ཧོར་གཙང་འཇིགས་མེད།
ཉིན་ཁ་ཤས་ཀྱི་གོང་ལ་མི་གླེང་མཐུ་མེད་ཀྱི་དོན་གནད་གཉིས་ཞེས་པའི་བསམ་ཚུལ་རྩོམ་ཐུང་ཞིག་བྲིས་ཏེ་བོད་ཀྱི་དུས་བབ་ཚང་ལ་བཏང་བ་ཡིན་ཀྱང་། དེ་རིང་འདིར་ཁ་བརྡ་དྲ་ཐོག་ཏུ་བརྒྱུད་འགོད་བྱས་འདུག་པ་མ་ཟད། རྣམ་དཔྱོད་ལྡན་པ་མང་བོ་ཞིག་གིས་ལེགས་ཉེས་ཀྱི་གདེང་འཇོག་ཀྱང་གནང་འདུག་པ་ལ་དགའ་སྤྲོ་སྐྱེས། ཁྱད་པར་དུ་གཞུང་དྲང་རིག་པ་སྨྲ་བ་མདའ་ཚན་པ་ལྟ་བུ། ཕྱི་ནང་གི་གཞུང་ལུགས་ལ་ལྟ་རྒྱ་ཆེ་བ་རྔ་བ་རྒྱལ་ཁམས་པ་ལྟ་བུ། རྩོམ་པ་བོ་གྲགས་ཅན་ཀླུ་སྨྱོན་ཡེ་ཤེས་ལྟ་བུ། གཞོན་སྐྱེས་ཤེས་ལྡན་པ་རིག་འབྱུང་དོན་བཀྲ་སོགས་ཀྱིས་དོ་སྣང་ཞིབ་ཚགས་དང་དགོངས་ཚུལ་ལྷུག་པོ་གསུངས་པ་ལ་བརྩི་བཀུར་ཡོད། དེ་མིན་ཀུན་སློང་དང་སྐད་ཆ་དཀྱོགས་ནས་བཤད་མཁན་རིགས་ལ་གསལ་བཤད་བྱེད་གལ་མ་མཐོང་།
མདའ་ཚན་པའི་སྐད་ཆ་ཁག་ཅིག་གནད་འགག་གི་སྐད་ཆ་རེད། ངས་ཀྱང་སྔོན་ཆད་རྒྱ་གར་གྱི་ཤེས་ཡོན་ཅན་དང་། ཆབ་སྲིད་པ་རེ་ཟུང་དང་མཉམ་དུ་དེའི་སྐོར་ལ་གླེང་མོལ་བྱེད་མྱོང་ཡོད། ཁོང་ཚོ་མང་ཤོས་ཀྱིས་རྒྱ་གར་ནག་གི་གནད་དོན་ཐག་གཅོད་པ་ལ་བོད་དོན་གལ་ཆེན་ཡིན་པའི་བསམ་ཚུལ་འདུག ངས་དེ་མ་ཤེས་པ་མིན་ཀྱང་། རང་ཉིད་ཀྱང་བོད་མི་ཐེབས་ཆག་ཅིག་ཡིན་པའི་ཆ་ནས་སྤྱི་དོན་ཐོག་སེམས་ཁྲལ་མང་བོ་ཡོང་གིན་འདུག་ཅིང་། སེམས་ཁྲལ་ཁག་ཅིག་བཤད་ཁུལ་བྱས་པ་ཡིན།
རྔ་བ་རྒྱལ་ཁམས་པ་ལགས་ཀྱི་བཀའ་མོལ་རྒྱ་ཆེན་པོ་རེད། གཏིང་ཟབ་པོ་རེད། འཇིག་རྟེན་གྱི་ཆོས་ལུགས་ཆེ་ཁག་གི་སྟོན་པ་དེ་ཚོ་དང་ང་ཚོ་བསྡུར་བའི་སྐད་ཆ་རེད། གཞུང་ལུགས་ཐོག་ནས་དེ་འདྲ་བསམ་མ་ཆོག་པ་མ་རེད། ལག་ལེན་ཐོག་ནས་ཤིན་ཏུ་བྱ་དཀའ་བ་རེད།
རིག་འབྱུང་ལགས་ཀྱི་མཆན་བུའི་ནང་ཁེ་ཉེན་ཆེ་བའི་དོན་དག་ཁག་ཅིག་འདུག་པ་དཔེར་ན། ང་རང་རྦད་དེ་བོད་ལ་རང་བཙན་ཐོབ་ན་མི་དགའ་བའམ། ཡང་ན་རང་བཙན་རྩོད་མཁན་ཡོངས་རྫོགས་ཀྱི་ཁ་གཏད་དུ་ལངས་ཀྱིན་ཡོད་པ་ལྟ་བུའི་ལོ་རྒྱུས་འགན་ཁུར་དང་འབྲེལ་བའི་སྐད་ཆ་བཤད་ཡོད་སྟབས། གསལ་བཤད་ཅུང་ཞིག་མ་བཤད་པ་ཡིན་ན། མི་ལོ་༡༨ ལྷག་གི་རིང་ས་མཐའི་སྡུག་སྒོམ་གྱི་མི་ཚེ་བསྐྱལ་ནས་གཅེས་ཤིང་ཕངས་པའི་སྲིང་ཆུང་མ་འཇིག་རྟེན་ཕ་རོལ་ཏུ་འདའ་བཞིན་པ་ཤེས་བཞིན་དུ་མཐའ་མའི་སྐད་ཆ་ཚིག་གསུམ་ཡང་བཤད་རྒྱུ་མ་བྱུང་བ་དང་། རྒས་ཤིང་འཁོགས་པའི་མ་རྒན་མ་སོགས་ཉེ་འབྲེལ་ལྟོས་བཅས་ལ་སེམས་ངལ་ཁོ་ན་སྤྲད། རང་ཉིད་ཀྱིས་མི་ཐེག་པའི་ལོ་རྒྱུས་ཀྱི་འགན་ཁུར་ཞིག་ཁྱེར་ནས་ས་དམར་བོ་ལ་སོ་བཏབ་ནས་ཡོད་པའི་ཁུལ་ཡིན་པ་ལ། རི་བོང་དང་སྡོམ་པ་གཉིས་མེད་བཟོ་བའི་ཉེན་ཁ་ཆེ་སྟབས་མགྱོགས་ཤད་ཀྱིས་གསལ་བཤད་ཅིག་བྱ་རྒྱུ་ཡིན།
ངའི་རྩོམ་ཐུང་དེའི་གོ་རིམ་འཁྲུག་ཡོད་སྲིད། མཐོ་རྒྱག་དམའ་རྒྱག་ཀྱང་དང་ཡར་མཆོང་མར་མཆོང་ཡང་ཡོད་སྲིད་ཀྱང་དེ་ཚོ་ལ་སྐྱོན་མི་འདུག ངའི་རྩོམ་ཐུང་འཁྲུག་པའི་དབང་གིས་ཡིན་ནམ། ཡང་ན་མཐོ་རྒྱག་དམའ་རྒྱག་ཆེ་དྲགས་པའི་དབང་གིས་ཡིན་ནམ་ངས་བཤད་ཁུལ་བྱས་པ་དང་རིག་འབྱུང་ལགས་ཀྱིས་གོ་བ་བླངས་པ་གཉིས་ར་འཕྲོད་ཀྱིན་མི་འདུག ངས་བོད་རང་བཙན་གྱི་ལྟ་བ་ཁྱེར་མཁན་ཇེ་མང་དུ་སོང་བས་ཆིག་སྒྲིལ་ལ་གནོད་ཀྱིན་འདུག དེ་རྒྱལ་བ་རིན་པོ་ཆེ་ལ་རྒོལ་བ་རེད་ལབ་མེད་ཚོད་ཡིན་ལ། གལ་སྲིད་ངའི་རྩོམ་ཡིག་བཀླགས་པས་ཚོར་སྣང་དེ་འདྲ་སྟེར་བ་ཡིན་ན་ངའི་བསམ་ཚུལ་བཤད་མ་ཤེས་པ་ཁོ་ནའི་སྐྱོན་ཡིན། ངས་བཤད་འདོད་པ་ནི་ཁ་ཤས་ཀྱིས་རང་བཙན་རྩོད་ལེན་པའི་ཟོལ་གྱིས་དོན་དངོས་ཐོག་གོ་སྐབས་བཙལ་ཏེ་རྒྱལ་བ་རིན་པོ་ཆེའི་མཚན་མཐོང་ལ་རྒྱ་ལ་གནོད་ཐབས་བྱེད་ཀྱིན་འདུག སྤྱི་དོན་ལམ་ལྷོངས་འབྱུང་བ་ལ་གེགས་བྱེད་ཀྱིན་འདུག དེ་མ་འོས་པ་ཞིག་རེད་ཟེར་གྱིན་ཡོད། ཕྱོགས་གཞན་ཞིག་ནས་བལྟས་ན་སྐུ་ཉིད་ལོ་ན་གཞོན་པ་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་དཀྱིལ་འཁོར་ནང་ཕྱག་ལས་གནང་མྱོང་མེད་པས་དོན་དག་མང་བོ་ཞིག་འཆར་སྣང་དང་ལྟ་གྲུབ་གཞི་ལ་བཞག་པ་ཙམ་ཡིན་སྟབས། གནས་སྐབས་ང་ཚོའི་བར་ཆོས་ཅན་ཐུན་སྣང་བ་ཡོད་ཁག་པོ་རེད། ར་འཕྲོད་རྒྱུ་ཁག་པོ་ཡིན། འོན་ཀྱང་ངས་ཅིག་བཤད་ཁུལ་བྱས་པ་དེ་ན་ཚ་ཞིག་རེད་གསུངས་པ་ལ་ངོས་ལེན་བྱེད་མི་ཐུབ། རང་གིས་མི་འདོད་པའི་གཞན་གྱི་བསམ་ཚུལ་ཡོད་ཚད་ན་ཚ་ལ་བགྲང་དགོས་ན་ཅུང་ཐལ་ཆེ་བ་མིན་འགྲོ་སྙམ།
ཁྱེད་རང་གིས་ཁྱེད་རང་མི་རྒན་པ་དང་བསམ་ཚུལ་མཐུན་གྱིན་མེད་གསུངས་པ་རེད། ད་ལྟ་ཁྱེད་རང་ལོ་བཅོ་ལྔ་ཡིན་པར་ཆ་བཞག་ན་ངེད་གཉིས་ཀྱི་བར་ལོ་ངོ་སུམ་ཅུ་ཙམ་ཡོད་པ་བྱས། གལ་སྲིད་ཁྱེད་རང་རང་ལོ་ཉེར་ལྔ་ཡིན་པར་ཆ་བཞག་ན་ངེད་གཉིས་ཀྱི་བར་ལོ་ངོ་ཉི་ཤུ་ཙམ་རེད། བར་ཁྱད་འདི་ཆེན་པོ་བྱས་ན་ཆེན་པོ་རེད་ལ། ཆུང་ཆུང་བྱས་ན་དེ་ཙམ་གྱིས་ཆེན་པོའང་མ་རེད། ང་ཚོས་ལོ་བཅོ་ལྔ་དང་ཉི་ཤུ་སུམ་ཅུ་ཕར་ཟད། ལོ་ངོ་སྟོང་ཕྲག་དུ་མ་འདས་པའི་མིའི་བསམ་ཚུལ་མང་བོ་ལག་ལེན་དུ་བསྟར་བཞིན་ཡོད་པ་རེད། ལོ་ངོ་སྟོང་ཕྲག་དུ་མ་འདས་པའི་མིའི་བསམ་ཚུལ་མང་བོ་ལོངས་སུ་སྤྱོད་ཀྱིན་ཡོད་པ་རེད། དེས་ན་ལོ་བཅུ་ཕྲག་དུ་མའི་བར་ཁྱད་ཀྱི་དབང་གིས་དེའི་ཚོའི་བསམ་ཚུལ་དང་ཁྱོན་ནས་ཐུན་གྱིན་མེད་ན། ཁྱེད་ཀྱི་ཚིག་གཅིག་གཡར་ནས་ཞུས་ན། དེ་ཉིད་ན་ཚ་ཞིག་མ་ཡིན་པའི་དབང་དུ་བཏང་ཡང་ཞན་ཆ་ཞིག་ཅིས་ཀྱང་ཡིན་པར་སྣང་།
རྩོམ་པ་བོ་འཇམ་དབྱངས་ནོར་བུ་ལགས་ཤེས་ཡོན་གནས་ཚད་མཐོན་པོ་ཡིན་པ། རང་བཙན་འཐབ་རྩོད་བྱེད་མཁན་གྱི་མཚོན་རྟགས་ལྟ་བུར་ཚང་མས་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། ངས་ཀྱང་དེ་ལྟར་འདོད་ཀྱིན་ཡོད། ཁོང་གི་དགོངས་ཚུལ་རེ་གཉིས་ངོས་ལེན་བྱེད་དཀའ་བ་ལས་གཞན་བརྩི་བཀུར་ཆེན་པོ་ཡོད། ཁོང་ལྟ་བུ་བོད་མིའི་རྒྱན་ཆ་རེད། ཡིན་ནའང་ད་རེས་རྩོམ་ཐུང་དུ་ཁོང་དང་ཁོང་ལྟ་བུ་ཚོའི་སྐོར་ལ་ཅི་ཡང་བཤད་མེད། ངའི་རྩོམ་ཐུང་དེ་ཡང་བསྐྱར་ཞིབ་ཀློག་ཅིག་གནང་ན་མཁྱེན་ངེས་རེད། ངས་བཤད་འདོད་པ་ནི་བཀའ་བློན་ཁྲི་བ་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་སྐབས་ཙམ་ནས་རིགས་ཤིག་གིས་རང་བཙན་རྩོད་མཁན་ཡིན་པར་བསྒྲགས་ཡོད། དེ་ཚོ་རང་བཙན་རྩོད་ལེན་པར་ངོས་འཛིན་བྱེད་རྒྱུ་ཁག་པོ་རེད། དེ་ཚོའི་གྲས་ཀྱིས་སྐྱབས་བཅོལ་གྱི་ལོ་ངོ་ལྔ་བཅུའི་རིང་རྒྱལ་བ་རིན་པོ་ཆེ་དང་མི་དམངས་ལ་བདེ་འཇགས་སྤྲད་མེད། ལས་དོན་མང་བོ་ཞིག་ལམ་ལྷོངས་འབྱུང་དུ་བཅུག་མེད། རྒྱུ་མཚན་ཆེན་པོ་རེད། ཡིན་ནའང་གནས་ཚུལ་དེ་རིགས་འདིར་གླེང་སློང་བྱེད་མི་དགོས་པ་བྱ། དེའི་སྟབས་ཀྱིས་ངེད་ཀྱིས་ཁོང་ཚོ་དང་རང་བཙན་རྩོད་མཁན་དངོས་གནས་པ་དག་གི་ཁ་ཡི་འབོད་སྒྲ་རང་བཙན་ཞེས་པའི་ཚིག་འདྲ་བ་ཙམ་ལས་དོན་གཏིང་གི་དམིགས་ཡུལ་མི་འདྲ་བར་བཤད་པ་ཡིན། དེ་འདྲའི་དབང་གིས་བོད་ཀྱི་དུས་བབ་ཏུ་མཆན་བུ་འདེབས་མཁན་ཁག་ཅིག་གི་སྐད་ཆ་བཤད་སྟངས་དེ་ཡོང་གིན་ཡོད་པ་རེད། འདི་ཙམ་གྱིས་ཆོག་པར་བྱ། ཁྱེད་ཀྱིས་རང་བཙན་སྒྲོག་མཁན་ཚང་མ་ངར་མ་དང་འཇོན་ནུས་ལྡན་པ། རྒྱ་གཞུང་ལ་ལན་འདེབས་བྱེད་ཐུབ་མཁན་རྐྱང་རེད་གསུངས་པ་དངོས་ཡོད་གནས་ཚུལ་དང་མཐུན་ཁག་པོ་རེད་དེ། དེ་རིང་དཔེ་མཚོན་འགོད་མི་དགོས་བྱ་རྒྱུ་ཡིན།
སྤྱི་ལོ་༡༩༩༧ ལོའི་མང་མོས་འོས་བསྡུའི་མཇུག་སྡོམ་སྐབས་༸གོང་ས་མཆོག་ལ་ཡེ་ཤེས་དབྱིངས་དཔྱད་ཕུལ་མཁན་བོད་མི་དམངས་སྤྱི་འཐུས་གཅིག་རང་མ་རེད། བཀའ་སྤྱི་གཉིས། ཕྱི་རྒྱལ་དོན་གཅོད་ཁག གཞུང་ཞབས་ལས་བྱེད། སློབ་གྲྭའི་དགེ་རྒན། གཞུང་འབྲེལ་དང་གཞུང་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ས་གནས་ཁག་གི་འཐུས་ཚབ། རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམས་བཅས་སྐྱབས་བཅོལ་སྤྱི་ཚོགས་ནང་གི་མགོ་འབུར་འབུར་ཚང་མ་དེའི་ནང་དུ་ཚུད་ཡོད་པ་རེད། མི་གྲངས་སུམ་བརྒྱ་ཡས་མས་འདུག འགྲོ་སྟངས་ཀྱི་དབང་གིས་སྤྱི་འཐུས་གྲོས་ཚོགས་ཀྱིས་མཐའ་སྡོམ་གྱི་གྲོས་ཆོད་བཞག་པ་ཙམ་རེད། མི་ཆུང་བདག་ཀྱང་དེའི་ནང་དུ་ཡོད། གལ་སྲིད་གོང་ས་མཆོག་ལ་ཡེ་ཤེས་དབྱིངས་དཔྱད་འབུལ་མཁན་ཚོ་ལྐུགས་པ་ཡིན་ན། སྐྱབས་བཅོལ་སྤྱི་ཚོགས་ནང་གི་ལས་ཀྱི་སྣེ་མོ་ཚང་མ་ལྐུགས་པ་ཡིན་དགོས་པ་རེད། དེ་སྐབས་ཀྱི་བསམ་ཤོག་བསྡུས་པའི་ཡིག་ཆ་ཨ་མ་མཐོང་ལམ་དུ་མ་གྱུར་ཀྱང་། གཞུང་འཛིན་བཀའ་ཤག་གིས་ཚོགས་ཆེན་ལ་སྙན་སྒྲོན་ཞུས་པ་ལྟར་ན། བོད་ནང་དུའང་གསང་བའི་ཐབས་ལམ་དུ་མའི་སྒོ་ནས། ས་གནས་ཁག་གི་ངོ་ཚབ་མཚོན་ཐུབ་མཁན་གྱི་བླ་དཔོན་གང་འཚམ་ཞིག་ལ་བསམ་ཚུལ་བསྡུས་ཡོད་པར་བཤད་སོང་། བདག་གིས་འདིར་བཀའ་ཤག་གི་ངོ་ཚབ་བྱེད་དགོས་དོན་མེད་ཀྱང་། ངས་བཀའ་ཤག་གིས་དེ་འདྲའི་སྐྱག་རྫུན་རླབས་པོ་ཆེ་བཤད་ཀྱིན་ཡོད་པ་ལ་ངོས་འཛིན་མེད། འོ་ན་བོད་ནང་གི་མི་རེ་ངོ་རེར་སྐད་ཆ་དྲིས་ཡོད་པ་རེད་དམ་ཞེ་ན་ཡོད་སྲིད་རྒྱུ་མ་རེད། དེ་ནི་བོད་ནང་ཕར་ཞོགས་སྐྱབས་བཅོལ་སྤྱི་ཚོགས་ནང་གི་མི་རེ་ངོ་རེར་སྐད་ཆ་འདྲི་རྒྱུ་ཙམ་ཡང་ཧ་ཅང་ཁག་པོ་རེད་སྙམ། དེ་འདྲ་ང་ཚོ་ལྟ་ཞོག ཡར་རྒྱས་ལྡན་པའི་རྒྱལ་ཁབ་ཁག་ཏུའང་མི་ནུས་པ་ལྟ་བུ་རེད། སྐབས་དེའི་མང་མོས་འོས་བསྡུ་དེས་བོད་ཕྱི་ནང་གཉིས་ཀྱི་ངོ་ཚབ་མཚོན་མི་ཐུབ་རབས་བཤད་མཁན་ཁག་ཅིག་དང་ཐུག་མྱོང་ཡོད། ཁོང་ཚོ་ལའང་ཁྱེད་ཀྱིས་བཤད་པ་དེ་འདྲ་ལས་ལྷག་བཤད་རྒྱུ་མི་འདུག ལར་ནས་སྐྱབས་བཅོལ་བོད་གཞུང་དམངས་གཉིས་ཀྱིས་བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་ཐུབ་ཀྱིན་ཡོད་ན། སྐབས་དེར་བོད་ནང་གི་བསམ་ཤོག་ཐད་ཀར་བསྡུ་མ་ཐུབ་པའི་དབང་དུ་བཏང་རུང་། དེས་བོད་རྒྱ་ཆེའི་མི་དམངས་ཀྱི་མངོན་འདོད་རྩ་ནས་མཚོན་མི་ཐུབ་པའི་སྒྲུབ་བྱེད་གཏོང་རྒྱུའང་དཀའ་བར་སྣང་། འདི་ཡང་གཙོ་བོ་བོད་མི་དམངས་ཀྱིས་རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་ལ་ཡིད་ཆེས་བློས་འགེལ་བྱས་པ་ལ་ཐུག་པར་འདོད།
