ཡོན། རང་གི་གཅེས་པའོ་གྲོགས་པོ་རྣམས་ཀྱང་ལྷ་ས་དང་ཨ་མདོ་ཁམས་བཅས་ཆོལ་ཁག་གསུམ་ནས་ཡོད་དེ། ངད་ཚོས་ཕྱི་ནང་གཉིས་ལ་ཁ་རྩེད་ཅིའི་ཐད་ཤོར་ཡང་བོད་མི་རིགས་ཀྱི་འཆམ་མཐུན་ལ་གནད་པའི་ཚིན་ངན་བེད་སྤྱད་སྲོལ་མེད། ངས་ངོ་མ་བཤད་ཡིན།
སློབ་སྦྱོང་ཡོད་པ་ཚིས་སྤྱི་ཚོགས་ནང་ཡིན་ལ་མ་ཡིན་པའི་བར་གཏམ་མ་བཤད་མ་གཏོགས་འདིས་བོད་སྤྱིར་ལ་མ་ཕན་པའི་ཚབ་ལ་ངོ་མ་གནད་རྒྱུ་རེད། (Little education is dangerous) ཤིས་ཆུང་ཉན་འགག་གྱི་རྒྱུ་ཡིན་ཞིས་དབྱིན་ཇིའི་ཁ་རྒྱུས་ནང་མཆིས་པའི་གནད་དོན་གོ་བ་བྱོས།
དྲ་གྲོགས་འགའ་ཤས་ཤིག་ནས་རང་གི་བསམ་ཚུལ་ཇི་བཞིན་གླེང་བར་དགའ་སྤྲོ་འཕེལ། ངས་འདིར་རང་གིས་གང་བྲིས་པར་འགན་ཁུར་ནས་མུ་མཐུད་དུ་དྲི་བ་འདྲི་མཁན་ཡོད་ན་ལན་རྒྱག་གི་ཡིན། ངས་རྩོམ་འདིའི་ནང་ཆོལ་ཁ་དང་འབྲེལ་ཡོད་ཚིག་གཅིག་བཤད་མེད་པས་ལམ་སང་འདི་ཆོལ་ཁ་ཞིག་ཏུ་ཁ་བསྒྱུར་ན་དེ་ྱང་སྐྱར་རྙོག་དྲ་ཞིག་བཟོ་འདོད་པ་མ་ཡིན་ནམ། ངས་ལྟ་ཚོད་ཡིན་ན་སྤྱི་འཐུས་ཀྱི་རྙོག་དྲ་དེའང་གཙོ་བོ་ཆོལ་ཁའི་རྙོག་དྲ་ཞིག་མ་རེད། དེ་རྩ་བའི་ཆ་ནས་སྤྱི་འཐུས་རྒྱུན་ལས་དང་འབྲེལ་བ་ཡོད་པ་ཞིག་རེད། ནོར་འཁྲུལ་དང་པོ་དེ་སྤྱི་འཐུས་རྒྱུན་ལས་རེད། རྗེས་ནས་མང་མོས་ཐག་གཅོད་ལ་བརྩི་འཇོག་མ་བྱས་པར་ཚོགས་ཁང་ཕྱི་ལ་དོན་ཕྱིན་པ་དེ་ཚོའི་ནང་ཡང་སྤྱི་འཐུས་རྒྱུན་ལས་དྲུག་འདུག་པ་དེས་ཤེས། སྤྱི་འཐུས་རྒྱུན་ལས་དེ་ཚོས་རང་ལ་རྒྱབ་རྩ་འཚོལ་བའི་ཆེད་དུ་དོན་དག་འདི་ཆོལ་ཁ་ཞིག་གི་ཐོག་ལ་ཁ་བསྒྱུར་བ་ལ་བསྟེན་ནས་ད་ལྟ་འདི་ཕལ་ཆེར་ཆོལ་ཁ་ཞིག་གི་གནད་དོན་དུ་འགྱུར་ཚར་འདུག་ཅེས་བཤད་ན་མ་འགྲིགས་པ་མི་འདུག་བསམས། ངའི་གོང་དུ་མིང་བྲིས་པའི་ནང་ཡང་རྒྱུན་ལས་ཀྱང་ཡིན་པ་ཚོགས་ཁང་ཕྱི་ལ་འགྲོ་མཁན་གྱི་གྲས་ནའང་ཡོད་པ་དེ་ཚོའི་མིང་མ་གཏོགས་བྲིས་མེད་པ་དེའང་གཙོ་བོ་འདི་རྒྱུན་ལས་དེ་ཚོའི་བྱེད་སྟངས་མ་འགྲིགས་པ་ཡིན་པས་ཡིན། ངས་འདིར་དམིགས་བསལ་ཆོལ་ཁ་དེ་འདྲར་དམའ་འབེབས་བྱས་པ་ཚིག་གཅིག་མེད། རྒྱུན་ལས་དེ་ཚོའི་མིང་བཏོན་ནས་རྒྱུན་ལས་དེ་ཚོ་རང་གི་བྱས་ཉེས་ཐེར་འདོན་བྱས་ཡོད། དང་པོ་ཡག་པོ་ཀློག ངས་འདིར་མ་འགྲིགས་པ་ག་རེ་འདུག ཚིག་རེ་རེ་མར་དྲངས་ཡོང་ན་ཁས་རེ་རེ་བཞིན་ལན་རྒྱག་གི་ཡིན། བཤད་སྟངས་མ་འགྲིགས་ས་ཡོད་ན་དགོངས་དག་ཞིག་གི་ཡིན། དེ་མིན་ཆོལ་ཁ་ཞིག་ཁ་ལ་ཁྱེར་ནས་འུར་འདྲོགས་བྱས་ན་དགོས་པ་ཆུང་།
ཤི་ཐར་ལགས ཁྱེད་རང་གིས་དྲ་གྲོགས་གཞན་མང་པོ་ཞིག་བཞིན་མིང་རྫུན་བེད་སྤྱོད་བཏང་འདུག་ཀྱང་དེ་གེ་མི་འདུག ངས་ཁྱེད་རང་གི་དྲི་བ་དེ་ཚོ་ལན་རྒྱག་གི་ཡིན།
༡༽སྤྱི་འཐུས་ལྷན་ཚོགས་ནང་ངོ་རྒོལ་གྱི་ཚུལ་དུ་གྲོས་ཚོགས་ཚོགས་དུས་ཀྱི་ཆ་ཤས་མ་བླངས་བར་ཕྱི་ལ་ཐོན་པ་ཙམ་གྱིས་གྲོས་ཚོགས་སྒྲིག་གཞི་དང་འགལ་བ་གང་ན་གསལ།
ལན། ངས་འདི་སྒྲིག་འགལ་ཡིན་མིན་སྐོར་བཤད་མེད། སྤྱི་འཐུས་གང་ཞིག་ནང་ལྟ་བ་མ་མཐུན་པར་རྩོད་པ་རྒྱག་པ། ཐ་ན་ལག་འཛིངས་ཐུག་པ་དེ་འདྲའང་ཡོད་པ་རེད། ཡིན་ནའང་མཐའ་མཇུག་མང་མོས་ཐག་གཅོད་ཟེར་བའི་ལྟ་བ་མཐུན་མིན་ཚང་མས་བརྩི་འཇོག་བྱེད་རུང་བའི་ཐག་གཅོད་བྱེད་སྟངས་ཤིག་ཡོད་པ་རེད། ངས་གཙོ་བོ་མང་མོས་ཐག་གཅོད་བྱེད་པར་བརྩི་མེད་ལྡོག་རོལ་བྱས་ནས་ཕྱི་ལ་ཐོན་ཕྱིན་པ་དེ་མ་འགྲིགས་པར་བཤད་གི་ཡོད། བསམ་བློ་ཞིག་བཏང་ན་མང་མོས་ཐག་གཅོད་ལ་བརྩི་མེད་ལྡོག་རོལ་བྱས་པ་དེ་སྤྱི་འཐུས་ཀྱི་ནམ་རྒྱུན་ཐག་གཅོད་བྱེད་སྟངས་ཀྱི་ཁྲིམས་ལ་བརྩི་མེད་ལྡོག་རོལ་བྱས་པ་ཞིག་ཀྱང་མ་རེད་དམ། དེ་ལ་བསྟེན་ནས་སྤྱི་འཐུས་རྩ་ནས་འཚོགས་མ་ཐུབ་པ་དེ་ཆགས་པ་རེད།
༢༽ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་བྱེད་མི་སྣ་མང་ཤོས་མདོ་སྟོད་མི་ཡིན་པས།་དེ་ལས་ཆོས་རྒྱུད་སྤྱི་འཐུས་ཡོང་བས་མ་འགྲིག་བ་གང་ཡོད་དམ།ཁོང་ཚོ་འོས་ཐོབ་ནས་ཡོང་བ་གཏོགས་འོས་འཕྲོག་ནས་ཡོང་བ་རེད་དམ།
ལན། སྤྱིར་བཏང་མི་མང་པོ་ཞིག་ནས་ཆོས་བརྒྱུད་སྤྱི་འཐུས་དགོས་པ་མི་འདུག་བསམ་གི་ཡོད་པ་རེད། ནམ་རྒྱུན་ནས་ངས་ཀྱང་དེ་འདྲ་བསམ་གི་ཡོད། ཡིན་ནའང་ངའི་གོང་གི་རྩོམ་དེའི་ནང་ཆོས་རྒྱུད་སྤྱི་འཐུས་ཡོང་བ་མ་འགྲིགས་པ་རེད་ཟེར་ནས་སྔ་ཕྱི་གང་དུའང་བཤད་མེད། འོས་འཕྲོག་ནས་ཡོང་ས་ཞིག་ཡོད་པ་མ་རེད་འོས་ཐོབ་ནས་ཡོང་བ་ཡིན་རྒྱུ་རེད། སྤྱིར་བཏང་གྲོས་ཚོགས་ནང་ཆོལ་ཁའི་ཕྱོགས་ཞེན་གྱི་དབང་དུ་ཤོར་ན་ཡག་པོ་མི་འདུག ལྷག་པར་དུ་ཆོས་ལུགས་ཀྱི་སྤྱི་འཐུས་ཤིག་ཡིན་ན་གང་ཐུབ་ཐུབ་ཀྱིས་བར་གནས་དང་མ་འགྲིགས་པ་དེ་ཚོ་འཆམ་མཐུན་བྱེད་མཁན་ཞིག་བྱུང་ན་ཡག་པོར་མཐོང་། དེ་མིན་ཨ་འདྲོགས་ལ་སྐྱ་འདྲོགས་ལངས་ནས་ཕྱིན་པ་ཡིན་ན་བོད་ཀྱི་རྩ་དོན་ལ་གནོད་གི་ཡོད་པ་མ་ཟད་རང་རང་སོ་སོའི་མཚན་མཐོང་ལའང་གནོད་གི་ཡོད་པ་རེད།
༣༽སྤྱི་འཐུས་རྒྱུན་ལས་ནང་འགྲོ་གྲོན་འདིའི་སྐོར་ཐག་གཅོད་བྱེད་སྐབས་མདོ་སྟོད་སྤྱི་འཐུས་ཁོ་ནས་ཐག་བཅད་པ་ཁྱོད་ལ་ཁུངས་སྐྱེལ་གང་ཡོད།
དེ་ང་ལ་ཁུངས་སྐྱེལ་མེད། ངས་མདོ་སྟོད་སྤྱི་འཐུས་ཁོ་ནས་ཐག་བཅད་པ་རེད་གང་ན་བཤད་འདུག མ་གཞི་ཁྱེད་རང་གི་སྐད་ཆ་མང་པོ་ཞིག་ངས་གོང་དུ་བྲིས་པ་དེ་ཚོར་འབྲེལ་བ་མི་འདུག རྗེས་མ་ནས་རྩོམ་གང་ཞིག་ཡག་པོ་ཀློག ག་རེ་བཤད་གི་འདུག གང་ལ་འབབ་གི་འདུག དེ་ནས་ཚིག་དེ་ཚོ་མར་དྲངས་ནས་དྲི་བ་དྲིས་པ་ཡིན་ན་ལན་པོར་མཐོང་། ཆོལ་ཁ་ཞིག་བཤད་མེད་ནའང་ཆོལ་ཞིག་བཙན་པོ་བྱས་དྲུད་ཡོང་ན་དེ་ཆོལ་ཁའི་ཕྱོགས་ཞེན་ཡིན་པས་གཟབ་པར་འཚལ།
༤༽གྲོས་ཚོགས་ནི་ཆབ་སྲིད་ཀྱི་ལྟ་གྲུབ་མ་འདྲ་བས་རྒྱན་པའི་སྤྱི་འཐུས་རྣམས་ཀྱི་གླེང་སྟེགས་ཡིན་ལ།་སོ་སོས་ལྟ་གྲུབ་དང་མཐུན་པའི་རྣམས་གྱུར་ཙམ་བསྟན་པས་དེ་ལ་མ་འགྲིག་བ་གང་ཡོད།
ཁྱེད་ཀྱི་སྐད་ཆ་དེར་ང་མོས་མཐུན་ཡོད། གྲོས་ཚོགས་ནང་གྲོས་འཆར་གང་ཞིག་ལ་རྒྱབ་སྐྱོར་དང་ངོ་རྒོལ་གཉིས་ཀ་ཡོང་སྲིད་གི་རེད། དེ་བས་ངས་མཆན་ཞིག་ཏུའང་ངོ་རྒོལ་བྱེད་མཁན་དང་རྒྱབ་སྐྱོར་བྱེད་མཁན་ཕྱོགས་གཉིས་ཀ་འགྲིགས་པ་ཞིག་རེད་ཅེས་བཤད་ཡོད། ཡིན་ནའང་ཕྱོགས་གང་ཡིན་ནའང་མས་མོས་ཐག་ཆོད་ལ་བརྩི་འཇོག་བྱེད་དགོས་པ་རེད།
རྩ་བའི་ངས་འདིར་ཆོལ་ཁའི་སྐོར་གང་ཡང་གླེང་གི་མེད་པས་ཁམས་ཨ་མདོ་ཟེར་ནས་མང་པོ་ཞིག་ཁྱེར་ཡོང་ན་ང་དེ་ལ་དགའ་བོ་མེད། ངས་གོང་དུ་སྤྱི་འཐུས་རྒྱུན་ལས་ཀྱིས་ནོར་འཁྲུལ་བསྟུད་མར་གཉིས་བྱས་པ་དེ་ཚོ་བཤད་གི་ཡོད། སྤྱི་འཐུས་རྒྱུན་ལས་ནང་གི་མི་ཁྱི་འདྲ་བ་དེ་ཚོས་ཁྱི་སྐྱག་ས་གཡོགས་བྱེད་པའི་ཆེད་དུ་མི་སྒེར་ཞིག་དང་ཆོལ་ཁ་ཞིག་གི་མིང་ཐོག་ལ་ལག་པ་བྱས་ནས་སྤྱི་འཐུས་རང་ཉིད་ལ་རང་གི་ཀླད་ཞོ་མེད་པ་ཁ་ཤས་དེའི་རྗེས་སུ་རྒྱུགས་ཕྱིན་པ་ཞིག་ལ་ངས་ངོས་འཛིན་གི་ཡོད།
