བོད་ཀྱི་རིག་གཞུང་གལ་ཆེ་བ་རེད། ངེད་ཚོའི་ཕྲུ་གུའི་མདུན་ལམ་གལ་ཆེ་བ་རེད།
ཨ་རིའི་ནང་འཚར་ལོངས་བྱུང་བའི་བུ་མོ་བསྟན་འཛིན་དབྱངས་སྐྱིད་ཀྱི་འདྲི་བ།
ཕྲུ་གུ་དབྱིན་ཇིའི་སློབ་གྲྭར་གཏོང་ཐུབ་ན། ལས་ཀའི་གོ་སྐབས་མང་བ་འདུག དེ་ཕྱི་རྒྱལ་གྱི་གནས་སྟངས་རེད། ཕྲུ་གུ་ལ་རྒྱ་ཡིག་གི་སྐད་ལམ་ནས་སློབ་གྲྭར་གཏོང་ཐུབ་ན། བོད་དང་རྒྱ་ནག་ནང་ལ་ལས་ཀའི་གོ་སྐབས་མང་བ་འདུག དེ་བོད་ཡུལ་གྱི་གནས་སྟངས་རེད། ད་ཅིའི་ཕྱིར་བོད་ཡིག་སློབ་བམ།
ད་བར་བོད་ཡིག་ཡག་པོ་ཡོད་མཁན་གྱི་བོད་པ་འཇོན་པོ་ཞིག་དང་མིག་དཔེ་བལྟ་ཡུལ་ཞིག་མིན་འདུག རྒྱ་གར་ནང་ལ་བོད་མི་སྐད་གྲགས་ཡོད་པ་མང་པོ་ཞིག་ནི་དབྱིན་ཇིའི་སློབ་གྲྭ་ལ་ཕྱིན་པ་རེད། དཔེར་ན། འཇམ་དབྱངས་ནོར་བུ་དང་། ཟླ་བ་ནོར་བུ་ལྟ་བུ།
ནང་ཆོས་བདག་པོ་བརྒྱབ་ནས་བོད་པའི་མི་རིགས་འདི་ལ་ཆག་སྒོ་དང་རྣམ་རྟོགས་མ་གཏོགས་དེ་མིན་ཕན་པ་བྱུང་མ་སོང་། བླ་མ་སྤུལ་སྐུ་རེ་གཉིས་ལ་དཔལ་འབྱོར་གྱི་ཕན་པ་མ་གཏོགས། བོད་རྒྱ་ཆེའི་མི་དམངས་ལ་ནང་ཆོས་ཀྱིས་གང་ཕན་སོང་། མི་ཚེ་བཅུ་ཕྲག་ཆོས་ཉམས་ལེན་བྱས་པ་ཡིན་ཟེར་མཁན་གྱི་བླ་སྤུལ་དེ་ཚོར་ད་དུང་མི་ཕལ་པ་ལས་འདོད་ཆགས་དང་། ཁོང་ཁྲོ། ང་རྒྱལ་བཅས་ཆེ་བ་འདུག དཔེར་ན། ཨ་རིའི་ནང་ལ་ཡོད་པའི་བླ་མ་སྤྲུལ་སྐུ་སྐུ་འཕྲེང་བཞི་པ་དང་། བཅུ་པ་ཟེར་མཁན་ཚང་མར་བུད་མེད་དགོས་ཀྱི་འདུག ཁང་པ་དང་ནོར་མི་ཕལ་པ་ལས་མང་བ་དགོས་ཀྱི་འདུག ཆོས་ཀྱིས་ཁོང་ཚོ་བཀག་ཐུབ་མ་སོང་།
ཚང་མ་མགོ་སྐོར་གཏོང་ཡས་ཀྱི་སྐད་ཆ་རེད་འདུག ཇོ་ལགས་རང་གི་ང་ལ་ལན་གཅིག་རྒྱོབ་དང་། ཁ་སང་གློག་བརྙན་ཕོར་པ་བཟོ་མཁན་གྱི་འབྲུག་པའི་བླ་མ་མིང་ལ་མཁྱེན་བརྩེ་ཟེར་བ་འདིས་ཆོས་ཀྱི་སྐོར་ལ་མང་པོ་གཅིག་བཤད་སོང་། ངའི་གྲོགས་མོ་ཞིག་གི་ཤོད་རྒྱུར། བླ་མ་དེ་ཡང་བུ་མོ་གཅིག་ལ་སེམས་ཤོར་ནས། མཐར་སྡོད་མ་ཐུབ་པར་གྲྭ་པ་ལོག་ནས། ད་ལྟ་འབྲུག་ལ་བུ་མོ་དེ་དང་མཉམ་དུ་སྡོད་ཀྱི་ཡོད་ལབ་བྱུང་། ད་བླ་མ་དེ་ཚོས་ཕྱི་རྒྱལ་གྱི་མི་ལ་མགོ་སྐོར་གཏོང་གི་ཡོད་འདུ
གང་དུ་སུ་དང་གྲོགས་པའི་ཚེ། རང་ཉིད་ཀུན་ལས་དམན་ལྟ་ཞིང་། གཞན་རྣམས་མཆོག་ཏུ་བཟུང་བ་ཡི། རྟག་ཏུ་མཆོག་ཏུ་འཛིན་པར་ཤོག། ཟེར་བའི་བསམ་ཤེས་ཀྱིས་གནང་བ་འདི་ཡང་ཡག་པོ་འདུག་ཐུགས་རྗེ་ཆེ། བླ་སྤྲུལ་སྐོར་ལ་དེ་རིང་དམིགས་བསལ་ཅང་འབྲི་ཐུབ་མ་སོང་ཡང་གུང་གསེང་ཞིག་ལ་འབྲི་ཐུབ་སྲིད།
སྐུ་ཞབས་གདོང་དམར་བུ་ལགས།
ཁྱེད་ཀྱི་མཆན་དང་ངའི་བརྗོད་གཞི་གཉིས་མི་གཅིག་སྟབས། ཁྱེད་ཀྱི་བླ་སྤྲུལ་གྱི་མཆན་འདི་བསུབ་དགོས་བྱུང་སོང་། བླ་སྐྲལ་གྱི་སྐོར་ལ་ད་དུང་བསམ་འཆར་ཡོད་ན། ཁྱེད་ཀྱིས་དེའི་སྐོར་ལ་བྲིས་ནས། འོག་ལ་མཆན་འཇོག་ན། ངས་བདུན་ཤོག་ལ་འགེལ་ཆོག རིན་མེད་ཡིན། ཆང་ཕོར་པ་གང་འདྲ་བླུག་ན་འགྲིག
གཏམ་བདེན་པ་བཤད་ན་དེ་འདྲ་རེད།
བླ་མ་སྤྲུལ་སྐུས་ཉིན་མོར་ཆོས་བཤད་པ་དང་མཚན་མོར་རྒྱོ་རྒྱག་པ་གཉིས་ལ་འབྲེལ་བ་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད། འབྲེལ་བ་ཡོད་ཚུལ་ནི་གལ་སྲིད་བླ་མ་སྤྲུལ་སྐུ་དེས་ཁོ་རང་དགེ་ཚུལ་སློང་ཡིན་པར་ཁས་འཆེ་བཞིན་དུ་རྒྱོ་དད་ཆེ་ན་དེ་མི་འགྲིག