ངས་འདི་ནས་གསལ་བཤད་ནན་ཏན་ཞུ་རྒྱུ་ཞིག་ནི། བདག་གི་རྩོམ་ཐུང་དེར་རྒྱལ་བ་རིན་ཆེ་བགྲེས་ཡོལ་ཆ་ཚང་ལ་ཕེབས་པའམ། ཞིང་ཁམས་གཞན་ལ་གཤེགས་པ་བྱུང་བ་ཡིན་ན། བོད་གཞུང་འཐོར་ཞིག་ཏུ་འགྲོ་རྒྱུ་རེད། བོད་ཕྱི་ནང་གི་འབྲེལ་ཆད་ཀི་རེད། ཆིག་སྒྲིལ་འཐོར་ཞིག་ཏུ་འགྲོ་གི་རེད་ཅེས་རྩ་ནས་བཤད་མེད། ངས་འདི་དང་འདི་འདྲ་འབྱུང་མི་སྲིད་པ་མ་རེད། གལ་སྲིད་དེ་འདྲ་བྱུང་བ་ཡིན་ན་སྔ་ནས་བསམ་བློ་དང་འཆར་གཞི་བསྒྲིག་པ་གལ་ཆེན་ཡིན་པའི་བསམ་ཚུལ་བཏོན་པ་ཡིན། བསམ་ཚུལ་ཁག་ཀྱང་དྲི་བ་དང་དོགས་སློང་གི་ངོ་བོར་བཞག་ཡོད། འོན་ཀྱང་དེའི་གསལ་བཤད་དུ་ཁྱེད་ཀྱིས། རྒྱལ་བ་རིན་པོ་ཆེ་མེད་ན་བོད་གཞུང་ལ་གཡོ་འགུལ་ཐེབས་ཀི་མ་རེད། བོད་ཕྱི་ནང་གི་འབྲེལ་བ་ལ་སྐྱོན་ཤོར་གི་མ་རེད། ཆིག་སྒྲིལ་ལ་གནོད་ཀྱི་མ་རེད། ཅེས་སོགས་ཐག་བཅད་ནས་གསུངས་ཡོད་སྟབས། དེ་དག་ཚང་མ་རྒྱལ་བ་རིན་པོ་ཆེས་མཛད་ཁུར་བཞེས་མ་བཞེས་དང་། རྒྱལ་བ་རིན་པོ་ཆེ་ཞལ་བཞུགས་མ་བཞུགས་ལ་ལྟོས་པ་མེད་པ་ཡིན་ཡིན་ན། ང་ཚོ་ལ་དགོས་པ་དེ་རེད། འདི་མི་རིགས་ཤིག་གི་འཐབ་རྩོད་ལས་རྒྱལ་བ་རིན་པོ་ཆེ་མི་གཅིག་གི་འཐབ་རྩོད་མ་ཡིན་པ་ང་ཚོ་ཚང་མས་ལོས་ཤེས། ལྷག་པར་དུ་གཞུང་ཞིག་ཕར་ཟད་ཚོགས་པ་ཞིག་ཡིན་ནའང་མགོ་ཁྲིད་བརྗེས་ནས་འགྲོ་དགོས་པ་དང་། ཁྱིམ་ཚང་ཞིག་ཡིན་ནའང་དེ་འདྲ་རེད། རྩམ་པ་མང་བོ་འཕྲོ་བརླག་ཏུ་བཏང་བའི་རྗེས་འབྲས་ལྟ་བུར་གནས་ལུགས་དེ་ཙམ་བདག་གིས་ཀྱང་ལོས་ཤེས། ཁྱེད་ཀྱིས་ང་ཚོར་མ་འོངས་པར་གང་འབྱུང་རྒྱུ་ཐམས་ཅད་ཐག་བཅད་གནངས་ནས་བཤད་ཐུབ་ཀྱིན་ཡོད་ན་སྟབས་ལེགས་པ་རེད། བཀྲ་ཤིས་བདེ་ལེགས་ཡོད།
ཁྱེད་ཀྱིས་གསུངས་པ་བཞིན་ངའི་བསམ་ཚུལ་དེ་ཚོ་སེམས་ཁྲལ་མེད་པའི་སེམས་ཁྲལ་ཐོལ་བ་ཡིན་པར་ཆ་བཞག་ན་མ་འགྲིག་པ་ཅི་ཡང་མི་འདུག འོན་ཀྱང་དེ་འདྲའི་སེམས་ཁྲལ་བྱས་པ་དེ་ལྐུགས་རྟགས་རེད། དེ་འདྲའི་སེམས་ཁྲལ་གྱི་སྐད་ཆ་ཁ་ནས་ཐོན་པ་དེ་ལྐུགས་པའི་སྐད་ཆ་རེད་མ་གསུངས་རོགས། བདག་གིས་བཤད་ཁུལ་བྱས་པ་དེ་ལྷག་བསམ་ཟོལ་མེད་ཀྱིས་སྤྱི་དོན་ལ་སེམས་ཁུར་བྱས་པའི་ཁུལ་ཡིན། སྐད་ཆ་ལ་གནས་ལུགས་ཡོད་མེད་བཤད་ན་གནས་ཚུལ་ཐ་དད་རེད་དེ། ང་ཚོས་འདིར་ལྐུགས་པ་སུ་ཡིན་དང་། རྣམ་དཔྱོད་ཅན་སུ་ཡིན་གྱི་འཁྲུན་ཐག་གཅོད་ཀྱིན་མེད་སྟབས། ཁ་གྲག་དུས་ནས་བཙན་བྱོལ་བོད་གཞུང་ལྐུགས་པ་རེད། བོད་མི་དམངས་སྤྱི་འཐུས་ལྐུགས་པ་རེད། ཡར་ལྐུགས་པ་རེད། མར་ན་ཚ་རེད་སོགས་གསུངས་པ་ཅི་འདྲ་ཡིན་ནམ།
བཙན་བྱོལ་བོད་གཞུང་གིས་དམག་རྒྱག་རྒྱུ་མིན་ན་གྲ་སྒྲིག་བྱེད་རྒྱུ་ཡོད་པ་མ་རེད། དྷ་རམ་ས་ལ་ནས་གྲ་སྒྲིག་བྱས་ན་ལྐུགས་རྟགས་རེད་གསུངས་འདུག ཕྲན་གྱི་བསམ་པར་རྒྱལ་བ་རིན་པོ་ཆེ་ལྟ་བུའི་དབུ་ཁྲིད་རླབས་པོ་ཆེ་ཞིག་མེད་པར་གྱུར་ཚེ། དེའི་ཤུལ་དུ་འཁྲུག་ཐེབས་རྒྱུ་མང་བོ་ཞིག་མི་ཡོང་ངམ་བསམ་གྱིན་ཡོད་པ་རེད། ད་ལྟ་ནས་འདི་དང་འདི་ལྟ་བུ་འབྱུང་སྲིད་པ་རེད། དེ་བྱུང་བ་ཡིན་ན་གདོང་ལེན་ཇི་ལྟར་བྱེད་རྒྱུ་སོགས་འཆར་གཞི་དང་གྲ་སྒྲིག་བྱ་རྒྱུ་ཡོད་པ་མ་ཟད་གྲ་སྒྲིག་ཧ་ཅང་མང་བོ་བྱ་རྒྱུ་ཡོད་པ་རེད་བསམ་གྱིན་ཡོད། ལྷག་པར་དུ་འཆར་གཞི་ཡོད་ཚད་ཐམས་ཅད་དམག་རྒྱག་རྒྱུ་ཁོ་ན་ཅང་ཨེ་ཡིན།
དམིགས་བསམ་ཚོགས་ཆེན་གྱིས་མི་དམངས་ཀྱི་བསམ་ཚུལ་མཚོན་ཐུབ་ཀྱིན་མེད་པའི་ཁུངས་སྐྱེལ་ཡོད་གསུངས་འདུག དེ་བདག་གི་རྩོམ་ཐུང་དང་ཐད་ཀར་འབྲེལ་བ་མི་འདུག་པ་ལྟ་བུ་ཡིན་ཀྱང་། དམིགས་བསལ་ཚོགས་ཆེན་ཐོག་བོད་མིའི་སྤྱི་ཚོགས་ནང་གི་ང་ཡིན་ཁོ་ཡིན་ཚང་མ་གདན་འདྲེན་ཞུས་འདུག སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་དང་ང་ཚོ་ཚོགས་ཆུང་གཅིག་ཡིན། ང་ཚོའི་ཚོགས་ཆུང་ལ་མི་གྲངས་༣༨ འདུག ཚང་མས་བཀག་རྒྱ་མེད་པའི་ཐོག་རང་རང་གི་ལྟ་ཚུལ་བཤད་པ་རེད། ཚོགས་འདུ་མཇུག་སྡོམ་རྒྱག་སྐབས་དོན་ཚན་རེ་རེ་བཞིན་ལག་པ་བསྐྱངས་ཏེ་མང་མོས་དང་སྤྱི་མོས་ལྟར་ཐག་བཅད་པ་རེད། ཚོགས་ཆུང་ཁག་གི་བསམ་ཤོག་ཚོགས་ཆེན་ཐོག་སྒྲོག་སྦྱངས་བྱས་པ་རེད། ཚོགས་ཆེན་གྱིས་དེ་དག་སྤྱི་བསྡོམས་ཀྱིས་མཇུག་སྡོམ་བརྒྱབ་སོང་། མི་རེ་ངོ་རེའི་བསམ་ཚུལ་གཅིག་ཀྱང་མ་ལུས་པ་བསམ་ཤོག་ཏུ་སླེབས་རྒྱུ་ཁག་པོ་རེད། དེ་དམངས་གཙོའི་འགྲོ་སྟངས་ལས་དབང་ཆེན་དབང་མེད་ལྟ་བུའི་སྐྱོན་ཡིན་རྒྱུ་མ་རེད་སྙམ། གཞན་དྲང་བོ་དང་བདེན་པ་མ་བྱས་པའི་ཁུངས་སྐྱེལ་བགྲང་རྒྱུ་ཡོད་ན་བགྲང་དགོས་པ་རེད། དེ་སྤྱི་དོན་ལས་སྒེར་དོན་མ་རེད། དེ་ཡང་རང་གཞུང་དང་ལྷན་དུ་བཀའ་མོལ་གནང་དགོས་པ་རེད། ཁ་བརྡ་དྲ་ཐོག་ལྟ་བུར་བྲིས་པས་ཀྱང་དེ་ཙམ་མི་ཕན། གཞུང་དང་སྤྱི་འཐུས་གྲོས་ཚོགས་ལ་གནས་ལུགས་བཤད་དགོས་པ་རེད། དེ་འདྲའི་དོན་དག་ཆེན་པོ་ཤེས་ཡོད་ན་གསང་བ་གནང་ནས་ཅི་ཡང་ཡོང་རྒྱུ་ཡོད་པ་མ་རེད་སྙམ། ལྷག་པར་དུ་དྲང་བོ་མ་བྱས་པའི་གསང་བ་ཤེས་ཡོད་པའི་ཟུར་ཞིག་བསྟན། དེ་མ་བཤད་པར་བཞག་པ་ཡིན་ན་སྤྱི་ཚོགས་དཀྲོག་རྐྱེན་ཆགས་སྲིད་པ་རེད་ལ། མི་དམངས་ཀྱིས་གཞུང་ལ་ཡིད་ཆེས་བརླག་པའི་རྒྱུར་འགྲོ་མི་སྲིད་པ་མིན་པས་འདིར་ཟུར་ཙམ་ཞུས་པ་ཡིན།
སྤྱིར་བཏང་ཟུར་ནས་བཤད་རྒྱུ་སླ་ཡང་གཞུང་ནང་དུ་འགན་ཁུར་ནས་ལས་ཀ་བྱས་ཚེ་ནུབ་ཕྱོགས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཁག་ནང་བཞིན་ཡོད་པ་མ་རེད། རྒྱ་གར་ཡུལ་མི་ཉམ་ཐག་གཅིག་གིས་བོད་གཞུང་ལ་སྙོན་བཙུགས་ན་མཚམས་རེར་ཁ་གཏད་གཅོག་ཐུབ་རྒྱུ་ཁག་པོ་ཡིན། གངས་ཅན་སྐྱིད་གཤོང་སྒོ་ཆེན་ནང་ལོགས་སུ་རྒྱ་གར་ཡུལ་མིའི་གླ་འཁོར་སྤུངས་འཇོག་བྱས་ནས། བོད་གཞུང་གི་སྣུམ་འཁོར་ཁག་ཡར་འགྲོ་མར་བཞུད་སྐབས་འགྲོ་སྟབས་མ་བདེ་བའི་དཀའ་ངལ་ཆེན་པོ་འཕྲད་ཀྱིན་ཡོད་ཀྱང་། བཙན་བྱོལ་བོད་གཞུང་ལ་གླ་འཁོར་དེ་དག་ཕྱིར་སྤྲོད་བྱེད་པའི་ནུས་པའང་འདང་གིན་མེད། གཞིས་ཆགས་དང་ས་གནས་ཁག་ཏུ་བོད་མིས་གཞིས་ཁང་ཉོས་པ་དང་ཐོབ་སྐལ་གྱི་ས་ཆ་དང་ཞིང་ཁ་མང་བོ་རྒྱ་གར་ཡུལ་མིས་འཕྲོགས་པ་ཕྱིར་ལེན་ཐུབ་ཀྱིན་མེད། མི་གཅིག་གི་བྱས་ཉེས་ཕྲན་བུ་ལ་ཁག་བཞག་སྟེ་གཞིས་གྲོང་དང་ཚོང་ཁང་བརྒྱ་ཕྲག་མང་བོ་མེར་བསྲེག་བཏང་བ་ལ་ཁ་གཏད་རྩ་ནས་གཅོག་ཐུབ་མྱོང་མེད། ཐ་ན་འཇའ་མོ་གནམ་ཐང་གི་ལམ་ཁ་ནས་ཡུལ་མི་ཁག་ཅིག་གིས་རྒྱལ་བ་རིན་པོ་ཆེའི་ཆིབས་འཁོར་ལ་རྡོ་དང་རྒྱུགས་པ་གཞུས་ཏེ་ཤེལ་སྒོ་ལ་སོགས་པ་བཅགས་ཀྱང་ང་ཚོར་བྱ་རྒྱུ་ཅི་ཡང་མི་འདུག རྒྱ་གར་ཡུལ་མི་ཉམ་ཐག་གཅིག་གིས་བོད་པའི་ཕོ་གསར་སྟག་ཕྲུག་འདྲ་བ་ལྔ་དྲུག་ལ་ལས་སླ་བོའི་ངང་རྡུང་ཐུབ་ཀྱིན་ཡོད། རྡུང་ཆོག་གིན་ཡོད། ད་འདི་ཚོའི་གྲས་བཤད་ནས་ཅི་ཕན་ཀྱང་། སྐུ་ཉིད་སོགས་མང་བོ་ཞིག་གིས་གཞུང་གི་སྒྲིག་འཛུགས་ཆེན་པོ་ཞིག་མིའི་ལུང་བར་སྐྱབས་བཅོལ་གྱི་ངོ་བོར་རྒྱུན་རིང་གནས་དགོས་ན་དཀའ་ངལ་ཅི་ཡོད་མཁྱེན་དགོས་པ་གལ་ཆེན་པོ་རེད་སྙམ།
གནས་ལུགས་འདི་ཚོར་རྒྱུས་ལོན་དཔྱིས་ཕྱིན་པ་བྱས་ན། ད་གཟོད་རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་མེད་ན་དམངས་གཙོ་ཡང་དག་པ་ཆགས་རྒྱུ་ཡིན་པའི་ལྟ་ཚུལ་རྗོད་བཞིན་པ་དག་ཚད་མར་རུང་མིན་དང་། མ་གཞི་ནས་དམངས་ཁྲིམས་ཆུང་རིགས་ལས་གཞན་ཉེས་ཁྲིམས་ལག་བསྟར་བྱེད་ཆོག་པའི་ཁྲིམས་ཁང་ནི་མེད། གཞུང་ལ་དཀའ་ངལ་འཕྲད་སྐབས་ཀླད་རྙིང་མཁྲེགས་འཛིན་ཅན་དུ་བགྲང་བཞིན་པའི་རྒན་རྒོན་ཚོས་རོ་མདུན་དུ་འཇོག་པ་ལས་གཞན་དམག་ཤུགས་དང་བདེ་འཇགས་དྲག་ཆས་དཔུང་ཁག་ནི་མེད། བོད་གཞུང་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་པའི་བཅད་ཁྲ་ཁས་མི་ལེན་མཁན་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་མི་བརྩི་བྱུང་ན་རང་གཞུང་ཁ་བཙུམ་ནས་སྡོད་རྒྱུ་ལས་བྱ་ཐབས་གཞན་མེད། དཔྱ་ཁྲལ་མི་སྤྲོད་མཁན་བྱུང་ན་གཞུང་གི་ཁ་ལ་མཛུབ་མོ་བཙུགས་ནས་སྡོད་པ་ལས་ཐབས་ཅི་ཡང་མེད། དེར་བརྟེན་དངོས་ཡོད་ལག་ལེན་ལ་ཞུགས་ཚེ་གདོང་ལེན་བྱེད་མི་ཐུབ་པའི་དོན་དག་གཅིག་རྗེས་གཉིས་མཐུད་དུ་འབྱུང་གིན་ཡོད། དཔེར་ན་བར་སྐབས་ཤིག་ནས་བོད་གཞུང་གཏན་སློབ་ཁོངས་ཀྱི་སློབ་གྲྭ་ཁག་ཅིག་(CST)ཏུ་བཙན་བྱོལ་བོད་གཞུང་གི་བཀའ་བློན་དང་དྲུང་ཆེ། སྤྱི་འཐུས་སོགས་སུ་ཡང་ཡོང་འཇུག་གིན་མེད་པ་དང་། གལ་སྲིད་སློབ་གྲྭའི་སྒོ་རའི་ནང་ཡོང་བཅུག་ཀྱང་འཛིན་ཁང་དུ་གཟིགས་སྐོར་དང་། སློབ་མའི་མཉམ་དུ་སྐད་ཆ་བཤད་རྒྱུ་སོགས་ལ་བཀག་འགོག་བྱེད་ཀྱིན་ཡོད་ཀྱང་། གཞུང་ངོས་རྒྱ་གར་གཞུང་ལ་སྙན་ཞུ་འབུལ་རྒྱུ་ཙམ་ལས་ནུས་པ་འདོན་མི་ཐུབ་པ་སོགས་དོན་དག་མང་བོ་ཡོད་པ་རེད། གང་ལྟར་མདོ་དོན་ཡང་སྙིང་ང་ནི་རྒྱལ་བ་རིན་པོ་ཆེས་གཞུང་གི་མཛད་ཁུར་རྩ་ཁྱུར་གནང་བ་དང་། ལྷག་པར་དུ་སྐྱབས་བཅོལ་ནང་དགོངས་པ་རྫོགས་པ་ཡིན་ན་བོད་མི་རིགས་ལ་རྡབ་གསིག་དང་དཀའ་ངལ་གང་ཞིག་འཕྲད་ཡོང་སྙམ་ནས་སེམས་ངལ་ཆེན་པོ་ཡོང་གིན་འདུག གཅིག་བྱས་ན་ཁྱེད་ཀྱིས་གསུངས་པ་ནང་བཞིན་དོན་མེད་ཀྱི་སེམས་ཁྲལ་ཡིན་རྒྱུ་རེད།
མཐའ་མཇུག་ངས་བཤད་པ་འདི་ཚོ་ཁྱེད་ལ་དགག་པ་བརྒྱབ་པ་དེ་འདྲ་རྩ་ནས་མིན། ལྷག་བསམ་རྣམ་དག་གི་སྒོ་ནས་གསལ་བཤད་ཞུས་པ་ཙམ་ཡིན།
རྒན་ཧོར་གཙང་འཇིགས་མེད་ལགས་ནས་བསམ་ཚུལ་རྒྱས་བཤད་གནང་འདུག་པར་བཀའ་དྲིན་ཆེ།
རྒན་ལགས་ཀྱིས། དོན་དག་ཁ་ཤས་ཤིག་རྩ་བ་ནས་བཤད་མེད་ལབ་གི་འདུག