མ་གཞི་གྲོས་འཆར་དེའི་ཐོག་གྲོས་ཆོད་བྱུང་བ་ཡིན་ན་ཕན་པ་མ་གཏོགས་སུ་གང་ལའང་གནོད་པ་ཡོད་པའི་གྲོས་འཆར་ཞིག་རེད་མི་འདུག་ག ཁྱེད་ཚོས་ཡག་པོ་གཟིགས་དང་། བསོད་ནམས་སྟོབས་རྒྱལ་སྒེར་ལའང་གནོད་པ་མི་འདུག་ག གཅིག་བྱས་ན། རྒྱུན་ལས་ཀྱི་ངོས་ནས་མི་མང་ལ་དགོངས་སེལ་ཞིག་ཞུ་དགོས་ན་ཐང་མི་དགོས་ན་ཐང་། དེ་ངས་མི་ཤེས། སྤྱི་འཐུས་འགའ་རེས་གླེང་སློང་བྱས་པ་ལྟར་རྒྱུན་ལས་ཚང་མས་དགོངས་པ་ཞུ་དགོས་པ་ཞིག་ཨེ་ཡིན། དོན་དག་ཆུང་ཆུང་ཞིག་ཆེན་པོ་བཟོས་འདུག་ག དེ་ལ་ཁོང་ཁྲོ་ཟ་གི་འདུག་ལྷག་པར་དུ་རྒྱུན་ལས་ཚོའི་ཐོག་ཁོང་ཁྲོ་ཟ་གི་འདུག
ཡང་སྐྱར་རེ་བ་ཞུ་རྒྱུར། ངའི་རྩོམ་འདིའི་འོག་ཏུ་ཆོལ་ཁའི་ཕྱོགས་ཞེན་དེ་འདྲ་ཁྱེར་མ་ཡོང་རོགས། སྤྱི་འཐུས་དང་འབྲེལ་བའི་ནོར་འཁྲུལ་གང་གང་རེད། སུ་དང་སུའི་བྱས་པ་རེད། རྒྱུ་མཚན་དང་གནས་ལུགས་ཁྱེར་ནས་ཤོག ཆོལ་ཁ་ཞིག་ཁ་འབྲལ་རྒྱུ་མེད་པ་འདི་ཚོ་རྒྱ་མིའི་རྒྱུགས་ཁྱིར་ངོས་འཛིན་གི་ཡིན། གོང་དུ་ངས་ཆོལ་ཁའི་ཕྱོགས་ཞེན་ག་རེ་བཤད་འདུག ཚིག་དེ་འདྲ་དྲངས་རྒྱུ་ཡོད་ན་ཁྱེད་ཚོ་ཁག་མི་འདུག མཆན་གི་ནང་ངས་བཤད་མེད་པ་མང་པོ་ཞིག་དྲུད་ཡོང་གི་འདུག་ག
འདིར་ལྟོས་ར། ལྷ་རྟ་དཀར་པོ་ཟེར་བ་ཞིག་ནས། ་་ཁྱེད་ཁམས་དང་ང་ཨ་མདོ་ཡིན་ཟེར་ནས་ཕན་མེད་ཚིན་ངན་ལབ་རིང་བྱེད་ན་བོད་མི་རོགས་དང་། ཡང་དགོས་སྨྱུག་འཛོན་པ་ཡིན་ཞེས་ལབ་པ་དེའི་བཟང་སྤྱོད་དང་འགལ་ཡོད་དྲན།་་
ཁྱོད་ལྷ་རྟ་དཀར་པོ་ཞིག་མ་རེད། ཁྱོད་འདྲེ་རྟ་རྔ་ལོ་ཞིག་རེད། དེ་ཡིན་པའི་རྒྱུ་མཚན་མིས་མ་བཤད་པའི་སྐད་ཆ་མང་པོ་ཞིག་བཤད་སོང་ཟེར་ནས་མདུན་དུ་སྤུངས་ཡོང་གི་འདུག་ག དང་པོ་རྩོམ་ཡག་པོ་ཞིག་ཀློག དེ་ནས་མ་འགྲིགས་ས་དང་ཁ་གསབ་བྱེད་དགོས་ས། བསམ་ཚུལ་ཚུལ་མི་མཐུན་ས་དེ་འདྲ་ཡོད་ན་དགའ་བསུ་ཞུ།
གང་ཤེས། སྤྱི་འཐུས་ཡིན་ནའང་རེད། དྲ་རྒྱའི་ཐོག་གི་དྲན་འཕྲུལ་རྒོད་པོ་རྣམས་ཡིན་ནའང་རེད། ཚང་མ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་རེས་ངན་པས་ཚུགས་བསྡད་མཁན་རྐྱང་རེད་འདུག ༸གོང་ས་མཆོག་ལ་ཐུགས་ཕམ་གནང་ཐུབ་ན་མ་གཏོགས་གཞན་བོད་བསྟན་པ་ཆབ་སྲིད་ལ་ཕན་ཐོག་མཁན་ཡོད་བཟོད་མི་འདུག་པས་གནས་སྐབས་ཚང་མས་སྐུ་ངལ་གསོས་ན་བོད་དོན་ལ་ཕན་ཐོག་ས་རེད།
བསོད་ནམས་ཚེ་རིང་ལགས། ཁྱེད་རང་གིས་རང་གི་བསམ་ཚུལ་བཤད་པར་དགའ་བོ་བྱུང་། གོང་དུ་ཁྱེད་ནས་མཆན་འདེབས་མཁན་ཞིག་ལ་ཡིན་ནམ་ངའི་རྩོམ་དེ་ལ་ཡིན་མི་ཤེས་ཀྱང་མ་བདེན་རྫུན་སྒྲིག་བྱས་འདུག་ལྟ་བུ་ཞིག་ལབ་འདུག གལ་སྲིད་མ་བདེན་རྫུན་སྒྲིག་དེ་ངའི་རྩོམ་ནང་ཡིན་ན་མ་བདེན་རྫུན་སྒྲིག་བྱས་པ་འདི་འདི་རེད་ཟེར་ནས་མ་བདེན་རྫུན་སྒྲིག་ཡིན་པའི་རྒྱུ་མཚན་དང་བཅས་པ་རེ་རེ་བྱས་ནས་མར་བཀོད་པ་ཡིན་ན། གལ་སྲིད་དེ་དེ་བཞིན་ཡིན་པ་ངོ་འཕྲོད་ན་ངས་ལམ་སང་རང་སྐྱོན་ངོས་ལེན་བྱེད་རྒྱུ་མ་ཟད་ཚང་མར་དགོངས་དག་ཀྱང་ཞུ་གི་ཡིན། འདིར་ཕྱོགས་ཞེན་གྱི་ཚིག་དེ་འདྲ་ངོས་འཛིན་རྒྱུ་ཡོད་ནའང་དེ་དེ་བཞིན་ལས་མ་མཆིས། མ་གཞི་དོན་དག་འདི་ཚོ་རྙོག་དྲ་ཆེན་པོ། བཟུང་ན་ལག་པ་འཚིག བཏང་ན་རྫ་མ་འཆག་པ་ལས་མི་འདུག་ཀྱང་དེ་ཚོ་བཞག་བཞག་པ་ཡིན་ནའང་རང་མགོ་རང་གིས་གཡོགས་པ་ཙམ་རེད། དེ་བས་གང་ཐུབ་ཐུབ་ཀྱིས་གོང་ལྷ་ལ་ཕོག་ནའང་འདྲ་འོག་ཀླུ་ལ་ཕོག་ནའང་འདྲ་ཕྱི་ལ་བཏོན་ནས་བགྲོ་གླེང་ཚ་བོ་བྱས་པ་ཡིན་ན་རྗེས་མ་རྗེས་མ་ནས་ཡག་པོ་ཡོད་རྒྱུ་རེད་བསམ། ལྷག་པར་དུ་གཞུང་གི་ལས་ཀ་བྱེད་མཁན་ཚོས་ཕྱག་ལས་ཁྲིམས་མཐུན་ཅན་དུ་འགྱུར་བར་ཕན་ཐོགས་རེ་ཡོད་ན་བསམས་བྲིས་པ་ཡིན།
དྲ་ཐོག་ཏུའང་སྤྱི་འཐུས་ནང་ནང་བཞིན་ཕྱོགས་ཞེན་རྐྱང་རྐྱང་བཤད་འགྲོ་མཁན་ཡང་ཡོད་རྒྱུ་རེད། དེ་མིན་གཏམ་དྲང་པོ་བཤད་མཁན་ཡང་ཡོད་རྒྱུ་རེད། གང་ལྟར་དོན་དག་ཆུང་ཆུང་ཞིག་ཡིན་ནའང་བགྲོ་གླེང་དང་སྐྱོན་བརྗོད་ཚ་བོ་རེ་བྱས་པ་ཡིན་ན་ཕྱག་ལས་གནང་མཁན་ཞིག་ཡིན་ནའང་དོན་དག་ཆུང་ཆུང་རེ་ལའང་གཟབ་གཟབ་བྱེད་པའི་ཁྱད་ཡོད་རྒྱུ་རེད་བསམས། མི་ཞིག་ལ་བཤད་ནའང་ཆོལ་ཁ་ཞིག་ལ་ཕོག རྒྱུན་ལས་ཀྱིས་འགྲིགས་མ་སོང་ཟེར་ནའང་ཆོལ་ཁ་ཞིག་ལ་ཕོག དེ་འདྲ་བྱས་ཕྱིན་ན་ཁག་པོ་ཞེ་དྲག་རེད། དེ་འདྲ་ཡིན་ན་རང་དབང་གི་དྲ་གནས་དང་ཚགས་པར་ཚང་མ་སྒོ་རྒྱབ་ན་ཡག་ཤོས་རེད།
གང་ལྟར་ངས་བཤད་པ་མ་འགྲིགས་པ་དང་ཕྱོགས་སུ་ལྷུངས་པ་དེ་འདྲ་ཡོད་ན་ཐེར་འདོན་བྱས་ན་ང་དགའ་བོ་ཡོད།
ཨ་མདོ་པ་ཁ་ཅིག་གིས་ཁམས་པ་ལ་ཁ་རྡུང་གཏོང་ལུགས་ལ་བལྟས་ན་བོད་གཅིག་སྒྲིལ་ཡོང་རྒྱུ་
ཁག་པོ་འདུག་ཡ། ང་ངག་བཅད་ཡིན་ཞེས་ངག་ནས་བརྗོད་པ་ནང་བཞིན་ཁ་ནས་ཁམས་པ་དང་
ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཚོ་ལ་ཕྱོགས་རིས་ཅན་རེད་ཅེས་བཤད་ཞོར་ལ་རང་ཉིད་ཕྱོགས་རིས་
ཅན་ཡིན་པ་ཤེས་ཀྱི་མི་འདུག
hï-¼ÛP-ü PÅ-¾Å-ƒï¾-HÛ-z¼-GÅïP-mÅ-zôh-ˆÛ-uÛ-ºfÞÅ-IôÅ-±ôGÅ-hP-hï-ºƒï¾-HÛ-uÛ-ºfÞÅ-ºGºÛ-‚Å-ZïÅ-ˆÛ-Ç+ô¼-¾-ƒÛÅ-qºÛ-¯ô¤-hP-ü ¤Vm-zÞ-ÅôGÅ-GP-fÞz-fÞz-ˆÛÅ-z>ÀGÅ-q-»Ûmü ¤Gôm-qô-xG-GZÛÅ-qºÛ-¯ô¤-ºhÛºÛ-mP-GÛ-±ÛG-Iâz-¼ï-¸ÞP-±-zô-¼ïh-¤-GbôGÅü mP-hôm-HÛ-V-mÅ-TÛ-¤-zhïm-lj¤-qºÛ-±ô¼-z-ŸÛG-zhG-¾-BïÅü PÅ-mÛ-¯ô¤-ºhÛ-TÛ-¿e¼-z>ÀGÅ-ˆP-Vô¾-D-hP-VôÅ-¾ÞGÅ-ˆÛ-¿e-Iâz-mG-qô-¤Gôm-xG-GÛ-G®ßG-bô¼-m-BïÅ-»ôh-q-¤fôP-¤-‚ãP-ü i-IôGÅ-±ôü zhïm-q-TÛ-¿e¼-ÁÝGÅ-Vï-mü hÝPÅ-Ÿïm-¾-mÛ-hï-¿e¼-Gmôh-TïÅ-GÅÞPÅ-»ôh-q-¤-¼ïh-h¤ü h-fïPÅ-ºhÛ-®¤-HÛÅ-ºfÞÅü ºhÛºÛ-Ç+ô¼-HÛ-¯ô¤-ŸÛG-xôGÅ-GŸm-mÅ-fôm-PïÅ-»Ûmü XïÅ-mÅ-¤W¾-»ôP-ü
མདོ་སྟོད་མི་མང་བོད་ཀྱི་ལོ་རྒྱུས་ནང་ཆོས་སྲིད་གཉིས་ཐད་ནས་བྱས་རྗེས་དང་སྙན་གྲགས་ཆེན་པོ་ཡོད་པ་དགྲ་གཉེན་གཉིས་ཀའི་ལོ་རྒྱུས་ནང་གསལ་བོ་འཁོད་ཡོད་པ་རེད། མདོ་སྟོད་མི་དམངས་ཀྱི་སྙིང་སྟོབས་གཏན་ཚུགས་བཅས་པ་ངོ་མ་ལས་སླ་བོ་མེད་པ་བཤད་ནས་མ་དགོས་པ་ཞིག་རེད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་མདོ་སྟོད་མི་དམངས་ཀྱིས་གློ་སྙིང་བྲང་གསུམ་བཅོལ་སའི་སྤྱི་འཐུས་དང་རྒྱུན་ལས་ཤེས་ཡོན་གྱིས་ཕུང་བ་འགའ་རེའི་བྱས་ཉེས་ལས་བཙན་བྱོལ་ནང་གི་མདོ་སྟོད་མི་མང་ལ་ཡང་ནས་བསྐྱར་དུ་ཛ་དྲག་གི་དཀའ་ངལ་མང་པོ་འཕྲད་མྱོང་བ་རེད། ངོ་ནས་ཡིན་བསོད་ནམས་སྟོབས་རྒྱལ་ལྟ་བུ་ལ་དུས་རབས་ཉེར་གཅིག་པའི་ནང་གི་མདོ་སྟོད་མི་མང་གི་ངོ་ཚབ་བྱེད་རྒྱའི་ཤེས་འཇོན་ཡོད་པ་མ་རེད། བསོད་ནམས་སྟོབས་རྒྱལ་ལ་དུས་རབས་ཉེར་གཅིག་པ་ཤེས་ཡོན་གྱི་དུས་རབས་འདིའི་ནང་མདོ་སྟོད་མི་མང་ལ་སྣེ་ཁྲིད་བྱེད་སྤྱད་ཀྱི་ཀླད་པ་མེད་པའི་དབང་གིས་ཡང་ནས་བསྐྱར་དུ་མདོ་སྟོད་མི་མང་ཁ་མཆུ་ཁྱེར་ཡོང་གི་ཡོད་པ་རེད། སྤྱིར་བསོད་ནམས་སྟོབས་རྒྱལ་ཀྱིས་འདས་པའི་ནང་བོད་བསྟན་སྲིད་ཀྱི་ཆེད་དུ་རྒྱ་དམར་དང་དམར་འཛིང་བྱས་པའི་ཆེས་ཕུལ་བྱུང་དང་རྗེས་སུ་ཡི་རང་བྱེད་རིན་ཡོད་པའི་བྱས་རྗེས་ཡོད་པ་བདེན་ནའང་། ཁོང་དུས་ཉེར་གཅིག་པའི་ཤེས་ཡོན་གྱི་དུས་རབས་འདིའི་ནང་མི་མང་ལ་ཆབ་སྲིད་ཀྱི་སྣེ་ཁྲིད་དང་བོད་གཞུང་ཁྲིམས་བཟོ་ལྷན་ཚོགས་ཀྱི་ནང་དུ་གོ་ཆོད་པའི་མི་ཞིག་བྱེད་རྒྱུའི་ཆ་རྐྱེན་ཡེ་ནས་ཚང་མེད་པ་མཐོང་གི་འདུག གནས་ཚུལ་འདི་འདྲ་ལ་བརྟེན་ནས་རྟག་པ་ཁོའི་སྟེང་ནས་རྙོག་དྲ་ལྷག་ཡོང་གི་ཡོད།