གལ་སྲིད་བླ་མ་སྤྲུལ་སྐུ་དེ་ལ་དགེ་བསྙེན་གྱི་སྡོམ་པའི་ནང་ཚན་འབྲོམ་སྟོན་པ་དང་ཙནྡྲ་གོ་མི་བཞིན་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་ཡོད་ན་མི་དེས་རྒྱོ་བརྒྱབ་ན་འགྲིག་གི་མ་རེད། དེ་མིན་བླ་སྤྲུལ་གྱི་གཟུགས་འཛིན་དེ་དགེ་བསྙེན་རང་ག་བ་ཞིག་ཡིན་ན་དེས་རང་གི་བཟའ་ཟླ་དང་གྲོགས་མོ་ལ་རྒྱོ་ཟེར་བའི་སྐྱིད་པོ་དེ་ཐང་མ་ཆད་བར་དུ་བརྒྱབ་ན་འགྲིག་གི་རེད། ཉིན་མོ་ཡིན་ན་རེད་མཚན་མོ་ཡིན་ན་རེད་ཁྱད་པར་ཞེ་དྲགས་ཡོད་པ་མ་རེད། དཔེར་ན་ཆོས་རྒྱམ་དྲུང་པ་ལྟ་བུ་རེད། དཔེར་ན་བླ་མ་དེས་རྒྱོ་ཡི་ཉེས་དམིགས་རྗོད་བཞིན་དུ་རྒྱོ་ན་དེ་ཙམ་མི་མཛེས་ལ། བླ་མ་དེས་གཟན་དང་ཤམ་ཐབས་དམར་པོ་གྱོན་ནས་རྒྱོ་ན་ཡང་མིག་ལ་མི་མཛེས། བླ་མ་དེས་སྔགས་འཆང་གི་གྱོན་ཆས་ཤམ་ཐབས་དཀར་པོ་དེ་གྱོན་ནས་ཉིན་རྒྱོ་མཚན་རྒྱོ་ཅི་ཙམ་བརྒྱབ་ཀྱང་ཁྱོད་ཀྱི་མིག་ཚ་ན་སྡུག་གྱོང་རེད། དཔེར་ན་བོད་པའི་ས་སྐྱའི་དཀར་པོ་རྣམ་གསུམ་གྱི་གྲས་ནས་ས་ཆེན་ཀུན་སྙིང་དང་བསོད་ནམས་རྩེ་མོ་ལྟ་བུ། དེ་བཞིན་མར་པ་དང་རས་ཆུང་བ་ལྟ་བུ་རེད། ཕྱི་གླིང་བའི་ནང་ཆོས་བཤད་མཁན་གྱི་མཁས་པ་ཚོ་ཡང་མང་ཆེ་བ་བཟའ་ཟླ་ཡོད་པའི་གྲས་རེད་ལ། ནང་ཆོས་བཤད་ན་མཐའ་གཅིག་ཏུ་བཤད་མཁན་དེ་དུས་གསུམ་སྤངས་པའི་གང་ཟག་ཡིན་མི་དགོས་ཤིང་། ལྷག་པར་དུ་དེང་དུས་ཀྱི་ནང་ཆོས་སྤེལ་སྟངས་ཡམ་མེ་ཡོམ་མེ་འདི་ལ་མཚོན་ན་བླ་མ་ཡང་དེ་ཙམ་སློབ་མ་ཡང་དེ་ཙམ་གྱིས་འགྲིག་པ་བྱས་དང་བྱེད་བཞིན་རེད་ལ། ཞིབ་ཏུ་བསམས་ན་སྙིགས་མའི་དུས་འདིར་དེ་ཙམ་ཞིག་ལས་ཡོང་མདོག་ཁ་བོ་མརེད། ལོ་ངོ་ཆིག་སྟོང་སྔོན་གྱི་བླ་མ་གྲྭ་པ་མང་པོ་ཞིག་གི་བྱེད་སྟངས་ལ་འདང་ཞིག་རྒྱོབས་དང་དེ་ནས་ཏོག་ཙམ་སེམས་ནང་འཆར་རྒྱུ་ཞིག་ཡོད་པ་རེད།
ནོར་བ། དུས་གསུམ། བཅོས། དུག་གསུམ།
དེང་དུས་བླ་སྤྲུལ་རེ་ཟུང་གིས་གཟན་ཤམ་དམར་པོ་དེ་གྱོན་ནས་སྐྱེས་དམན་ལ་རྒྱོ་བ་དང་ཆང་ས་རྒྱག་བཞིན་འདུག་པ་འདི་ངོ་མ་མིག་ལ་དེ་ཙམ་མི་མཛའ། ལོ་འགའི་སྔོན་ཁོ་བོའི་ངོ་ཤེས་ནང་ཆོས་དང་ཐ་སྙད་རིག་གནས་ལ་མཁས་པ་མཁའ་ཁྱབ་སྤྲུལ་སྐུས་གྲྭ་ཆས་བཞག་ནས་ཤམ་ཐབས་དཀར་པོ་ཞིག་གྱོན་ཏེ་གདུལ་བྱ་སྐྱོང་གིན་འདུག་པས། ངོ་མ་དགེ་སྡིག་གི་རྣམ་དབྱེ་ཤེས་པའི་མི་དེ་འདྲ་ཞིག་འདུག་བསམས་བྱུང་། དེ་མིན་གཟན་ཤམ་དམར་པོ་གྱོན་ནས་སྐྱེས་དམན་ལ་ཉིན་རྒྱོ་མཚན་རྒྱོ་འདི་ཚོས་གསང་སྔགས་སྤྱི་དང་ཁྱད་པར་བོད་པའི་ནང་ཆོས་ལ་ཆ་རྒྱུས་མེད་མཁན་ཚོར་བོད་པའི་གྲྭ་པས་རྒྱོ་ཟེར་བ་དེ་གང་འདོད་དུ་བརྒྱབ་ན་འགྲིག་གི་ཡོད་ས་རེད་བསམ་པའི་ལོག་རྟོག་ཅིག་སྤྲད་དང་སྤྲོད་བཞིན་འདུག
འདིའི་སྔོན་དུ་ངས་མཆན་ཞིག་བཞག་ཡོད་མོད་ད་ཆ་མཐོང་རྒྱུ་མི་འདུག དྲ་དཔོན་ཚངས་དབྱངས་ཀྱིས་་་གདོང་དམར་བུ་་་ཡི་མཆན་བུ་བསུབ་རྒྱུ་ཟེར་ནས་ངའི་དེ་བསུབ་པ་འདྲ།
ཀླུ་སྨྱོན་ལགས་ཀྱིས་གོང་དུ་གསུང་ཚུལ་ལ་བལྟས་ན་་་་་ ཧ ཧ ཧ ཡུན་རིང་ཞིག་ལ་ཁྱེད་རང་ཁ་བརྡར་ཕེབས་མེད་པ་འདྲ། སྐུ་བདེའམ།
ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆོས་འཆད་བཞིན་གཟན་ཤམ་དམར་པོ་གྱོན་ཏེ་འཁྲུག་སྤྱོད་བྱེད་པ་དེ་རྙིང་མའི་བླ་སྤྲུལ་ཚོ་རེད། དྲ་གྲོགས་ཚོ་ཡིད་མི་ཆེས་ན་རང་ཉིད་སྡོད་སའི་ཡུལ་གྲུ་ཁག་གི་རྙིང་མའི་བླ་སྤྲུལ་ཚོར་ཅིག་ལྟོས་དང་དེ་དུས་ཤེས་ངེས་ཡིན།
ཕ་མ་ཚོ་ཕྲུ་གུའི་ལྟོ་དོད་ཀྱི་ཆེད་དུ་སློབ་གྲྭ་གང་དུ་བསྐྱལ་མིན་དེ་ཕྲུ་གུའི་ཕ་མ་ལ་རག་ལས་པས། ཕ་མས་རང་མི་རིགས་དང་རིག་གཞུང༌། ད་དུང་བོད་ཀྱི་འབྱུང་འགྱུར་གྱི་བདག་པོ་སོགས་ལ་བསམ་གཞིགས་ངེས་པར་དུ་གཏོང་དགོས་པ་གལ་ཆེ། ཡིན་ནའང༌། ལྟོ་དོད་ཀྱི་ཆེད་དུ་རང་མི་རིགས་དང་རིག་གཞུང་གོམས་གཤིས་སོགས་ཕར་གཡུགས་བཞག་ན། རང་གི་ཕ་མེས་ཡང་མེས་ཚོ་ལ་ངོ་མི་གནོང་ངམ།