དེ་ལ་དམིགས་བསལ་སྐྱོན་མི་འདུག་དྲན། རྒན་ལགས་རྩོམ་འབྲི་མཁན་དེ་རེད། ང་རྩོམ་ཀློག་མཁན་དེ་རེད།
ཀློག་མཁན་གྱི་གོ་བ་ཇི་ལྟར་ལེན་གི་ཡོད་མེད་དེ་འབྲི་མཁན་ལ་བཟོ་རྒྱུ་ལྷག་ཡོད་མ་རེད། གོ་བ་ལེན་སྟངས་མ་འདྲ་བ་ལ་བརྟེན་ནས་བསམ་ཚུལ་མ་འདྲ་བ་འབྱུང་གིན་ཡོད་པ་རེད།
བསམ་ཚུལ་ད་དུང་ཡང་མཐུན་གི་མི་འདུག མི་མཐུན་པ་དེ་ཚོ་ཁ་གསལ་བཟོས་ནས་མཆན་གྱི་ནང་ལ་འདོགས་གི་ཡིན།
ཉིན་ཤས་ཀྱི་རྗེས་ནས་བསམ་ཚུལ་དེ་ཚོ་། རྒན་ལགས་གི་རྩོམ་འདིའི་མཆན་གྱི་ཁོངས་སུ་འཇོག་གི་ཡིན།
བསྐྱར་དུ་རྒན་ལགས་ལ་བཀའ་དྲིན་ཆེ་ཞུའོ།
འདིར་ཧོར་གཙང་འཇིགས་མེད་ཀྱིས། མི་རབས་རྒན་པ་ཞིག་གི་ཚུལ་བཅངས། ཉམས་མྱོང་རྒན་པོའི་བེར་རྒྱུག་བཟུང་ནས། གནས་ལུགས་གཏིང་ཟབ་ལ།། ཉམས་མྱོང་ཕུན་གསུམ་ཚོགས་པ། དྲང་ཚུགས་ཆེ་ལ་ཁོག་རྒྱ་ཡངས་པ།བརྗོད་བྱ་གཙིགས་ཆེ་ལ་ཚིག་གིས་ཅམ་བུའི་མཐར་མི་ལྷུང་བར་ཉམས་དང་ལྡན་པ་ཞིག་བྲིས་འདུག ལེགས་སོ་ཡོད། ཡི་རངས་ཡོད། ལོ་ཆུང་ཚོར་ངོ་མ་གསལ་བཤད་ལེགས་པོ་བྱས་འདུག
ཧོར་གཙང་འཇིགས་མེད་ལོ་ན་རྒས་པ་མ་ཟད་ཤེས་བྱ་ཡང་རྒྱས་ནས། མི་ཆ་ཚང་བ་ཞིག་ཆགས་ཡོང་བའི་བཟོ་འདུག
ལེགས་སོ་ཡོད།
རྒྱལ་བ་ཐམས་བཅད་མཁྱེན་པ་གཤེགས་ན་ཚང་མ་ཕུང་བའི་བཟོ་འདི་འདྲ་མ་རེད། རྒྱུ་མཚན་འདི་འདྲ་རེད།
༡༽ རྒྱ་གར་དང་རྒྱ་ནག་གཉིས་ཁྱིམ་མཚེས་གཞན་ནང་བཞིན་ཆམ་པོ་མེད་ལ། ཕན་ཚུན་ཡིད་ཆེས་འཕེར་ཐུབ་པའི་གྲོགས་པོ་མ་རེད། ས་མཚམས་གཙོས་པའི་རྙོག་འདྲ་མང་པོ་ཞིག་གིས་ཁོང་གཉིས་སྦྲེལ་ཡོད། རྒྱལ་བ་རིན་པོ་ཆེ་སྐུ་རྗེས་མ་དེ་རྒྱ་མིར་འཐོབ་ན་རྒྱ་གར་གྱི་ཆབ་སྲིད་དང་དཔལ་འབྱོར། མི་རྒྱུ་ལོངས་སྤྱོད་མང་པོ་ཞིག་ཤོར་གྱི་ཡོད། དེར་བརྟེན་དང་པོ་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་དེ་རྒྱ་ནག་ལ་འགྲོ་བཅུག་གི་མ་རེད། ཡང་སྲིད་རིན་པོ་ཆེ་རྡ་སར་གང་མགྱོགས་གདན་འདྲེན་ཞུ་གི་རེད། དེར་བརྟེན་སྔར་ལས་ལྷགས་པའི་སྒོ་ནས་བོད་དོན་སྤེལ་གྱི་རེད། རྒྱུ་མཚན་ནི་ཁོ་ལ་བོད་དོན་མི་དགོས་ཀྱང་བོད་པའི་ས་ཆ་མང་པོ་ཞིག་ལག་འོག་ཏུ་ཡོད་པ་འདི་བློས་འདོད་མེད། བཙན་བྱོལ་ནང་གི་བོད་པ་འབུམ་གཅིག་དང་ཁྲི་རེ་གཉིས་ཀྱིས་རྒྱ་གར་གྱི་ས་ཁྱོན་ཀི་ལོར་མི་ཀྲ་མང་ན་སྟོང་གཉིས་སྤྱོད་ཀྱི་ཡོད། རྒྱལ་བ་རིན་པོ་ཆེ་རྒྱ་ལ་ཤོར་ན་རྒྱ་གར་གྱི་ས་ཁྱོན་ཀི་ལོ་མི་ཀྲ་ཁྲི་རྒྱ་ལྷག་རྒྱ་ལ་ཤོར་ཉེན་ཡོད། རྒྱུ་མཚན་ནི་ཨ་སམ། འབྲས་ལྗོངས། ལ་དྭགས། མོན། དེ་བཞིན་ཀ་ཤི་མིར་ཡའི་ས་ཁུལ་མང་པོ་ཞིག་རྒྱ་ནག་གིས་ཁས་ལེན་གྱི་མེད། ཉེར་ཆར་རང་འདིའི་སྐོར་ལ་གསར་འགྱུར་ཐོན་འདུག བྱས་ཙང་ང་ཚོས་འདི་ཚོ་ཤེས་པ་བྱེད་དགོས།
༢༽རྒྱ་གར་ལ་རྒྱལ་བ་རིན་པོ་ཆེའི་དགོས་མཁོ་ཉིན་རེ་ལས་ཉིན་རེ་ཆེ་བར་འགྲོ། གཙོ་བོ་འདི་རྒྱ་ནག་ཉིན་རེ་ལས་ཉིན་རེ་སྟོབས་ཆེ་རུ་སོང་བས་རེད། དེར་བརྟེན་ད་ལྟ་རྒྱ་གར་གྱིས་རྒྱལ་བ་རིན་པོ་ཆེས་གང་གསུངས་པ་འདི་སྒྲུབ་ཀྱི་ཡོད། དེ་བཞིན་སྐུ་ཐོག་འདི་པ་ཞིང་ལ་གཤེགས་ཚེ་སྐུ་ཐོག་རྗེ་མ་འདི་རྒྱ་གར་ལ་འཁྲུངས་པར་ཐབས་ཤེས་མང་པོ་གཏོང་བཞིན་པ་རེད། རྒྱལ་བ་རིན་པོ་ཆེ་ལ་ད་ལྟ་རྒྱ་གར་གྱི་ས་མཚམས་ཁུལ་ལ་འགག་ཆ་ཅི་ཡང་མེད་པར་ཕེབས་སུ་བཅུག་པ་འདི་ཁོང་གི་སྐུ་ཐོག་རྗེས་མ་འདི་རྒྱ་གར་ལ་འཁྲུངས་རྒྱུར་རེ་བ་རྒྱག་གི་ཡོད།
༣༽ ད་ལོ་ཟླ་བ་བཅུ་པའི་ནང་གློ་བུར་དུ་ཞྭ་དམར་ནས་ཛ་དྲག་གིས་རྒྱལ་བ་རིན་པོ་ཆེ་ལ་མཇལ་ཁ་གཏོང་རོགས་ཞུས་ནས་རྒྱལ་བ་ཀརྨ་པའི་རྙོག་འདྲ་འདི་རྒྱལ་བ་རིན་པོ་ཆེ་ལ་རོགས་པ་གནང་རོགས་ཞུས་པ་རེད། ཞྭ་དམར་ནས་ལོ་གཅིག་གི་གོང་ཙམ་ལ་ཕྱི་ལ་བཤད་དོན་ཀརྨ་པའི་གནད་དོན་འདི་རྒྱལ་བ་རིན་པོ་ཆེ་ལ་འཇུས་གཏོགས་རྩ་བ་ནས་མེད་ཅེས་གསལ་པོ་བཤད་འདུག ཅིའི་ཕྱིར་ཁོ་རང་གི་བློ་སྒྱུར་བ་རས། གནས་ཚུལ་གཞན་ཅི་ཡང་མ་རེད། རྒྱ་གར་གཞུང་གིས་ཁོ་པར་སྐུལ་མ་བཏང་ནས་རྒྱལ་བ་རིན་པོ་ཆེའི་དྲུང་ལ་ཕྱིན་ནས་ཁོང་གི་བཀའ་ལ་ཉན་དགོས་ཅེས་བཀའ་བཏང་བ་རེད། རྒྱུ་མཚན་ནི་རྒྱ་གར་ལ་རྒྱལ་བ་རིན་པོ་ཆེ་དགོས་ཀྱི་ཡོད། བྱས་ཙང་ཞྭ་དམར་ལྟ་བུ་རྒྱ་གར་ལ་རིན་ཐང་གང་ཡང་མ་རེད། དེར་བརྟེན་ཞ་དམར་རྒྱལ་བ་རིན་པོ་ཆེ་ལ་མཉེས་པའི་མཆོད་པ་འབུལ་བ་རེད།
འདིས་གང་མཚོན་ཐུབ་ཅེས་ན། ཕ་རོལ་རྒྱ་མིའི་སྟོབས་ཤུགས་ཀྱིས་རྒྱ་གར་བཙིར་ཡོང་གི་ཡོད། དེ་ལ་ཕྲལ་ཕུགས་ཀྱི་སྨན་གཅིག་ཡོད་པ་ནི་རྒྱལ་བ་རིན་པོ་ཆེ་དང་ཁོང་གི་སྒྲིག་འཛུགས་བདག་པོ་རྒྱག་དགོས་ཀྱི་ཡོད། སྒྲིགས་འཛུགས་འདིར་རྒྱལ་བ་སྐུ་འཕྲེང་༡༤དང་༡༥་གཉིས་ཀ་དགོས་ཀྱི་ཡོད།
བྱས་ཙང་ང་ཚོ་བསམ་བློ་རྒྱ་ཆེན་པོ་བྱས་ནས་ཆབ་སྲིད་སྤེལ་དགོས།
ཧོར་འཇིགས་ཀྱི་གསལ་བཤད་འདི་བློ་ལ་འཕྲོད་པོ་བྱུང་། ཁ་ཅིག་གིས་ཨམ་ཅོག་ལྟེབས་བརྩེགས་བརྒྱབ་ནས་བསྡད་མེད་ན་ད་ཡིན་ན་ལྷ་ངོ་ཟིན་ན་འགྲིག་ག
དངོས་གནས་མཁས་དཔྱད་སྣུམ་པོ་མ་ཞིག་བྲིས་འདུག ཧོར་འཇིགས་ལགས་ལ་སླར་ཡང་ཐུགས་རྗེ་ཆེ་ཞུས།
རྩོམ་པ་པོ་ཧོར་འཇིགས་ལགས་ཀྱི་རྩོམ་སྔ་ཕྱི་གཉིས་ཀ་ཞིབ་མོར་བཀླགས་པ་ཡིན། ཁོང་གི་རྩོམ་ཡིག་དག་ཀློག་སྐབས་ཁོང་གི་ངོ་གདོང་སྨུག་པོ་དེ་ཡང་མངོན་སུམ་དུ་མིག་ལམ་ལ་ཤར་ནས་འོང་བ་ཞིག་རེད། གང་ལྟར། ལྟ་གྲུབ་ཀྱི་སྣང་བ་བན་བུན་དེའི་ཕྱི་ལ་སྐེ་སྲིང་ནས། ཞེན་འདོད་ཀྱི་མིག་ཤེལ་ནག་པོ་དེ་མར་ཕུད་ནས་བལྟས་ན་ཁོང་གིས་ས་གསུངས་པ་མཐའ་དག་ལ་ལེགས་སོ་ལེགས་སོ་རིགས་ཀྱི་བུ། རིགས་ཀྱི་བུ་དེ་དེ་བཞིན་ནོ་ཞུ་རྒྱུ་ལས་ཅང་མེད།
འདིར་ཤེས་རབ་ལགས་ཀྱི་མཆན་ལ་ཞིབ་མོར་བཀླགས་པ་ཡིན། དེ་ཡང་དོན་དངོས་ཤིག་རེད། ཡིན་ན་ཡང་། རྒྱ་གར་མི་མང་ས་ཡ་ཆིག་སྟོང་ལྷག་གི་ནང་དུ་འདིའི་གནད་འགག་རྟོགས་ཡོད་མཁན་ག་ཚོད་ཅིག་ཡོད་དམ། གནད་འགག་རྟོགས་པ་མ་ཟད་ཉིན་རེའི་འཚོ་བའི་ཁྲོད་ནས་རང་དོན་ལས་སྤྱི་དོན་གཙིགས་སུ་བཟུང་ནས་སྡོད་མཁན་གྱི་གཞུང་འཛིན་པ་ག་ཚོད་ཅིག་ཡོད་དམ། ད་ལྟའི་བར་དུ་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་ཤོས་དང་། འདིར་ཧོར་འཇིགས་ལགས་ཀྱིས་གསུངས་ཡོད་པ་དག་ནི་རྒྱ་གར་མི་མང་དཀྱིས་མ་དང་བོད་མིའི་བར་གྱི་དཀའ་ངལ་རེད། ད་དུང་བོད་མི་ནང་ཁུལ་གྱི་དཀའ་ངལ་རེད། རྒྱ་གར་གཞུང་ལ་མཚོན་ན་རྒྱ་ནག་གི་རྔན་པ་ཨ་སྒོར་ས་ཡ་བཅུ་ལས་ཡ་མུ་ནའི་ཆུ་ཁུངས་གལ་ཆེན་པོ་ཡིན་པ་སུས་ཀྱང་ཤེས་ཡོད་པ་རེད། འོན་ཀྱང་། རྒྱ་གར་གྱི་ཆབ་སྲིད་པ་ཞིག་གམ་ཡང་ན་གནད་ཡོད་མི་སྣ་ཞིག་ལ་རྔན་པ་དེ་འདྲ་ཞིག་སྤྲད་རྒྱུ་ན་ཡ་མུ་ནའི་ཆུ་ཁུངས་སེམས་ནས་བརྗེད་རྒྱུ་ཨེ་རེད། གླ་འཁོར་གཏོང་མཁན་གྱི་ཡིག་རྨོངས་པ་དེ་ཚོར་ཧིན་སྒོར་ཁྲི་གཅིག་སྤྲད་རྒྱུ་ན་ཡང་བོད་མིའི་སྡོད་གནས་ཁ་ཤས་ལ་མེ་རྒྱག་སྲིད་པ་རེད་ལ། མཐའ་ན་བོད་མིའི་འཚོ་བ་ཏོག་ཙམ་ཡར་རྒྱས་ཕྱིན་པ་ཙམ་པོ་འདིར་ཡང་མིག་གིས་མ་བཟོད་པར་ཅི་ཞིག་བྱེད་ཀྱིན་འདུག འདི་དག་ཡོད་ཚད་ལ་བསམ་གཞིགས་བྱེད་དགོས་རྒྱུ་རེད་འདོད།
ཧོར་འཇིགས་ཀྱིས་རྩོམ་ཡག་པོ་ཞིག་བྲིས་འདུག དེ་ལ་ཤེས་རབ་གྱིས་མཆན་ཡག་པོ་ཞིག་བྲིས་འདུག
རྩོམ་ཡིག་དང་མཆན་ཚང་མར་གནས་ལུགས་དང་རིན་ཐང་བདེན་གི ཀློག་པ་པོ་ཞིག་ཡིན་པའི་ཆ་ནས་བཤད་ན་གོང་དུ་རིག་འབྱུང་ལགས་ཀྱིས་༼ད་དུང་ཡང་བསམ་ཚུལ་མི་མཐུན་གི་༽ཞེས་བརྗོད་པར་གཞིགས་ན་ད་དུང་རྣམ་པར་གཉིས་ཀའི་བགྲོ་གླེང་ལེགས་པོ་དང་ལྷུག་པོ་རེ་སྤེལ་པར་དཔག་གིས། སྒུག་ནས་ཡོད། མུ་མཐུད་ནས་ཡིན་ད། བཀའ་དྲིན་ཆེ།
ཧོར་འཇིག་གིས་གསལ་བཤད་ཡང་དག་གནང་བ་གནས་ལུགས་དང་མཐུན་ཞིང་རྒྱུ་མཚན་གཏན་ཟབ་ལྡན་པ་ཕྲན་གྱིས་མཐོང་། རྒྱལ་བ་རིན་པོ་ཆེ་མེད་ན་བོད་ལ་ཆེས་གྱོང་གུད་དང་ཆགས་འཇིག་ཆེན་པོ་ཡིན་པ་སྨོས་མེད་རེད། དེ་སྔོན་གྱི་ལོ་རྒྱུས་ལ་ལྟོས་ཀྱང་སྐུ་མདུན་ཞལ་མ་འཚོ་བའི་གོ་སྐབས་དང་སྟུན་ནས་བོད་ཀྱི་ཁྲོད་དུ་དབང་ཤུགས་ཐབས་རྩོད་དང་ཆབ་སྲིད་ཀྱི་འགྲན་རྩོད་བྱུང་ཏེ་ཁ་ཐོར་དང་རྡུང་རྡེག་ཕོགས་བཞིན་ཡོད། ལྷག་པར་ཡང་སྲིད་ངོས་འཛིན་ལ་ལྟ་ཚུལ་དང་ལངས་ཕྱོགས་མི་འདྲ་བས་སྲིད་དོན་པ་རྣམས་ཀྱིས་རང་ཉིད་ཀྱི་དབང་ཕྱུགས་བེད་སྤྱོད་བྱས་ཏེ་དཀའ་ངལ་འཕྲད་བཞིན་ཡོད། རྒྱུ་མཚན་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ནི་ཆོས་གཅིག་ཏུ་མིན་པ་ཆོས་སྲིད་ཟུང་འབྲེལ་ཡིན་པས་རེད། ཆོས་སྲིད་ཟུང་འབྲེལ་དབང་གིས་ཡང་སྲིད་ངོས་འཛིན་ལ་ཆོས་ཀྱ་དར་ཆ་ཁྱེར་ནས་སྲིད་དང་མཉམ་དུ་འགྲོ་བཞིན་ཡོད། དེ་ནི་བོད་ཀྱི་བླ་ཆེན་རྣམས་ཀྱི་ཡང་སྲིད་ངོས་འཛིན་ལ་རྩོད་བྱུང་དང་མང་དུ་འབྱུང་བཞིན་པ་རེད། གསལ་བཤད་ངས་བླ་མ་ཀུན་གྱི་ཡང་སྲིད་ལ་ངོས་འཛིན་ལ་རྙོག་དྲ་ཡོད་པ་ཟེར་བཞིན་མེད། མང་དུ་བྱུང་དང་འབྱུང་བཞིན་སྨྲ་བཞིན་ཡོད། རྙོག་འཛིང་ཆེ་བའི་ད་ལྟའི་དུས་སྐབས་འདི་སྔོན་ལས་སྡུག་ཏུ་འགྲོ་ཉེན་ཆེ། སྡུག་ཏུ་མ་ཕྱིན་ཡང་ཚད་མེད་ཀྱི་གྱོང་གུད་རེད། རྒྱ་བ་རིན་པོ་ལྟ་ཅི། ཤ་ཞེན་ཅན་གྱི་རང་རིགས་གཅིག་བོར་བརླགས་སུ་ཕྱིན་ཚེ་གྱོང་གུད་རེད། གྱོང་གུད་དེ་སུ་ཡིས་བཟོད།
ཤེས་རབ་ལགས།
དུས་ཚོད་མེད་པས་འབྲི་ཁོམ་མེད་ཀྱང་མདོ་སྡུས་ཤིག་ཞུ་འདོད་བྱུང་།
༼༣༽ ད་ལོ་ཟླ་བ་བཅུ་པའི་ནང་གློ་བུར་དུ་ཞྭ་དམར་ནས་ཛ་དྲག་གིས་རྒྱལ་བ་རིན་པོ་ཆེ་ལ་མཇལ་ཁ་གཏོང་རོགས་ཞུས་ནས་རྒྱལ་བ་ཀརྨ་པའི་རྙོག་འདྲ་འདི་རྒྱལ་བ་རིན་པོ་ཆེ་ལ་རོགས་པ་གནང་རོགས་ཞུས་པ་རེད། ཞྭ་དམར་ནས་ལོ་གཅིག་གི་གོང་ཙམ་ལ་ཕྱི་ལ་བཤད་དོན་ཀརྨ་པའི་གནད་དོན་འདི་རྒྱལ་བ་རིན་པོ་ཆེ་ལ་འཇུས་གཏོགས་རྩ་བ་ནས་མེད་ཅེས་གསལ་པོ་བཤད་འདུག ཅིའི་ཕྱིར་ཁོ་རང་གི་བློ་སྒྱུར་བ་རས། གནས་ཚུལ་གཞན་ཅི་ཡང་མ་རེད། རྒྱ་གར་གཞུང་གིས་ཁོ་པར་སྐུལ་མ་བཏང་ནས་རྒྱལ་བ་རིན་པོ་ཆེའི་དྲུང་ལ་ཕྱིན་ནས་ཁོང་གི་བཀའ་ལ་ཉན་དགོས་ཅེས་བཀའ་བཏང་བ་རེད། རྒྱུ་མཚན་ནི་རྒྱ་གར་ལ་རྒྱལ་བ་རིན་པོ་ཆེ་དགོས་ཀྱི་ཡོད། བྱས་ཙང་ཞྭ་དམར་ལྟ་བུ་རྒྱ་གར་ལ་རིན་ཐང་གང་ཡང་མ་རེད། དེར་བརྟེན་ཞ་དམར་རྒྱལ་བ་རིན་པོ་ཆེ་ལ་མཉེས་པའི་མཆོད་པ་འབུལ་བ་རེད། ༽