དག་བཅོས། མདོ་སྟོད་མི་མང་བོད་ཀྱི་ལོ་རྒྱུས་ནང་ཆོས་སྲིད་གཉིས་ཐད་ནས་བྱས་རྗེས་དང་སྙན་གྲགས་ཆེན་པོ་ཡོད་པ་དགྲ་གཉེན་གཉིས་ཀའི་ལོ་རྒྱུས་ནང་གསལ་བོ་འཁོད་ཡོད་པ་རེད། མདོ་སྟོད་མི་དམངས་ཀྱི་སྙིང་སྟོབས་དང་གཏན་ཚུགས་བཅས་པ་ངོ་མ་ལས་སླ་བོ་མེད་པ་བཤད་མ་དགོས་པ་ཞིག་རེད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་མདོ་སྟོད་མི་དམངས་ཀྱིས་གློ་སྙིང་བྲང་གསུམ་བཅོལ་སའི་སྤྱི་འཐུས་དང་རྒྱུན་ལས་ཤེས་ཡོན་གྱིས་ཕུང་བ་འགའ་རེའི་བྱས་ཉེས་ལས་བཙན་བྱོལ་ནང་གི་མདོ་སྟོད་མི་མང་ལ་ཡང་ནས་བསྐྱར་དུ་ཛ་དྲག་གི་དཀའ་ངལ་འཕྲད་མྱོང་བ་རེད། ངོ་ནས་ཡིན་ན་བསོད་ནམས་སྟོབས་རྒྱལ་ལྟ་བུ་ལ་དུས་རབས་ཉེར་གཅིག་པའི་ནང་གི་མདོ་སྟོད་མི་མང་གི་ངོ་ཚབ་བྱེད་རྒྱུའི་ཤེས་འཇོན་ཡོད་པ་མ་རེད། བསོད་ནམས་སྟོབས་རྒྱལ་ལ་དུས་རབས་ཉེར་གཅིག་པ་ཤེས་ཡོན་གྱི་དུས་རབས་འདིའི་ནང་མདོ་སྟོད་མི་མང་ལ་སྣེ་ཁྲིད་བྱེད་སྤྱད་ཀྱི་ཀླད་རྩལ་མེད་པའི་དབང་གིས་ཡང་ནས་བསྐྱར་དུ་མདོ་སྟོད་མི་མང་ལ་ཁ་མཆུ་ཁྱེར་ཡོང་གི་ཡོད་པ་རེད། སྤྱིར་བསོད་ནམས་སྟོབས་རྒྱལ་ཀྱིས་འདས་པའི་ལོ་རྒྱུས་ནང་བོད་བསྟན་སྲིད་ཀྱི་ཆེད་དུ་རྒྱ་དམག་དང་དམར་འཛིང་བྱས་པའི་ཕུལ་བྱུང་དང་རྗེས་སུ་ཡི་རང་བྱེད་རིན་ཡོད་པའི་བྱས་རྗེས་ཡོད་པར་ཡིད་ཆེས་ཡོད། འོན་ཀྱང་ཁོང་དུས་ཉེར་གཅིག་པའི་ཤེས་ཡོན་གྱི་དུས་རབས་འདིའི་ནང་མི་མང་ལ་ཆབ་སྲིད་ཀྱི་སྣེ་ཁྲིད་དང་བོད་གཞུང་ཁྲིམས་བཟོ་ལྷན་ཚོགས་ཀྱི་ནང་དུ་གོ་ཆོད་པའི་མི་ཞིག་བྱེད་རྒྱུའི་ཆ་རྐྱེན་ཡེ་ནས་ཚང་མེད་པ་མཐོང་གི་འདུག གནས་ཚུལ་འདི་འདྲ་ལ་བརྟེན་ནས་རྟག་པ་ཁོའི་སྟེང་ནས་རྙོག་དྲ་ལྷག་ཡོང་གི་ཡོད། རྒྱང་རིང་དཔྱད་གཏམ་འདི་དོན་ལ་མི་གནས་ན་བཟོད་གསོལ་ཞུ།
མགོན་པོ་ཕྱག་གཉིས་ཀྱིས་བཤད་པའི་རྒྱུན་ལས་ཀྱི་ནོར་འཁྲུལ་ཟེར་བ་དེ་མིན་པའི་ཤ་མུར་རུས་མུར་བྱེད་རྒྱུ་གཞན་པ་ཞིག་འདུག་གམ།
ལྕགས་རྒྱ་འགྲམ་ནག་དང་སྟག་སྨྱོན་གཉིས་ཕེབས་པར་དགའ་བསུ་ཞུ།
ཨ་ཧ་ཧ། ཤ་མུར་རུས་མུར་བྱེད་རྒྱུ་མང་པོ་ཡོད་པ་རེད། ང་ཨ་ཁུ་འབྲོག་པ་ཞིག་རེད་མོད། ཤ་བཟའ་སྟངས་དང་རུས་པ་གཅོག་སྟངས་ཤེས་ལེ་རེད། ང་ད་རུང་སྤྱི་འཐུས་རྒྱུན་ལས་ཀྱི་དུག་སྦྲུལ་དེ་ཚོའི་སྒང་ནས་མར་འགྲོ་ཐུབ་ས་མ་རེད། ད་ལྟ་ང་དྷ་སར་ཐག་རིང་དྲགས་ནས་སུ་ཞིག་མིད་དགོས་པ་དང་སུ་ཞིག་ཟ་དགོས་པ་ད་རུང་ཡག་པོ་ཤེས་ཀྱི་མི་འདུག གཅིག་ཤེས་ན་སུ་ནོར་ན་དེ་ཟ་རྐྱང་ཡིན་མ་གཏོགས་གུ་ཡངས་གོམ་གང་གཏོང་གི་མིན། མདོ་སྟོད་ཀྱི་ཕྱོགས་རིས་བྱས་སོང་། ཨ་མདོའི་ཕྱོགས་རིས་བྱས་སོང་། དབུས་གཙང་གི་ཕྱོགས་རིས་བྱས་སོང་ག་ཚོད་ཟེར་ན་ང་ཁྱད་མེད། ང་གསོན་ན་ཆོལ་གསུམ་ཆིག་སྒྲིལ་གྱི་ཆེད་དུ་གསོན་གི་ཡིན། ང་ཤི་ན་ཆོལ་གསུམ་ཆིག་སྒྲིལ་གྱི་ཆེད་དུ་ཤི་གི་ཡིན། ཆོལ་ཁ་སུས་ནོར་ན་ང་དེར་སྣང་འཇོག་སྤུ་ཙམ་མེད། ངས་བཤད་རྐྱང་ཡིན།
ཡིན་ནའང་ཆོལ་ཁའི་མིང་བེད་སྤྱོད་གཏོང་དགོས་མི་དགོས་ཚང་མར་ཆོལ་ཁའི་མིང་བེད་སྤྱོད་བཏང་ཡོང་བ་དེའང་བདུད་ནག་པོའི་འཕྲུལ་ཞིག་ཡིན་པ་འདྲ་བས་ཁ་གཏད་གཅོག་དགོས་ན་ཁ་གཏད་གཅོག་གི་ཡིན།
ཁ་སང་དེ་རིང་ང་མདའ་ཚན་པའི་མདའ་མོ་ནོར་འཁྲུལ་གཅིག་བྱས་པའི་མ་ཆོག་ནོར་འཁྲུལ་གཉིས་པ་བྱས། ད་རུང་གནས་ལུགས་རྒྱུ་མཚན་ཡོད་མདོག་བཤད་མཁན་གྱི་རྒྱུན་ལས་དེ་ཚོའི་སྒང་ལ་མདའ་གཅིག་འཕེན་མ་ཆོག་ཉིས་འཕེན་ཡིན། རྒྱུན་ལས་བཤད་ཡོང་ན་ཆོལ་ཁ་ཞིག་གི་སྒང་ལ་བཙན་གྱིས་ཁྲིད་འགྲོ་མཁན་གྱི་ཁྱི་ཕྲུག་འདི་ཚོར་ཡང་ཁ་གཏད་གཅོག་གི་ཡིན་མ་གཏོགས་ལམ་ཀ་གཞན་མེད། གང་ན་དཀྲུག་ཐུར་ཡོད་ན་དེ་ཚོ་གཅོག་དགོས་པ་རེད་མ་གཏོགས་གུ་ཡངས་གཏོང་ཐབས་མེད། ངས་སྐད་ཆ་སྙན་པོ་བཤད་ཤེས་ཀྱི་མེད། ཕར་ཕྱོགས་ལའང་མ་གནོད་པ་ཚུར་ཕྱོགས་ལའང་མ་གནོད་པ། བར་མ་དོར་ནས་ལྡིང་བསྡད་པ་དེ་འདྲ་བཤད་བསྡད་ན་དངོས་ཡོད་དང་འཚམས་ཀྱི་མི་འདུག གནས་སྐབས་དེ་ཙམ་ཡིན།
སྐབས་བཅུ་བཞི་པའི་སྤྱི་འཐུས་ཚོགས་གཙོ་མདོ་སྟོད་པ་ཞིག་མིན་པས་སྐྱབས་པ་རེད་མ་གཏོགས་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀ་སྐབས་འདིའི་རྙོག་དྲའི་ནང་དུ་ཤ་མུར་རུས་མུར་བྱས་ཚར་བ་རེད། དེ་མི་ཤེས་རྒྱུ་ཅང་མེད་པ་རེད།
བསོད་ནམས་སྟོབས་རྒྱལ་ཟེར་བ་འདི་སྤྱི་འཐུས་གང་འདྲ་བྱས་ནས་སླེབས་པ་མི་ཤེས། ཁོང་ཆབ་སྲིད་བཙན་ཟུར་བ་ཞིག་ཡིན་ནས་དམོད་ཚིག་འདོགས་པར་ཅུང་འཛེམས་ན་ཡག་པོ་མེད་འགྲོ བཙན་ཟུར་ཡིན་པ་ཙམ་གྱིས་རྒྱུ་མཚན་དུ་བྱས་ནས་སྤྱི་འཐུས་སུ་བསྐོས་པ་དེ་ནོར་བ་རེད། མ་འོངས་པ་འོས་འཕེན་མཁན་ཚོས་དགོངས་པ་ཡག་པོ་བཞེད་དགོས་པ་རེད། ངའི་དྲི་རྟགས་ཆེ་ཤོས་དེ་ནི་སྤྱི་འཐུས་ཐོག་མ་ཡོང་སའི་ཨི་ཁུང་དེ་གང་ན་བཟོས་འདུག་ཟེར་བ་དེ་ཡིན།
མེ་སྒྱོགས་རྒྱ་མཚོ་ཁྱེད་རང་གིས་རང་གི་ཐུབ་ཚོད་ཀྱིས་གནས་ཚུལ་ཕྱོགས་སུ་མ་ལྷུང་བ་མཁོ་འདོན་བྱས་པར་ངས་ཡང་སྐྱར་ཐུགས་རྗེ་ཆེ་ཞུ་གི་ཡིན།
ངའི་ཤ་མུར་རུས་མུར་བྱེད་ས་འདི་ཚོའི་ནང་ནོར་འཁྲུལ་གཉིས་བསྟུད་མར་སྐྱར་ཟློས་བྱེད་མཁན་གྱི་མི་དེ་ཚོ་མ་གཏོགས་མེད། ནོར་འཁྲུལ་གཅིག་བྱེད་མཁན་དེ་ཚོ་མེད། རྒྱུན་ལས་ཚང་མའང་མེད། ཚོགས་ཁང་གི་ཕྱིར་ཐོན་མཁན་ཚང་མའང་མེད། རྒྱུན་ལས་ཀྱང་ཡིན་པ་ཚོགས་ཁང་གི་ཕྱིར་ཐོན་མཁན་ཡང་ཡིན་པ་ནོར་འཁྲུལ་གཉིས་ཀྱི་ནང་ཚུད་བསྡད་པའི་འགོང་པོ་དེ་ཚོ་ཡིན། ནོར་འཁྲུག་གཅིག་བྱས་ན་གེ་མི་འདུག ཡང་སྐྱར་ནོར་འཁྲུལ་གཉིས་པ་ཞིག་བསམ་བཞིན་བྱས་པ་འདིར་བཟོད་པ་སྒོམ་ཐུབ་ཀྱི་མི་འདུག
མདའ་ཚན་པས་གནས་ལུགས་གཞིར་བཞག་ཁྲིམས་བཟོ་ལྷན་ཚོགས་ཀྱི་
ཁྲིམས་མེད་ཚོགས་འདུ་དེའི་བཞིན་རས་ཇི་བཞིན་བརྗོད་ཡོད་ན་ཡང་།
སྐོར་ཞིག་གིས་བཞིན་རས་ལ་མཚོན་རྩི་དཀར་དམར་བྱུག་དོན་ཅི་རེད།
རི་བོང་ཅལ་འདྲོགས་ཟེར་བའི་སྒྲུང་ཞིག་ཡོད་པ་དེ་ཡང་ད་རེས་ཀྱི་གནས་ཚུལ་
འདི་འདྲ་ལ་དམིགས་ནས་ཤོད་པ་ཞིག་ལོས་ཡིན།