པད་ནོར་རིན་པོ་ཆེ་ལ་ངན་བརྗོད་བྱེད་མཁན་གདོང་དམར་གྱི་བུ་ཟེར་དང་བསམ་ཤེས་ཟེར་བ་སོགས་ངན་སྨྲས་བྱེད་མཁན་དང་ལན་བྲིས་མཁན་མང་ཆེ་ཁོ་རང་ཉིད་ཡིན་ནའང་། ཁོ་མི་སུ་ཡིན་པ་ང་ཚོས་གསལ་བོར་ཤེས་དཀའ་ཞིག་རེད། ཁོས་བཤད་པའི་སྐད་ཆ་འདི་དག་དད་ལྡན་ཁྲི་སྟོང་མང་པོའི་་སྙིང་ནོར་བུ་ལྟ་བའི་བླ་ཆེན་ཞིག་ཕར་ཞོགས། མཐའ་ན་སྤྱིར་གཏང་གི་མི་ཞིག་ཡིན་ནའང་ཤི་བོ་ཞིག་ལ་ངན་སྨྲས་འདི་འདྲ་བྱས་ན་ཤི་བོ་དེའི་མི་བདག་གིས་ཁོ་བ་རང་ང་འཇོག་གི་མ་རེད། འདི་ངོ་མ་་་ མི་ཆོས་ཀུན་སྤྱོད་དང་མཐུན་པ་ཞིག་མ་རེད། འདིའི་འགན་ཚང་མ་ཁ་བརྡའི་དྲ་དཔོན་ཚོ་ལ་ཡོད་པས་པད་ནོར་རིན་ཆེ་དགོན་པ་དང་ཆོས་ཚོགས་།སློབ་མ་དང་ཆོས་གྲོགས་སོགས་ཀྱིས་ཁ་བརྡ་དྲ་བ་དང་དྲ་དཔོན་ཚོ་ཨ་རིའི་ཁྲིམས་ལ་གཏུགས་ན་འགྲིག་གི་འདུག
ཨེ་ཨ་རོགས་ཚོ། བུ་མོ་བསྟན་འཛིན་དབྱངས་སྐྱིད་ཀྱི་དྲི་བ་འདི་ངོ་མ་ཅན་གི་ཡག་པོ་འདུག འདྲི་བ་འདིས་དེང་སང་གི་བོད་མི་མང་པོ་ཞིག་གི་བསམ་བློ་དང་དྲི་བ་མཚོན་གྱི་འདུག ཡིན་ན་ཡང་ཡིད་ཕངས་པ་ཞིག་ལ་ངའི་དྲྭ་གྲོགས་ཚོས་ལན་གསལ་བོ་དང་འཐུས་ཚང་ཞིག་བརྒྱབ་མི་འདུག དེས་ན་ངས་ལན་ཞིག་རྒྱག་གི་ཡིན་པས་བུ་མོ་ཁ་ཚ་མ་ཁྱེད་ཀྱིས་ཚིག་གོ་ཞིང་དོན་རྟོགས་པའི་སྨོན་ལམ།
གཅིག
བོད་ཀྱི་ཕུགས་རྒྱང་རིང་པོའི་སྤྱི་དོན་བསམ་ན་ཕྲུ་གུར་བོད་ཡིག་སློབ་དགོས་པ་དང་། སྒེར་དོན་བསམ་ན་དབྱིན་ཡིག་དང་རྒྱ་ཡིག་སློབ་དགོས་པ་རེད། དེ་ཁྱེད་ཕ་མ་གཉིས་ཀྱི་སྙིང་སྟོབས་ལ་ཐུག་ཡོད། ༧གོང་ས་མཆོག་གིས་ང་ཚོ་བཙན་བྱོལ་ལ་སླེབས་པ་དེ་རང་གི་ཁ་གསོ་ཐབས་ཁོ་ནའི་ཆེད་མ་རེད། ང་ཚོའི་ཕྲག་པའི་སྟེང་དུ་ལས་འགན་ཞིག་ཡོད་པ་རེད། ལས་འགན་དེ་བོད་ཀྱི་རྒྱལ་ཁབ་དང་བོད་ཀྱི་རིག་གཞུང་མི་ཉམ་རྒྱུན་འཛིན་དང་ཉམ་པ་སླར་གསོ་བྱེད་རྒྱུ་དེ་རེད་གསུངས་ཀྱི་འདུག བཀའ་སློབ་འདི་ཉམས་སུ་ལེན་ཐུབ་མི་ཐུབ་སྒེར་སོ་སོ་ལ་རག་ལས་ཀྱི་རེད།
གཉིས།
འཇམ་དབྱངས་ནོར་བུ་དང་ཟླ་བ་ནོར་བུ་སོགས་བོད་ཡིག་ལ་མཁས་པ་ཁག་ཅིག་དབྱིན་ཇིའི་སློབ་གྲྭ་ལ་ཕྱིན་པ་དེ་བདེན་པ་རེད། འོན་ཀྱང་དེ་ང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་ལྟ་བུ་ཞིག་རེད། ཁོང་རྣམས་བོད་ཡིག་ལ་མཁས་པ་ཡིན་པའི་རྒྱུ་མཚན་གྱིས་བོད་ཀྱི་ཆབ་སྲིད་དང་རིག་གཞུང་གི་ཐོག་ལ་འབུར་དུ་ཐོན་པའི་ལག་རྗེས་མང་པོ་བཞག་ཡོད། ཁྱེད་རང་གི་ཕྲུ་གུ་ཡང་འཇམ་དབྱངས་ནོར་བུ་དང་ཟླ་བ་ནོར་བུ་ལྟ་བུ་བོད་དབྱིན་གཉིས་ལ་མཁས་པ་ཞིག་བཟོ་ཐུབ་ན་ཁྱེད་ཕ་མ་གཉིས་ཀྱིས་ཕྲུ་གུའི་མདུན་ལམ་དང་། བོད་སྤྱི་པའི་མདུན་ལམ་གྱི་ཐོག་ལ་ལག་རྗེས་ཆེན་པོ་བཞག་པ་རེད།
གསུམ།
བོད་ཀྱིས་ནང་ཆོས་ལ་བདག་པོ་བརྒྱབ་པ་རེད། ནང་ཆོས་བདག་པོ་བརྒྱབ་ནས་ཉམས་སུ་བླངས་མཁན་ཚོར་གྲུབ་འབྲས་ཧ་ཅང་ཆེན་པོ་བྱུང་ཡོད། སངས་རྒྱས་གྱི་གོ་འཕང་དང་འཕགས་པའི་ས་ཟེར་བ་སོགས་བུ་མོ་ཁྱེད་ཀྱི་རྣ་བར་འགྲོ་མི་འགྲོ་མི་ཤེས་ཏེ། དངོས་སུ་མིག་གིས་མཐོང་ས་ནས་རྙིང་མའི་སྨིན་གླིང་ལོ་ཆེན་གཤེད་མས་དཀྲོངས་རྩིས་བྱས་དུས་ཞལ་འདོན་སྨོན་ལམ་གསུངས་བཞིན་གཤེད་མས་ལག་མ་འགུལ་གོང་རང་དབང་གིས་སྐུ་གཤེགས་པ་དང་། དགེ་ལུགས་དང་རྙིང་མ་འདྲེས་མའི་ཨ་མདོའི་མཁན་པོ་ཚེ་དབང་རིག་འཛིན་རྒྱ་དམག་གིས་བསྐོར་ནས་བཙན་ཁྲིད་བྱས་སྐབས། མི་ཐམས་ཅད་ཀྱིས་མཐོང་སར་རྟ་གོང་ནས་དངོས་སུ་འཕུར་ཏེ་མཁའ་སྤྱོད་དུ་གཤེགས་པ་རེད། འདི་ཚོ་དངོས་ཡོད་རེད་མ་གཏོགས་རྨོངས་དད་དང་ལྷ་སྒྲུང་མ་རེད། དེ་འདྲ་ཤིན་ཏུ་མང་བས་དངོས་སུ་ཞིབ་འཇུག་བྱས་ཏེ་བྲིས་ན་དེབ་རྒན་ཁ་ཤས་ཤིག་ཡོང་ངེས་ཡིན། ཐག་ཉེ་ས་ནས་བཤད་ན་བུ་མོ་ཁྱེད་ཀྱི་མིག་གིས་དངོས་སུ་མཇལ་ཐུབ་པའི་༧གོང་ས་ཆེན་པོའི་མཁྱེན་རབ་དང་ཀུན་སྤྱོད་གདུལ་