དེ་ནི་བདེན་པ་མ་རེད། ཞྭ་དམར་པ་སྐུ་མདུན་དང་ཐེངས་ཁ་ཤས་མཇལ་ནས་རྙོག་དྲ་སེལ་རྒྱུའི་འདོད་འདུན་བཅང་བ་མ་ཟད། ལྷག་པར་མཐའ་ཡས་རྡོ་རྗེ་ལ་དགེ་ཚུལ་གྱི་སྡོམ་པ་སྕོལ་གནང་ཡོང་བའི་རེ་བ་སྟོན། འོན་ཀྱང་དོན་འབྲས་མ་སྨིན། ཞྭ་དམར་པས་མཐའ་ཡས་རྡོ་རྗེ་ཀརྨ་པའི་ཡང་སྲིད་ཡིན་པ་སྐུ་མདུན་གྱི་རྒྱབ་གཉེར་མི་དགོས་བ་གསུངས་བ་བདེན་པ་ལས་རྙོག་དྲ་སེལ་རྒྱུ་སྐུ་མདུན་མི་དགོས་གསུངས་མྱོང་མེད། ལྷག་པ་ཞྭ་དམར་པས་སྐུ་མདུན་ང་ཚོའི་དབུ་ཁྲིད་ཡིན་པས་རང་གི་གུས་མདུན་མཚོན་ཆེད་དུ་མཐའ་ཡས་རྡོ་རྗེ་ལ་དགེ་ཚུལ་གྱི་སྡོམ་པ་རྩལ་གནང་རྒྱུ་ཞུས་ཚུལ་ཡང་ཡང་གསུངས། ཁྱེད་ལ་དཔང་རྟགས་ངེས་ཅན་མེད་ན་ཞྭ་དམར་པ་སྐུ་མདུན་དུ་བཅར་བ་རྒྱ་གར་གཞུང་གིས་སྐུལ་མ་གནང་ཚུལ་གསུངས་བ་ནོར་འཁྲུལ་རེད་སྙམ། རྒྱུ་མཚན་ནི་དེ་ནི་ཁྱེད་ཀྱི་རྟོགས་བཏགས་རེད། རྟོགས་བཏགས་ཀྱིས་དངོས་ཡོད་དང་ལྷན་འགྲོ་ག་ལ་ཐུབ། རྟོགས་བཏགས་ཀྱིས་དངོས་ཡོད་ཀྱི་ཚབ་བྱེད་མི་ཐུབ། རྟོགས་བཏགས་ཀྱིས་གང་བྱུང་གསུངས་ན་དཀྲོགས་གཏམ་མེད། དཀྲོགས་གཏམ་ནི་རྙོག་དྲ་ཡི་རྒྱུ་རེད། རྒྱུ་མཚན་ནི་དེ་ནི་བདེན་པ་དང་མི་མཐུན་པས་གཞན་ལ་ཁོང་ཁྲོ་བསླང་བས་རེད། བདེ་མོ། ཁྱེད་ཀྱི་དང་པ་མཚན་དང་པོ་གཉིས་ད་དུང་ཕྲན་ཀློག་ཁོམ་མ་བྱུང་། ཁོམ་པ་ཡོད་དུས་ཀློག་ངེས་ཡིན། ཐུགས་རྗེ་ཆེ།
བདེན་དཔང་འདྲ་ཡོད་ན་ཁ་གསལ་གསུངས་རོགས་གནང་། ཐུགས་རྗེ་ཆེ།
༸གོང་ས་མཆོག་ནས་སྐུ་ཉིད་བགྲེས་ཡོལ་དུ་ཕེབས་རྒྱུའི་སྐོར་ལ་ཡང་ཡང་ནན་གསུངས་གནང་བ་དེ། བོད་ཕྱི་ནང་གི་སྤྱི་ཚོགས་ཀྱི་འབྲེལ་བར་ཚོད་བགམ་མི་ཐིག་པ་དང༌། ཡང་ན་བརྩེ་མེད་ཡན་འགའ་བར་བོར་སྲིད་དམ།
དེ་ནས་རི་བོང་དང་སྡོམ་པ་གཉིས་མེད་བཟོ་བའི་ཉེན་ཁ་ཆེ་སྟབས་ཞེས་པ་འདིའི་དོན་ཡང་མི་རྟོགས་པས་ཅི་ཞིག་རེད་རམ།
ངོ་མ་དོན་སྙིང་ཡོད་ཀི
བརྗོད་གཞིའི་ཐོག་ཏུ་བབས་ནས་གྲོས་བསྡུར་ཞིབ་མོར་གནང་ཕྱོགས་ལ་ཡི་རངས་ཡོད་ལ། ལྷག་པར་དུ་ད་ལྟའི་གནས་བབ་དང་མ་འོངས་པའི་མདུན་ལྗོངས་སོགས་གང་གཞིགས་ཤིང་བསམ་རུང་། ཆེས་དགོས་མཁོ་ཆེ་ཞིང་གལ་གནད་རང་བཞིན་ཅན་གྱི་གླེང་གཞི་ཞིག་རེད། དེས་ན། བཀུར་འོས་དྲ་གྲོགས་ཚང་མས་ཟབ་ཅིང་རྒྱ་ཆེ་བའི་བསམ་ཚུལ་དང་ཐབས་ལམ་འདོན་དགོས་པའང་དེ་བས་ཀྱང་གནད་འགག་ཅིག་མཐོང་།
ཧོར་གཙང་འཇིགས་མེད་ལགས་ཀྱི་རྩོམ་ཡིག་སྔ་ཕྱི་གཉིས་ཀ་བཀླགས་པ་ཡིན། ཁྱེད་ཀྱིས་བྲིས་པ་དང་བསམ་པ། ལག་ལེན་བཅས་མཐུན་གྱི་མེད་པའི་འདས་པའི་གནས་ཚུལ་ཁག་དྲན་ཐེངས་རེར། ད་ལན་གཟབ་ནན་གྱིས་ག་ཚོད་བཀླགས་ཀྱང་སེམས་ལ་རང་བཞིན་སོ་ཉི་ཞིག་སླེབས་ཀྱི་འདུག ད་ལན་ཧོར་འཇིགས་ཁྱེད་ཀྱིས་སེམས་བསམ་པའི་སྟེང་ནས་ཉེན་བརྡ་བཏང་བ་ཞིག་རེད་དམ། རང་ཉིད་ཕྱི་ཡུལ་སླེབས་སོང་དྲན་ནས་འདི་ཁུལ་གྱི་མི་མང་ལ་སེམས་ཉལ་བཟོ་འདོད་པས་རེད། ཁྱེད་རང་རིག་པ་སྨྲ་བ་ཞིག་ཡིན་ཚེ་རྒྱུ་མཚན་ཡང་དག་དྲངས་དགོས་ཀྱང། ཁྱེད་ཀྱི་རྩོམ་ཡིག་སྔ་ཕྱི་གཉིས་ཀའི་ནང་སྤོམ་ཚོད་ཙམ་ལས་ཐད་ལྡན་གྱི་རིག་པ་ཞིག་མཐོང་རྒྱུ་མི་འདུག
ངས་ཐོག་མར་བཤད་པའི་ཁྱེད་ཀྱི་བྱ་སྤྱོད་ངན་པ་སྟེ། ཁྱེད་ཀྱིས་རྩོམ་ཡིག་ནང་བྲིས་པ་དང་ལག་ལེན་གཉིས་XXXXXXXXXX
སྔ་ལོའི་ནང་མདོ་སྨད་ལོ་རྒྱུས་ཆེན་མོ་ཟེར་བ་བརྩམས་ཚུལ་བཀོད་ཀྱང། དེའི་ནང་ཕལ་ཆེ་བ་ལོ་རྒྱུས་ཡིག་ཆ་གཞན་ནས་བཤུ་བྲིས་བྱས་པ་དང་། ལྷག་པར་དུ་ཁུངས་ལྡན་ལོ་རྒྱུས་མང་པོ་ཞེན་ཁོགས་ཀྱི་དབང་དུ་མ་དག་པ་བཟོས་པ་དེ་སྔ་དྲ་ཐོག་ལ་རྟ་ནག་སྐལ་བཟང་ལུང་རིགས་ཀྱིས་བྲིས་ཀྱང་ཁྱེད་ལ་གསལ་བཤད་རྒྱབ་རྒྱུ་མེད་པར་ལུས་པ་རེད།་
ཨོ་རེད། རྟ་ནག་སྐལ་བཟང་ལུང་རིག་གི་དགག་ལན་གནད་དུ་ཁེལ་བ་ཞིག་བྲིས་འདུག
རྟ་ནག་གིས་གང་གསུང་པ་དངོས་གནས་རྒྱུ་མཚན་འདྲ་ཡག་པོ་འདུག
མཁས་པ་འཇིགས་མེད་ལགས། ཉིད་མཁས་པ་ཆེན་པོ་ཞིག་གིས་རྩོམ་ཡིག་དེ་འདྲ་བྲིས་ནས་ཉིད་ཀྱི་མཐོང་ཉམས་འགྲོ་བའི་ཚོར་སྣང་ཞིག་བྱུང་། མཆན་འདེབས་མཁན་ཚོས་སྔགས་བརྗོད་འདྲ་བྱེད་ཀྱི་འདུག་མོད་ང་ལ་ནི་རྩོམ་དང་གསལ་བཤད་གཉིས་ཀ་ལ་བློ་མགུ་བོ་ཞིག་མ་བྱུང་། ཆུ་བཏུང་བ་ལྟ་བུ་ཞིག་བྱུང་། ཉིད་ཀྱིས་ “་་་བོད་མི་རིགས་ལ་རྡབ་གསིག་དང་དཀའ་ངལ་གང་ཞིག་འཕྲད་ཡོང་སྙམ་ནས་སེམས་ངལ་ཆེན་པོ་ཡོང་གིན་འདུག”སོགས་གསུང་འདུག སེམས་ངལ་དེ་འདྲ་མེད་མཁན་བོད་མི་ཞིག་ཧ་ལམ་མེད་པས་དེའི་སྐོར་ལ་ཁྱེད་ཀྱིས་ཆེད་རྩོམ་བྲིས་ནས་བརྗོད་དགོས་པ་ཞིག་རེད་མི་འདུག་སྙམ། སྤྱིར་ན་དང་ལྷག་པར་དུ་ཁྱེད་ལྟ་བུའི་མཁས་པ་ཞིག་གིས་རྩོམ་ཞིག་བྲིས་ཚེ་ ཡང་ན་བརྗོད་བྱ་གསར་བ་ཡིན་དགོས། ཡང་ན་བརྗོད་སྟངས་གསར་བ་ཡིན་དགོས། ཡང་ན་རྗོད་བྱེད་ཀྱི་ཆ་ནས་བརྗོད་ཐབས་གསར་བ་ཡིན་དགོས། ཡང་ན་གསར་བ་གཞན་ཞིག་ཡོད་དགོས། མདོར་ན་གསར་བའི་ཆ་གང་ཡང་མེད་པའི་རྩོམ་ཞིག་བྲིས་ན་ཅི་བྱེད། དེའི་ཕྱིར་ཁྱེད་ཀྱིས་རྩོམ་དང་གསལ་བཤད་གཉིས་ཀ་ལ་གོང་གི་སེམས་ཁྲལ་ཡོད་མདོག་དེ་ལས་གསར་བའི་ཆ་གང་ཡང་མ་མཐོང་བས་ཁྱེད་ཀྱིས་མང་ཚོགས་ཀྱི་ངོ་ལེན་ཆེད་དུ་འབྲི་གིན་མི་འདུག་གམ་སྙམ་པ་བྱུང་། དེ་ནི་སྲིད་དོན་པ་ཚོས་བྱེད་སྟངས་ལས་རྩོམ་པ་པོ་དང་ལྷག་པར་དུ་མཁས་པ་ཁྱེད་ལྟ་བུས་བྱེད་སྟངས་མིན་པར་བསམ་པ་ཡིན། ངས་ཁྱེད་ཀྱི་མཐོང་ཉམས་བྱེད་རེད་འདུག་བཤད་པ་ཡང་དེ་ཡིན།
ཁྱེད་ལ་དགའ་བའི་ཀློག་པ་པོ་ཞིག་ཡིན། ཡིན་ཡང་། རྩོམ་ཡིག་ཀློག་པའི་བསམ་ཚུལ་ཡང་ཞུ་མཁན་ཞིག་ཡིན། ད་རེབས་ཉིད་ཀྱི་རྩོམ་ཡིག་སྔ་ཕྱིའི་གཉིས་ཀྱི་གོ་བ་ལོན་ཡོད་ཟེར་ནས་ལབ་ཞིག་མི་རྒྱགས་རང་རྒྱགས་རེད། འོན་ཀྱང་། དྲ་ཐོག་གི་མི་ཚང་མའི་བསམ་ཚུལ་གཅིག་ལ་མི་འགྲོ་བ་ཡིན་དུས། ཉིད་ཀྱིས་མུ་མཐུད་དུ་འདི་ལྟར་རྩོམ་ཡིག་ཁ་ཚ་དགོས་གཏུགས་ཅན་དག་སྤེལ་བར་ཞུ་རྒྱུ་ཡིན། ཧོར་འཇིགས་ལགས།
གྲོགས་པོ་ཚོ། བསམ་བློ་བཏང་ནས་སྐད་ཆ་ཤོད་དང་།
ཧོར་གཙང་འཇིགས་མེད་ཚང་གི་མདོ་སྨད་ལོ་རྒྱུས་གླེགས་བམ་དང་པོ་དེ་དཀའ་བ་སྤྱད་ནས། ཀླད་པ་དཀྲུགས་དཀྲུགས་བཏང་ནས་བྲིས་འདུག་ད། དེབ་དང་པོ་ངས་བཀླགས་ཚར་བ་ཡིན་ད།
ཧོར་གཙང་ཚང་ལ་རེ་བ་ཞུས་ཡ་ཞིག་ལ། གླེགས་བམ་གཞན་དག་ན་ཆད་པ་དང་ལྷག་པ། འཁྲུག་པ་དང་འཁྲུལ་བའི་ཆའང་གང་མཚམས་འདུག་ཟེར་བས། ཞུ་དག་ཡག་པོ་ཞིག་བགྱིས་ནས་པར་ཐེངས་རྗེས་མ་སྤུས་དག་ཡོང་བ་གནང་མཁྱེན།
རྟ་ནག་ཟེར་བ་དེས་དགག་པ་ཞིག་ཡོད་ན་ག་བར་འདུག
ཧོར་གཙང་འཇིགས་མེད་ལགས་ཀྱིས་ད་རེས་བསམ་ཚུལ་དང་གསལ་བཤད་གཉིས་ཀ་འགན་ཁུར་ནས་གནང་འདུག་བསམ་པ་ཞིག་བྱུང་། དེར་དགའ་བསུ་ཡོད།
མདོ་སྨད་ལོ་རྒྱུས་ཆེན་མོའི་སྐོར་ལ་དོགས་སློང་མང་པོ་བྱས་འདུག་པ་དེ་ཚོ་ལ་གསལ་བཤད་ཚིག་གཅིག་གནང་མི་འདུག དེར་བློ་ཕམ་ཡོད། གསལ་བཤད་གནང་རྒྱུ་ཡོད་ན། དེ་ཚོ་ལ་གསལ་བཤད་རེ་གནང་ནས་གྲག་མེད་བཟོ་དགོས་པ་རེད་དྲན།
གོ་ཐོས་ལ་བོད་ནང་ན་ཁོང་ལ་དགག་པ་རྒྱག་མཁན་ཉིན་རེ་ལས་ཉིན་རེ་མང་དུ་འགྲོ་གི་འདུག་ཟེར་དེ་ནི་ཁོང་གི་མདོ་སྨད་ལོ་རྒྱུས་ནང་ལ་ཆོས་རྒྱུད་གཞན་གྱི་མཁས་དབང་མང་པོ་ཞིག་བྲིས་མེད་པ་མ་ཚད་དེ་དགེ་ལུགས་ཁོ་ནས་ལོ་རྒྱུས་ལས་གཞན་ཆོས་རྒྱུད་ཀུན་ལ་སྨད་ར་དང་འཁྱོག་བཤད་བྱས་པ་ལས་བྱུང་ཡིན་པ་དངོས་ཡོད་གནས་ཚུལ་རེད། རེད་གྲོགས་པོ་ཚོའི་་འདི་ལ་ལྟ་ཚུལ་གང་འགྲ་ཡོད།
ཨ་ཁ་ཁ་བདག་གི་མཆན་གཉིས་ག་ནག་བསུབ་གཏང་བ་བློ་ཕམ་བྱུང་ཁྱེད་ཀྱང་ཧོར་འཇིགས་ཀྱི་བསླས་ཚར་འདུག་
ངས་ནི་ཧོར་འཇིག་ཟེར་ན་དངོས་གནས་ལོ་རྒྱུས་ལ་བྱང་ཆུབ་པ་ཕྱོགས་ཞེན་དང་འཐེན་ཁྱེར་གྱི་དབང་དུ་མ་གྱུར་བ་དོན་གྱི་མཁས་པའི་དབང་པོ་ཞིག་ལོས་ཡིན་སྙམ་ནས་བསྡད་ཡོད། འོན་གྱང་ད་ལན་གྱི་རྩོམས་ཡིག་འདི་གཉིས་ཀྱི་བརྗོད་གཞི་དང་གོ་རིམས་བསྒྲིགས་སྟང་སོགས་ལ་དཔག་ན་འབྲི་བ་པོ་ཧོར་འཇིག་རང་ཉིད་ཡིན་མིན་ལ་ཡང་ཐེ་ཚོམས་འདུག གང་ཡིན་ཞེ་ན་ང་རང་ཁོ་དང་དེ་ཙམ་ཆ་རྒྱུས་མེད་ཀྱང་ཁོང་ནི་མདོ་སྨད་ལོ་རྒྱུས་ཆེན་མོ་ཞིག་དེབ་རྒན་དྲུག་བྲིས་ཡོད་པར་རང་གིས་མ་མཐོང་ཡང་ཡོད་པ་དངོས་བདེན་རེད་
དེའི་ན་༧་སྐྱབས་མགོན་ཡིད་བཞིན་ནོར་བུ་སྐུ་སྒེར་གྱི་ཡིག་ཚང་ནས་ཕྱག་དངུལ་ཕོན་ཆེན་དེ་འདྲ་ཞིག་འགྲོ་སོང་གནང་བ་ལ་དཔག་ནས་ཁུང་ཐུབ་ཀྱི་ལོ་རྒྱུས་དང་འབྲི་བ་པོ་ཚད་ལྡན་དོན་གྱི་མཁས་དབང་ཞིག་ལོས་ཡིན་སྙམ་པ་དེའོ།
ད་ལན་གྱི་རྩོམས་འདི་འབྲི་བ་པོ་ཁོང་རང་ཉིད་ཡིན་ཚེ་མདོ་སྨད་ལོ་རྒྱུས་དེབ་རྒན་དྲུག་པོ་འདི་དག་ཚད་གཞི་གང་འདྲ་ཤིག་ཏུ་སླེབས་ཡོད་དམ་སྙམ་པའི་དོགས་པ་འདུག
འོན་གྱང་དེ་ལྟ་བུ་མིན་པར་ཤོག རྩོམས་ཡིག་འདི་སྤེལ་མཁན་དྲྭ་འབུ་ཞིག་ཡིན་པར་སྨོན
ང་ལ་མཚོན་ནའང་། རྩོམ་ཡིག་དེ་དང་གསལ་བཤད་འབྲི་མཁན་གཉིས་ཀ་ཧོར་གཙང་འཇིགས་མེད་མིན་པར་ངོས་འཛྀན་བྱེད་ཀྱི་ཡོད། ཁ བརྡ་དྲ་རྒྱའི་བདག་པོ་ཚོས་དེ་བརྩད་གཅོད་ཅིག་གནང་ན་ལེགས། ཧོར་གཙང་འཇིགས་མེད་ནི་ཆབ་བེ་ཆོབ་བེ་འབྲི་མཁན་ཞིག་མིན། ཏན་ཏན་ཏིག་ཏིག་བྱས་ནས་འབྲི་མཁན་ཞིག་ཡིན།
མདོ་སྨད་ལོ་རྒྱུས་ལ་བཤད་རྒྱུ་གཏམ་རྒྱུ་མང་པོ་བྱུང་ཡོད་པ་རེད། དེ་ད་རེས་ཀྱི་འདི་ལ་འབྲེལ་བ་ཡོད་པ་མ་རེད། ཐོག་མར་ད་ལྟ་ང་ཚོས་བཀླགས་པའི་ཡི་གེ་འདི་ཚོ་འབྲི་མཁན་ཧོར་གཙང་འཇིགས་མེད་མ་རེད་འདོད། ཁོང་གིས་འདི་འདྲ་འབྲི་སྲིད་ཀྱི་མ་རེད། དེ་ངའི་ལྟ་སྟངས་ཡིན། ང་ཁོང་ལ་གདེང་འཇོག་ཡོད་མཁན་ཞིག་གི་ངོས་ནས་བཤད་ཀྱི་ཡོད།