སྤྱིར་སྤྱི་འཐུས་ཀྱི་འོས་ཆོས་ལ་བོད་མི་ཡིན་པ་དང་ལོ་་་་་་ཟེར་བ་ལ་སོགས་མ་གཏོགས་ཡོན་ཚད་འཇོན་ཚད་ཀྱི་ཚད་གཞི་མེད་པ་རེད། ཆོལ་ཁ་གསུམ་ཁའི་སྤྱི་འཐུས་པའི་དེང་དུས་ཀྱི་ཤེས་ཡོན་ཡོད་པ་ཉུང་ཉུང་རེད་འདུག ཤེས་ཡོན་གྱི་ལག་ཁྱེར་ཡོད་པ་ཚོའི་ནང་དུའང་སྤྱི་ཚོགས་ཚན་རིག་དང་སྲིད་དོན་རིག་པའི་སློབ་སྦྱོང་ཡོད་པ་ཤིན་ཏུ་ཉུང་ཉུང་མེད་འདུག དེའི་ཐད་ཆོལ་གསུམ་མི་མང་ཡོངས་ནས་དགོངས་པ་བཞེད་དགོས་པ་ཞིག་རེད།
སྤྱིར་རྒྱ་གར་ནང་གི་མཐོ་སློབ་ཐོན་པ་ཙམ་གྱི་དེང་དུས་ཀྱི་ཤེས་ཡོན་འཛོམས་པ་ལྟ་བུ་བརྩིས་ནའང་བརྩི་རིན་མེད་པ་དེ་འདྲ་ཡོད་པ་རེད།
སྐུ་མཁྱེན་ཕྱོགས་གཉིས་ནས་ཚིག་ངན་བེད་སྤྱོད་རྒྱུ་མཚམས་བཞག་རོགས། ངེད་ཚོའི་བགྲོ་གླེང་འདི་ལ་རྩ་བའི་མི་མཐུན་པའི་གཞི་རྩ་མེད་པ་རེད། བསམ་ཤེས་བྱེད་ཀྱིན་བྱེད་ཀྱིན་འགྲིག་འགྲོ་གི་རེད།
ནོར་བཅོས།
མཆན་༢༧
ཆབ་སྲིད་བཙན་པ་ཞིག་ཡིན་ནས་་་་་་ཡིན་པས་
མཆན་༣༠
སྤྱི་འཐུས་པའི་ ནང་དུ་
ད་རེས་སྤྱི་འཐུས་རྒྱུན་ལས་ལ་ནོར་བ་རྩ་བ་རང་ནས་ཡོད་ནི་མ་རེད། སྤྱིར་སྤྱི་འཐུས་རྒྱུན་ལས་ཀྱིས་
ཐག་བཅད་ན་ཐག་བཅད་པ་རེད། སྤྱི་འཐུས་རལ་བ་ཅན་ལ་རྒྱུས་མེད་ཀྱང་ད་རེས་ཀྱི་གླེང་གཞི་
འདི་ལ་མཚོན་ན་རལ་བ་ཅན་རྩེད་ཆས་ཙམ་རེད་འདུག ནོར་འཁྲུལ་ངོ་མ་ས་རྟགས་བསྡུ་རུབ་བྱེད་
མཁན་ཁོང་ཚོས་རྐང་བཙུགས་ནས་བོད་ནང་ཁུལ་ལ་གཏོར་བཤིག་ཚབ་ཆེན་བཏང་ཡོད་པས་དངོས་
གནས་བོད་ལ་ལྷག་བསམ་ཡོད་ན་ས་རྟགས་བསྡུ་རུབ་བྱེད་མཁན་ཚང་མ་སྤྱི་འཐུས་ནང་ནས་
གནས་དབྱུང་གཏོང་རྒྱུ་རེད་འདུག སྨོན་ལམ་མཐར་ཕྱིན་གྱིས་བཤད་པ་ནང་བཞིན་ངོ་
ཤེས་དཔུང་བསྒྲིག་བྱས་ནས་ས་རྟགས་བསྡུ་བ་དེ་འདྲ་ཡ་རབས་ཀྱི་སྤྱོད་པ་མེད་པ་གསལ་བོ་རེད།
དབུས་གཙང་སྤྱི་འཐུས།
ཀརྨ་ཆོས་འཕེལ། BA
ཟླ་བ་ཚེ་རིང་། High School
ཚེ་བརྟེན་ནོར་བུ??
སྒྲོལ་མ་ཚེ་རིང་།BA
ངག་དབང་ལྷ་མོ། B.ED
ཀརྨ་ཡེ་ཤེས། ??
རྒྱལ་ནོར་ཚེ་དབང་། ??
ཡེ་ཤེས་ཕུན་ཚོགས། Acharya
ཚེ་རིང་སྒྲོལ་མ། ??
ཟླ་བ་ཕུན་ཚོགས། Diploma
མདོ་སྟོད་སྤྱི་འཐུས།
ཨོ་རྒྱན་སྟོབས་རྒྱལ། ཆོས།
འཇུ་ཆེན་དཀོན་མཆོག Finished School
གསེར་རྟ་ཚུལ་ཁྲིམས། ཆོས།
བསོད་ནམས་སྟོབས་རྒྱལ། བོད་ཡིག་འབྲི་ཀློག་འཕེལ་བ། Whatever that is.
རྡོ་རྗེ་དབང་འདུས། BA
ཨ་དཀར་གཡུ་སྒྲོན། Double MA
ཆོས་སྐྱོང་དབང་ཕྱུག Post Graduate Diploma
སྐལ་བཟང་རྒྱལ་མཚན། བོད་དབྱིན་ཧིན་གསུམ་སྦྱངས་བ། whatever that is.
ཚུལ་ཁྲིམས་བསྟན་འཛིན། གཞི་རིམ་དེང་དུས་ཀྱི་སློབ་སྦྱོང་། Whatever that is.
བསོད་ནམས་སྟོབས་རྒྱལ། ???
མདོ་སྨད་སྤྱི་འཐུས།
རྒྱལ་རོང་ཟླ་བ་ཚེ་རིང་། ??
ཆབ་བྲག་ལྷ་མོ་སྐྱབས། རྩོམ་པ་པོ།
བསྟན་འཛིན་མཁས་གྲུབ། MBA
བསྟན་འཛིན་མགོན་པོ། དགེ་འོས་ཐོན་པ།
སྒྲོལ་མ་ལྷ་མོ། དྲང་ཡིག་ཆེད་སྦྱོང་།
སྒྲོལ་མ་འཚོ་མོ། MA
ཚེ་རིང་གཡུ་སྒྲོན། དྲུང་ཡིག་ཆེད་སྦྱོང་།
གསེར་རྟ་ཚུལ་ཁྲིམས་འོད་ཟེར། ཆོས།??
ཡེ་ཤེས་སྒྲོལ་མ། High School
ཆོས་བརྒྱུད་ཀྱི་སྤྱི་འཐུས་ཚོས་ཆོས་ཟེར་བ་དེ་སྦྱངས་གནང་བ་རེད།
སློབ་སྦྱོང་ལག་ཁྱེར་གྱི་སྟེང་ནས་ཡང་ལྕི་འདེགས་ན་ངེད་ཚོའི་ཁྲིམས་བཟོ་ལྷན་ཁང་གི་སྤུས་ཚད་འདི་དག་རེད།
གེ་སར་རྒྱལ་པོ། ནོར་རྩ་ནས་ཡོད་མ་རེད། ནོར་བ་རེད་ཙམ་གྱིས་ཡོང་གི་མི་འདུག ནོར་མེད་པའི་རྒྱུ་མཚན་དང་ནོར་ཡོད་པའི་རྒྱུ་མཚན་དེ་ཚོ་རིམ་པ་བྱས་ནས་ཉན་མཁན་ཞིག་གིས་ཉན་ནའང་བདེན་པ་རེད་བསམ་བསམ་ཞིག་བྲིས་ན་ཡག་པོ་རེད། ང་བདེན་པ་ལ་ལྟོས་ཏེ་འགྱུར་ཆོག་ཆོག་ཅིག་ཡིན། རྒྱུ་མཚན་རེ་རེ་བྱས་བགྲང་རྒྱུ་མེད་ན་ངས་ད་རུང་ཁྱེད་རང་གི་སྐད་ཆ་དེ་ཚོ་གཞི་རྩ་མེད་པར་ལྟ་གི་ཡིན།ཁུངས་ལུང་མེད་པར་ལྟ་གི་ཡིན། ཁུངས་མེད་ཀྱི་སྐད་ཆ་བཤད་བསྡད་ན་ཆོ་མི་འདུག ད་གཟིམས་འཇགས་གནང་། སང་ཉིན་མཇལ་ཡོང་།
མེ་སྒྱོགས་རྒྱ་མཚོའི་སྤྱི་འཐུས་འདེམས་སྟངས་ཀྱི་སྐད་ཆ་དེ་ཚོ་སྣང་བར་འགྲོ་མདོག་ཁ་བོ་འདུག དེགའདྲར་ཡང་ཉན་འདོད་ཡོད།
མདའ་ཚན་པ་ལགས།ངས་ཁྱེད་ཀྱི་རྩོམ་འདིའི་གོ་དོན་རྒྱབ་ལྗོངས་དངོས་དང་བསྟུན་ནས་མཆན་འགྲེལ་བྱས་ཡོད།ཁྱེད་ཀྱིས་རང་རྩོམ་ནང་གང་བྲིས་པ་རྣམས་མིག་ཟུང་ཕྱོགས་ཞེན་ཁྲག་གིས་མ་གཡོགས་པའི་རེ་བ་ཞུ།གཤམ་ལ་ཁྱོད་ཀྱི་རྩོམ་ལས་ཚིག་དུམ་འགའ་ལུང་འདྲེན་བྱས་ཡོད།
༡༽གཡོ་རྒྱུ་ཅན་གྱི་ཝ་མོ་ནང་བཞིན་གྱི་སྲིད་དོན་པ་ནག་པོ་འདི་ཚོས་དང་པོ་ནས་བཏིང་བའི་འཆར་གཞི་ཡིན་པ་གསལ་བོ་རེད།རྒྱ་མིའི་སོ་བ་ཞིག་ཡིན་ནའང་འདི་ལས་ལྷག་པའི་ལས་ཀ་ཞིག་ཇི་ལྟར་བྱེད་ཐུབ།
༢༽ཕུང་རྒན་ཁོ་ཚོའི་སྒྲིག་འགལ་གྱི་བྱ་བ་དེའང་ད་ཐེངས་གྲོས་ཚོགས་ནང་གླེང་སློང་བྱེད་རྒྱུ་ཡིན་པ་དེ་ཁོང་ཚོས་སྔོན་ཚུད་ནས་ཤེས་ཀྱི་ཡོད་པ་རེད་ལ་དེ་ནི་ཁོང་ཚོས་བྱུས་ངན་བཏིང་བའི་དགོས་དམིགས་དང་ད་བར་སྒུག་བསྡད་པའི་གོ་སྐབས་ཀྱང་ཡིན་པ་འདྲ་བོ་འདུག
༣༽ཞེ་ཕུགས་ངན་ཞིང་ལྐོགས་བྱུས་འདིང་མཁན་གྱི་མི་ངན་དེ་ཚོས་ཁ་གཏད་གཅོག་རྒྱུ་ཡིན་པ་ནི་མ་བལྟས་ལེབ་མཐོང་ཡིན་པས་ཆོལ་གསུམ་གྱི་སྤྱི་འཐུས་༡༤ཡིས་ས་རྟགས་བརྒྱབས་ནས་རྒྱབ་སྐྱོར་བྱས་པ་ནི་གནས་ལུགས་དང་མཐུན་པ་ཞིག་རེད།
༤༽ཁྱི་སྤྱང་ངན་འབྲེལ་གྱི་དཔུང་ཚོགས་འདི་ཚོས་་་་་
༥༽དང་པོ་ཁྱི་སྤྱང་ངན་འབྲེལ་གྱིས་ཤེས་བཞིན་སྒྲིག་འགལ་གྱི་བྱ་བ་བྱས།
༦༽སྒྲིག་གཞི་གསལ་ཁ་མི་འདུག་་་སྐྱག་པ་སྐམ་པོའི་སྒྲིག་གཞི་གསལ་ཁ་མི་འདུག
༧༽རང་སྐྱོན་ངོས་ལེན་བྱེད་མི་ཐུབ་པའི་ཁོ་རྒྱ་དོག་མོ།ཆོལ་ཁའི་ཕྱོགས་ཞེན་ཆེན་པོ།་རང་དོན་ལ་ཐུག་ན་སྤྱི་ཚོགས་ནང་གཏོར་བརླག་བྱེད་པའི་བཀྲ་ལག་སྣ་ཀུན་ནས་འཛོམས་བསྡད་ཡོད་པའི་དགྲ་དགའ་གཉེན་སྡུག་འདི་ཚོ་སྐེ་སྒོ་རེ་གཡོགས་ནས་རྒྱངས་ཕུད་ལ་ཐོངས་ཤིག
བཅས་ཀྱི་ཚིག་དོན་ཡོང་གི་གོ་དོན་གང་ཡིན་ཕྲུག་གུ་ལོ་གསུམ་ལོན་པ་ཞིག་ཡིན་ན་ཡང་ཤེས་ཐུབ།ད་དུང་ཁྱོད་ཀྱིས་ངའི་རྩོམ་འདིའི་ནང་ཆོལ་ཁའི་ཚིག་གཅིག་ཀྱང་མེད།ཆོལ་ཁའི་སྐོར་གྱི་སྐད་ཆ་བཤད་རིགས་ལ་དགའ་བོ་མེད་པ་གཏོགས་དེ་འདྲ་བཤད་མཁན་རྣམས་ཀྱང་རྒྱ་མི་དང་ངན་འབྲེལ་ཡོད་པ་ལུགས་བཤད་པ་རྣམས་དངོས་བདེན་ཡིན་ན།་ཁྱོད་རང་རང་ཉིད་རྒྱ་མི་དང་ངན་འབྲེལ་ཡོད་པའི་མི་སྣ་ཞིག་ཆགས་འདུག་ཁྱོད་ཀྱིས་རྩོམ་འདི་འཇུག་བསྡུས་ཀྱི་ཚུལ་དུ།ཁྱོད་རང་གི་ལྟ་གྲུབ་དང་མ་མཐུན་པའི་སྤྱི་འཐུས་ཁག་ལ་འདི་ལྟར་བཤད་འདུག་༼རང་སྐྱོན་ངོས་ལེན་བྱེད་མི་ཐུབ་པའི་ཁོག་རྒྱ་དོག་མོ།ཆོལ་ཁའི་ཕྱོགས་ཞེན་པོ།༽བཅས་བྲིས་མི་འདུག་གམ།དེ་རྣམས་མདའ་ཚན་པ་རང་ངོས་ནས་མ་བྲིས་བར་ངས་བྲིས་པ་རེད་དམ།ཁྱོད་ཆོལ་གསུམ་མཐུན་སྒྲིལ་ཆེད་དུ་ཤི་མི་སྲིད།ཕྱོགས་ཞེན་དུག་ཆུ་འཐུང་ནས་རང་ཤི་མི་རྒྱག་རོགས།མདོར་ན་ཁ་གསལ་ན་གོ་བདེ་བས་ཁྱོད་ཀྱི་རྩོམ་ཡིག་རྒྱབ་ཏུ་ངན་པ་ལག་འབྲེལ་དང་བཙན་བྱོལ་ནང་གི་ནད་རྙིང་མང་པོ་ཞིག་སྐྱར་སློག་རྒྱག་པའི་རྐྱེན་རུ་འགྲོ་མི་སྲིད་པ་མ་རེད་སྙམ།