ཞིང་ཕྲིན་ལས་ཐམས་ཅད་ཀྱང་ནང་ཆོས་ཉམས་ལེན་གྱི་ཐོག་ནས་བྱུང་བ་རེད། ཉམས་སུ་ལོན་མཁན་ཚོ་དེ་འདྲ་རེད། ཉམས་སུ་མ་ལོན་ན་འབྲས་བུ་ཅི་ཡང་ཡོང་གི་མ་རེད། དེས་ན་ནང་ཆོས་ཀྱིས་ཕན་པ་ཡོང་མི་ཡོང་བུ་མོ་ཁྱེད་རང་གི་ཤེས་རབ་དང་ལག་ལེན་ལ་ཐུག་ཡོད། དེང་སང་འགྱིག་བྱི་རིལ་ཞིག་ཀྱང་བཟོ་མི་ཤེས་པའི་བོད་འདི་རྒྱལ་སྤྱིའི་ཐོག་གི་གཅེས་ཕྲུག་ཅིག་ཏུ་གྱུར་འདུག་པ་ཡང་ནང་ཆོས་བདག་པོ་བརྒྱབ་ཡོད་པའི་གྲུབ་འབྲས་རེད། བུ་མོ་རང་ལ་བློ་གྲོས་ཡོད་ན་ཞིབ་འཇུག་ཅིག་བྱོས་དང་།
བཞི།
བུད་མེད་དགོས་མི་དགོས་དེ་ནང་ཆོས་ཉམས་སུ་ལོན་མ་ལོན་འཇལ་བྱེད་ཀྱི་ཐིག་ཤིང་མ་རེད། ནང་ཆོས་ལ་ཐེག་ཆེན་དང་ཐེག་དམན། སོ་ཐར་དང་བྱང་སེམས་སྔགས་ཟེར་བ་སོགས་མང་པོ་ཡོད་པ་རེད། དེའི་ནང་གི་སོ་ཐར་ཟེར་བ་དེའི་ཁོངས་སུ་རབ་བྱུང་དང་བསྙེན་རྫོགས་ཟེར་བ་གཉིས་ཡོད། དེ་གཉིས་གང་རུང་ཡིན་ན་བུད་མེད་ཉར་ཆོག་གི་མ་རེད། གཞན་ཚོའི་ནང་དུ་བུད་མེད་ཉར་ཆོག་མི་ཆོག་ཅི་རིགས་ཡོད། འདིར་རེ་རེ་བཞིན་བཤད་རྒྱུར་དཀའ་སྣང་ཡོང་གི་འདུག་ཀྱང་བུ་མོ་ཁྱེད་ལ་ཤེས་འདོད་ཡོད་ན་གང་ནས་མ་ཤེས་རུང་དེ་ནས་དྲིས་ཤོག་དང་ཁ་གསལ་ཞིང་གོ་བདེ་བའི་ལན་ཕུལ་ཆོག འདོར་ཧྲིལ་གྱིས་དྲིལ་ན་ནང་ཆོས་ཟེར་བ་དེ་ཕོ་མཚན་དང་མོ་མཚན་གྱི་ཁྲིམས་ཁོ་ནའི་ཐོག་ཡོད་པ་ཞིག་མིན། ནང་པའི་སློབ་དཔོན་ཆེན་པོ་ཨརྱྰ་དེ་བས། མདོར་ན་ཆོས་ནི་མི་འཚེ་བར།། དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་ཞེས་དང་། བོད་ཀྱི་མཁས་པ་རོང་ཟོམ་ཆོས་ཀྱི་བཟང་པོས། ནང་པ་ཞིག་ལ་མཚོན་ན་ཆོས་གཉིས་མ་གཏོགས་གཞན་གང་ཡང་མེད་ཀྱང་རུང་སྟེ། མེད་དུ་མི་རུང་བའི་ཆོས་གཉིས་ནི་ཤེས་རབ་དང་སྙིང་རྗེ་ཡིན་ཞེས་གསུངས་ཡོད།
ལྔ།
བླ་མ་སྤྲུལ་སྐུ་སྐུ་འཕྲེང་བཞི་པ་དང་། བཅུ་པ་ཟེར་མཁན་ཚང་མས་ནོར་ཡོད་མེད་ངས་མི་ཤེས། གལ་ཏེ་ནོར་ཡོད་ན་དེ་ནི་མི་སྒེར་དེའི་ནོར་འཁྲུལ་ལམ། ཡང་ན་སྤྲུལ་སྐུ་ངོས་འཛིན་བྱེད་སྐབས་ཅུང་ནོར་ནས་སྐུ་ཕྲེང་གོང་མ་དེའི་སྤྲུལ་སྐུ་ངོ་མ་ངོས་འཛིན་བྱེད་མ་ཐུབ་པ་ཡིན་སྲིད། གང་ལྟར་དེ་ནང་ཆོས་ཀྱི་སྐྱོན་མ་རེད།
དྲུག
མཁྱེན་བརྩེ་རིན་པོ་ཆེ་ལ་ཡུམ་ཡོད་པ་ཁོ་ནས་ལོག་ལྟ་བྱས་ན་དེ་ནི་བརྒྱ་ཆ་བརྒྱ་ཐམ་པའི་ནོར་འཁྲུལ་རེད། སྔོན་རྒྱ་གར་གྱི་མཁས་གྲུབ་ཆེས་མང་པོ་དང་། བོད་ལ་མཚོན་ན་ཡང་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་སྲོལ་འབྱེད་ཕལ་མོ་ཆེ་ཡུམ་ཡོད་པ་ཤ་སྟག་རེད། མ་འོངས་པར་ཁྱོད་ཀྱིས་བླ་སྤྲུལ་ཞིག་ལ་ལོག་ལྟ་བྱེད་དགོས་ན་རྐུབ་ཁོ་ནར་བལྟས་ནས་ཐག་གཅོད་བྱེད་མི་རུང་། གང་ཡིན་ཟེར་ན་བླ་མ་ཡིན་མིན་སྤྲུལ་སྐུ་ཡིན་མིན་གྲུབ་ཐོབ་ཡིན་མིན་ཐག་གཅོད་བྱེད་དེ་རྐུབ་མ་རེད། དམིགས་བསལ་ང་ལ་མཚོན་ན་མཁྱེན་བརྩེ་རིན་པོ་ཆེ་འདིའི་པར་རེ་མཇལ་བ་མ་གཏོགས་དངོས་སུ་མཇལ་མ་མྱོང་ཡང་། ཁོང་ངོ་ཤེས་མཁན་མང་པོེས་སྐྱེས་བུ་དམ་པ་ཞིག་རེད་ཟེར་གྱི་འདུག
ཁྱོད་ཀྱི་དྲི་བ་འདི་གལ་ཆེན་པོ་ཞིག་རེད་བསམ་ནས་ལན་གསལ་བོ་ཞིག་བྲིས་པ་ཡིན། ཅུང་མང་སོང་བ་དང་གཉིད་དུབ་ཀྱི་འདུག་པས་ཞུ་དག་བྱེད་མ་ཐུབ་པར་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན།
ཁྱེད་རང་གི་བཤད་པ་འདི་བདེན་པ་རེད་
འདོད་ལྷའི་བུ་ལགས་ཀྱིས་བརྗོད་པ་དང་ངས་བྲིས་པ་གཉིས་ཚིག་རྒྱས་ལུགས་མ་གཏོགས་ནང་དོན་ཕལ་ཆེར་གཅིག་པ་རེད། ཡིན་ན་ཡང་འགྲེལ་བཤད་རྒྱག་སྟངས་ཐམས་ཅད་ཁ་གསལ་གོ་བདེའི་ཁྱད་ཆོས་ཀྱིས་ཕྱུག་འདུག ཐུགས་རྗེ་ཆེ། གོང་གི་བུ་མོ་ལྟ་རྒྱ་མཐོང་རྒྱ་ཅི་ཡང་མེད་པ་དེར་ལན་འདི་ཙམ་ཞིག་ལས་དགོས་ལེ་མ་རེད་དོ།།