མཁས་དབང་ཧོར་འཇིག་ལགས་ཀྱིས་ཚང་མར་ལན་འདེབས་བྱས་པ་ནི་བཟང་སྤྱོད་ཡིན་པས་དགའ་འོས་པ་ཞིག་རེད། ཡིན་ནའང་། མི་གླེང་མཐུ་མེད་དང་བསམ་ཚུལ་ལ་གསལ་བཤད་ཞེས་པའི་རྩོམ་གཉིས་ཀ་གཞི་གཅིག་ལ་བཞག་སྟེ་བཤད་ན། ང་ཚོར་དངོས་དང་ཟོལ་ཡིན་མིན་མ་ལྟོས་པར་ལམ་དབུ་མ་བ་རྩོད་ལེན་བྱེད་མཁན་དགོས་ལ་རང་བཙན་རྩོད་ལེན་བྱེད་མཁན་ཡང་ངེས་པར་དུ་དགོས། རང་བཙན་རྩོད་ལེན་པ་ཞིག་གི་ངོས་ཐད་དང་དམངས་གཙོའི་ལམ་དང་ལུགས་སྲོལ་གྱི་ངོས་ཐད་ནས་བཤད་ན། བསམ་ཚུལ་ཐ་དད་དང་ལྟ་བ་ཐ་དད། བྱེད་ཐབས་ཀྱི་ངོ་བོ་ཐ་དད་པ་སོགས་ངེས་པར་དུ་དགོས། ཉིད་ཀྱིས་(ཁ་ཤས་ཀྱིས་རང་བཙན་རྩོད་ལེན་པའི་ཟོལ་གྱིས་དོན་དངོས་ཐོག་གོ་སྐབས་བཙལ་ཏེ་རྒྱལ་བ་རིན་པོ་ཆེའི་མཚན་མཐོང་ལ་རྒྱ་ལ་གནོད་ཐབས་བྱེད་ཀྱིན་འདུག སྤྱི་དོན་ལམ་ལྷོངས་འབྱུང་བ་ལ་གེགས་བྱེད་ཀྱིན་འདུག དེ་མ་འོས་པ་ཞིག་རེད་ཟེར་གྱིན་ཡོད།)འདི་ལྟར་བསམ་བཞིན་པ་ནི་གང་ཉིད་ཆབ་སྲིད་དང་ཁྱད་པར་དུ་དམངས་གཙོའི་ལམ་དང་ལུགས་སྲོལ་ལ་རྒྱུས་མངའ་དེ་ཙམ་མེད་པ་ཕྱིར་སྟོན་བྱས་པ་རེད་དྲན། གང་ཡིན་ཟེར་ན། དམངས་གཙོ་དངོས་མ་དེ་སྨྲ་བརྗོད་རང་དབང་དང་བྱེད་ཐབས་རང་དབང་། རྣམ་དཔྱོད་རང་དབང་ལ་བསྟེན་ནས་འབྱུང་དགོས། བསམ་ཚུལ་དང་ལྟ་བ་ཐ་དད་འཛིན་མཁན་རྣམས་ཀྱིས་༧རྒྱལ་བའི་ལ་རྒྱ་དང་སྤྱི་དོན་ལམ་ལྷོངས་འབྱུང་བ་ལ་གནོད་ཐབས་དང་གེགས་བྱེད་བཞིན་པའི་གྲས་སུ་བཤག་སྟེ་དགག་རྒྱག་བྱས་ཏེ་དེ་མ་འོས་པ་ཞིག་རེད་ཟེར་ན། དེ་དག་གི་དམངས་གཙོའི་ཁེ་ཕན་དང་རྣམ་དཔྱོད་རང་དབང་འཕྲོག་པ་མ་ཡིན་ནམ། ངས་བཤད་ན། རང་བཙན་རྩོད་ལེན་པའི་ཟོལ་ཞེས་ཀྱང་འདྲ་གང་ལྟར་རང་བཙན་རྩོད་ལེན་པ་དག་གི་བོད་ཀྱི་ཆབ་སྲིད་དང་༧རྒྱལ་བའི་ལ་རྒྱ་ལ་ཕན་བཞིན་པ་ཡིན། རང་བཙན་རྩོད་ལེན་བྱེད་མཁན་པ་འདི་དག་ལ་བསྟེན་ནས་བཙན་བྱོལ་བོད་མི་དང་བཙན་བྱོལ་བོད་གཞུང་འདི་དམངས་གཙོ་མཚན་ཉིད་འཚང་བ་ཞིག་གི་ལམ་ཁར་ཤར་བསྐྱོད་བྱེད་བཞིན་པ་འཛམ་གླིང་སྤྱི་དང་བྱེ་བྲག་ཏུ་རྒྱ་ནག་གཞུང་འཛིན་པ་དག་ལ་གསལ་སྟོན་དང་བྱས་པ་མ་ཡིན་ནམ། འདི་༧གོང་ས་མཆོག་གི་མར་གནང་བའི་དམངས་གཙོའི་གཟི་བརྗིད་དང་ཁྱད་ཆོས་རེད་དྲན།
༧རྒྱལ་བ་རིན་པོ་ཆེའི་བགྲེས་ཡོལ་དང་༧རྒྱལ་བ་རིན་པོ་ཞལ་མ་བཞུགས་པའི་ཉིན་མོའི་བསྐོར། ང་ཚོས་བྱེད་ཐུབ་མིན་དང་རགས་ལས་མིན་ལ་མ་ལྟོས་པར་དེ་རིང་ནས་བཟུང་༧རྒྱལ་བ་རིན་པོ་ཆེའི་བགྲེས་ཡོལ་ཕར་ཞོག་༧རིན་པོ་ཆེ་ཞལ་བཞུགས་མེད་པ་ལྟར་ང་ཚོ་ལས་ལ་འཇུག་དགོས། དེ་ལྟར་བྱུང་ན་རིན་པོ་ཆེ་ཞལ་མ་བཞུགས་པའི་ཉིན་མོའང་ང་ཚོས་རང་མགོ་ཐོན་པ་ལ་ཕན་ཐོག་ངེས་ཅན་ཞིག་ཡོད་པར་དྲན། འདི་གྲ་སྒྲིག་ངོ་མ་དང་འདི་གྲ་སྒྲིག་འཆར་གཞི་དང་ལྡན་པ་རེད་སྙམ། དེ་མིན་༧རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་དང་༧རྒྱལ་བ་རིན་པོ་ཞལ་མ་བཞུགས་ཀྱང་གཞུང་དང་མི་མང་ལ་གནོད་སྐྱོན་དང་མཐུས་ཤོར་ཅི་ཡང་མེད་ཞེས་གཞུང་འཛིན་པ་དང་བོད་མི་ཡོད་དོ་ཅོག་གི་རྨིས་པའི་རྨི་ལམ་དུའང་འཁོར་མི་སྲིད། ཡོད་ཚད་ཀྱིས་ཤེས་པ་དང་བཤད་ཐུབ་པ་ནི་༧ཁོང་ལྟར་སུ་གང་གིས་ཀྱང་མི་ནུས། འདི་དངོས་དོན་རེད།
ད་དུང་མང་ཡང་ཆུ་ཚོད་མེད་ཀི། ལས་དཀའ་ལ་འགྲོ་རན་སོང་། སླར་མཇལ།
མཆན་བུ་ལ་བཟོ་བཅོས་གཏོང་མཁན་ཞིག་འདུག་པ་དེ། ཁ་བརྡ་དྲ་རྒྱའི་དོ་དམ་པ་རེད་དམ། ཡང་ན་སུ་ཡིན་ནམ། མཆན་བུ་བསུབ་སྟངས་ལ་བལྟས་ཚེ་ཧོར་འཇིགས་ཚང་གི་ཕྱོགས་གཏོགས་པ་སེམས་ཁམས་མི་བདེ་བ་ཞིག་ཡིན་བཟོ་འདུག
༡ ཧོར་འཇིགས་ཀྱིས་རྒྱལ་དབང་རིན་པོ་ཆེ་མ་བཞུགས་པའི་སྐབས་བོད་གཞུང་འཐོར་སྲིད་པ་ལྟ་བུ་ཞིག་བཤད་པ་དེ་ངོ་མ་འགན་འཁུར་བའི་སྐད་ཆ་རེད། བསམ་བློ་དེ་ལྟར་གཏོང་དགོས་པ་འདྲ། ༧རྒྱལ་དབང་རིན་པོ་ཆེས་ཀྱང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པ་རེད་གསུངས་པ་དང་། ང་ཚོའི་ཁ་དཔེ་ལའང་། ཆུ་མ་ཡོང་གོང་གི་རགས་ཟེར་བ་ལྟར་རེད། ད་ལྟ་ནས་ཡོང་སྲིད་ཀྱི་རེད་བསམ་པ་ག་རེ་ཡོད་ན་དེ་མ་ཡོང་བའི་གྲ་སྒྲིག་དང་འཆར་གཞི་སྒྲིག་རྒྱུ་དེ་གལ་ཆེན་པོ་རེད།
ངས་སྔོན་ཧོར་འཇིགས་ཀྱི་རྩོམ་ལ་མཆན་བརྒྱབ་ཚར་རྗེས་སུ། རང་ཉིད་ཀྱིས་དེ་ལྟར་སྲིད་ཀྱི་མ་རེད་ཟེར་ནས་བཤད་པ་དེ་འགན་མ་ཁུར་བའི་སྐད་ཆ་ལྟ་བུ་ཞིག་ཏུ་མཐོང་སོང་ཡང་ཚིག་ཤོར་ལ་འཛིན་ཐབས་ག་ལ་ཡོད། སྲིད་ཀྱི་མ་རེད། གེ་ཨེ་ཡོད། དྲག་ག་དྲག་ག་ཟེར་ནས། རུལ་མ་སེམས་སྐྱིད་བྱས་བསྡད་ན། བོད་རེ་བས་ཕོངས་ཟེར་བ་དེ་དངོས་སུ་ཡོང་རྒྱུ་ཡོད་པ་འདྲ། ད་མདོར་དེད་ན། ཧོར་འཇིགས་ལྟར་བྱས་ན་རྗེས་མ་སྐྱོན་གང་ཡང་ཡོང་གི་མ་རེད། ང་ལྟར་བྱས་ན་སྐྱོན་ཡོང་སྲིད་ཀྱི་རེད།
༢ ཧོར་འཇིགས་ཀྱིས་བྲིས་པའི་དེབ་རྒན་དྲུག་པོ་དེ་ཀློག་མ་ཐུབ། དེའི་ནང་སྐྱོན་ཡོད་སྲིད་པ་རེད། ད་བར་སྐྱོན་འཛུགས་ས་མེད་པའི་དེབ་ཅིག་སུས་བྲིས་ཡོད་པ་རེད། ང་རང་ལ་མཚོན་ན། ཧོར་འཇིགས་མཐོང་ན་འགྲམ་ཆུ་ལྡང་གི་འདུག དེ་ནི་ཁོང་གིས་དེབ་རྒན་དྲུག་བྲིས་ཡོད་པས་མིན། ཁོང་གིས་དེབ་དྲུག་པོ་དེ་འབྲི་བར་ཟུར་བལྟའི་དཔེ་དེབ་སྟོང་ཁ་ལོངས་པ་ཞིག་ཀློག་ཡོད་པ་དེས་ཡིན། དེབ་དྲུག་པོ་དེ་ཡག་པོ་ཡོད་མིན་ལ་མ་ལྟོས་པར་ད་ལྟ་མདོ་སྨད་ཀྱི་ལོ་རྒྱུས་ལ་མཁས་པ་ཞིག་བཙལ་དགོས་ན། ཧོར་འཇིགས་ལྟ་བུ་མང་པོ་རྙེད་རྒྱུ་མ་རེད་བསམས། ཁོང་གི་དེབ་ནང་སྐྱོན་ཡོད་ན་སྐྱོན་སེལ་བྱས་ན་ཡག་པོ་རེད་མ་གཏོགས་དམོད་མོ་དང་ངན་སྨྲས་ཚུན་ཆད་བྱེད་པ་དེ་ཡག་པོར་མཐོང་དཀའ།
༣ ད་བསམ་ན། ཧོར་འཇིགས་ལ་འབུམ་རམས་པ་ཞིག་གི་ལག་འཁྱེར་མེད་ནའང་། འབུམ་རམས་པ་ཞིག་གི་
ཡོན་ཏན་ཡོད་པ་རེད་འདོད། འབུམ་རམས་པ་དེ་ཚོས་ལོ་གསུམ་བཞིའི་ནང་མང་ན་དཔེ་དེབ་བརྒྱ་ཁ་ལོངས་པ་ཞིག་ཀློག་གི་ཡོད་འགྲོ།
༤ སྤྱིར་བཏང་། མི་ལ་བསྟོད་པ་བྱེད་པར་ང་མི་དགའ་ཡང་ཧོར་འཇིགས་ཐོག་སྐད་ཆ་ཁ་ཤས་བཤད་དགོས་བྱུང་སོང་།། ང་ཚོའི་དྲ་ཐོག་འདིར་མི་ཁྱད་མཚར་རོ་དེ་འདྲ་འདུག སྔོན་དམ་ཆོས་དཔལ་བཟང་གིས་མགོ་ལོག་ལོ་རྒྱུས་དེབ་རྒན་གཉིས་བྲིས་འདུག དེ་ཀློག་པ་ཡིན། བྲིས་པ་ཙམ་གྱིས་ཡག་པོར་མཐོང་སོང་། ནང་ན་ལེན་རྒྱུ་ཤེས་རྒྱུ་མང་པོ་འདུག ཡིན་ན་ཡང་། མི་སྐོར་ཅིག་གིས་སྡིག་དམོད་ཧ་ལས་པ་བྱས་སོང་། དེ་ནས་ཧོར་འཇིགས་ཀྱི་དེབ་རྒན་དྲུག་སླེབས་པ་རེད་ཟེར། མི་གཞི་ནང་མི་ཚུད་ཆད་ལ་དམོད་མོ་ཡིད་ངོར་མ་ཤོང་བ་དེ་འདྲ་བྱས་སོང་། དེ་ལས་ཀྱང་ཧ་ལས་དགོས་པ་ཞིག་ལ། དེ་ཚོའི་ནང་ཧོར་འཇིགས་ཀྱི་དེབ་ཆ་ཚང་ཀློག་ཡོད་ས་མ་རེད་བསམ་བསམ་ཡང་མང་པོ་ཞིག་འདུག ན་ཚ་ཞིག་ཡིན་ན་འདི་རིགས་ངོ་མ་ན་ཚ་ཞིག་ཡིན་པ་འདྲ།
༥ ཧོར་འཇིགས་ཀྱི་ཐེངས་སྔོན་མའི་རྩོམ་ནང་། རང་བཙན་རྩོད་མཁན་ཚོར་ངན་བཤད་བྱས་པ་ཅང་མཐོང་མ་སོང་། གཞོན་ནུ་ཚོགས་པ་ལྟ་བུའི་མིང་བཀོད་ནས་གདེང་འཇོག་ཡག་པོ་གནང་འདུག་བསམས། ཁོང་གིས་སྐྱོན་བརྗོད་གནང་ས་དེ། རང་བཙན་ཁ་ལ་འཁྱེར་ནས་གཞུང་གི་ཆབ་སྲིད་དང་དབུ་མའི་ལམ་ལ་བར་ཆད་བཟོ་མཁན་ཡོང་གི་ཡོད་པ་དང་། དེ་རིགས་ལ་དགག་པ་བརྒྱབ་པ་ལྟ་བུ་ཞིག་མཐོང་སོང་།
མི་སྒེར་ལ་དོན་མེད་ཚིག་རྩུབ་སྨྲ་བ་དང་དམོད་མོ་བོར་བ།
མཚང་འབྲུ་བ་སོགས་བྱས་ན། དེའི་རིགས་ཀྱི་མཆན་དང་མཆན་རྒྱག་མཁན་གཉིས་ཀ་འགོག་གི་ཡོད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས
མདའ་ཚན་པའི་མཆན་འདིར་དགའ་བསུ་ཡོད། ངོ་མ་དེ་འདྲ་ཞིག་རེད། དམོད་མོ་བྱེད་མཁན་དག་་་དམིགས་བསལ་གྱིས་ཧོར་འཇིགས་ལ་མ་དགའ་ནས་བཤད་པ་ཞིག་རེད་མི་འདུག དེབ་ཀློག་ནས་དེ་ལ་ནོར་འཁྲུལ་ཡོདཔ་མཐོང་ནས་བཤད་པ་ཞིག་ནི་དེ་བས་ཀྱང་མ་རེད། སྤྱིར་ན་བོད་མི་འདིའི་རིགས་མི་རྣམ་དཔྱོད་ཅན་དང་། འཇོན་ཐང་ཅན། གྲགས་པ་རྒྱས་མཁན་ཚོར་སེམས་གཏིང་ནས་བཟོད་ཀྱིན་མི་འདུག འདི་ཕྲག་དོག་ཆེ་དྲགས་པ་དང་གཅིག རང་ཉིད་ལ་འཇོན་ཐང་དེ་འདྲ་མེད་སོང་བ་དང་གཉིས། ངོ་ཚ་མེད་པ་གསུམ། བསམ་རྒྱ་དོགས་དྲགས་པ་དང་བཞི་སོགས། མདོར་ན་རྗེས་ལུས་ཀྱི་མཚོན་རྟགས་ཤིག་རེད་འདུག
འདི་ལྟར་སོང་ན་བོད་པའི་སྤྱི་ཚོགས་འདི་ནམ་ཡང་ཡར་རྒྱས་འགྲོ་རྒྱུ་མ་རེད།
བོན་པོའི་རྩོམ་ཐུང་གཅིག་གིས། ཁ་བརྡ་མལ་ནས་དྲངས་ཡོད། ཆོས་ལུགས་འཆལ་གཏམ་ཡལ་བ། སེམས་པ་གཏིང་ནས་དགའ་སོང།།
མཁྱེན་ཡངས་ཧོར་འཇིགས་ལགས་ཀྱིས་བསམ་ཚུལ་དང་མཆན་བུ་གཉིས་ཀ་ཞིབ་དུ་ཀློགས་རྒྱུ་བྱུང་། ཚིག་དོན་གང་གང་གི་ཆ་ལའང་ཁོ་བོས་སྐྱོན་ཀྱི་ཆ་གང་ཡང་མ་མཐོང་བར་མ་ཟད་དངོས་གནས་གནད་དུ་ཁེལ་བའི་རྩོམ་ཡིག་རིན་ཐང་ཅན་ཞིག་ཡིན་པ་མཐོང་ཆོས་སུ་གྲུབ་པས་སོ།། འདི་ལྟ་བུའི་གནད་ཐོག་བཙགས་ཁེལ་གྱིས་རྩོམ་ཡིག་སྤེལ་ཚེ་སྐྱེས་བོ་རེ་ཟུང་གི་སྙིང་ལ་མི་བཟོད་པའི་སྡང་ཟིག་བསྐྱེད་ཡང་མི་སྐྱོན། མུ་འཐུ་དུ་རང་རེ་སྤྱི་ཚོགས་འདིར་གནད་དུ་སྨིན་པའི་རྩོམ་ཡིག་ཡང་ཡང་སྤེལ་བར་ཞུ།