ནོར་བཅོས།་ཆོལ་ཁའི་སྐོར་གྱི་སྐད་ཆ་བཤད་རིགས་ལ་དགའ་བོ་མེད་པ་མ་གཏོགས།
ནོར་བཅོས།་རྒྱ་མི་དང་ངན་འབྲེལ་ཡོད་ལུགས་
ནོར་བཅོས།་ཆོལ་ཁའི་ཕྱོགས་ཞེན་ཆེན་པོ།
ནོར་བཅོས།་རང་ཤི་མ་རྒྱག་རོགས།
ཕན་ཚུན་བསམ་ཤེས་བྱེད་རོགས་གནང།
ང་ཚོའི་འཐབ་རྩོད་ནི་རྒྱ་བོད་བར་གྱི་འཐབ་རྩོད་ཡིན་པས།་བོད་མི་རྣམས་འཆམ་མཐུན་དགོས་པ་ནི་མེད་དུ་མི་རུང་རྒྱུ་གལ་ཆེན་ཞིག་རེད།
མདའ་ཚན་པ་ལགས།
ཁྱེད་ཀྱིས་བྲིས་པའི་རྨོངས་འཆར་གྱི་རྩོམ་སྤེལ་བ་རང་ནས་དགཌྷའ་སྲུང་ཞུ། ཡིན་ན་ཡང་སྐུ་འོས་སྤྱི་འཐུས་ཤིང་ནས་ཌྷའགྲོ་གྲོན་སྦྱིན་དགོས་མི་དགིས་ཀྱི་གྲོས་འཆར་འབུཌྷཌྷལ་སྐབས་སུ། རང་ལ་བདེན་པ་ཡོད་ན་དཔང་རོགས་༡༤་ཁྲིད་དེ་རྩེད་ལས་བྱ་མི་དགོས་པ་གྲོས་འཆར་འདི་གྲོས་ཚིགས་ནང་རང་སྒེར་ནས་སྟོན་ཡོད་ན་སྤྱི་མོས་དང་མང་མོས་གང་རུ་ཞིན་ནང་ཁ་ཕྱོགས་འགྱུར་ཏེ་སྐྱུག་དྲོཌྷའི་གནས་སྟངས་འདི་ཆགས་མི་དགིས་པ་དེ་རེད་སྙམ།
ད་རིང་གྲོས་འཆར་འདིའི་ཐོག་སྤྱི་འཐུས་མང་པའི་བསམ་ཚུལ་ནང་གྲོས་འཆར་ལ་རྒྱབ་སྐྱོར་བྱས་ཡོད་ཀྱང་དཔང་རོགས་ཁྲིད་བ་དེ་བྱེད་སྟངས་མི་བཟང་བ་ཞིང་ཡིན་པ་བཤད་འདུག། ཁོང་ཚོས་དེའི་རྒྱུ་མཚན་ནི་བོད་ཀྱི་རྩ་དོན་ཐོག་གྲོས་འཆར་སྟོན་པའི་ལོ་རྒྱུས་ནང་དཔང་རོགས་མ་ཞུ་ནས་ད་རིང་མི་སྒེས་གཅིག་གི་ཌྷའགྲོ་གྲོན་གཏོང་མི་གཏོང་ཐད་དཔང་རིགས་ཞུ་ཡོད་པ་དེ་རེད།
བཅའ་ཁྲིམས་རིན་པོ་ཆེའི་དང་ཁྲིམས་ཀྱིས་ཐག་བཅད་གནང་པའི་ད་རིང་གི་འགྲོ་གྲོན་གཏོང་སྐོར་ལ་ཁ་མི་གསལ་བའི་སྟེང་བལ་ཡུལ་སོགས་ནས་སྤྱིར་འཐུས་འོང་མི་ཚོར་སྔོན་མ་ཡིན་ན་རླངས་འཁོར་གྱི་ཌྷའགྲོ་གྲོན་ལས་བཏང་སྲོལ་མེད་རུང་ཕྱི་སུ་ལམ་ཐག་རིང་པོ་ཡོད་པའི་དཀའ་སྡུག་སྐོར་ལ་འབྲེལ་ཡོད་སྤྱི་འཐུས་ཚོས་སྙན་ཞུ་ཕུཌྷཌྷལ་བ་ལྟར་གནམ་གྲུའི་འགྲོ་གྲོན་སྤྱི་འཐུས་རྒྱུན་ལས་ཚོས་སྦྱིན་སྐབས་སྔ་ལུགས་སྲོལ་མེད་པ་ཞིང་གནང་ཡོད་འདུག་པས་ན་དེའི་སྐབས་སུ་གྲོས་འཆར་མ་འབུལ་བ་ད་རི་སྤྱི་འཐུས་ག་གེ་མི་ཞིང་གི་འགྲོ་གྲོན་ཐད་བབས་དུས་དཔང་རོགས་སྒྲིག་པ་དེ་བཟང་པོ་མེད་པ་ཞིག་ལ་གོ་དགོས་ཡོད་སྲིད། དོན་ལ་འགྲོ་གྲོན་གཏོང་རྒྱུ་ཐད་ཁྲིམས་ཤིང་བཟོ་ཐུབ་ན་དགེ་བ་ཆེ་བསམ།
རང་ནས་མདའ་ཚན་པར་མི་དགའ་བ་མེད་དེ་ཁྱེད་ཉིད་ནས་རང་མི་དགའ་སའི་སྤྱི་འཐུས་ཁག་གཅིན་ལ་དུག་སྦྲུལ་དང་། དུག་ཅན་ཟེར་མ་སོགས་ཚིག་ངན་དང་ཚིག་སྡུག་རྐྱང་བེད་སྤྱོད་ན་འདིས་སྐུ་ཉིད་ཀྱི་ཇི་རྩོམ་པའི་དགོས་དོན་མ་བསྒྲུབ་པའི་སྟེང་བོད་མི་བར་གྱི་ཚུལ་མཐུན་ལ་གནད་རྒྱུ་འདུག་དྲན། རྒྱལ་ནག་ཡིན་ན་མི་ཤེས་མོད། གཞན་རྒྱ་གར་གཙོ་བས་མང་གཙོ་ཅན་གྱི་རྒྱལ་ཁག་དག་ལ་སྨྱུག་འཛིན་པ་ཚིས་རང་གི་འཐུས་མི་རྣམས་ཀྱིས་ལས་འགུལ་མ་འཁུར་ན་ལས་འགུལ་དང་འབྲེལ་པའི་རྩོམ་སྤེལ་དེ་རྐྱོན་བརྗོད་གནང་སྲོལ་བཟང་པོ་ཞིག་མཆིས་པ་ལས་མི་སྒེར་ལ་མི་དགའི་ཚུལ་དི་འདི་ལྟར་སྟོན་སྲོལ་མེད། དེའི་དཔེར་ཡག་ཤོག་གཅིན་ནི་ཕྱི་ལོགས་ལྟ་མི་དགོས་བ་བོད་ཀྱི་དུས་བབས་དང་བོད་ཀྱི་བང་ཆེན་སོགས་ཀྱི་རྩོམ་སྒྲིག་པའི་གཏམ་འབྲི་སྟངས་ལ་གཟིངས་ཐུབ་ན་དོན་ལ་བབས་པའི་རྐྱིན་བརྗོད་འབྲོ་སྟངས་ཧ་གོ་ངེས། ཁྲེད་ཀྱིས་བྲོས་པའི་རྩོམ་དེ་བོད་སྤྱི་ལ་ཕན་ན་སྙམ་ནས་བྲིས་ཡོད་བ་བརྗོད་མེད་ཡིན་ཡང་། མི་ཚོས་ཁྱེད་ཀྱིས་བྲིས་པའི་རྩོམ་གྱི་དོན་ལ་མ་བལྟས་ནས་ཚིག་ངན་དེ་ཚོ་རྐྱང་བཟུང་ན་ཕན་མེད་ཆགས་སྲིད་་སྟབས། དོན་རྐྱོན་འདི་འདྲ་ཞིག་བྱུང་ན་ཁྱེད་ཀྱི་དགོས་དོན་མ་གྲུབ་པའི་སྟིང་ཕྲན་རང་ཡང་སྐྱིད་པོ་ཡོང་ས་མ་རེད།
བློ་གཟུར་གནས་ནས་བྲིས་ཁུལ་ཡིན། རང་གི་ལྟ་བ་དང་འགྲིགས་མ་འགྲིགས་བྱུང་ཡོད་ན་དགོངས་པ་དག་བ་ཞུ།
ཚིག་འགའ་རེ་ནོར་འདུག་པས་ཀློག་སྐབས་བཅོས་རིགས།
བློ་གྲོགས་མཚོ་དེ་རིང་ཁ་སང་རྡ་སའི་གྲོས་ཚོགས་ནང་ཆབ་སྲིད་ཆུང་བའི་རྐྱོན་དེ་དག་གཞན་ལ་དྲང་བདེན་གསལ་བཤད་གནང་ན་ཤིན་ཏུ་ལེགས།། བཀྲ་ཤིས་བདེ་ལེགས།།
ད་སྐབས་ཀྱི་ནོར་འཁྲུལ་ཏེ་སྤྱི་འཐུས་ཁྱོན་ཡོང་ནས་ཤོར་བའི་ནོར་འཁྲུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་
ཡིན། ཁོང་ཚོ་ཕྱོགས་ཚང་མས་བསམ་ཤེས་བྱེད་དགོས་པ་ལ་དེ་ལྟར་མི་བྱེད་པར་རང་གི་རང་གི་
ལངས་ཕྱོགས་རྐྱང་རྐྱང་དམ་འཛིན་བྱེད་ཀྱིན་ཡོད་པའི་ངན་རྟགས་ཤིག་ཕྱི་རུ་མངོན་པ་ལས་གཞན་
གང་ཡང་མ་རེད། གནད་འགག་འདི་ལྟ་བུ་ལ་ཐུག་དུས་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞཽན་
གཉིས་ཀ་ལ་ཡང་འཇོན་ཐང་མེད་པའི་རྟགས་མཚན་གསལ་བོར་བསྟན་པ་རེད། རྒྱ་རི་ཚང་གི་སྤྲུལ་སྐུ་
ངོས་བཟུང་བ་ནང་ནང་བཞིན་རང་གི་དགའ་ས་ཉེ་འབྲེལ་རེ་སྤྱི་འཐུས་སུ་སླེབས་ཐབས་ལ་དམིགས་
ནས་་བོད་སྤྱི་པའི་རྩ་དོན་རླུང་ལ་བསྐུར་བ་ལ་བློ་ཕམ་ཡོད།
མེ་སྒྱོགས་རྒྱ་མཚོས་སྤྱི་འཐུས་ཀྱི་མིང་ཐོ་དང་དེ་འབྲེལ་གྱི་གནས་ཚུལ་གང་ཞིབ་ཞིབ་ཅིག་དུས་ཐོག་ཏུ་འདོན་སྤེལ་བྱས་པ་དེས་དོན་རྐྱེན་འདིའི་སྐོར་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་སོང་། དེ་ནས་མགོན་པོ་ཕྱག་གཉིས་ཀྱིས་སྤྱི་འཐུས་ཚོའི་ཁྲོད་ནས་སུ་འགྲིག་སུ་ནོར་གྱི་བརྡར་ཤ་རྒྱུ་མཚན་ལྡན་པ་ཞིག་བཅད་སོང་བས་དེ་ལ་འདོད་པ་ཁེངས་ནས་སྐད་ཆ་ལྷག་མ་མ་བཤད་པར་བསྡད་ཡོད།
ད་རེས་ཀྱི་གནས་ཚུལ་འདིའི་ཐད་ནས་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་དང་སྤྱི་འཐུས་བསྟན་འཛིན་མགོན་པོ་གཉིས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་མེད། ཡིན་ནའང་ཁོང་གཉིས་ཀྱིས་ད་རེས་དྲ་ཐོག་ནས་སོ་སོའི་ལངས་ཕྱོགས་དང་བསམ་ཚུལ་རྣམས་མི་དམངས་ལ་ཐད་ཀར་དང་ཡོངས་ཁྱབ་ཀྱི་སྒོ་ནས་གསལ་བཤད་གནང་པ་དེར་རྗེས་སུ་ཡི་རངས་ཞུ་གི་ཡོད། འདི་ནི་མང་གཙོའི་འགྲོ་སྟངས་ཟེར་བ་དེ་ཡིན་རྒྱུ་རེད་བསམ་བཞིན་ཡོད།