ང་ལ་མཚོན་ན་མཁྱེན་བརྩེ་ནོར་བུ་འདི་ལ་ཆོས་འཇིག་རྟེན་གང་ཐད་ནས་འབྲེལ་བ་སྤུ་ཙམ་ཡང་མེད་མོད་ཁོང་གི་འཇོན་ཐང་བསམ་བློ་གཏོང་སྟངས་ཐད་ངས་མཚམས་རེར་ཡོད་སྨོན་ཡང་ཤོར་མྱོང་། མཁྱེན་བརྩེ་ནོར་བུ་འདི་འབྱོར་བ་ཅུང་ཡག་པོ་རེད། ཕོ་གསར་ཡང་རྫིགས་པོ་རེད། འཇོན་ཐང་ཡང་ཡག་པོ་ཡོད་རེད། དེང་རབས་ཀྱི་སློབ་སྦྱོང་ཡག་པོ་དང་བསམ་བློ་ཡར་ཐོན་ཅན་ཅན་གྱི་སྤྲུལ་སྐུ་ཞིག་ཡིན་པ་བདེན། ཡིན་ན་ཡང་ཁོའི་རྒྱུ་འབྱོར་བ་དེ་གློག་བརྙན་བཟོ་བ་སོགས་ལས་གཙོ་བོར་བྱུང་བ་ལས་མི་ཞིག་ལ་མགོ་སྐོར་བཏང་ནས་བྱུང་བ་དེ་འདྲ་ཆེར་མེད་པ་རེད། ཁོང་གི་རྒྱུ་ནོར་དེ་ཡང་གཙོ་བོར་རྫོང་གསར་བཤད་གྲྭའི་གྲྭ་བ་དེ་འདྲ་མང་པོ་ཞིག་གི་འཚོ་བའི་ཆ་རྐྱེན་དུ་སྦྱོར་བཞིན་པ་རེད། དེ་འབྲུག་མོ་ཞིག་གི་མཉམ་དུ་བསྡད་ཡོད་པ་དེ་འདྲ་སྐད་ཆ་དེ་མི་བདེན་སྙམ་མོད་བདེན་ན་ཡང་ཅི་ཤེས། མཁྱེན་བརྩེ་ནོར་བུ་དེང་དུས་སུ་དུས་ཚོད་ཕལ་མོ་ཆེར་རྫོང་གསར་བཤད་གྲྭ་རང་ལ་བསྙེན་མཚམས་ལ་བཞུགས་ཀྱིན་འདུག སྤྱིར་བཏང་བུ་མོ་འདི་ཚོས་ག་རེ་བཤད་ཀྱིན་ཡོད་མེད་སུས་ཤེས། བུ་མོ་ལ་ལས་རང་ཉིད་དགའ་ས་ཞིག་ལག་ཏུ་མ་ཡོང་སྐབས་དེ་ལ་སྐུར་འདེབས་ཁ་ནས་ཐོན་ཚད་བཤད་ཀྱིན་འདུག སྔོན་མ་གསེར་ཀོང་སྤྲུལ་སྐུས་ཐའེ་ཝན་དུ་བུ་མོ་ཞིག་ལ་བཙན་གཡེམ་བྱས་སོང་ཟེར་ནས་ཁྲིམས་གཏུག་ཡན་ཆད་བྱུང་བ་རེད། སྤྱིར་བཏང་གསེར་ཀོང་སྤྲུལ་སྐུ་སྡོམ་པ་རྣམ་དག་ཡོད་པའི་སྤྲུལ་སྐུ་ཡིན་མིན་མི་ཤེས་མོད་བུ་མོ་དེས་དེ་ལྟར་གང་ཐུབ་ཐུབ་བྱེད་དགོས་དོན་དེ་མོ་རང་གསེར་ཀོང་སྤྲུལ་སྐུ་ལ་དགའ་ཡང་ལག་ཏུ་མ་ཐོབ་སྟབས་སྙིང་ནད་ཀྱིས་དེ་ལྟར་བྱས་པ་རེད་ཟེར་བ་ཞིག་ཀྱང་བྱུང་བ་རེད། དེ་འདྲའི་སྒྲུང་ད་དུང་ཡང་ཁ་ཤས་རེ་བྱུང་བ་དངོས་ཡོད་རེད། བོད་ཀྱི་སྤྲུལ་སྐུ་འདི་ཚོ་རྣམ་པ་རྫིགས་པོ་དང་སྟོབས་འབྱོར་རྒྱས་པོ། དེ་བཞིན་མི་མང་གིས་བརྩི་བཀུར་ཡང་ཡོད་སྟབས་བུ་མོ་འདི་ཚོས་དེ་ལ་བལྟས་ནས་་ལ་ཟ་འཕྲུག་ལང་གི་ཡོད་ཐག་ཆོད་རེད།
དྲ་གྲོགས་བློ་བཟང་ལགས་ཀྱིས་དྲ་ཐོག་ནས་པད་ནོར་རིན་པོ་ཆེ་ལ་སྐྱོན་བརྗོད་བྱེད་མཁན་ཨ་རིའི་ཁྲིམས་ལ་སྤྱར་དགོས་པ་ལྟ་བུ་ཞིག་བཤད་ཀྱི་འདུག་པ་དེ་ནི་དངོས་ནས་མང་གཙོ་ཡོད་སའི་ལུང་བ་ཞིག་གི་ནང་གི་སྐད་ཆ་བཤད་སྟངས་གསར་བ་ཞིག་ཡིན་པ་མ་ཟད། གལ་ཏེ་ཚིག་དེ་ཙམ་ལ་བརྟེན་ནས་ཁྲིམས་ལ་སྤྱར་ཐུབ་ཀྱི་ཡོད་ན་ནི། ད་ལོ་གཅིག་བུར་ཉེས་མེད་ཀྱི་བོད་མི་མང་བོ་ཞིག་རྒྱ་ནག་སྲིད་གཞུང་གིས་མེ་མདའི་འོག་ནས་ཉེས་པ་གཅིག་ཀྱང་མེད་པཞིན་དུ་ཕྱི་མའི་ཡུལ་དུ་དྲངས་སོང་། དེ་ན་ཁྱེད་རང་གིས་དེ་ཨ་རིའི་ཁྲིམས་ལ་སྤྱར་ནས་བོད་པ་ཚང་གི་བདེན་དོན་ལ་འབད་བརྩོན་བྱས་ན་མ་རེད་དམ།
སྤོབས་པ་མཐའ་ཡས་དང་ཀླུ་སྨྱོན་སོགས་སྐབས་སུ་བབ་པའི་སྐད་ཆའི་ཐོག་བགྲོ་གླེང་གནང་བཞིན་པ་རྣམས་ལ་ཞུ་རྒྱུར།
ཨ་རི་དང་ཐེ་ཝན་གྱི་ནང་པ་ཡིན་པའི་མི་ཁ་ཤས་ཀྱིས་ང་ལ་བོད་ཀྱི་བླ་མ་སྤྲུལ་སྐུ་ཚོས་དངུལ་ཞེ་དྲག་འཚོལ་གྱི་འདུག་ཟེར་ནས་ཟུར་ཟ་འདྲ་རེ་བྱེད་ཁུལ་བྱེད་ཀྱི་འདུག ངས་བོད་ཀྱི་བླ་མ་སྤྲུལ་སྐུ་ཚོས་དངུལ་འཚོལ་དང་འཚོལ། བོད་ཀྱི་བླ་སྤྲུལ་ཚོས་དངུལ་མི་འཚོལ་ན་སུས་འཚོལ་ལབ་དུས། ཝ་ཡེ། ཟེར་ནས་མིག་གདངས་ཏེ་ང་ལ་ཅེར་གྱི་འདུག