བར་ལམ་ནས་དྲ་རྒྱ་ཁག་ནང་མཆན་འབྲི་རྒྱུར་དགའ་བོ་མེད་ཀྱང་། ཧོར་འཇིགས་ཀྱི་རྩོམ་ཐུང་འདིར་རྔ་ཕྲན་ཞིག་གི་ཚུལ་དུ་མཆན་ཐུང་ཞིག་འབྲི་འདོད། མདའ་ཚན་པའི་མཆན་ཞིག་ཏུ་ཁ་སྔོན་གོང་ས་མཆོག་རྒན་ཡོལ་ཆ་ཚང་ཕེབས་པ་ཡིན་ན། གོང་ས་མཆོག་གིས་ཆབ་སྲིད་ཀྱི་འོས་འགན་ཆ་ཚང་སྦྲུལ་ཤུན་ནང་བཞིན་དོར་རྒྱུ་ཡོད་པ་འདྲ་བོ་ཞིག་བཤད་འདུག དེ་ནས་རྒྱ་ནག་རི་བོའི་རྩེ་ལྔ་སོགས་ལ་ཕེབས་ཐུབ་རྒྱུ་ཡིན་པ་འདྲ་བོ་ཞིག་ཀྱང་བཤད་འདུག་དྲན་སོང་། ཁ་གཡང་དེ་འདྲ་ཉན་ན་སྐྱིད་པོ་འདུག ཡིན་ནའང་དེ་ནི་ཕྲུ་གུ་ཁ་སྙན་པོ་ཞིག་གི་སྐད་ཆར་ཉན་པ་དང་རིན་ཐང་གཅིག་རེད། གལ་སྲིད་བོད་མི་ཚོས་༧རྒྱལ་བ་རིན་པོ་ཆེ་ལས་སླ་བོར་རྒན་ཡོལ་ཕེབས་བཏང་བའི་དབང་དུ་བཏང་ཡང་། ང་ཚོའི་ཁ་གཏད་རྒྱ་ནག་གཞུང་གིས་རྒྱལ་བ་རིན་པོ་ཆེ་ནམ་ཡང་རྒན་ཡོལ་ལ་ཕེབས་བཅུག་གི་མ་རེད། མཐའ་ན་༧སྐུ་ཕྲེང་བཅོ་ལྔ་བ་ཡང་རྒན་ཡོལ་ལ་ཕེབས་བཅུག་གི་མ་རེད། བོད་མིའི་ཕྱོགས་ནས་ཕེབས་བཏང་བ་ཡིན་ནའང་རྒྱ་མིའི་ཕྱོགས་ནས་བཏང་གི་མ་རེད། བོད་མི་ཚོར་རྒྱལ་བ་རིན་པོ་ཆེ་སྐྱིད་པོ་བྱས་ནས་ཉལ་ས་དགོས་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་ལ་རྒྱལ་བ་རིན་པོ་ཆེའང་ཏྰ་ལེ་ཁ་བྲལ་རིང་ལུགས་པ་ཟེར་ནས་བོད་མི་ཚོར་བརྙས་བཅོས་བྱེད་པར་དགོས་ཡོད་རེད། དེའི་ཕྱིར་ང་ཚོའི་སྐུ་ཐོག་འདི་ལ་མ་འདས་སྤྲུལ་སྐུ་ངོས་འཛིན་གནང་ན་མ་གཏོགས ཕྱིས་སུ་རྒྱ་ནག་གི་གནོན་ཤུགས་སྤྲད་ནས་རྒྱལ་ཁབ་གཞན་པ་སུ་གཅིག་གི་ས་ཐོག་ནས་བོད་མི་ཚོར་གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་དུ་འཇུག་མཁན་ཡོད་མདོག་ཁ་བོ་མ་རེད། མཐའ་མ་རྒྱ་མི་རང་གིས་བཙན་ཤུགས་ཀྱིས་རྒྱལ་བ་རིན་པོ་ཞིག་འཛིན་བྱས་ཏེ་གང་ལྟར་རྒྱལ་བ་རིན་པོ་ཆེ་ཞེས་པ་གླེང་རྙོག་ནུས་མེད་ཅིག་ཏུ་བསྒྱུར་ངེས་རེད། ད་ནས་ང་ཚོར་སྐད་འབོད་གུ་ཡངས་པོ་ཞིག་བྱེད་དུ་འཇུག་མཁན་ཡང་ཉུང་ཉུང་རེད་མི་འདུག་གམ། གང་ཡིན་ཟེར་ན་རྒྱ་ནག་གླིང་ཚང་མའི་ནང་ནུས་པ་ཡོད་པའི་ཚོང་དཔོན་མ་རབས་ཤིག་ཆགས་ཟིན་སྟབས་རེད། པན་ཆེན་ཡང་སྲིད་ནང་བཞིན་རེད། དེའི་ཕྱིར་གླེང་དགོས་པ་དེ་ཚོ་མ་ལུས་པ་གནང་རོགས། ང་ལ་ནི་དུས་ཚོད་མི་འདུག
ཧོར་གཙང་འཇིགས་མེད་ལགས་སུ་ཞུ་རྒྱུར། རྗེས་སུ་རྩོམ་ཡིག་འབྲི་དུས་ཇི་ལྟར་བྲིས་ན་ཚིག་སྙན་པོ་ཆགས་ས་རེད་བསམ་ནས་འབད་བརྩོན་མི་བྱེད་པར། ག་འདྲ་བྲིས་ན་དངོས་ཡོད་དང་ཐག་ཉེ་བོ་ཆགས་ས་རེད་བསམ་ནས་བསམ་བློ་བཏང་ནས་འབད་བརྩོན་གནང་རོགས། ཚིག་གིས་སྐད་གྲགས་ཆགས་པ་ལས་དོན་གྱིས་སྐད་གྲགས་ཆགས་ན་རིན་ཐང་ཆན་པོ་རེད། དེ་འདྲ་བྱས་རྩོམ་ཡིག་གཅིག་བྲིས་ནས་ཞག་ཤས་ལས་མ་སོང་བར་སླར་ཡང་གསལ་བཤད་ཀྱི་རྩོམ་ཡིག་དེ་ལས་རིང་བ་ཞིག་འབྲི་དགོས་ཡོང་གི་མ་རེད།
རེད། རེད། སྟག་སྨྱོན་གྱིས་བཤད་པ་རེད།
ཧོར་གཙང་འཇིགས་མེད་ཀྱིས། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པ་གསུངས་འདུག
ང་རུལ་མ་སེམས་སྐྱིད་དང་ཆང་འཐུང་སྣང་ཡངས་ཡིན་ཙང་། རེ་བ་བཟང་ས་ནས་བརྒྱབ་པ་རེད།
ད་རྒྱལ་བ་རིན་པོ་ཆེའི་གསུངས་པ་ལྟར། གྲ་སྒྲིག་སྡུག་ས་ནས་བྱེད་པ་དང་རེ་བ་བཟང་ས་ནས་རྒྱག་པ་གཉིས་ཀ་བྱ་རྒྱུ་བྱེད།
གོང་གི་ཧོར་གཙང་བའི་རྩོམ་ཡིག་འདི་ལ། སྡེ་ཚན་གསུམ་འདུག སྡེ་ཚན་དང་པོ་ཁ་སྔོན་གྱི་རྩོམ་སྤེལ་སྐབས་ཁོང་ལ་དགའ་བསུ་ཞུ་མཁན་རྣམས་ལ་ཐུགས་རྗེ་ཆེ་ཟེར་བ་དེ་རེད། སྡེ་ཚན་གཉིས་པ་རིག་འབྱུང་སོགས་ལ་རྡ་ས་ནས་ལས་ཀ་བྱས་པའི་ཉམས་མྱོང་ཡོད་པ་མ་རེད་ཟེར་བ་དེ་རེད། སྡེ་ཚན་གསུམ་པ་ནི། ཁོ་རང་གིས་རྡ་ས་ལས་མཐོང་བའི་ཉམས་མྱོང་རྣམས་བཀོད་འདུག དེ་ནི་བཙན་བྱོལ་གཞུང་ལ་རྒྱ་གར་གཞུང་དམངས་སུས་ཀྱང་ཐུབ་ཚོད་གཏོང་ཆོག་ཆོག་ཡིན་པའི་དཔེ་མཚོན་མང་པོ་ཞིག་གྲངས་ཀ་བརྒྱབ་འདུག དེ་བས་ན་དེ་ནི་རྩ་བའི་རྩོམ་ཡིག་མ་བཤད་ཐུ་མེད་ཀྱི་གནད་དོན་གཉིས་དང་འབྲེལ་བ་གང་ཡང་མེད་པར་མ་ཟད། དེའི་ལྡོག་ཟླའི་ཕྱོགས་ལ་སོང་འདུག རྒྱུ་མཚན་ནི་རྩོམ་ཡིག་དང་པོའི་ནང་དུ་གོང་ས་མཆོག་རྒན་ཡོལ་ལ་ཕེབས་པ་ཡིན་ན། བཙན་བྱོལ་བོད་གཞུང་དམངས་གཉིས་ལ་དཀའ་ངལ་ཕྲད་རྒྱུ་ཡིན་པ་དེ་རེད། འོན་ཀྱང་ད་ལམ་གྱི་གསལ་བྱེད་ནང་དུ་གོང་ས་མཆོག་གི་རྒན་ཡོལ་མ་ཞུས་ན་ཡང་རྒྱ་གར་གཞུང་དང་དཀའ་ངལ་ཕྲད་ཕྲད་པ་འདྲ་བོ་ཞིག་བསྟན་འདུག དེ་བས་རྩོམ་ཡིག་འདི་ལས་༧ བོད་གཞུང་དམངས་གཉིས་ཀྱི་དཀའ་ངལ་ནི་གོང་ས་མཆོག་དགོངས་པ་ཞུ་མ་ཞུས་ཀྱི་གནད་དོན་ཞིག་མིན་པར་བསྟན་མི་འདུག་གམ།
ད་གསལ་བཤད་དེ་རྙོག་འདྲའི་སྒམ་ཆུང་ཆག་གི་འདུག
འ་འ་མདའ་ཚན་པ་ཁྱོད་ད་ཁ་བརྡ་ཚང་གི་དགེ་བསྐོས་ལ་མཛའ་སེ་ཡོད་ཀི རྩུབ་ས་ལ་རྩུབ་ཙམ་དང་། འཇམ་ས་ལ་འཇམ་ཙམ་སྟོན་ཤེས་ནོ་ད་ཁྱོད་རེད། ཁྱོད་འདི་བཀའ་བློ་ཁྲི་བ་བསྡད་པ་ཡིན་ན། བོད་ཆོལ་གསུམ་ཆོས་བརྒྱུད་ཆ་ཚང་ཕྱོགས་གཅིག་ཏུ། དཀྱིལ་འཁོར་གཅིག་གི་ནང་དུ་བསྡུ་ཐུབ་ནོ་ཁོ་ཐག་རེད།
ཧོར་གཙང་འཇིགས་མེད་ལགས་ཀྱི་རྩོམ་ཡིག་འདི་དུས་བབ་སྟེང་ནས་མཐོང་བྱུང་མོད་འོག་ཏུ་མཆན་འགོད་མཁན་མང་པོ་ཞིག་སྔ་མོ་ནས་རེགས་དུག་བྱུང་ནས་བཟི་འདུག་སྟབས། བོང་བུས་རྣ་ནང་ལ་གསེར་མ་བླུགས། རྒྱུ་མཚན་མཆན་འགོད་མཁན་ནང་མང་པོ་ཞིག་གིས་རྩོམ་ཡིག་འདི་ཡག་པོར་མ་ཀློག་པའམ་ཡང་ན་སྐད་ཆ་ངོ་འཕྲོད་ཀྱིན་མེད་པའི་ཚོར་སྣང་བྱུང་། མཆན་འགོད་མཁན་ཁྲོད་ནས་མདའ་ཚན་པ་ངའི་ཀློག་སྤྲོ་བའི་མཆན་འགོད་པ་ཡིན། དེ་རིང་འདིར་ཕྱི་བོའི་བར་དུ་མཐོང་མ་བྱུང་བས་ད་འབྲི་ཁོམས་མི་འདུག རྗེས་མ་མཇལ་ཡོང་།
ཧོར་གཙང་འཇིགས་མེད་ལགས། ངས་ཁྱེད་ཀྱིས་རྩོམ་དེ་བྲིས་མེད་ན་ཅི་མ་རུང་། ཞེས་བྲིས་པ་བདེན་པར་གནས་མི་འདུག་གམ། ཁྱེད་ཀྱི་རྩོམ་དེ་རིགས་ཁྱེད་ཀྱིས་མཚན་མཐོང་ལ་གནོད་བྱེད་ཅིག་ལས་མེད་པར་བཤད་པ་ངོ་མས་ཐིག་འདུག་བསམ། རྒྱུ་མཚན་གཞན་མིན་པར་ཁྱེད་ཀྱི་རྩོམ་དེས་སྤྲད་པའི་ཚོར་སྣང་ནི་ཁྱེད་ཀྱིས་ཐུགས་ཁྲལ་ཆེ་བའི་དབང་གིས་མིན་པར་སྲིད་དོན་འཁྲབ་ཀྱི་ཡོད་པའི་ཚོར་སྣང་ཞིག་སྤྲད་པས་རེད། ཁྱེད་ཀྱིས་དེ་ལས་བཟང་ཞིག་བྲིས་ཡོད་ན་དེ་ལྟར་མི་འོང་། ཁྱེད་ཀྱིས་གཞོན་ནུ་ལ་སྔགས་རྗོད་དང་གཞན་རང་བཙན་དོན་གཉེར་ལ་དམའ་འབེབ། འཇམ་དབྱངས་ནོར་བུ་ལ་སྔགས་རྗོད་དང་དེ་གཉིས་ཀ་ལས་གཞན་པ་ཚོ་ལ་དམའ་འབེབས་ཀྱི་རྣམ་པ་བྲིས་པ་ལས་ཁྱེད་ལ་རིན་ཐང་མེད་པའམ་ནང་སྙིང་མེད་པ་ཞིག་ཏུ་མཐོང་བ་ཡིན་པར་བསམ།
འཇིགས་མེད་ལགས་ཀྱི་རྩོམ་གཉིས་ཆ་བཀླགས་པ་ཡིན། ཡག་པོ་ཞེ་དྲག་བྲིས་འདུག ཁ་ཤས་ཀྱིས་ད་དུང་མགོ་མ་ཚོས་མདོག་མདོག་བྱེད་ཀྱི་འདུགxxxxxxxxx
ཧོར་གཙང་འཇིགས་མེད་ཀྱིས་༼ངས་འདི་ནས་གསལ་བཤད་ནན་ཏན་ ཞུ་རྒྱུ་ཞིག་ནི། བདག་གི་རྩོམ་ཐུང་དེར་རྒྱལ་བ་རིན་ཆེ་བགྲེས་ཡོལ་ཆ་ཚང་ལ་ཕེབས་པའམ། ཞིང་ཁམས་གཞན་ལ་གཤེགས་པ་བྱུང་བ་ཡིན་ན། བོད་གཞུང་འཐོར་ཞིག་ཏུ་འགྲོ་རྒྱུ་རེད། བོད་ཕྱི་ནང་གི་འབྲེལ་ཆད་ཀི་རེད། ཆིག་སྒྲིལ་འཐོར་ཞིག་ཏུ་འགྲོ་གི་རེད་ཅེས་རྩ་ནས་བཤད་མེད། ངས་འདི་དང་འདི་འདྲ་འབྱུང་མི་སྲིད་པ་མ་རེད། གལ་སྲིད་དེ་འདྲ་བྱུང་བ་ཡིན་ན་སྔ་ནས་བསམ་བློ་དང་འཆར་གཞི་བསྒྲིག་པ་གལ་ཆེན་ ཡིན་པའི་བསམ་ཚུལ་བཏོན་པ་ཡིན། བསམ་ཚུལ་ཁག་ཀྱང་དྲི་བ་དང་དོགས་སློང་གི་ངོ་བོར་བཞག་ཡོད།༽ཅེས་ནན་གྱིས་བཤད་འདུག་སྟེ། འདི་ནི་སེམས་ནང་གནད་དོན་གང་ཞྀག་ལ་ངོས་འཛྀན་གསལ་ཙམ་ཞིག་བྱུང་ན་ལས་ཡོང་ཤེས་ཐབས་མེད་པའི་གྲས་རེད། ཁྱེད་རང་གི་ཞེ་འདོད་ངོ་མ་དེ་རྒྱལ་བ་རིན་པོ་ཆེ་ཞལ་མ་བཞུགས་པའི་ཉིན་མོར། བོད་གཞུང་གི་སྒྲིག་འཛུགས་འདི་འཐོར་འགྲོ་བ་དང་།། བོད་ཕྱི་ནང་གི་འབྲེལ་བ་ཆད་འགྲོ་བ། ཆྀག་སྒྲིལ་གྱི་སྟོབས་ཤུགས་འཐོར་འགྲོ་བ་དེ་མདུན་ལྗོངས་སུ་བླངས་པའི་ལྟ་སྟངས་ཤིག་མིན་པར་ཤོད་ཐུབ་ཀྱི་མ་རེད།
ཉམས་མྱོང་ཡོད་ཟེར་མཁན་མང་པོ་ཞིག་གིས། ལྷག་པར་དུ་རྒན་རབས་པ་མང་པོ་ཞིག་ལ་ཁྱེད་རང་གི་ལྟ་སྟངས་འདི་དང་བཤད་སྟངས་འདི་འདུག ཡིན་ནའང་། གོང་ས་རྒྱལ་བ་རིན་པོ་ཆེས་ལན་གཅིག་མ་ཡིན་པར་གསུངས་སྟངས་གཅིག་ལ། བོད་ཀྱི་བདེན་པའི་འཐབ་རྩོད་ནི་ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བར་གནས་ངེས་པ་ཞིག་དང་། མི་རབས་རིམ་བརྒྱུད་དུ་གནས་ངེས་པ་ཞིག་ཡིན་པར་གསུངས་ཡོད། འདི་ནི་བོད་ཀྱི་གནད་དོན་ནམ་འཐབ་རྩོད་འདི་སྐྱབས་མགོན་རིན་པོ་ཆེ་སྐུ་སྒེར་གྱི་སྐུ་དབང་དང་འབྲེལ་བ་མེད་པ་ཞྀག་ཡིན་པའི་གནས་ལུགས་དེ་རེད། གོང་ས་མཆོག་མེད་ཉིན་ནས་འཐོར་འགྲོ་གི་རེད། བཤིག་འགྲོ་གི་རེད་ཟེར་བ་འདི་བོད་དོན་བདེན་པའི་འཐབ་རྩོད་ཀྱི་སྟོབས་ཤུགས་འབྱུང་ཁུངས་གཙོ་བོ་དེ་ངོས་འཛིན་བྱེད་སྟངས་མ་འདྲ་བ་ལས་ཡོང་གི་ཡོད་པ་རེད།
དོགས་པ་ཞིག་ཡོད་པ་དེ། སེམས་ནང་ངོས་འཛིན་ཞིག་ཡོད་པ་གཞིར་བཞག་གིས་ཡོང་དགོས་པ་ཆོས་ཉིད་རེད། དེ་ཁས་ལེན་དགོས་པ་རེད་འདོད། དེ་མིན་བསམ་ཚུལ་ལ་གསལ་བཤད། གསལ་བཤད་ལ་བསྐྱར་བཤད་བྱས་པས་གསལ་པོ་ཆགས་ཡག་ཅང་མཐོང་མ་སོང་། ཡིན་ནའང་། དོགས་སློང་གནང་སྟངས་འདི་ལ་བསམ་བློའི་གྲ་སྒྲིག་དགོས་པའི་སྐུལ་སློང་གི་ནུས་པ་ལྡན་པས་ན། གླེང་སྟངས་འདི་འདྲ་ལ་གུས་བརྩི་ཡོད།
དེ་རིང་དུས་ཚོད་ཅུང་ཙམ་བྱུང་བ་དང་སྟབས་བསྟུན་ནས་དྲ་ཐོག་འདིར་ཡོང་བ་ཡིན།
ཧོར་འཇིགས་ལགས་བྲིས་པའི་རྩོམ་ཡིག་དང་མཆན་བུ་དག་རགས་ཀློག་ཙམ་ཞིག་བྱས་པ་ཡིན།
དྲ་གྲོགས་ལ་ལས་ཧོར་འཇིགས་ལ་ཚད་ལས་བརྒལ་བའི་འུར་བསྟོད་དང་ལ་ལས་དམའ་འབེབ་བྱས་འདི་མོད།
ཁོ་བོས་སྔ་ས་ནས་ཧོར་འཇིགས་སྙན་ངག་པ་ཞིག་ཡིན་པ་དང་སྙན་ངག་བྲིས་ན་འབྱོར་མོ་ཞིག་འབྲི་ཐུབ་མཁན་ཞིག་ལ་ངོས་འཛིན་གཙང་མ་ཡོད། དེ་མིན་དཔྱད་བརྗོད་པ་ཞིག་གིས་ཚད་དུ་ངོས་༷འཛིན་བྱེད་དཀའ་མོ་རེད། རྒྱུ་མཚན་དཔྱད་བརྗོད་པ་ཟེར་བ་དེ་ཚིག་སྦྱོར་སྙན་མོ་ཞིག་སྤེལ་ཐུབ་མཁན་ཙམ་ངོས་འཛིན་བྱས་ན་འགྲིག་གི་མེད་པས་ཡིན། དཔྱད་བརྗོད་པ་ཞིག་ཡིན་ཚེ་དེ་ལ་མ་མཐའ་ཡང་ལེགས་ཉེས་འབྱེད་བྱེད་ཀྱི་བློ་སྟོབས་དང་བློ་གཟུར་བོ་གནས་པ་དགོས་ཀྱི་རེད། དེ་མིན་ཚིག་སྦྱོར་འབྱོར་མོ་ཞིག་སྤེལ་བ་ཙམ་གྱིས་དཔྱད་བརྗོད་པའི་མིང་གི་གོ་མིང་མི་ཐོབ་པར་སྙམ།