ཡིན་ནའང་བེ་རི་འཇིགས་མེད་ལགས་ཀྱིས་སྤྱི་འཐུས་རྒྱུན་ལས་ཁང་གི་ཡིག་ཚང་ནས་བྲིས་པ་ཡིན་ཟེར་བའི་སྙན་རྩོམ་དེ་འདྲ་ཁ་བརྡའི་ཐོག་ཏུ་སྤེལ་ཐུབ་པ་ཞིག་ལ། ད་རེས་ཀྱི་གནས་ཚུལ་འདིའི་སྐོར་ནས་ཁ་བརྡའི་ཐོག་ཏུ་ཁོའི་སྐད་ཆ་ཚིག་གཅིག་གོ་རྒྱུ་མེད་པ་འདི་ག་རེ་ཡིན་ནམ་བསམ་བཞིན་ཡོད། ཡག་ཤོས་བྱུང་ན་ཁོ་རང་གི་ངོས་ནས་ཐད་ཀར་གསལ་བཤད་ཅིག་གནང་ཚེ་ཁོའི་ལངས་ཕྱོགས་དང་ཐག་གཅོད་ལ་མོས་མཐུན་མེད་རུང་། སྤྱི་དོན་ལ་འགན་འཁུར་འཁྱེར་མཁན་གྱི་སྤྱི་འཐུས་ཞིག་ཡིན་པར་ངོས་འཛིན་བྱེད་མི་ཐུབ་པ་ཅི་ཡོད། དེ་མིན་ཁ་གྲགས་མི་ཤེས་པའི་སྤྱི་འཐུས་ཞིག་གིས་མང་ཚོགས་ཀྱི་མགྲིན་ཚབ་ནམ་ཡང་བྱེད་མི་ཐུབ་ན། ང་ཚོས་དེ་དག་རེ་རེ་བཞིན་ཐེར་འདོན་བྱས་ཏེ། མི་འདི་དག་གི་རང་བཞིན་ངོ་མ་ལྷང་ལ་འབུད་དུ་འཇུག་པའི་ལས་སུ་ཞུགས་རྒྱུ་ལས་ཐབས་གཞན་མ་མཆིས། དེ་དུས་དགྲ་དགའ་གཉེན་སྡུག་བྱེད་ཀྱི་འདུག་ཟེར་བའི་སྐད་ཆ་དེ་འདྲ་བཤད་ན་འཕྱི་དྲགས་པ་རེད་བསམ།
སྤྱི་འཐུས་ཀྱི་ལམ་གྲོན་འགྲོ་སོང་འདི་དང་པོ་སྤྱི་འཐུས་རང་གི་སྤྲད་པའི་ཁ་བྱང་ནང་གང་ཡོད་པ་
དེ་ལས་གཞན་ལ་འགྱུར་བ་གཏོང་ཆོག་གི་མེད་ན་གནས་ཚུལ་ཐ་དད་རེད། དེ་མིན་སྤྱི་འཐུས་
ཚང་མས་ལམ་གྲོན་འགྲོ་སོང་རག་གི་ཡོད་པ་བཞིན་རལ་བ་ཅན་ལ་ཡང་ལམ་གྲོན་འགྲོ་
སོང་བཏང་བ་ལ་འགལ་བ་མི་འདུག སྤྱི་འཐུས་དེ་ཚོས་ཕྱོགས་ཡོང་ནས་བསམ་ཤེས་བྱེད་ཀྱི་གལ་
ཆེན་པོ་ཡིན་པ་ལས་རང་རང་གི་ལངས་ཕྱོགས་དམ་འཛིན་བྱེད་པ་དེ་ནོར་འཁྲུལ་ཞིག་ཏན་
ཏན་རེད། མ་གཞི་ནས་སྐབས་འདིའི་རྩོད་རྙོག་དེ་སྐབས་བཅོ་ལྔ་པའི་སྤྱི་འཐུས་ལ་རང་
དང་འབྲེལ་ཡོད་རེ་ཐོབ་ཆེད་དུ་གཡོ་སྒྱུ་འཁྲབ་པ་དེ་ལམ་འགྲོ་མ་བརྒྱུག་པ་ཞིག་ཏན་ཏན་རེད་
འདུག དེ་འདྲ་བྱས་ན་ཡག་པོ་རྩ་བ་ནས་ཡོད་པ་མ་རེད། དེང་སང་རང་གི་ཉེ་འབྲེལ་ཚང་
མ་སྤྲུལ་སྐུ་ཆགས་འགྲོ་བའི་ལམ་ལུགས་ཤིག་ཡོད་པ་ནང་བཞིན་རང་གི་ཉེ་འབྲེལ་སྤྱི་འཐུས་
ཆགས་ཐབས་སུ་འབད་བརྩོན་བྱས་པ་དེ་ཡག་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་མིན།
སྤྱི་འཐུས་བསྟན་འཛིན་མགོན་པོའི་སྐད་ཆ་དེ་དངོས་གནས་དྲང་པོ་བྲིས་འདུག
གནས་སྐབས་གྲོས་གཞི་ཕྱིར་འཐེན་བྱས་ཏེ་གྲོས་ཚོགས་ཀྱི་མཇུག་བསྡོམ་བྱེད་ཐབས་
མ་བྱས་པ་དེ་ཚོགས་གཙོ་བསྒྲེས་གཞོན་གཉིས་ཀྱི་ནོར་འཁྲུལ་རེད་ལ་ཁོང་གཉིས་ལ་གནད་
འགག་འདི་ལྟ་བུ་ལ་ཐུག་དུས་བློ་རྒྱ་དང་འཇོན་ཐང་དེ་ཙམ་མེད་པའི་ངན་རྟགས་གསལ་བོ་
བསྟན་པ་རེད།
མདའ་ཚན་པ་ལགས།གྲོས་གཞི་འདོན་སྐབས་སྤྱི་འཐུས་སྒེར་གཅིག་གི་གྲོས་གཞི་འདོན་དགོས་པ་ལས་སྤྱི་འཐུས་ནང་ཁུལ་དུ་མཐུན་ཕྱོགས་རྣམས་དཔུང་བསྒྲིགས་པ་དང།་དེ་ཡང་གྲོས་ཚོགས་ཁང་ཕྱི་ནས་གོ་བསྡུར་ཐག་གཅོད་བྱས་རྗེས་གྲོས་ཚོགས་ཁང་ནང་གླེང་ཁུལ་ཙམ་བྱས་རུང།་དོན་དམ་དུ་གྲོས་གཞི་འདོན་མཁན་སྤྱི་འཐུས་ཚོས་གྲོས་ཚོགས་ཁང་འདི་སྔོན་ནས་སྣང་མེད་ལྟ་བུ་བྱས་འདུག་ལ།་དེ་རྗེས་གྲོས་གཞི་ལ་ངོ་རྒོལ་བྱེད་མཁན་རྣམས་གྲོས་ཚོགས་ཕྱི་རུ་ཐོན་རུང་གྲོས་ཚོགས་སྒྲིག་གཞི་ལ་བརྩི་བཀུར་མ་བྱས་པ་ལྟ་བུ་གྱུར་ཡོད་ཚུལ་བཤད་མཁན་སུ་ཡིན་རུང།་དྲང་བདེན་དང་དངོས་ཡོད་བཤད་མི་འདོད་མཁན་ཁོ་ན་རེད།
དྲ་གྲོགས་གེ་སར་རྒྱལ་པོས་གསུང་པ་ལ་བརྒྱ་ཆ་བརྒྱ་མོས་མཐུན་ཡོད།་
གནས་ཚུལ་འདི་འབྱུང་རྐྱེན་ནི་ལས་ཐོག་གི་སྤྱི་འཐུས་གྲངས་ཁ་ཤས་འདིའི་ནོར་འཁྲུལ་མ་རེད་ལ།བཙན་བྱོལ་ནང་སྔོན་ནས་བསགས་པའི་ནད་རྙིང་རྣམས་རྒྱུ་རྐྱེན་ཆུང་ངུ་ཙམ་ལ་བརྟེན་ནས་མངོན་གསལ་དོད་པོ་ཐེངས་གཅིག་ཆགས་པ་རེད།འདི་ལྟ་བུ་གནས་ཚུལ་རིགས་ང་ཚོ་གཞོན་སྐྱེས་རྣམས་ཀྱིས་སྔོན་འགོག་ཆེད་བོད་མི་ནང་ཁུལ་དུ་ཡང་དག་པའི་ཡིད་ཆེས་གཙང་མ་ཞིག་སླེབས་ཐབས་དགོས་པ་མ་གཏོགས།དེ་མིན་གཞི་བྱེས་གཉིས་ལྷན་འཛོམས་མ་ཡོང་སྔོན།བཙན་བྱོལ་བོད་མིའི་རྣམས་ནང་ཁུལ་གྱི་དཀའ་ངལ་རིགས་མ་སེལ་བར་མི་ཚེ་རྫོགས་ཀྱི་རེད།
དཀའ་ངལ་འདི་རིགས་སེལ་ཆེད་ད་ཡོད་ཀྱི་སྤྱི་འཐུས་ཆོལ་ཁ་ཆོས་ལུགས་ཀྱི་འགྲོ་སྟངས་འདི་གྲོས་ཚོགས་གོང་མ་དང།་
ཆོལ་ཁ་ཆོས་ལུགས་ཀྱི་ལམ་སྲོལ་མེད་པའི་གཞོན་སྐྱེས་ཁག་གིས་གཙོ་བྱས་པའི་ཤེས་ཡོན་ཅན་གྱི་དཔུང་ཁག་གིས་གྲུབ་པའི་གྲོས་ཚོགས་འོག་མ་ཞིག་གསར་འཛུགས་དགོས་པ་ནི་ང་ཚོས་མིག་མདུན་དུ་ལྷག་པའི་གནད་དོན་གལ་ཆེན་ཞིག་རེད་སྙམ།་
དེ་མིན་ཆོལ་ཁ་དང་ཆོས་རྒྱུད་ཀྱི་འགྲོ་སྟངས་གཅིག་པོ་འདི་རྒྱུད་ནས་བོད་མི་ཤ་ཁྲག་གཅིག་པ་རྣམས་ནང་འགལ་ཆེ་རུ་འགྲོ་བ་མ་གཏོགས།ལོ་གྲངས་ག་ཚད་ཕྱིན་རུང་བོད་མི་རིགས་ནང་ཁུལ་བསམ་བློའི་བར་ཐག་ཉེ་རུ་མི་འགྲོ་བ་ནི་ང་ཚོའི་གནས་ཚུལ་མང་པོས་གསལ་སྟོན་བྱེད་ཐུབ་ཀྱི་འདུག་གལ་སྲིད་ཤེས་འདོན་ཡོད་ན་ང་ལ་དྲིས་དང་ངས་རང་མྱོང་གིས་དངོས་བྱུང་གནས་ཚུལ་བཤད་ཆོག
དགོངས་དག་ནོར་བཅོས་ཤིག་བྱེད་ཆོག་པར་གྱིས།
ང་ཚོས་མིག་མདུན་ནོར་བཅོས།་ང་ཚོའི་མིག་མདུན།
མདའ་ཚན་པ་ལགས།གྲོས་གཞི་འདོན་སྐབས་སྤྱི་འཐུས་སྒེར་གཅིག་གི་གྲོས་གཞི་འདོན་དགོས་པ་ལས་སྤྱི་འཐུས་ནང་ཁུལ་དུ་མཐུན་ཕྱོགས་རྣམས་དཔུང་བསྒྲིགས་པ་དང།་དེ་ཡང་གྲོས་ཚོགས་ཁང་ཕྱི་ནས་གོ་བསྡུར་ཐག་གཅོད་བྱས་རྗེས་གྲོས་ཚོགས་ཁང་ནང་གླེང་ཁུལ་ཙམ་བྱས་རུང།་དོན་དམ་དུ་གྲོས་གཞི་འདོན་མཁན་སྤྱི་འཐུས་ཚོས་གྲོས་ཚོགས་ཁང་འདི་སྔོན་ནས་སྣང་མེད་ལྟ་བུ་བྱས་འདུག་ལ།་དེ་རྗེས་གྲོས་གཞི་ལ་ངོ་རྒོལ་བྱེད་མཁན་རྣམས་གྲོས་ཚོགས་ཕྱི་རུ་ཐོན་རུང་གྲོས་ཚོགས་སྒྲིག་གཞི་ལ་བརྩི་བཀུར་མ་བྱས་པ་ལྟ་བུ་གྱུར་ཡོད་ཚུལ་བཤད་མཁན་སུ་ཡིན་རུང།་དྲང་བདེན་དང་དངོས་ཡོད་བཤད་མི་འདོད་མཁན་ཁོ་ན་རེད།
དྲ་གྲོགས་གེ་སར་རྒྱལ་པོས་གསུང་པ་ལ་བརྒྱ་ཆ་བརྒྱ་མོས་མཐུན་ཡོད།་
གནས་ཚུལ་འདི་འབྱུང་རྐྱེན་ནི་ལས་ཐོག་གི་སྤྱི་འཐུས་གྲངས་ཁ་ཤས་འདིའི་ནོར་འཁྲུལ་མ་རེད་ལ།བཙན་བྱོལ་ནང་སྔོན་ནས་བསགས་པའི་ནད་རྙིང་རྣམས་རྒྱུ་རྐྱེན་ཆུང་ངུ་ཙམ་ལ་བརྟེན་ནས་མངོན་གསལ་དོད་པོ་ཐེངས་གཅིག་ཆགས་པ་རེད།འདི་ལྟ་བུ་གནས་ཚུལ་རིགས་ང་ཚོ་གཞོན་སྐྱེས་རྣམས་ཀྱིས་སྔོན་འགོག་ཆེད་བོད་མི་ནང་ཁུལ་དུ་ཡང་དག་པའི་ཡིད་ཆེས་གཙང་མ་ཞིག་སླེབས་ཐབས་དགོས་པ་མ་གཏོགས།དེ་མིན་གཞི་བྱེས་གཉིས་ལྷན་འཛོམས་མ་ཡོང་སྔོན།བཙན་བྱོལ་བོད་མིའི་རྣམས་ནང་ཁུལ་གྱི་དཀའ་ངལ་རིགས་མ་སེལ་བར་མི་ཚེ་རྫོགས་ཀྱི་རེད།
དཀའ་ངལ་འདི་རིགས་སེལ་ཆེད་ད་ཡོད་ཀྱི་སྤྱི་འཐུས་ཆོལ་ཁ་ཆོས་ལུགས་ཀྱི་འགྲོ་སྟངས་འདི་གྲོས་ཚོགས་གོང་མ་དང།་
ཆོལ་ཁ་ཆོས་ལུགས་ཀྱི་ལམ་སྲོལ་མེད་པའི་གཞོན་སྐྱེས་ཁག་གིས་གཙོ་བྱས་པའི་ཤེས་ཡོན་ཅན་གྱི་དཔུང་ཁག་གིས་གྲུབ་པའི་གྲོས་ཚོགས་འོག་མ་ཞིག་གསར་འཛུགས་དགོས་པ་ནི་ང་ཚོའི་མིག་མདུན་དུ་ལྷག་པའི་གནད་དོན་གལ་ཆེན་ཞིག་རེད་སྙམ།་
དེ་མིན་ཆོལ་ཁ་དང་ཆོས་རྒྱུད་ཀྱི་འགྲོ་སྟངས་གཅིག་པོ་འདི་རྒྱུད་ནས་བོད་མི་ཤ་ཁྲག་གཅིག་པ་རྣམས་ནང་འགལ་ཆེ་རུ་འགྲོ་བ་མ་གཏོགས།ལོ་གྲངས་ག་ཚད་ཕྱིན་རུང་བོད་མི་རིགས་ནང་ཁུལ་བསམ་བློའི་བར་ཐག་ཉེ་རུ་མི་འགྲོ་བ་ནི་ང་ཚོའི་གནས་ཚུལ་མང་པོས་གསལ་སྟོན་བྱེད་ཐུབ་ཀྱི་འདུག་གལ་སྲིད་ཤེས་འདོན་ཡོད་ན་ང་ལ་དྲིས་དང་ངས་རང་མྱོང་གིས་དངོས་བྱུང་གནས་ཚུལ་བཤད་ཆོག