ངས་༡༩༥༩ལོ་ནས་བཟུང་ད་བར་རྒྱ་ནག་གིས་བོད་ཀྱི་ཆོས་དང་རིག་གཞུང་མེད་པར་གཏོང་བའི་ཞི་དྲག་གི་ཐབས་ལམ་འདི་མ་བཀོལ་བྱ་བ་གཅིག་ཀྱང་མེད་རུང་། ད་བར་བོད་ཀྱི་ཆོས་དང་རིག་གཞུང་མེད་པར་གཏོང་མ་ཐུབ་པ་དེ་གཙོ་བོ་བླ་མ་སྤྲུལ་སྐུ་ཚོས་བཟུང་བསྡད་པ་རེད། དཔེར་ན་རྒྱ་ནག་གིས་བོད་ཀྱི་དགོན་པ་དྲུག་སྟོང་ལྷག་ཅིག་རྩ་གཏོར་བཏང་བ་རེད། འོན་ཀྱང་དེང་སང་དགོན་པ་དེ་དག་བསྐྱར་གསོ་གང་ལེགས་བྱུང་ཡོད། མར་གཏོར་མཁན་དེ་རྒྱ་མི་རེད། ཡར་ཉམ་གསོ་བྱེད་མཁན་དེ་བོད་ཀྱི་བླ་སྤྲུལ་ཚོ་རེད། ད་དུང་རྒྱ་ནག་གཞུང་དང་བོད་ཀྱི་ཡུལ་མི་སུས་ཀྱང་བདག་པོ་དང་འགན་ལེན་བྱེད་མ་ཐུབ་པའི་བོད་ཀྱི་དྭ་ཕྲུག་གི་རིགས་དང་། ཁྱིམ་ཚང་སྐྱོ་བོའི་རིགས་ཀྱི་ཕྲུ་གུ་ཡོད་ཚད་ས་གནས་སོ་སོའི་བླ་སྤྲུལ་རྣམས་ཀྱིས་བདག་སྐྱོང་དང་། སློབ་སྦྱོང་གི་གོ་སྐབས་སྤྲད་པ་སོགས་མི་ཚེའི་མདུན་ལམ་གྱི་ཐོག་ལ་ཕ་མ་ལས་ཀྱང་ལྷག་པའི་འགན་ལེན་གནང་གི་ཡོད། རྒྱ་གར་དང་བལ་ཡུལ་སོགས་ལ་མཚོན་ན་ཧ་ལམ་ཟ་ཁང་དུ་འགྲོ་སྤྱད་ཀྱི་དངུལ་ཙམ་ཡང་མེད་པའི་གྲྭ་བ་ཁྲི་ཕྲག་མང་པོ་བླ་སྤྲུལ་ཚོས་གསོས་ནས་སློབ་སྦྱོང་གི་གོ་སྐབས་སྤྲད་ཀྱི་ཡོད་པ་རེད། འོ་ན་བླ་སྤྲུལ་ཚོས་དངུལ་མི་འཚོལ་བར་དངུལ་རྐུ་དགོས་པ་ཡིན་ནམ། ཡང་ན་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དང་མི་ལ་རོགས་རམ་བྱེད་རྒྱུ་མཚམས་འཇོག་པ་ཡིན་ཞེས་བཤད་སྐབས། ཨ་ཡེ་སེས་ཟེར་ནས་གོ་བ་ལོན་པའི་རྣམ་འགྱུར་ཟབ་མོ་འདྲ་ཞིག་བསྟན་གྱི་འདུག འོན་ཀྱང་བོད་མི་ཤེས་མེད་ཀླད་སྟོང་འགའ་ཞིག་གནའ་ནས་ད་བར་བོད་ལ་བཀའ་དྲིན་གཞལ་དུ་མེད་པའི་བླ་སྤྲུལ་དྲིན་ཆེན་ཚོའི་ཐོག་ལ་དགྲ་བོ་ལས་ཀྱང་ལྷག་པའི་འཁོན་སེམས་འདྲ་ཞིག་འཛིན་རྒྱུ་འདུག་པ་འདི་ཕལ་ཆེར་ལས་དབང་ངན་པ་ཞིག་གི་འབྲས་བུ་ཡིན་རྒྱུ་རེད།
ངས་འདིར་༸རྒྱལ་དབང་སྐུ་འཕྲེང་ལྔ་པ་དང་། ༸རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ། ༸རྒྱལ་དབང་སྐུ་འཕྲེང་བཅོ་བཞི་པ། ༸པཎ་ཆེན་སྐུ་འཕྲེང་བཅུ་པ། ཨ་ལགས་གུང་ཐང་རིན་པོ་ཆེ་སྐུ་འཕྲེང་དྲུག་པ་སོགས་དྲངས་ནས་ཁྱོད་ཀྱི་དབྱུག་པ་ལེབ་རྡུང་གི་ལྟ་ཚུལ་ལ་འགོག་པ་རྒྱག་གི་མིན། ཁྱོད་ཀྱིས་ཀྱང་སྨྲ་བརྗོད་རང་དབང་དྲུད་ཡོང་ནས་བླ་བརྫུས་སྤྲུལ་བརྫུས་དེ་ཚོ་འདིར་སྤུངས་ཏེ་དངོས་ཡོད་གནས་ཚུལ་ལ་འཁྱོག་བཤད་མི་བྱེད་པར་དོན་དངོས་མང་ཙམ་གླེང་ཐུབ་པའི་རེ་བ་ཆེ།
མདོ་རྒྱུད་གསུང་རབ་དག་ན་སྤྲུལ་སྐུ་ཚད་སྤྱད་ཀྱི་ཐིག་ཤིང་མང་དུ་ཡོད་རབས་གདའ་བས་ཐིག་ཤིང་དེས་སྤྲུལ་སྐུ་ཚོར་ཡག་པོ་ཞིག་ཚད་ནས་“སྐུ་སྐྱེས་བསྟན་དོན་དུ་བྱོན་”པའི་སྤྲུལ་སྐུ་ཡང་དག་པ་རྣམས་ལ་མགོ་གསུམ་གུས་པ་ཆེན་པོས་ཕྱག་འཚོལ་ཅིག མཆོད་ཅིག སྐྱབས་སུ་སོང་ཞིག གློ་སྙིང་བྲོ་གསུམ་གཏོད་ཅིག
འོན་ཀྱང་ཉིན་ཚན་མེད་པར་ནག་ཆང་དང་དགྲ་འདུལ་གཉེན་སྐྱོང་ཟང་ཟིང་ནོར་གྱིས་སྙིང་མྱོས་ཤིང་བསྟེན་པ་ཙམ་གྱིས་རང་ཉིད་བསྐལ་པ་ནས་བསྐལ་པའི་བར་དམྱལ་བའི་གཏིང་རྡོ་བྱེད་པའི་གྲོགས་སུ་གྱུར་པའི་བླ་བརྫུས་སྤྲུལ་བརྫུས་དག་དང་རིང་དུ་གྱེས་པར་མཛོད་ཅིག སྐད་ཆ་འདི་སེམས་ལ་ཟུངས་ཤིག
འདོད་ལྷའི་བུ་ལགས་ནས་བརྗོད་པ་མཐའ་དག་གནས་ལུགས་ཀྱིས་ཕྱུག་འདུག ངས་ཀྱང་ཕྱི་གླིང་བ་ཚོར་བོད་པའི་བླ་མ་ལ་དངུལ་དགོས་ཀྱི་འདུག་ལབ་ན་དོན་དངོས་རེད། ཡིན་ན་ཡང་བོད་པའི་བླ་མ་དངུལ་ལ་དགའ་གི་འདུག་ལབ་ན་དེ་ཙམ་དོན་དངོས་དང་མཐུན་གྱི་མ་རེད་ལབ་བཞིན་པ་ཡིན། སྐྱབས་རྗེ་སྐུ་གཤེགས་པད་མ་ནོར་བུ་རིན་པོ་ཚང་ལྟ་བུ་ཞིག་གིས་ལོ་འདི་སྙེད་ཅིག་ལ་བོད་པའི་གྲྭ་བཙུན་སྟོང་ཕྲག་གཉིས་ལ་ཉེ་བ་ཞིག་ཡོན་བདག་རེ་ལ་ཆོས་རེ་གསུངས་པའི་ཡོན་གྱིས་གསོས་ནས་བཞུགས་པ་རེད། དེ་ཡང་མ་ཤི་ཙམ་གྱི་ལྟོ་གོས་ཙམ་ཞིག་ག་ལ་ཡིན། ཚེ་འདི་ཕྱི་གཉིས་ལ་ཕན་ཐོགས་ཡོད་པའི་ཆོས་དང་རིག་གཞུང་གི་སློབ་སྦྱོང་དང་མི་ཚེ་ཡ་རབས་ཤིག་གི་ལམ་སྟེ་སྟོན་གནང་མཛད་ཡོད་པ་རེད།
སྤྲུལ་སྐུ་ཡག་ཉེས་ཀྱི་སྐོར་ནས་མགོ་གཏུགས་ས་དེ་རྒྱལ་དབང་སྐུ་ཕྲེང་ལྟ་བུའི་དེ་ཡི་གོང་ན་མེད་པ་ཞིག་ཡིན་དགོས་ཀྱི་མ་རེད། ངའི་ཕ་ཡུལ་ནས་བླ་སྤྲུལ་ཞིག་གི་མིང་ཞིག་ཡོད་ཕྱིན་ཆད་སྤྱི་ཚོགས་སྟེང་ཞབས་ཞུ་རེ་སྒྲུབ་ཨེ་ཐུབ་ལ་འབད་པའི་ལུགས་སྲོལ་བཟང་པོ་ཞིག་གི་མགོ་ཚུགས་ནས་བསྡད་ཡོད། ཡིན་ན་ཡང་བླ་སྤྲུལ་གྱི་མིང་ཐོགས་ཚད་དེ་འདྲ་རེད་ཀྱང་ཟེར་ག་ལ་ཐུབ། དེ་ཚོའི་ནང་ན་ཡང་སྤྱི་ཚོགས་ལ་ཕན་འདོགས་པའི་བསམ་བློ་མེད་མཁན་དང་། བསམ་བློ་ཡོད་ཀྱང་ཤེས་ཡོན་དང་འཇོན་ཐང་གིས་མ་ལྡེངས་པར་ལྷགས་བསྡད་ཡོད་པ་ཡང་གང་འཚམ་ཞིག་ཡོད་པ་རེད།
གང་ལྟར་ད་ལྟ་བོད་ཡིག་ཟིན་བྲིས་དེ་སྒོ་ཕྱེས་འདུག
ནོར་བཅོས། ལམ་སྟེ་་ ལམ་སྣེ་་
ཨ་ལགས་་་་་་་་་་ཁ་སང་གི་ལྟད་མོ་དེ་ག་པར་འདུག གོང་དུ་བོད་པའི་གྲྭ་བཙུན་སྟོང་ཕྲག་གཉིས་ལྷག་ཡོན་གྱིས་གསོས་ཟེར་བ་བདེན་པ་མ་རེད། འབྲུག་དང་ཧི་མ་ལ་ཡའི་བརྒྱུད་ཀྱི་གྲྭ་བཙུན་ཉིས་སྟོང་ལྷག་ཟེར་དགོས་ལེ་རེད། ཁོང་གི་དགོན་གནས་དེར་བོད་པ་ཞེ་དྲག་ཡོད་པ་མ་རེད། ལྷག་པར་ཏུ་བོད་ནས་གསར་ཏུ་འབྱོར་མཁན་ཚོ་ཟུར་ཞིག་ན་གྲངས་ཉུང་མི་རིགས་ལ་ཐོབ་འོས་པའི་སྐལ་བ་ཆ་ཚང་ཐོབ་ནས་བསྡད་ཡོད་ལེ་རེད།
བོད་པའི་གྲྭ་བཙུན་ཉིས་སྟོང་ཟེར་དོན་དུས་ཚོད་སྔ་ཕྱི་ལ་དཔགས་ན་དེ་འདྲ་ཞིག་ཡིན་པའི་སྐད་ཆ་ཐོས་མྱོང་། འབྲུག་པ་དང་བལ་བོའི་ཤར་བ་སོགས་མང་ཤོས་ཡིན་པ་དེ་ཕལ་ཆེར་བདེན་ས་རེད། གང་ཡིན་ཟེར་ན་རྙིང་གྲྭ་མང་པོ་ཞིག་དགེ་ལུགས་ནང་བཞིན་སྐྱབས་བཅོལ་ལ་ཡོང་མེད་པ་རེད།
གལ་སྲིད་དྲ་བ་དེ་སྒོ་ཡང་སྐྱར་གཏན་མེད་ན་ངས་གོང་དུ་ཡོད་ས་དེ་ཁྱོད་ལ་ངོ་སྤྲོད་བྱས་པ་དེར་སོང་དང་དེ་ན་འདུག ཡིན་ན་ཡང་དྲ་བ་ཆུ་ཚོད་གཅིག་གི་གོང་ལ་སྒོ་ཕྱེ་ཐུབ་སོང་ལ་ད་ལྟ་ཡང་སྐྱར་རྙེད་ཀི་མི་འདུག
http://www.tibettl.com/
བོད་ཀྱི་སྐད་ཡིག་དྲ་ཚིགས་སྒོ་ཕྱེས་འདུག་ཀྱང་ངའི་གློག་ཀླད་ནང་ནས་ཧི་གཟུགས་དྲ་བ་འཆར་གི་མི་འདུག
བོད་ཀྱི་གསོ་བ་རིགས་པ། སྨན་དང་རྩིས་ཀྱི་སྐོར་ལའང་ཕྲན་ཙམ་བཤོད་དང༌། དེ་དག་གི་འཛིན་སྐྱོང་གནང་བཏང་སྐོར་དང་ལྷག་པར་དེ་རིགས་ཀྱི་འབྲེལ་བ་ཡོད་པའི་ཚོགས་སྡེའི་སྟངས་འཛིན་སྐོར་ལའང་ཕྲན་ཙམ་ཞིག་བཤོད་དང༌། སྣང་མེད་དུ་མ་བཞག་དང༌། འགོ་ལ་ཀླད་སྟོང་འབའ་ཞིག་བཞག་ནས་ཁུངས་འཁྱོལ་ངེས་ཞིག་འདུག་གམ། རྟུ་དང་རུས་པའི་རྐུབ་ལ་རྒྱུགས་ནས་འཛིན་སྐྱོང་ཁུངས་འཁྱོལ་བ་ཨེ་ཡོང་ནམ། ཁ་ནས་༸རྒྱལ་བ་དོན་གྱི་བདག་པོ་ཞེས་དོན་དུ་རང་དོན་དང༌། རང་ཕྱོགས་བསྡུས་ནས་འཛིན་སྐྱོང་བྱེད་ན་འགྲིགས་ས་ཨེ་འདུག དེ་རིགས་ལའང་བསམ་བློ་ཞིག་གཏོང་དང༌།
བསྟན་འཛིན་དབྱངས་སྐྱིད་ལགས།
ཁྱོད་ཀྱི་དགོངས་པ་བཞེས་སྟངས་དེ་ཅུང་ཟད་ཐལ་ཆེ་བའི་སྐྱོན་འདུག།
རང་སྒེར་གྱི་ད་ཡོད་འཚོ་བའི་དཀའ་ངལ་དེ་བོད་ཀྱི་ཆོས་དང་རིག་གཞུང་སྟེང་དུ་བཀལ་ན་དེ་ནི་མི་འོས་པ་ཞིག་ཡིན།
བོད་ཀྱི་རང་དབང་ཤོར་བ་དེ་ཆོས་ལུགས་ལས་བྱུང་བའི་འགལ་འཛོལ་ཞིག་ཡིན་ནམ་ཡང་ན་སྐྱ་བོ་རྣམས་ལ་སྲིད་ཀྱི་ཐབས་ལམ་མ་ཤེས་པས་འཛོལ་བ་ཞིག་ཡིན་ནམ།་་འགྲེལ་བཤད་ཅིག་གནང་དང་།
ཁྱེད་ཀྱི་་བསམ་ཚུལ་དེ་བཀླགས་རྗེས་ངའི་བསམ་བློར་བོད་ཀྱི་རང་དབང་ཤོར་བ་དེ་ང་ཚོ་བོད་པའི་ཕ་མེས་རྣམས་ད་བར་ཕ་མ་ཁྱེད་རང་ལྟ་བུ་་རྐྱང་རྐྱང་ཞིག་བྱུང་བས་ལན་པ་མིན་ནམ་སྙམ་པ་ཡང་བྱུང་།
དབྱིན་སྐད་ཤེས་ནས་རང་བཙན་ལ་ཕན་གྱི་ཡོད་ན།
ད་བར་དབྱིན་སྐད་ཤེས་མཁན་གྱི་རྒྱལ་ཁབ་མང་པོ་རང་དབང་ཤོར་དགོས་དོན་ཅི་ལ་ཐུག?
རྒྱ་སྐད་ཤེས་ནས་བོད་ཕྱི་ནང་དུ་ལས་ཀའི་གོ་སྐབས་རག་གི་ཡོད་ན་་བོད་དང་རྒྱ་ནག་ནང་གི་ཤེས་ཡོན་ཅན་རྣམས་ཅིའི་ཕྱིར་ཕྱིར་རྒོལ་བྱེད?
བོད་ཀྱི་རིག་གཞུང་གལ་ཆེ་བ་རེད། ངེད་ཚོའི་ཕྲུ་གུའི་མདུན་ལམ་གལ་ཆེ་བ་རེད།
བོད་ཀྱི་རིག་གཞུང་ནི་ཇི་སྲིད་བར་གནས་ཐུབ་པའི་་ཇོ་མོ་གླང་མ་མས་བརྗིད་པ་དང་ནམ་ཡང་རྒྱུན་བཅད་ཀྱང་ཆད་མི་ཐུབ་པའི་ཡར་ཀླུང་གཙང་པོ་ལས་ཀྱང་རིང་བ་ཞིག་ཡིན།
ཁྱེད་ཀྱ་ཕྲུ་གུའི་མདུན་ལམ་ནི་རིངན་ལོ་ལྔ་བཅུ་དང་ཐུང་ན་ལོ་སུམ་བཅུ་ཡས་མས་ལས་ག་ལ་ཡིན།
གལ་སྲིད་མི་རིགས་ཞིག་རང་གི་རིག་གཞུང་དང་མེས་པོ་རྣམས་ཀྱིས་སྐུ་ལས་བཀྱོན་པའི་ཕྱག་རྗེས་ལ་རྒྱབ་གཏོད་བྱས་ན་དེ་ནི་མདུན་ལམ་ལྟ་ཅི་འཇིག་རྟེན་འདིར་གནས་ཡོད་མེད་་ལ་ཁྱད་པར་ཅི།
རེད་རེད། བསྟན་འཛིན་དབྱངས་སྐྱིད་ཀྱི་ལག་ཏུ་ཨ་ལགས་ཤིག་མ་རག་ནས་མཁྱེན་བརྩེ་ལ་ཁ་སྨས་བཏང་པ་ཡིན་པ་འདྲ།
བླ་སྤྲུལ་ཚོ་ལ་ཁ་ངན་གཏོང་བ་ནི་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ། །བུད་མེད་དམངས་ཀྱིས་མི་ཁ་གཏོང་། །ཟེར་བ་ལྟར་རེད་བསམ་གྱི་འདུག། ལྷག་པར་དུ་པད་ནོར་ཚང་གི་གྲྭ་ཚང་ནང་དུ་བོད་པ་མང་པོ་མེད་ཟེར་བ་ནི་མི་བདེན་པའི་སྐད་ཆ་ཞིག་རེད། གལ་སྲིད་བདེན་ན་ཡང་གྲྭ་ཚང་དེར་བོད་པ་ཁོ་རང་གིས་མ་ཡོང་བ་རེད་མ་གཏོགས་པད་ནོར་རིན་པོ་ཆེས་བོད་པ་ཚོར་གོ་སྐབས་མ་གནང་བ་ག་ལ་ཡིན།
ངས་གནའ་སྔ་མོའི་ལོ་རྒྱུས་གཅིག་བཤད་ན་སྤྱི་ལོ་༡༩༩༧ ལོར་བོད་ནས་ཁམས་པ་༧༠ ལྷག་ཅིག་བཙན་བྱོལ་དུ་ཡོངས་ནས་རྣམ་གྲོལ་གླིང་དུ་སླེབས་སོང་། སྐབས་དེ་བཤད་གྲྭ་སླར་དབུ་འཛུགས་པ་དང་འཁེལ་བྱུང་། ལོ་དེར་བཤད་གྲྭར་གསར་ཞུགས་ཀྱི་ཆེད་དུ་གསར་འབྱོར་དང་སྔོན་འགྲོ་སློབ་གྲྭ་ནས་མཐར་འཁྱོལ་མཁན་ཡུལ་གྲུ་ཁག་ནས་མང་དག་ཅིག་ཡོད། ནམ་རྒྱུན་བཤད་གྲྭ་གུང་སེང་ནས་སླར་དབུ་འཛུགས་དུས་ལོ་ལྟར་གསར་ཞུགས་ཀྱི་འདུན་པ་རྒྱག་མཁན་མི་བརྒྱ་ཕྲག་ལས་ལྷག་པ་ཡོད་ན་ཡང་ལོ་རིམ་དང་པོའི་ནང་གྲྭ་པ་གསརཔ་༥༠ མ་གཏོགས་ལེན་གྱི་མིན་འདུག། དེ་ཡང་ཡིག་ཚགས་རྒྱབ་ནས་ཨང་ཚོད་ལེན་མཁན་རྐྱང་རྐྱང་ལེན་གྱི་འདུག།
ལོ་དེར་བཤད་གྲྭ་དེར་གསར་ཞུགས་ཀྱི་ཆེད་ཡིག་ཚགས་རྒྱག་མཁན་འབྲུག་ཡུལ་ཉག་ཅིག་ནས་ཕལ་ཆེར་༥༠ ཡོད་ཚོད་རེད། གང་ལྟར་མི་མང་པོ་ཞིག་ཡིག་གིས་བཤད་གྲྭར་གསར་ཞུགས་ཀྱི་འདུན་པ་བསྐྱེད་ནས་ཡིག་ཚགས་རྒྱགཡོད་རེད། དེ་དག་གི་གྲལ་དུ་གཅིག་ང་ཡང་ཡོད། ང་ཚོ་ཡིག་རྩིས་རྒྱབ་ཚར་བའི་རྗེས་ལ་ཨང་ཚོད་ལེན་མི་ལེན་གྱི་སྐད་ཆ་མེད་པར་བཤད་གྲྭའི་ནང་དུ་བཙན་བྱོལ་རྐྱང་རྐྱང་ལེན་སོང་བས་ཡུལ་གྲུ་ཁག་གི་གྲྭ་པ་མང་པོ་ཞིག་སེམས་ཕམ་བྱུང་ཡོད་རེད། ད་འདྲ་བསམ་བློ་བཏང་ན་སེམས་ཕམ་དགོས་དོན་གང་ཡང་མིན་འདུག།
བརྗོད་དོན་ངོ་མ་ནི་གོང་དུ་དཀོན་མཆོག་ལགས་ཀྱིས་པད་ནོར་ཚང་གིས་བོད་པ་ཚོ་ལ་གོ་སྐབས་མ་གནང་བ་འདྲ་བུ་ཞིག་གསུངས་འདུག། ངས་བྱས་ན་དེ་འདྲ་མ་ཡིན་པར་ཚང་མ་ལ་གོ་སྐབས་འདྲ་མཚུངས་སུ་གནང་གི་ཡོད་པ་མ་ཟད་བཙན་བྱོལ་བ་རྣམས་ལ་ལྷག་པར་ཐུགས་བརྩེ་གནང་གི་ཡོད་པར་ཐུགས་ལ་མངའ་བར་འཚལ་ཞུ་གི་ཡིན།
བསྟན་འཛིན་དབྱངས་སྐྱིད། ཁྱེད་ཀྱིས་བྱས་ན་བོད་པས་བོད་པའི་སྐད་ཡིག་དེ་ཕར་བཞག་ དེའང་རྒྱུ་མཚན་དུ་ལས་ཀ་རེག་གི་མི་འདུག་དང་ བླ་རྫུན་ཁ་ཅིག་གིས་བྱས་སྟངས་མ་འགྲིགས་ནས་ནང་ཆོས་ཀྱིས་མི་ལ་མགོ་སྐོར་གཏོང་གི་འདུག་ཟེར་བའི་སྐད་ཆའི་རིགས་འདི་ཚོ་ཁོག་ཏུ་དགྲ་རྒྱ་མི་བཞུགས་པའི་སྐད་ཆ་རེད། སྤྱིར་བཏང་ཁོག་ཏུ་གདོན་བཞུགས་ན་བཏོན་པར་སླ་ཡང་མི་བཞུགས་པའི་རིགས་ལ་ཁ་ཡ་བྱས་ན་སྐྱག་པར་ལག་པ་འཆང་བ་དང་ཁྱད་མེད། དེ་ལས་གཡུགས་བཞག་ན་དགའ།