དྲ་གྲོགས་མདའ་ཚན་པའི་བརྗོད་ན། ཧོར་འཇིགས་འབུམ་རམས་པ་ཞིག་གི་ཚད་དུ་བཞག་འདུག རྒྱུ་མཚན་དཔེ་དེབ་མང་བོ་བཀླག་དང་ཀློག་བཞིན་ཡོད་པས་ཆ་ནས་བརྗོད་འདུག སྤྱིར་དཔེ་ཀློག་བྱས་ན་བཟང་མོད་འོན་ཀྱང་དཔེ་དེབ་དེའི་ནང་གང་བརྗོད་པ་དེ་དག་ལེགས་ཉེས་བླངས་དོར་འབྱེད་པའི་བློ་སྟོབས་ལྡན་པའི་ཐོག་ནས་མཁོ་བསྡུད་བྱས་མ་ཐུབ་ཚེ་དཔེ་ཀློག་ཙམ་ལ་ཡིད་སྨོན་ཤོར་དགོས་དོན་ཡོད་པ་མ་རེད།
སྐུ་ཞབས་ཧོར་གཙང་འཇིགས་མེད་ལགས་ལ་གུས་བརྩི་ཡོད། ཁྱེད་རང་གི་བསམ་ཚུལ་དང་གསལ་བཤད་གཉིས་ཀ་བསྐྱར་དུ་ཞིབ་ཀྱིས་བཀླགས་ཟིན་པ་ཡིན།
༼འདས་པའི་ལོ་ངོ་དུ་མའི་ནང་རང་རེའི་སྤྱི་ཚོགས་ཁྲོད་ཀྱི་མི་མང་བོ་ཞིག་གི་གཏམ་སྤྱོད་ལ་འགྱུར་བ་ཐེབས་ཀྱིན་འདུག་ལ། ཚོགས་པ་ཁག་ཅིག་ཀྱང་འགྱུར་ཚབས་ཆེ། འགྱུར་བ་དེ་ལ་བསྟན་བྱ་གཙོ་བོ་གཉིས་ཡོད་པ་ལས་གཅིག་ནི་བོད་འདི་སྔར་རང་བཙན་རྒྱལ་ཁབ་ཅིག་ཡིན་ཞིང་། དེ་ཉིད་བསྐྱར་གསོ་བྱ་དགོས་པ་དེ་ཡིན་ལ། ཅིག་ཤོས་ནི་རྒྱལ་བ་རིན་པོ་ཆེས་མེས་འཚིག་མེར་གཏུགས་ཀྱིས་བོད་རྒྱ་ཞི་འགྲིག་མཉམ་གནས་བྱ་རྒྱུའི་དགོངས་གཞིི་དང་། དེ་ཉིད་ལག་བསྟར་བྱེད་བཞིན་པའི་བོད་གཞུང་གི་ཆབ་སྲིད་ཀྱི་སྲིད་ཇུས་ལ་འདོད་མོས་མེད་པའི་རྣམ་འགྱུར་སྟོན་བཞིན་ཡོད་པ་དེ་གཉིས་ཡིན། འདི་དག་བརྒྱུད་ནས་རྒྱལ་བ་རིན་པོ་ཆེ་སྐུ་སྒེར་དང་འབྲེལ་བའི་དོན་དག་མང་བོའི་ཐོག་ལའང་དངོས་ཤུགས་ཅི་རིགས་ནས་ཟུར་ཟ་བྱེད་མཁན་འབྱུང་གིན་ཡོད།༽ཞེས་བརྗོད་འདུག
དྲི་བ།
༡ ཚོགས་པ་གང་དག་འགྱུར་ཚབས་ཆེ་བར་གྱུར་འདུག་གམ།
༢ རྒྱལ་བ་དོན་གྱི་བདག་པོར་ཟུར་ཟ་བྱེད་མཁན་སུ་སུ་རེད་དམ།
དེའི་ཤེས་བྱེད་ལྟ་བུ་ལ། ༼བོད་མི་དམངས་སྤྱི་འཐུས་ཀྱི་འཐུས་མི་རེ་ཟུང་དང་། གཞུང་གི་ལས་བྱེད་པ། དེ་མིན་ཚོགས་སྡེ་ཁག་ཅིག་གི་སྒྲིག་འཛུགས་ཀྱི་ཁོངས་མི། མི་རྒྱང་རྟ་རྐྱང་གི་ངང་མདུན་མཆོང་རྒྱག་མཁན་སོགས་གང་ཟག་བྱེ་བྲག་པ་ཁག་ཅིག་གིས་ཁོང་ཚོ་རང་བཙན་རྩོད་ལེན་པར་བསྒྲགས་ནས་ལོ་ངོ་བཅུ་ཡང་འགྲོ་བཞིན་མེད་ལ། ཁོང་ཚོའི་ཁ་ཡི་འབོད་སྒྲ་རང་བཙན་ཙམ་ལས་དོན་དངོས་ཐོག་ཁོ་བ་ཚོས་རང་བཙན་རྩོད་ཐབས་སྐོར་ལ་ལས་འགུལ་སྤེལ་གྱིན་མེད་ལ། རང་བཙན་ལེན་ཐབས་ཀྱི་ལས་འཆར་ཀྱང་སྒྲིག་གིན་མེད་པར་མ་ཟད། ཚོགས་ཐོག་ཏུ་གཏམ་བཤད་བྱེད་སྐབས་རང་བཙན་རྩོད་ལེན་པའི་རྣམ་འགྱུར་སྟོན་པ་ཙམ་ལས། ཁོང་ཚོའི་ཉིན་རེའི་བྱ་བཞག་དང་རང་བཙན་བར་འབྲེལ་བ་ཅི་ཡང་མེད། ད་དུང་ཁོ་ཚོའི་རང་བཙན་ཞེས་པའི་འབོད་སྒྲ་འདིའི་ནང་དུ་བཙན་བྱོལ་བོད་གཞུང་ཁས་ལེན་མི་བྱེད་པའི་རྣམ་འགྱུར་ཡོད་ཅིང་། རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་ལ་དོན་གྱིས་རྒོལ་བ། ཆེ་ས་ནས་བཤད་ན་རྒྱ་ཆེའི་མི་དམངས་ཀྱི་མངོན་འདོད་དང་ཁེ་ཕན་ལ་འགོག་རྐྱེན་དུ་འགྲོ་བའི་ལས་ཀ་གནོད་ཚབས་ཅན་ཡང་འབྱུང་གིན་ཡོད།༽ཅེས་པ་འདི་རེད།
དྲི་བ།
༡ སྤྱི་འཐུས་སུ་སུ་རེད།
༢ གཞུང་གི་ལས་བྱེད་སུ་སུ་རེད།
༣ ཚོགས་སྡེ་ཁག་གི་ཚོགས་མི་སུ་སུ་རེད།
༤ མི་རྐྱང་རྟ་རྐྱང་མདུན་མཆོང་བ་སུ་སུ་རེད།
ཡང་བོད་ནང་གི་བོད་མི་ཚོས་བཙན་བྱོལ་བོད་གཞུང་ལ་རེ་བ་རྒྱག་གི་མེད་བཟོ་བསྟན་ནས།
༼སྤྱི་ལོ་༢༠༠༦ ལོའི་ཨ་མར་ཝ་ཏི་དུས་འཁོར་དབང་ཆེན་སྐབས་བོད་ནང་ནས་མི་གྲངས་ཆིག་ཁྲི་སུམ་སྟོང་(གྲངས་ཀ་འདི་སྐབས་དེའི་དུས་དབང་བཀོད་སྒྲིག་གནང་མཁན་ནོར་གླིང་གི་ཟིན་ཐོ་ལྟར་ཡིན།)ལྷག་སླེབས་ཡོད་ལ། དེ་དག་མང་ཤོས་ཀྱིས་ལག་ཁྱེར་པ་སི་གཅིག་རང་ལའང་རྒྱ་སྒོར་ལྔ་སྟོང་ནས་ཆིག་ཁྲི་བར་སྤྲད་པ་ཡོངས་གྲགས་ཡིན། ཡིན་ནའང་དེ་ལྟ་བུའི་མི་གྲངས་འབོར་ཆེན་ལས་ཅི་ཙམ་རང་གཞུང་གི་ལྟེ་གནས་དྷ་རམ་ས་ལར་ཡོང་ཡོད་དམ། གྲངས་འབོར་ཅི་ཙམ་གྱིས་ཆབ་སྲིད་ལ་དོ་སྣང་བྱས་ཡོད་དམ། ཅི་ཙམ་གྱིས་བོད་རྒྱ་ཞི་མོལ་སྐོར་རྒྱུས་ལོན་བྱས་ཡོད་དམ། ཅི་ཙམ་གྱིས་རྒྱལ་སྤྱིའི་ཐོག་གི་བོད་དོན་གནས་བབ་ཤེས་རྟོགས་བྱས་ཡོད་དམ། ཅི་ཙམ་གྱིས་འགན་ཁྱེར་ནས་བཙན་བྱོལ་བོད་གཞུང་གི་རྩ་དོན་ལང་ཕྱོགས་ཐོག་ལེགས་སྤེལ་ཉེས་འགོག་གི་བསམ་འཆར་ཕུལ་ཡོད་མེད་བཅས་ནི་གནད་འགག་གི་དྲི་བ་ཡིན། འདིའི་སྟེང་ནས་རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་ཆ་ཚང་གནངས་ན་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་སྔར་བཞིན་གནས་ཐུབ་མིན་དང་། ད་ལྟའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་གསལ་བའི་རྒྱལ་བ་རིན་པོ་ཆེའི་སྐུ་དབང་གཅོ་བོ་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་དང་། བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་སྐུ་དབང་འདི་དག་ཕྱིར་འདོན་བྱས་ཟིན་པའི་རྗེས་སུ་བོད་ཕྱི་ནང་གི་མི་དམངས་ཀྱིས་བཙན་བྱོལ་བོད་གཞུང་ལ་འཛིན་པའི་བསམ་བློ་རང་འཇགས་གནས་ཐུབ་མིན་ཀྱང་གནད་འགག་ཆེས་གལ་ཆེན་ཞིག་ཡིན།༽ཞེས་བྲིས་འདུག
དྲི་བ།
༡ བོད་ནང་གི་བོད་མི་ཚོས་བོད་གཞུང་ལ་རེ་བ་རྒྱག་གི་མི་འདུག་ཟེར་རམ།
༢ བོད་གཞུང་ལ་རེ་བ་རྒྱག་མཁན་ཡིན་ན་རྡ་རམ་ས་ལར་ཡོང་དགོས་རེད་དམ།
༼ནམ་ཞིག་རྒྱལ་བ་རིན་པོ་ཆེ་ཞལ་མ་བཞུགས་པའི་ཉིན་མོ་ཤར་ན། བོད་ནང་གི་རྒྱ་ཆེའི་མི་དམངས་ཀྱི་སེམས་པ་མུ་མཐུད་ནས་བཙན་བྱོལ་བོད་གཞུང་ལ་འཁོར་ཐུབ་མིན་དང་། དགོན་སྡེ་ཁག་གི་གྲྭ་རྒྱུན་དང་། བོད་ཕྲུག་ཁྱིམ་སྡེའི་གསར་འབྱོར་སློབ་མ། དེ་བཞིན་སྤྱི་ཚོགས་ཐོག་གི་ཤེས་ལྡན་མི་སྣ་ཁག་མུ་མཐུད་ནས་སྐྱབས་བཅོལ་སྤྱི་ཚོགས་སུ་འདྲེན་ཐུབ་པའི་འགུག་ཤུགས་གནས་ཐུབ་མིན། གལ་སྲིད་དེ་དག་གི་རྒྱུ་མཚམས་རྦད་དེ་ཆད་པ་ཡིན་ན། བྱེས་གྱར་བོད་མི་རྣམས་ཀྱིས་མུ་མཐུད་ནས་བོད་མི་ས་ཡ་དྲུག་གི་ངོ་ཚབས་མཚོན་ཐུབ་མིན་གྱི་དྲི་བ་འདིའི་སྟེང་ནས་བགྲོ་གླེང་དང་ལས་འཆར་མགོ་འཛུགས་བྱེད་དགོས་པར་མཐོང་།༽
༡ གོང་ནས་བོད་ནང་གི་མི་མང་གིས་བཙན་བྱོལ་བོད་གཞུང་ལ་རེ་བ་རྒྱག་གི་མེད་པ་འདྲ་ཞིག་བཤད་ནས། ད་འདིར། རྒྱལ་བ་རིན་པོ་ཆེ་ཞལ་མ་བཞུགས་པའི་ཉིན་མོ་ནས་བོད་ནང་གི་མི་མང་གི་སེམས་པ་བཙན་བྱོལ་བོད་གཞུང་ལ་འཁོར་ཐུབ་མིན་ཅིག་བཤད་པ་གཉིས་ལས་གང་ལ་ཆ་འཛིན་ཞུ་་དགོས་པ་རེད་དམ།
ཁྱེད་རང་ལ་དུས་ཚོད་ཀྱིས་འདང་ན། གསལ་བཤད་དགོས་ངོ་མ་འདི་ཚོ་ལ་དགོས་ཀྱི་འདུག་མ་གཏོགས། ཁྱེད་རང་གི་ཀློག་མཁན་ཚོས་གོ་བ་ལེན་སྟངས་ལ་གསལ་བཤད་དེ་དགོས་མཁོ་དེ་ཙམ་མི་འདུག་འདོད། གུས་མེད་འདྲ་པོ་ཆགས་སོང་ནའང་། འདི་གླེང་མཁན་ཁྱེད་རང་སོང་ཙང་། ཁྱེད་རང་གིས་གསལ་བཤད་ཅིག་ཀློག་འདོད་ནས་ཕུལ་བ་ཡིན།
ཆོས་འཕེལ་ལགས་ཀྱིས་བཏབ་པའི་མཆན་དེས་ངའི་འདོད་པ་ཧ་ལམ་ཚིམས་བྱུང་། ངས་ཀྱང་འདི་འདྲ་ཞིག་གྲ་སྒྲིག་བྱས་གཏོང་གྲབས་ཡོད། ད་དུང་འདིར་མ་འཁོད་པ་རེ་ཟུང་འདུག་མོད་དེས་འཐུས་པར་བྱ། ད་ཧོར་འཇིགས་ལགས་ཀྱིང་གང་འདྲ་གསུང་མིན་སྒུག་ནས་བསྡད་ཡོད་དའ་།
ཧོར་གཙང་འཇིགས་མེད་ལགས་ཀྱི་རྩོམ་དང་དེའི་གསལ་བཤད་གཉིས་ཀ་དེ་རིང་བཀླགས་ཁོམ་བྱུང་། རྩོམ་ཨ་མ་དེ་དངོས་གནས་སེམས་འཚབ་ཀྱི་འོག་དུས་ཐུང་ནང་བྲིས་པ་འདྲ། གསལ་བཤད་དེ་ལ་བསམ་གཞིགས་གང་ཙམ་གནང་ཡོད་པའི་རྣམ་པ་མངོན། ངས་བསམ་ཤེས་ཐུབ་ཀྱི་འདུག ང་རང་ཡང་བྲེལ་ཟིང་ཆེན་པོ་ཡིན་སྟབས། ཞིབ་ཆ་མེད་པའི་རྩོམ་ཡིག་བྲིས་པ་དང་མཆན་བཏབ་པ་ཉུང་ཉུང་མིན། འོན་ཀྱང་། རྩོམ་ཡིག་ཨ་མ་དང་གསལ་བཤད་གཉིས་ཀ་ཞིབ་པར་བཀླགས་ན། བསམ་ཚུལ་གྱི་ངོས་གཉིས་ཀ་མཐོང་ཐུབ་ཀི་འདུག ད་རྩོད་དགོས་པ་ཅི་འདུག
བསམ་ཚུལ་ནི་བསམ་ཚུལ་རེད། ཐམས་ཅད་མཐུན་པ་ཡོང་མི་སྲིད། མཐུན་ན་མཐུན་པ་རེད། མ་མཐུན་ན་མ་མཐུན་པ་རེད། ཡིན་ནའང་གུས་བརྩི་བྱ་རྒྱུ་དེ་གལ་ཆེན་རེད། རྟག་པར་མི་ཞིག་གི་མི་གཤིས་དང་ཤེས་ཚད་ལ་ཅིག་བཤད་བསྡད་ན་ཡག་པོ་མི་འདུག མ་འོངས་པར་འདི་ལ་ཡོང་འདོད་མེད་པ་ཆགས་ཉེན་ཡོད།
ཆོས་འཕེལ་གྱི་དྲི་བ་གཅིག་གི་ལན་ངས་བརྒྱབ་ཆོག
དྲི་བ། ༢ རྒྱལ་བ་དོན་གྱི་བདག་པོར་ཟུར་ཟ་བྱེད་མཁན་སུ་སུ་རེད་དམ།
ལན། རྒྱལ་བ་དོན་གྱི་བདག་པོ་ཟུར་ཟ་བྱེད་མཁན་དང་པོ་དུས་འཁོར་དབང་ཆེན་གསུངས་པ་རྫུན་རེད་མདོག་སྟོན་མཁན་ཞིག་གིས་སྔར་དུས་འཁོར་རྒྱུད་ཀྱི་བརྗོད་བྱ་རི་རབ་གླིང་བཞི་དང་། ཤམ་བྷ་ལ་སོགས་ལ་དཔྱད་རྩོམ་གྱི་ལམ་ནས། ནེ་པ་ལེ་ཞིག་རེད་ཟེར་བ་འདྲ་བོ་སྤེལ་མཁན་དེའི་རིགས་རེད། དེབ་དེ་སུས་བྲིས་མིན་བརྗེད་སོང་།
གཉིས་པ་ཡང་ཆོས་པའི་མིང་ཁས་པ་ཁ་ཤས་ཀྱིས་སྲུང་མ་དང་ཆོས་དད་རང་མོས་ཁ་ལ་ཁས་ནས་གོ་སྐབས་ནམ་ཡོད་ལ་རྒོལ་བཞིན་པ་དེ་དག་རེད།
གསུམ་པ་འཇམ་དབྱངས་ནོར་བུས་འཚམ་འཚམ་ལ་དམའ་འབེབས་བྱེད་བཞིན་པ་འདྲ་བོ་ཞིག་གོ་སོང་། ཐོག་མར་རྣ་བར་མ་སོང་མོད། ཐེངས་གཅིག་ཚོགས་འདུ་ཞིག་གི་སྟེང་ནས་མཐོང་སོང་། ལུས་ངག་གི་རྣམ་འགྱུར་ལ་བལྟས་ནས་ཡིད་ཐང་ཆད་སོང་། མི་དེ་ལ་གུས་ཞབས་ཟེར་བ་སྤུ་ཙམ་མི་འདུག ངས་འཇམ་དབྱངས་ནོར་བུ་འདི་རྒྱ་ཕྲུག་ལྟ་བུ་ཞིག་ལ་ངོས་འཛིན་ཐོབ་སོང་། ཁོང་གིས་གོང་ས་མཆོག་ལ་གུས་ཞབས་མེད་པ་དེ་ལས་ངས་ཀྱང་ཁོང་ལ་ཐད་ཀར་བལྟ་རྒྱུའི་མགོ་བཙུགས་པ་ཡིན། བར་གསེང་སྐབས་སུ། ངས་ཁོ་ལ་ཡུན་གྱིས་གཟུགས་པོའི་སྟེང་དུ་བལྟས་པ་ཡིན། དེ་ནས་ཁྲིས་ལ་བཅར་ནས་ཁྱོད་རང་སུས་རྩོམ་ཡིག་ལ་དགའ་ཟེར་དུས། རྒྱ་ནག་རྩོམ་པ་པོ་ལུའུ་ཞིན་ལ་དགའ་ཟེར། ཁྱོད་ཚོས་ལུའུ་ཞུན་འེ་ཤེས། རིག་གནས་གསར་བརྗེའི་སྐབས་ཀྱི་རྩོམ་རིགས་ནོར་འཁྲུལ་ཡོད་ཚད་མི་དེའི་ནོར་འཁྲུལ་རེད་ཟེར་ན་འགྲིག་པ་ཡོད་པ་རེད། འཇམ་ནོར་གྱིས། སྐྲ་དང་ཁ་སྤུ་འཇོག་སྟངས་དང་། གོན་པ་གོན་སྟངས་ཆ་ཚང་དཔར་སྟེང་དུ་ཡོད་པའི་ལུའུ་ཞུན་ལ་ལད་པོ་བྱེད་བཞིན་པ་རེད། མི་བདེན་བསམ་ན་ཁྱོད་ཚོས་ལུའུ་ཞུན་གྱི་དཔར་ལ་ལྟོས།