གོང་དུ་དྲ་གྲོགས་མི་ཉུང་བ་ཞིག་ནས་རང་རང་གི་ངོས་ནས་ལངས་ཕྱོགས་རེ་བཟུང་སྟེ་གང་ཐུབ་ཐུབ་ཀྱིས་རྒྱུ་མཚན་ཞིག་ཤོད་གི་འདུག་པས་རྗེས་སུ་ཡི་རང་ཡོད། དེ་ནས་ཤི་ཐར་ལགས་ཀྱིས་ངས་ཚིག་དོན་བེད་སྤྱོད་གཏོང་སྟངས་སྐོར་བཤད་འདུག དེ་ལའང་ཐུགས་རྗེ་ཆེ་ཞུ་གི་ཡིན།
ད་རིང་བཙན་བྱོལ་བོད་ཀྱི་གྲོས་ཚོགས་ཀྱིས་ཞབས་འདྲེན་ཞུས་པ་ནི་གནས་ཚུལ་ཐབས་སྡུག་རེད་།འདི་ཐད་ལ་ཞབས་འདྲེན་ཞུ་བཅུག་མཁན་ཕུང་དཀྲུག་མདའ་དཀྲུག་གི་བྱེད་གཏེ་སུ་་རེད་དེ་ཚང་མས་ཤེས་དགོས་པར་རེད་སྙམ།ཆབ་སྲིད་བཙན་ཟུར་སྤྱི་འཐུས་ཕྱི་རྒྱལ་ལ་ཕྱིན་པས་ཁོ་རང་གིས་སྤྱི་འཐུས་རྒྱུན་ལས་ལ་གནམ་གྲུ་རིན་པ་སྐྱབས་འཇུག་ཞུ་པ་དེ་སྐྱབས་འཇུག་ཞུ་ས་རྒྱུན་ལས་ལ་ཐུགས་ཁག་མེད་རེད་།ཁོས་གནམ་གྲུ་རིན་པ་ཞུ་་ཡོང་དུས་རྒྱུན་ལས་ཀྱིས་བསམ་ཤེས་བྱེད་པ་རེད་སྙམ། ནོར་འཁྲུལ་གཅིག་ནི་ སྟོབས་རྒྱལ་ལ་གནམ་གྲུ་རིན་པ་ཞིག་ཉོ་མི་ཐུབ་པ་ཐབས་སྡུག་རེད་། ནོར་འཁྲུལ་གཉིས་ནི་སྤྱི་འཐུས་རྒྱུན་ལས་ཀྱིས་ཐག་བཅད་བྱས་པའི་གནས་ཚུལ་ཆུང་ངུ་ཞིག་ལ་སྤྱི་འཏུས་མང་་པོ་ཞིག་གིས་ས་རྟགས་བསྡུས་ནས་དཔུང་སྒྲིག་ཕྱོགས་སྡེབ་བྱེད་པ་ནི་ངོ་ཚ་མེད་པའི་བྱ་བ་ཞིག་རེད་ ཨ་ཁཁཁཁཁཁཁཁཁཁཁཁཁཁ་འདི་ཚོ་ལ་ཕྱི་དགྲ་མགོ་བཅག་བྱེད་ཐོ་བ་མེད་པ།་ ནང་དུད་མགོ་རྡུང་བྱེད་རྡོ་ལི་ཡོད་ཐལ། །
དྲ་གྲོགས་མདའ་ཚན་པ་ལགས།ཁྱེད་ཀྱིས་གནས་ལུགས་གསལ་པོ་ཞིག་ཆེད་སྤྱི་སེམས་ལྷད་མེད་པའི་རྩོམ་རིང་འདི་བྲིས་པ་ཙམ་གྱིས་གུས་པས་རྗེས་སུ་ཡི་རང་བྱེད་ཀྱི་ཡོད།དྲ་གྲོགས་ཀུན་ལ་བློ་བསྐྱེད་གསར་པ་མི་ཉུང་མ་ཞིག་ཐོབ་ཡོད་པ་ནི་འུ་ཚོས་རེ་བ་རེད།ཉིན་འགའི་སྔོན་བྱུང་ཟིན་པའི་གྲོས་ཚོགས་ཀྱི་གནས་དོན་ཐོག་ཁྱོད་དང་ངའི་ལྟ་ཚུལ་ཕལ་མོ་ཆེ་འདྲ་མཚུངས་རེད་འདུག་འོན་ཀྱང་འཁོར་ཡུག་གི་ཤུགས་ཅན་འོག་འུ་གཉིས་བར་ལ་མི་མཐུན་གནས་དོན་འགའ་ཡོད་པ་གསལ་པོ་རེད།མ་ཤེས་རྨོངས་པའི་དབང་གིས་ཤོར་བའི་ཚིག་ངན་འགའ་ཞིག་གོང་ནས་བྱུང་ཡོད་སྲིད་པས།ངས་གུས་ཞབས་ངང་དགོངས་འགལ་མེད་པ་ཞུ་བཞིན་ཡོད།ཁྱོད་ཀྱང་གནས་ལུགས་ལ་དགའ་དུང་ཡོད་ཟེར་ལྟར་ངས་ཀྱང་དེ་ལྟར་འདོད།
ལས་མེད་ཡིན་པས་ལྟོ་གོས་འཚོལ་དུ་འགྲོ་དགོས།གནས་སྐབས་རིང་བདེ་མོ་བཞུགས།སླར་གནས་དོན་འགའ་བྱུང་ན་གླེང་ཆོག
ང་ལོ་ངོ་བཅུ་གྲངས་ཤིག་ལ་གྲོས་ཚོགས་ལ་ཟུར་ཉན་དུ་ཆད་མ་མྱོང་ཟེར་ཆོག ཡིན་ནའང་ད་ཐེངས་འགྲོ་ཐུབ་མ་སོང་། འོན་ཀྱང་མིག་བཙུམ་ན་ཕྱི་མ་མཁྱེན་གི ཁ་གདངས་ན་ཁོག་པ་རིག་གི
སྤྱི་འཐུས་ཁག་ཅིག་གིས་ག་དུས་ཡིན་ནའང་སོ་སོར་རྒྱུ་མཚན་དང་གནས་ལུགས་ཀྱིས་ཕོངས་དུས་ཆོལ་ཁ་དེ་མདུན་ལ་དྲུད་ཡོང་གི་ཡོད། མང་པོ་ཞིག་གིས་ཆོལ་ཁའི་འཐེན་འཁྱེར་མི་ཡོང་བར་བསམ་ཤེས་བྱས་པར་བརྟེན་ཁོ་ཚོ་སྐྱག་ལངས་ལ་ཤོར་ཡོད། མཆན་འདེབས་མཁན་ཚོས་ཀྱང་དེ་ལྟར་བྱེད་ཀྱི་འདུག
ཁག་ཅིག་གིས་གྲོས་འཆར་དེར་སྤྱི་འཐུས་ ༡༤ མཚན་རྟགས་བཀོད་པ་དེ་འགྲིག་མི་འདུག་ཟེར། གྲོས་འཆར་གང་ཞིག་ཡིན་ནའང་རྒྱབ་སྐྱོར་གནང་མཁན་གྱི་མཚན་རྟགས་ངེས་པར་དུ་དགོས་པ་རེད་ལ། ད་བར་དུ་གྲོས་འཆར་གཅིག་ལ་སྤྱི་འཐུས་ ༡༤ མཚན་རྟགས་བཀོད་པ་དེ་འདྲ་མི་དྲན་མོད། གྲོས་འཆར་གཅིག་ལ་སྤྱི་འཐུས་གཅིག་ལས་མང་བའི་མཚན་རྟགས་བཀོད་པ་ང་ཚོས་དྲངས་ན་བགྲངས་ཚར་གི་མ་རེད། འདི་དཔུང་སྒྲིག་པ་ཞིག་རེད་ཟེར་ན། དེ་སྔོན་གྲོས་འཆར་ལ་རྒྱལ་ཁ་ཐོབ་ཆེད་ཕྱི་ཕྱོགས་ནས་མི་མང་པོ་གྲོས་ཚོགས་ནང་དུ་ཁྲིད་ཡོང་བའང་བྱུང་ཡོད། འདི་ལ་ང་ཚོས་ཅི་ཞིག་ཟེར་དགོས་སམ།
དྲི་བ་ཞིག་ཡོད། སྤྱི་འཐུས་ཀྱི་ལམ་གྲོན་ཐད་གཞི་འཛིན་སའི་སྒྲིག་གཞི་ཞིག་དགོས་སམ་མི་དགོས། དགོས་ན་ག་དུས་ནས་དགོས།
ད་ཕན་ལས་གནོད་ཆེ་བའི་མཆན་དེ་རྣམས་མ་འདེབས་ངོ་ཚ་ཀི། ངོ་མ་ཡིན། ཚར་ཚར་བ་དེ་ཚར་བ་རེད། དེ་འཆོལ་ཁ་དང་ཆོས་ལུགས་བར་གྱི་དཀྲུགས་ཤིང་ཞིག་དུ་མི་བསྒྱུར་རོག ངས་ཁ་སེང་ནས་ཞུས་པ་ཡིན། མཆན་འདེབས་མཁན་རྣམས་ཀྱིས་བསམ་གནོ་ཐོན་ནས་མཆན་འདེབས་དགོས་རེད། བོད་མི་མང་གི་སྤྱི་མཐུས་དེ་མི་རེ་གཉིས་ཀྱིས་འོས་ཤོག་གིས་ཐོབ་པ་ཞིག་མ་རེད། དེ་དག་ལ་རྒྱབ་སྐྱོར་མང་པོ་ཞིག་ཡོད་ནས་ཐོབ་པ་ཞིག་རེད། གལ་སྲིད་སྤྱི་མཐུས་ཀྱི་སྒྲིགས་གཞི་ལ་བསྐྱར་བཟོས་དགོས་ཀྱང་། སྤྱི་མཐུས་བྱེ་བྲག་པ་ཞིག་གི་མིང་ནས་ཐེར་འདོན་བྱས་ན། མི་མང་པོ་ཞིག་ལ་རྨ་ཁ་བཟོས་ཀྱི་རེད། དེས་ཕན་ལས་གནོད་ཆེ་བར་ཞུས་ཡིན། ད་མདའ་ཚན་པ་ཁྱོད་བོད་སྤྱི་བའི་དོན་ལ་བསམ་མཁན་ཞིག་ཡིན་ན། རྩོམ་དེ་འདྲ་དང་། མཆན་འདི་འདྲ་མ་འདེབས། ཁྱོད་རང་གི་ཁོང་གི་གཟུགས་བརྙན་དེ་ཕྱི་རུ་འཆར་བཅུག་འདུག རྒྱ་མིའི་སོ་བ། བོད་ཀྱི་འཆོལ་ཁ་ལ་དཀྲུགས་ཤིང་བྱེད་མཁན་ཡིན་ན། ཁྱོད་ལ་ལབ་ཀྱང་ཕན་ཐོག་མེད་ཀི།
གཞན་ཡང་སྤྱི་འཐུས་གྲོས་ཚོགས་ནང་གནས་ཚུལ་འདི་འདྲ་མི་ཡོང་ཆེད་ཚོགས་གཙོས་སྟངས་འཛིན་བྱེད་དགོས་པ་ལས་དེ་མ་བྱེད་པ་ནི་ཚོགས་གཙོ་ལ་འཇོན་ཐང་མེད་པའི་རྟགས་རེད་ ། ཚོགས་འདུ་མཇུག་སྡོམ་བྱེད་མི་ཐུབ་པ་ནི་སྤེལ་པ་ཚེ་རིང་ཚོགས་གཙོས་སྟངས་འཛིན་མ་བྱེད་པའི་ངན་འབྲས་རེད། གྲོས་ཚོགས་ནང་འཔྱ་སྨོད་བྱེད་རེས་བྱས་སྟེ་སྔོ་ལོ་གནམ་ལ་འཕྱར་བ་ནི་དཔུང་སྡེབ་ས་རྟགས་བསྡུས་པས་ངན་འབྲས་རེད་།་ མ་གཞི་ནས་སྤེལ་པ་ཚེ་རིང་ཟེར་བ་ནི་ལྷོ་པྱོགས་སྤོ་ཌི་ཅར་ནས་བཀའ་སྩལ་རིན་པོཆེའི་བཟོ་གྲྭ་ནང་ལས་ཀ་བྱེད་སྐབས་རིནཔོཆེའི་ཕྱག་རོགས་སྡོད་ནས་རིན་པོ་ཆེའི་གསང་ཡུམ་དང་ངན་འབྲེལ་བྱས་དེའི་རྗེས་སུ་རིན་པོཚེའི་བཟོ་གྲྭ་འི་དབང་ཆ་་ཡོངས་རྫོགས་འཇམ་འཕྲོག་བྱས་ཡོད། ཐ་མ་བཀའ་སྩལ་རིན་པོ་ཆེའི་བཟའ་ཟླ་དང་དབང་ཆ་ རྒྱུ་ནོར་ཡོངས་རྫོགས་སྤེལ་པ་ཚེ་རིང་ལ་ཤོར་བ་རེད་ གཞན་གྱི་དབང་ཆ་དང་བཟའ་ཟླ་ རྒྱུ་ནོར་འཕྲོག་པའི་་ཆོམ་རྐུན་པ་ཞིག་སྙམ༎ ཧ་ཧ་ཧ་ཧ་ཧ་ཧོ་ཧོ་ཧོ་
དཔུང་སྒྲིལ་ཟེར་བ་འདིའི་ཐོག་སྐད་ཆ་ཁ་ཤས་བཤད་གི་ཡིན། དཔུང་སྒྲིལ་ཟེར་བ་འདི་བཅའ་ཁྲིམས་ནང་ན་གསལ་བའི་ཚིག་ཅིག་མ་རེད། འདི་ལ་ལག་པ་འཆང་དགོས་ན་འཆང་སའི་ལུང་ཐག་མེད་པ་དེ་འདྲ་ཞིག་རེད། ཡིན་ན་ཡང་། དཔུང་སྒྲིལ་རང་གི་ཐོག་ནས་གོ་བ་བླངས་ན་སྲིད་དོན་གྱི་ཚོགས་པ་དེ་ཚོ་ཚང་མ་དཔུང་སྒྲིལ་གྱི་ཚོགས་པ་རྐྱང་རྐྱང་རེད། གྲོས་ཚོགས་ནང་རྩོད་གླེང་བྱུང་སྐབས་གཅིག་གི་རྒྱབ་ལ་གཅིག་ལངས་ནས་རང་གི་ཚོགས་པའི་ལྟ་ཚུལ་དང་ལངས་ཕྱོགས་ལ་རྒྱལ་ཐོབ་ཐབ་བྱེད་པ་དེའང་དཔུང་སྒྲིལ་རེད། དེ་བཞིན་ང་ཚོའི་གྲོས་ཚོགས་ནང་ཡང་ཆོལ་ཁའི་དཔུང་སྒྲིལ། གཞན་ལྟ་ཚུལ་མ་འདྲ་བའི་ཐོག་ནས་དཔུང་སྒྲིལ་ཡོང་གི་ཡོད་པ་རེད། ཐ་ན་མཐའ་མཇུག་གི་མང་མོས་ཐག་གཅོད་དེའང་དཔུང་སྒྲིལ་རེད། དཔུང་ཤུགས་ཆེ་བ་དེ་ལ་རྒྱལ་ཁ་ཐོབ་པ་ཞིག་ལས་གཞན་ཅི་ཡང་མིན།
༈ མཁྱེན་རྒྱ་ཡངས་པའི་སྐུ་ཞབས་ལྷན་རྒྱས་ལ་ཞུ་རྒྱུར།
རྩ་བའི་ཁྱེད་རྣམ་པས་རྒྱལ་ཞེན་ཆེན་པོས་དྲ་བའི་ཐོག་ཕན་ཚུན་གླེང་མོལ་མང་དག་ཞིག་གནང་བཞིན་འདུག་ནའང་ངོས་ནས་བསྟས་ན་རང་རིགས་ཆོལ་གསུམ་སྤུན་ཟླ་ནང་ཁུལ་གཅིག་གི་གཅིག་ལ་སྐྱོན་བརྗོད་གནང་པ་དང་མ་ཟད་མིང་ངན་ཡང་གང་སྡུག་བེད་སྤྱོད་བྱེད་རེས་གནང་གིན་འདུག། གུས་པའི་རེ་བསྐུལ་དང་བསམ་ཚུལ་ཐུང་ཙམ་ཞུས་ན། ད་ལྟའི་དུས་ཚོད་འདིར་གནས་ཚུལ་ཆུང་རྩག་རིགས་ལ་གཅིག་གིས་གཅིག་ལ་མིང་ངན་དང་མིང་འདོགས་བཏགས་རེས། ཧ་ལམ་མཐུ་རྒྱག་རེས་ལྟ་བུའི་ངན་སེམས་བཅང་བ་སོགས་ལ་ངས་ནི་ཕན་ཐོག་གང་ཡང་མ་མཐོང་བས་རྣམ་པ་ཚོད་དེ་དོན་མཚམས་འཇོག་ཡོང་བའི་རེ་བསྐུལ་དང་བློ་སེམས་ནུས་པ་ཡོངས་སུ་རྗོགས་པ་རང་བཙན་གྱི་ཆེད་དུ་དགོངས་པ་བཞེད་རོགས་གནང། ཐུགས་རྗེ་ཆེ། དགོང་འགལ་མེད་པ་ཞུ།
བྱུང་རིམ་དེ་དག་ཚབས་ཆེ་ཞིག་ཏུ་མཐོང་གི་མེད། ཕི་ཌི་ཨེཧཕ། པར་འདེབས། གློག་འཕྲིན།
དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བོད་མིའི་རང་དབང་རྩོམ་སྒྲིག་པའི་བཅར་འདྲི།
བོད་མིའི་རང་དབང༌། ཉེ་ཆར་ གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཉིན་མཐའ་མ་གཉིས་ལ་གྲོས་ཚོགས་ཀྱི་གྲུབ་ཆ་མ་ ལོན་པས་ཚོགས་འདུ་མཇུག་བསྡོམས་གནང་མ་ཐུབ་པ་སོགས་ཀྱི་སྐོར་བརྒྱུད་ལམ་ཁག་ཏུ་ གནས་ཚུལ་མང་པོ་ཐོན་འདུག་ཀྱང་འཛིན་སྐྱོང་གི་དགོངས་ཚུལ་གསལ་སྟོན་གནང་མི་འདུག་ ན་འདིའི་སྐོར་བཀའ་ཁྲི་མཆོག་གི་གཟིགས་ཚུལ་གང་ཡོད་དམ།
བཀའ་ཁྲི། མང་གཙོའི་གྲོས་ཚོགས་སུ་གྲུབ་ཆ་མ་ལོངས་པའི་གནས་ཚུལ་ཡང་ཡང་ཡོང་སྲིད་པ་ཞིག་ ཡིན་པས་ཧ་ལས་དགོས་དོན་མ་མཐོང་ཞིང༌། འདིའི་སྐོར་ང་ལ་དམིགས་བསལ་བསམ་ཚུལ་གང་ཡང་མེད།
བོད་མིའི་རང་དབང༌། གསར་ཤོག་ཁག་ཏུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བྱུང་རིམ་ འདི་ལ་བརྟེན་ནས་སྐབས་བཅུ་བཞི་པའི་སྤྱི་ལྷན་ཕྱིར་བསྡུ་འགྲོ་སྲིད་ཚུལ་བཀའ་ གནང་འདུག་ན་དེ་ལ་བཀའ་ཁྲི་མཆོག་གི་གཟིགས་ཚུལ་གང་ཡོད་དམ།
བཀའ་ཁྲི། ངས་དེ་འདྲ་བཀའ་གནང་བ་མཇལ་མ་བྱུང་ཡང༌། དཔལ་ལྡན་ཚོགས་གཙོ་མཆོག་གིས་དེ་ལྟར་བཀའ་གནང་ཡོད་ན་དེ་ལ་རྒྱབ་ལྗོངས་དང་རྒྱུ་ མཚན་ཞིག་ཡོད་ཤག་ལས་ངས་འགྲེལ་བརྗོད་ཞུ་རྒྱུ་གང་ཡང་མེད། ང་རང་གིས་བྱུང་རིམ་དེ་དག་ཚབས་ཆེ་ཞིག་ཏུ་མཐོང་གི་མེད།
བོད་མིའི་རང་དབང༌། ད་ལན་གྱི་གླེང་གཞི་སྤྱི་འཐུས་སྒེར་ གྱི་གྲོས་འཆར་ཞིག་ལ་བརྟེན་ནས་བྱུང་བ་ཡིན་སྟབས། གྲོས་འཆར་དེའི་སྐོར་བཀའ་ཁྲི་མཆོག་གི་དགོངས་ཚུལ་གང་ཡོད་དམ།
བཀའ་ཁྲི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་ཁག་གི་འོག་ སྤྱི་འཐུས་སྒེར་ལ་གྲོས་འཆར་འདོན་རྒྱུའི་ཐོབ་ཐང་ཡོད་པ་དང༌། ཚོགས་གཙོས་གྲོས་འཆར་འདོན་རྒྱུའི་བཀའ་འཁྲོལ་བསྩལ་ཏེ་གྲོས་ཚོགས་ལས་རིམ་དུ་ འཁོད་པ་མ་ཟད། གྲོས་ཚོགས་ནང་དུའང་མང་མོས་ཀྱིས་ཚུད་ཟིན་པའི་གྲོས་འཆར་ཞིག་ཡིན་སྟབས། ང་དང་བཀའ་ཤག་ལ་བསམ་ཚུལ་གང་ཡང་ཡོང་གཞི་མེད། ལར་ནས་གྲོས་འཆར་ཐོག་བགྲོ་གླེང་འགྲོ་བཞིན་པ་ཡིན་སྟབས་བསམ་ཚུལ་ཡོད་ན་གྲོས་ ཚོགས་སུ་ཞུ་རྒྱུའི་གོ་སྐབས་འཐོབ་ངེས་ཡིན་པས་ད་ལྟ་བརྒྱུད་ལམ་ཐོག་བཤད་དགོས་མ་ མཆིས།
བོད་མིའི་རང་དབང༌། གླེང་གཞིའི་བྱུང་རྐྱེན་ཆོལ་ཁའི་ སྤྱི་འཐུས་བྱེ་བྲག་པ་ཞིག་བཞུགས་ཡུལ་ཕྱི་རྒྱལ་དུ་གནས་སྤོས་ཟིན་པ་ལ་སྤྱི་ འཐུས་རྒྱུན་ལས་ནས་སྔར་ལམ་དང་མི་འདྲ་བར་གྲོས་ཚོགས་སུ་ཚོགས་ཞུགས་ཆེད་ལམ་གྲོན་ གནང་རྒྱུའི་ཐག་གཅོད་གནང་བ་དེར་བཀའ་ཁྲི་མཆོག་གི་དགོངས་ཚུལ་གང་ཡོད་དམ།
བཀའ་ཁྲི། སྤྱི་འཐུས་བྱེ་བྲག་པར་ཚོགས་ཞུགས་ཆེད་ལམ་གྲོན་ གནང་དང་མི་གནང་ལ་བསམ་ཚུལ་གང་ཡང་མེད་ཀྱང༌། ད་རེས་ཐག་གཅོད་གནང་ཕྱོགས་ཀྱི་ལས་རིམ་ཚུལ་མཐུན་མ་བྱུང་བ་དེ་ལ་བསམ་ཚུལ་ཤུགས་ ཆེ་ཡོད། གང་ཡིན་ཟེར་ན། མང་གཙོའི་ལྟ་གྲུབ་དང་ལམ་སྲོལ་གཞིར་བཟུང་ཁྲིམས་ཞིབ་པ་རྣམ་པ་དང༌། སྤྱི་འཐུས་རྣམ་པ། བཀའ་བློན་རྣམ་པ། རང་དབང་ལྡན་པའི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་བཅས་ཀྱི་གསོལ་ཕོགས་དང༌། ཟུར་ཕོགས། ལས་ཐོན་བགྲེས་ཕོགས། མཚན་དོད། ལས་དོད། ཐོབ་ཐང་གཞན་དག་སོགས་འཛིན་སྐྱོང་གིས་ཐག་གཅོད་མི་ཆོག་པར་ཁྲིམས་ལུགས་གཏན་ འབེབས་ཀྱི་ལམ་ནས་ཐག་གཅོད་གནང་དགོས་པ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ ཚན་ཁག་ནང་གསལ་ཡོད། དེ་འདྲའི་ཆ་རྐྱེན་བསྐྲུན་དགོས་དོན་ནི་སྣེ་མོ་དེ་དག་གི་ཐོབ་ཐང་དང་ཁེ་ཕན་ཁག་ ལ་གང་བྱུང་གིས་སྤོར་གཅོག་དོ་ཕོགས་ཡོང་གཞི་མེད་པར་ཁྲིམས་ཐོག་ནས་སྲུང་སྐྱོབས་ བྱས་ཏེ་ཁོང་ཚོས་གཞུང་དོན་ཕྱག་ལས་གནང་སྐབས་རང་གི་ཁེ་ཕན་སྐོར་རེ་དྭོགས་མི་ འབྱུང་བའི་ཆེད་དུ་ཡིན། ཁྱད་པར་བཀུར་འོས་བོད་མི་མང་སྤྱི་འཐུས་རྣམ་པའི་མཚན་དོད་དང་ལས་དོད། དམིགས་བསལ་ཐོབ་ཐང་གཞན་དག་བཅས་ཁྲིམས་ལུགས་གཏན་འབེབས་ལྟར་འབུལ་དགོས་པ་བཅའ་ ཁྲིམས་དོན་ཚན་ ༤༦ པ་དང་ ༥༠ པའི་ནང་ཞལ་གསལ་ཡོད་པ་དང༌། ལམ་ གྲོན་དང་འགྲིམས་འགྲུལ་ཟུར་ཕོགས་ཀྱང་ཐོབ་ཐང་ཁུངས་སུ་ཚུད་པ་ཡིན་སྟབས། སྤྱི་འཐུས་ལས་ཐོག་རྣམ་པར་བཞུགས་གནས་རྒྱལ་ཁབ་གཞན་དུ་སྤོས་སྐབས་ལམ་གྲོན་འབུལ་ རྒྱུའི་ཆ་རྐྱེན་སྒྲིག་གཞི་བསྐྱར་བཅོས་ཀྱི་ལམ་ནས་གྲོས་ཚོགས་ཀྱིས་གཏན་འབེབས་ གནང་བ་ཡིན་ན་ཀླན་ཀ་ཡོང་གཞི་མེད་ཅིང༌། འཛིན་སྐྱོང་ནས་ཀྱང་རྒྱབ་གཉེར་ཞུ་རྒྱུར་དཀའ་ངལ་མེད། ཁྲིམས་ཡིག་དང་སྒྲིག་གཞི་གསར་བཟོས་སམ་བསྐྱར་བཅོས་ཇི་ལྟར་ཡང་གཏན་འབེབས་སམ་ བསྐྱར་བཅོས་ཟིན་པའི་རྗེས་ནས་ཕྱག་བསྟར་གནང་རྒྱུ་ཡིན་སྟབས། འདས་པའི་བྱུང་རབས་ཀྱིས་མིག་འགྲན་ཡོང་གཞི་མེད། དེ་མིན་སྒྲིག་འཛུགས་དང་འཛིན་སྐྱོང་གི་ཐག་གཅོད་རིགས་སྔོན་བྱུང་དང་མི་མཐུན་པ་ ཆགས་ཚེ་དྲང་བདེན་མ་ཡིན་པའི་ཀླན་ཀ་ཡོང་གཞི་ཡོད་པ་དངོས་བདེན་རེད། ཁྲིམས་ཀྱི་དབང་བསྒྱུར་ལ་མང་གཙོའི་ཀ་བ་གསུམ་ཀས་སྲུང་སྐྱོབ་གནང་གལ་ཤིན་ཏུ་ཆེ། ཞེས་གསུངས།
བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་བདུན་རེའི་གསར་ཤོག་བོད་མིའི་རང་དབང་གི་ རྩོམ་སྒྲིག་པས་བཀའ་བློན་ཁྲི་པ་མཆོག་ལ་བཅར་འདྲི་ཞུས་པ་དེ། བོད་གཞུང་གི་དྲ་རྒྱ་ལས་འདིར་དྲངས་པ་ཡིན།
རྒྱའི་དཔོན་རིགས་ཚོར་སྤྲོ་སྣང་དང་བསྒྲགས་གཏམ་ཞིག་སྤེལ་པར་རྒྱུ་ཆ་ནུས་ལྡན་ཞིག་མཁོ་སྤྲོད་བྱས་འདུག་ལ། གཅིག་བྱས་ན་གཞིས་ལུས་སྤུན་ཟླ་ཚོ་སེམས་པ་མི་བདེ་བའི་རྐྱེན་དུ་གྱུར་ཡོད་སྲིད།