འོན་ཀྱང་ཁོང་ཅག་གི་ཕྱག་ལས་བཟང་པོའི་ཕྱོགས་ལ་དུས་ནམ་ཡང་རྒྱབ་སྐྱོར་ཡོད།
གཞོན་ནུ་ཟླ་མེད། ཁ་དྲོ་བཀྲ་ཤིས། ད་ཀྱག་ཀྱག་ལྟ་བུ་བྱས་ནས་རྐང་བཙུགས་ཏེ་ཡིག་ནོར་གྱི་ཕུང་པོ་ཤ་སྟག་མི་འབྲི་རོགས་གྱིས། ང་ཚོས་རང་གི་སྐད་ཡིག་ལ་བདག་པོ་རྒྱག་དགོས་པ་རེད། བདག་པོ་རྒྱག་བཞིན་ཡོད། མིག་ལྟོས་ངན་པ་བཟོས་ནས་ཅི་བྱེད། ད་ནི་༧གོང་ས་མཆོག་གི་མཚན་གྱི་དབུ་ན་ཡོད་པའི་ཆེ་རྟགས་དེ་ཡང་འབྲི་གི་མི་འདུག ད་བར་༧གོང་ས་མཆོག་གི་མཚན་དེ་ཁྱོད་ཀྱིས་མཐོང་མྱོང་མེད་པ་ནི་ཨེ་ཡིན། འདི་འདྲ་དངོས་གནས་ཐལ་དྲག་པ་མ་རེད་དམ། དེ་ནས་བོད་ཀྱི་དུས་བབ་མདུན་ངོས་ཀྱི་༼བོད་ཕྱི་ནང་གི་བདེ་འཇགས་རྐང་ཚ་༽ཟེར་བ་དེ་ལ་ལྟོས་དང་ངས་ཁྱོད་ལ་བསླབ་བྱ་འམ་རེ་འདུན་ཞིག་བྲིས་ཡོད།
༤༤༽ གཞོན་ནུ་ཟླ་མེད་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༨ གི་ཆུ་ཚོད་ ༩ སྐར་མ་ ༢༤
ཆོས་འཕེལ་གྱི་དྲི་བ་གཅིག་གི་ལན་ངས་བརྒྱབ་༼རྒྱག་༽ཆོག
དྲི་བ། ༢ རྒྱལ་བ་༼༧རྒྱལ་བ་༽དོན་གྱི་བདག་པོར་ཟུར་ཟ་བྱེད་མཁན་སུ་སུ་རེད་དམ།
ལན། རྒྱལ་བ་༼༧རྒྱལ་བ་༽དོན་གྱི་བདག་པོ་༼ པོར་༽ཟུར་ཟ་བྱེད་མཁན་དང་པོ་དུས་འཁོར་དབང་ཆེན་གསུངས་པ་རྫུན་རེད་མདོག་སྟོན་མཁན་ཞིག་གིས་སྔར་དུས་འཁོར་རྒྱུད་ཀྱི་བརྗོད་བྱ་རི་རབ་གླིང་བཞི་དང་། ཤམ་བྷ་ལ་སོགས་ལ་དཔྱད་རྩོམ་གྱི་ལམ་ནས། ནེ་པ་ལེ་ཞིག་རེད་ཟེར་བ་འདྲ་བོ་སྤེལ་མཁན་དེའི་རིགས་རེད། དེབ་དེ་སུས་བྲིས་མིན་བརྗེད་སོང་།
གཉིས་པ་ཡང་ཆོས་པའི་མིང་ཁས་༼ཁུར་༽པ་༼བ་༽ཁ་ཤས་ཀྱིས་སྲུང་མ་དང་ཆོས་དད་རང་མོས་ཁ་ལ་ཁས་༼ཁྱེར་་་ཁུར་༽ནས་གོ་སྐབས་ནམ་ཡོད་ལ་རྒོལ་བཞིན་པ་དེ་དག་རེད།
གསུམ་པ་འཇམ་དབྱངས་ནོར་བུས་འཚམ་༼མཚམས༽འཚམ་༼མཚམས་༽ལ་དམའ་འབེབས་བྱེད་བཞིན་པ་འདྲ་བོ་ཞིག་གོ་སོང་། ཐོག་མར་རྣ་བར་མ་སོང་མོད། ཐེངས་གཅིག་ཚོགས་འདུ་ཞིག་གི་སྟེང་ནས་མཐོང་སོང་། ལུས་ངག་གི་རྣམ་འགྱུར་ལ་བལྟས་ནས་ཡིད་ཐང་ཆད་སོང་། མི་དེ་ལ་གུས་ཞབས་ཟེར་བ་སྤུ་ཙམ་མི་འདུག ངས་འཇམ་དབྱངས་ནོར་བུ་འདི་རྒྱ་ཕྲུག་ལྟ་བུ་ཞིག་ལ་ངོས་འཛིན་ཐོབ་སོང་། ཁོང་གིས་གོང་ས་༼༧གོང་ས་༽མཆོག་ལ་གུས་ཞབས་མེད་པ་དེ་ལས་ངས་ཀྱང་ཁོང་ལ་ཐད་ཀར་བལྟ་རྒྱུའི་མགོ་བཙུགས་པ་ཡིན། བར་གསེང་སྐབས་སུ། ངས་ཁོ་ལ་ཡུན་གྱིས་གཟུགས་པོའི་སྟེང་དུ་བལྟས་པ་ཡིན། དེ་ནས་ཁྲིས་༼འཁྲིས་༽ལ་བཅར་ནས་ཁྱོད་རང་སུས་རྩོམ་ཡིག་ལ་དགའ་ཟེར་དུས། རྒྱ་ནག་རྩོམ་པ་པོ་ལུའུ་ཞིན་ལ་དགའ་ཟེར། ཁྱོད་ཚོས་ལུའུ་ཞུན་འེ་༼ཨེ་༽ཤེས། རིག་གནས་གསར་བརྗེའི་སྐབས་ཀྱི་རྩོམ་རིགས་ནོར་འཁྲུལ་ཡོད་ཚད་མི་དེའི་ནོར་འཁྲུལ་རེད་ཟེར་ན་འགྲིག་པ་ཡོད་པ་རེད། འཇམ་ནོར་གྱིས། སྐྲ་དང་ཁ་སྤུ་འཇོག་སྟངས་དང་། གོན་པ་གོན་སྟངས་ཆ་ཚང་དཔར་༼པར༽སྟེང་དུ་ཡོད་པའི་ལུའུ་ཞུན་ལ་ལད་པོ་༼ མོ ༽བྱེད་བཞིན་པ་རེད། མི་བདེན་བསམ་ན་ཁྱོད་ཚོས་ལུའུ་ཞུན་གྱི་དཔར་༼པར༽ལ་ལྟོས། འོན་ཀྱང་ཁོང་ཅག་གི་ཕྱག་ལས་བཟང་པོའི་ཕྱོགས་ལ་དུས་ནམ་ཡང་རྒྱབ་སྐྱོར་ཡོད།
ངེད་ནས་བསམ་ཚུལ་མི་མཐུན་པ་རྣམས་བཤད་གི་ཡིན་ལབ་ཡོད། དོ་དགོང་མདོར་བསྡུས་ཤིག་བཤད་གི་ཡིན།
ངེད་ཀྱི་མཆན་བུ་ཐུང་ཐུང་དེར། རྒན་ཧོར་གཙང་འཇིགས་མེད་ལགས་ནས་བསམ་ཚུལ་རིང་པོ་ཞིག་བྲིས་གནང་བར་བཀའ་དྲིན་ཆེ་ཞུ་གི་ཡིན།
ངེད་ཀྱི་མཆན་དེ་དང་རྒན་ལགས་ཀྱི་བསམ་ཚུལ་གསལ་བཤད་དེ་གཉིས་ཀྱི་དབར་ན་གོ་ནོར་ཐེབས་པ་ཡང་འདུག དེ་ཚོ་འདི་རུ་གསལ་བོ་བཟོ་གི་ཡིན།
གཞན། བསམ་ཚུལ་མི་མཐུན་པ་དེ་ཚོ་མི་མཐུན་པའི་ངོ་བོའི་ཐོག་ནས་གླེང་གི་ཡིན།
དང་པོ།
ངེད་ཀྱིས་གླེང་བཞིན་པའི་རང་བཙན་འཐབ་རྩོད་པ་དག་ནི། འཇམ་ནོར་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཡིན།
རྒན་ལགས་ནས་འཇམ་ནོར་སོགས་མིན། གཞན་པ་ཡིན་ལབ་འདུག དེས་ན། དེ་ལ་རྩོད་རྒྱུ་མི་འདུག
གཉིས།
རྒན་ལགས་ནས་༧གོང་ས་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱི་སྐོར་དེ་ཕྱི་ལོ་༡༩༩༧ལོའི་སྐོར་བཤད་གི་འདུག ངེད་ཀྱིས་༢༠༠༩ལོའི་གྲོས་ཚོགས་ཀྱི་གྲོས་ཆོད་དེ་གླེང་གི་ཡོད།
དེ་ཡང་གོ་ནོར་ཐེབས་འདུག དེ་ལ་ཡང་རྩོད་རྒྱུ་མི་འདུག
གསུམ།
བགྲེས་ཡོལ་གྱི་གནད་དོན་འདི་ལྡོག་ཐབས་མེད་པ་ཞིག་རེད། ལྡོག་ཐབས་མེད་པ་དེ་ལ་སེམས་ཁྲལ་ལྷག་མ་བྱེད་རྒྱུ་ཡོད་མ་རེད་དྲན། བགྲེས་ཡོལ་ལ་ཕེབས་དགོས་བ་དེ་ཡང་གཙོ་བོ་གནད་དོན་གསུམ་ལ་ཐུག་ཡོད་རེད། ༡ ༧གོང་ས་མཆོག་གི་ལོ་ནའི་བབས། ༢ བཙན་བྱོལ་གྱི་མང་གཙོའི་སྒྲིག་འཛུགས་དང་དེའི་འབྱུང་འགྱུར། ༣ རྒྱལ་སྤྱིའི་སྒྲིག་འཛུགས་དང་འབྲེལ་བའི་༧གོང་ས་མཆོག་གི་མཛད་འཕྲིན་སྐྱོང་སྟངས་བཅས་རེད། བགྲེས་ཡོལ་ལ་ཕེབས་ཚར་ན། བཙན་བྱོལ་བོད་གཞུང་མུ་མཐུད་དུ་གནས་མི་གནས་ལ་སེམས་ཁྲལ་མི་འདུག་དྲན། རྒྱུ་མཚན། བཙན་བྱོལ་བོད་གཞུང་འདི་གཞུང་གི་སྒྲིག་འཛུགས་ཤིག་རེད་མ་གཏོགས་གང་ཟག་སྒེར་བ་ཞིག་མ་རེད། དབུ་འཁྲིད་བགྲེས་ཡོལ་ལ་ཕེབས་པ་དང་གཞུང་གི་སྒྲིག་འཛུགས་དེ་ཡང་བཤིག་འགྲོ་བ་དེ་འདྲ་ཡོང་གི་མ་རེད་དྲན།
སྒྲིག་འཛུགས་ཟེར་བ་འདི་ཐག་པ་མང་པོའི་སྣེ་ཡིས་བསྡམས་པ་ཞིག་རེད་མ་གཏོགས་ཐག་སྣེ་གཅིག་ལ་བརྟེན་ནས་འདུག་མཁན་ཞིག་མ་རེད། འདི་རྒྱལ་ནང་དང་རྒྱལ་སྤྱི་གཉིས་ཀ་ནས་ཁ་ཚུར་འཁོར་ནས་བལྟས་དང་གསལ་བོ་མཐོང་བ་ཞིག་རེད། དེ་ནས། གྲ་སྒྲིག་ཟེར་བ་འདི་ཡང་གཙོ་བོ་ཤེས་ཡོན་སློབ་སྦྱོང་རེད། མི་མང་ལ་ཤེས་ཡོན་སློབ་སྦྱོང་དགོས་རེད། ཤེས་ཡོན་སློབ་སྦྱོང་མེད་ན་གྲ་སྒྲིག་བྱེད་རྒྱུ་ཅང་ལྷག་ཡོད་མ་རེད། ཤེས་ཡོན་སློབ་སྦྱོང་ཡོད་ན་གྲ་སྒྲིག་ཀྱང་ཞོར་ལ་ཡོད་ཡོད་པ་རེད།
བཞི།
དེ་ནས། ༧གོང་ས་མཆོག་ཞལ་མ་བཞུགས་ན་ཟེར་བ་འདི་རེད། བགྲེས་ཡོལ་འདི་ཡང་དུས་ཚོད་ཀྱི་སྔ་ཕྱི་ཞིག་མ་གཏོགས་ཞལ་མི་བཞུགས་པ་མཁྱེན་ནས་ཞུ་གི་ཡོད་རེད་དྲན། ཞལ་མ་བཞུགས་པའི་ཉིན་མོར། གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་ཆད་པ་སོགས་ལ་སེམས་ཁྲལ་ཨེ་ཡོད་དྲན། དེ་ཡང་། གཙོ་བོ་གནས་སྟངས་དཀའ་ངལ་ཅན་དེའི་དབང་གིས་རེད། ཇི་སྲིད་བོད་ལ་དཀའ་ངལ་ཡོད་པ་དེ་སྲིད་དུ། བོད་དོན་འདི་ཡང་གནས་གི་རེད། ཞིབ་པར་བསམ་བློ་བཏང་ན། བོད་དོན་ཟེར་བ་འདི་དཀའ་ངལ་ཞིག་ལ་བབརྟེན་ནས་གནས་བསྡད་ཡོད་རེད་མ་གཏོགས་༧གང་ཟག་གཅིག་དང་ཚོགས་པ་སྒྲིག་འཛུགས་ཤིག་ལ་བལྟས་ནས་གནས་བསྡད་པ་ཞིག་མ་རེད། དེ་ནི་ཕྱི་ལོ་༢༠༠༨ལོའི་བོད་ནང་གི་ཞི་རྒོལ་དེས་ཁ་གསལ་བོ་གྲགས་གི་རེད། གཙོ་བོ་ལུང་པའི་མི་མང་གི་གནས་སྟངས་ནས་ལུང་པའི་འཐབ་རྩོད་ཀྱི་ཁ་གྲགས་གི་རེད་། ༧གོང་ས་མཆོག་ཞལ་མ་བཞུགས་པའི་ཉིན་མོ་ཡང་། བོད་ལ་དཀའ་ངལ་ཡོད་ན་བོད་དོན་ཡང་མུ་མཐུད་གནས་གི་རེད། རྒྱུ་མཚན། དཀའ་ངལ་ཡོད་ས་དེས་འཐབ་རྩོད་མུ་མཐུད་དུ་བྱེད་གི་རེད། འདི་ཚོ། དབུ་འཁྲིད་ཞལ་མ་བཞུགས་ན་ལུང་པའི་དཀའ་ངལ་དང་གནས་སྟངས་ཡང་ཡལ་འགྲོ་བ་དེ་འདྲ་ཡོང་གི་མ་རེད་དྲན།
ལྔ་།
ཕྱི་ལོ་༢༠༠༨ལོའི་དམིགས་བསལ་ཚོགས་ཆེན་གྱི་སྐོར་ལ་མདོར་བསྡུས་ཤིག་འདི་རུ་བཀོད་གི་ཡིན། ཕྱི་ལོ་༢༠༠༨ལོའི་ཟླ་༩པའི་ཚེས་༡༡ཉིན། ༧གོང་ས་མཆོག་ནས་དམིགས་བསལ་ཚོགས་ཆེན་སྐོར་གྱི་བཀའ་དང་པོ་དེ་གནང་བ་རེད། ཕྱི་ཟླ་༩པའི་ཚེས་༢༦ཉིན་ཚོགས་དྲུང་ལས་ཁུངས་ནས་དེའི་སྐོར་གསལ་བསྒྲགས་དང་པོ་དེ་སྤེལ་འདུག ཕྱི་ཟླ་༡༠པའི་ཚེས་༣ཉིན་གསལ་བསྒྲགས་ཐེངས་གཉིས་པ་དེ་གནང་འདུག ༧གོང་ས་མཆོག་གི་བཀའ་དང་གསལ་བསྒྲགས་དང་པོའི་དབར་ན་ཉིན་༡༥འདུག གསལ་བསྒྲགས་གཉིས་པའི་དབར་ན་ཉིན་༢༣གྱི་དབར་ཁྱད་ཤོར་འདུག དེ་ནས། ཕྱི་ཟླ་༡༡གི་ཚེས་༡༤ཉིན། ༧གོང་ས་མཆོག་གིས་དམིགས་བསལ་གསུང་འཕྲིན་དེ་བསྩལ་འདུག དེའི་ནང་དུ། ༧གོང་ས་མཆོག་གིས་”མང་ཚོགས་ཀྱི་བསམ་འཆར་ངོ་མ་ལྷད་མེད་ཚོགས་ཆེན་གྱི་སྡིངས་ཆའི་ཐོག་གསལ་འདོན་བྱེད་དགོས་”གསུངས་འདུག དེ་ནི་ཚོགས་ཆེན་དངོས་གཞིའི་ཉིན་གསུམ་གྱི་སྔོན་ལ་རེད། དེ་ནས། བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་མཇུག་འབྲས་གསལ་བསྒྲགས་དེ་ཕྱི་ཟླ་༡༡པའི་ཚེས་༡༦ཉིན་བྱས་འདུག དེ་ནི་ཚོགས་ཆེན་གྱི་ཉིན་གཅིག་གི་སྔོན་ལ་འཁེལ་འདུག འོན་ཀྱང་། མི་མང་གི་བསམ་ཚུལ་བསྣམས་མཁན་གྱི་སྐུ་ཚབ་ཚོ་༧གོང་ས་མཆོག་གི་དམིགས་བསལ་གསུང་འཕྲིན་དང་བོད་རྒྱ་འབྲེལ་མོལ་གྱི་གསལ་བསྒྲགས་གཉིས་ཀའི་སྔོན་ལ་རྡ་སར་སླེབས་འདུག འདི་ལྟར། བསམ་ཚུལ་འཁྱེར་མཁན་ཡིན་ཟེར་མཁན་ཚོ་སྔོན་ལ་སླེབས། ལམ་སྟོན་དང་འགྱུར་བ་རྗེས་ལ་བྱུང་འདུག ད་དུང་དེས་ག་ལ་ཚད། བསམ་ཚུལ་བསྡུ་མཁན་ཚོས། དགོན་པ་དང་སློབ་གྲ། གཞིས་ཆགས་ཁག་ཏུ། བོད་ནང་གི་ཛ་དྲག་བྱུང་རྐྱེན་དང་རྒྱལ་སྤྱིའི་གནས་བབ་བཅས་ལ་གཞི་བཞག་པའི་ཐོག་ན་བསམ་ཚུལ་མ་བསྡུས་པར། དབུ་མའི་ལམ་དང་རང་བཙན་གང་ལ་འདོད་པ་ཡོད་མེད་སྐོར་ནས་བསམ་ཚུལ་བསྡུས་འདུག བསམ་ཚུལ་དང་པོ་ནས་བསྡུ་ནོར་ཤོར་འདུག
༧གོང་ས་མཆོག་གི་དམིགས་བསལ་གསུང་འཕྲིན་གྱིས་དེའི་རྗེས་ཟིན་མི་འདུག འདི་ལྟར། དུས་ཚོད་ཀྱི་རྗེས་མ་ཟིན་པ། བསམ་ཚུལ་བསྡུ་ནོར་ཤོར་བ་གཉིས་ལ་བརྟེན་ནས་དམིགས་བསལ་ཚོགས་ཆེན་དེ་འཚོགས་འདུག ཚོགས་ཆེན་སྐབས་སུ་ཡང་། སྐུ་ཚབ་ཚོས་མི་མང་གི་བསམ་ཚུལ་མ་བཤད་པར་སོ་སོའི་ལྟ་ཚུལ་བཤད་པའི་གནས་སྐབས་ཀྱང་བྱུང་འདུག དེའི་དཔེ་མཚོན་གཅིག་རྒན་ལགས་ཀྱིས་ཀྱང་གོང་དུ་དྲངས་འདུག དམིགས་བསལ་ཚོགས་ཆེན་སྐོར་ལ་མདོར་བསྡུས་ཙམ་འདི་ཡིན།
རྒན་ལགས་། ད་དེ་ཙམ་ཡིན། ཁྱེད་ཀྱི་སེམས་ཁྲལ་འཕར་མ་དེ་ཚོར་ཡང་བརྩི་བཀུར་ཡོད།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས།