བསམ་ཡས་གཙུག་ལག་ཁང་དང་མཁན་སློབ་ཆོས་གསུམ་གྱི་འབྲེལ་བ། Posted on 2016-08-112016-08-11 By ཁ་བརྡ་ 69 Comments on བསམ་ཡས་གཙུག་ལག་ཁང་དང་མཁན་སློབ་ཆོས་གསུམ་གྱི་འབྲེལ་བ། བཅར་འདྲི།
དེང་དུས་རང་རེའི་སྤྱི་ཚོགས་ཁྲོད་ངེས་དོན་གྱི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱིས་རབ་ཏུ་ཕྱུག་པའི་བཙུན་པ་ཐུབ་བསྟན་ཡར་འཕེལ་ལྟ་བུ་ནི་ཉིན་སྐར་ཙམ་དུ་སྣང་ཡང་། ཁོང་ལྟ་བུ་ཞིག་ད་དུང་དངོས་སུ་སྐུ་འཚོ་བཞུགས་ཡིན་པ་ཙམ་དུ་མ་ཟད། དེ་རིང་དངོས་སུ་ཨ་རི་རླུང་འཕྲིན་བརྒྱུད་ཞལ་མཇལ་རྒྱུ་དང་གསུང་ཐོས་རྒྱུ་བྱུང་བར་དགའ་སྤོབས་ནི་བསམ་ཡུལ་ལས་འདས་སོ། བཀའ་དྲིན་ཆེ།
སྐུ་གཞོགས་ཐུབ་བསྟན་ཡར་འཕེལ་ལགས་སུ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་ཕྱིས་སུ་འདི་འདྲའི་ལས་རིམ་ནང་གང་མང་མང་མཉམ་ཞུགས་ཀྱིས་རང་གི་ཤེས་བྱ་བློ་གྲོས་གཞན་ལ་སྦྱིན་པ་གཏོང་རོགས་གནང་། བཞུགས་སྒར་དུ་བཅའ་བཞུགས་རྣམ་གྲྭ་གམ་བཅར་བ་སྐུ་གཞོགས་མཁྱེན་ཡོན་ཅན་ཁྱེད་ལྟ་བུ་འདི་འདྲ་ཞིག་བརྙན་འཕྲིན་བརྒྱུད་དངོས་སུ་མཇལ་བ་དང་གསུང་ཐོས་པ་ནི་ལོ་རྒྱུས་ནང་ཉི་ཟླ་ལྟར་དང་པོ་ཡིན་ཚོད་ལགས། བཀྲིན་བླ་མེད་དུ་ཆེ།། རྡོ་རྗེ་ཚེ་བརྟན་ལགས། ཁྱེད་ནི་ད་ཡོད་རླུང་འཕྲིན་ལས་བྱེད་པ་ཚོའི་ནང་ནས་བོད་ཀྱི་ལོ་རྒྱུས་སྐོར་སུ་ཞིག་ལའང་བཅར་འདྲི་གནང་ཡང་རང་ངོས་ནས་རྒྱུན་དུ་དཔེ་ཀློག་གིས་གྲ་སྒྲིག་གནང་ནས་དྲི་བ་འདྲི་ལན་གནང་གིན་ཡོད་པའི་དོ་སྣང་ཤུགས་ཆེ་བྱུང་བས་ཐུགས་རྗེ་བཀྲིན་བླ་མེད་དུ་ཆེ།། །།
སྐུ་ཞབས་ཁོང་ནི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱིས་ཕྱུག་པ་ཞིག་ཡིན། ཁོང་གིས་ཕྱོགས་བསྒྲིགས་དང་རང་རྩོམ་གནང་བའི་དཔེ་དེབ་ཚད་ལྡན་མང་དུ་མཇལ་རྒྱུ་ཡོད། འདི་ལྟ་བུའི་མཁས་པ་དག་སྐུ་ཚེ་ཡུན་དུ་བརྟན་པར་ཤོག རྡོ་རྗེ་ཚེ་བརྟན་ལགས་ཀྱང་ཨ་རིའི་རླུང་འཕྲིན་ཁང་གི་ཕུལ་བྱུང་བའི་གྲས་ཡིན། མཛད་འཕྲིན་སྔར་བཞིན་རྒྱས་པར་ཤོག
༅༅།་སྐུ་ཞབས་རྡོ་རྗེ་ཚེ་བརྟན་ལགས་ནས་སྐུ་ཤོག་བསྟན་པ་ཡར་འཕེལ་མཆོག་ལ་ བསམ་ཡས་གཙུག་ལག་ཁང་དང་མཁན་སློབ་ཆོས་གསུམ་སྐོར་ལ་བཅར་དྲི་ཡག་པོ་གནང་སོང་བ་ མ་ཚད་སྐུ་ཤོག་ལགས་ནི་དངོས་གནས་ཀྱི་སྐུ་ཡོན་ཡོད་མཁན་ཞིག་རེད་འདུག་པ་དཔེ་ཡག་པོ་གསལ་ བཤད་གནང་སོང་བ་མ་ཚད་་་་རྡོ་རྗེ་ཚེ་བརྟན་ལགས་ཀྱང་ཤེས་ཡོན་ཡོད་པའི་དྲི་བ་དྲིས་སོང་བ་ཐུགས་ རྗེ་བླ་མེད་དུ་ཆེ། དེ་འདྲ་ཉན་རྒྱུ་བྱུང་ན་ལུས་སེམས་དགའ་ཞིང་གཟུགས་པོ་ཡང་བདེ་ཙམ་འགྲོ་གི་འདུག་ དེ་མིན་ནུབ་ཕྱོགས་ལུང་པ་ལ་་དམིགགས་བསལ་ཅན་གང་ཡང་མེད། ཁྱེད་རྣམ་གཉིས་ལ་བཀྲིས་བདེ་ལེགས་ཡོད།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དགུང་ལོ་ཉེས་གཅིག་ཐོག་ལ། སློབ་དཔོན་རིན་པོ་ཆེ་བོད་ལ་ཕེབས། ཁྲི་སྲོང་རེ་དགུའི་ཐོག་གཤེགས། གཤེགས་རྗེས་ལོ་ལྔ་དང་ཟླ་བ་དྲུག་བཞི་བཞུགས་པས། སློབ་དཔོན་བོད་ལ། ལོ་ཧྲིལ་པོ་ལྔ་བཅུ་ང་བཞི་དང་ཟླ་བ་དྲུག་བཞུགས་པར་གྲགས།
འོ་ད་རུང་ལོ་རྒྱུས་འགའ་ཆད་འདུག། ཐོག་མར་པདྨ་ས་བྷ་བ་བྱད་གཟུགས་ཉེས་ཆེ་བས། ཕ་མ་གཉིས་ཀྱིས་ལྟས་ངན་དུ་རྩིས་ནས་དུར་ཁྲོད་ནང་དུ་གཡུག། དེ་ནས་ཤཀྱ་སེང་གེའི་མདུན་སོང་ནས་གྲ་པ་བྱས་རྗེས་གྲྭ་མིང་ལ་ཡང་ཤཀྱ་སེང་གེ་བཏགས། དེ་རྗེས་མནྡྷ་ར་བའི་ཇོ་སྡོམ་ འཕྲོག་ནས་གྲ་ཇོ་ཁ་སྦྱོར་གྱི་གྲྭ་ལོ་ཇོ་ལོག་བྱས། དེ་ནས་ཟ་ཧོར་རྒྱལ་པོ་ཡི་མ་རང་བར་བར་ཡུལ་དུ་རྒྱང་འབུད་གཏོང་། དེ་ནས་རིམ་བཞིན་བོད་ལ་ཡོང་ནས་བོན་གྱི་སྔགས་པོ་མཐོན་དུས་སྔགས་པ་ཡིན་ཞེས་སྔགས་རྫུན་བྱས། ཁྲི་སྲོང་བཙན་གྱི་དབུ་བླ་བསྐུར་དུས་མཁའ་ཆེན་བཟའ་ ལ་ལྐོག་འབྲེལ་བྱས་ནས་རྒྱོ་རྒྱབ། དེ་བོད་རྒྱལ་ཀྱི་ཧ་གོ་དུས་དབང་ཡོན་དུ་ཕུལ། དེ་རྗེས་ཡར་ཡར་བོད་ཀྱི་ཆབ་སྲིད་ལ་ལག་པ་བརྐྱངས་སྲིད་འཕྲོག་སེམས་འཆང་ཡོང་དུས། བོད་རྒྱལ་འུ་ཐུག་ནས་གསེར་དངུལ་ཅུང་ཙམ་སྤྲད་ནས་པདྨ་ས་བྷ་བ་རྒྱང་འབུད་གཏོང་དགོས་བྱུང་བ། མཐར་རྐུན་ཇག་གིས་མངའ་རིང་གུང་ཐང་ལར་འཇབ་སྒུག་རྒྱབ་ནས་གསེར་དངུལ་འཕྲོག་པདྨ་ས་བྷ་བ་བསད་སོང་བའི་དངོས་བྱུང་ལོ་རྒྱུད་དག་བཤད་མི་འདུག་བ།
སྐད་ཆ་ལྷ་སྒྲུང་འདྲ་པོ་ཞིག་བཤད་ནས་ལོ་རྒྱུས་བཤད་ཀྱི་ཡོད་མདོག་མདོག ཆོས་ལུགས་པའི་རྫུན་རྒན་དེ་དག་གིས་རྫུན་བཤད་བཤད་ཀྱིས་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱང་དངོས་ཡོད་དང་མི་མཐུན་པའི་ལྷ་སྒྲུང་ལྟ་བུ་ཤ་སྟག་བཤད་ཀྱི་འདུག་ག
ཇི་སྐད་དུ། མཁན་སློབ་ཆོས་གསུམ་རིང་ལུགས་ཆེ། ། ཛམ་གླིང་ས་གསུམ་ཁྱབ་པར་འཕེལ། ། འགྲོ་རྒྱུད་མཆོག་གསུམ་སྣང་བ་དང་། ། མི་འབྲལ་དུས་གསུམ་དགེ་ལེགས་ཤོག །
རྔོག་ལོ་ཆེན་པོས། བེེ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། ། སྐ་ཅོག་རྣམས་གཉིས་ཉི་ཟླ་ཟུང་གཅིག་སྟེ། ། རིན་ཆེན་བཟང་པོ་མཐོ་རངས་སྐར་ཆེན་བཞིན། ། ཁོ་བོ་དེ་དྲུང་སྲིན་པོ་མེ་འཁྱེར་ཙམ། །ཞེས་གསུངས།
མངའ་རིས་པ་མཁན་པོས། བཀའ་བསྟན་གྱི་འགྱུར་རྣམས་ལ་ལེགས་པར་བརྟགས་ན་ན་ཡང་། སྔ་དར་ཀྱི་ཚེ་ལོ་པཎ་རྣམས་ཀྱིས་བསྒྱུར་བའི་ཆོས་ནི་རྟའི་ལུས་ཀྱི་སྤུ་ཙམ་དང་ཕྱི་དར་ལ་ནི་རྟའི་མིག་གི་སྤུ་ཙམ་སྟེ་སླར་ཡང་མཁས་པ་རྣམས་ཀྱིས་དཔྱད་པར་འཚལ་ལོ།། ཞེས་གསུངས།
མངའ་རིས་མཁན་པོས། དེ་ནས་བཙན་པོས་ཆོས་དར་བ་ལ་བོན་བློན་བཙུན་མོ་རྣམས་ཀྱིས་བསྙས་ཁ་དང་སྒྲོ་བཀུར་མང་བས། ད་ནི་བོན་ཆོས་གཉིས་ཀ་མཉམ་དུ་དར་བ་ཞིག་བྱའོ་དགོངས་ཏེ། ཞང་ཞུང་གི་ཡུལ་ནས་ཤ་རི་དབུ་ཅན་སོགས་བོན་གྱི་མཁས་པ་མང་པོ་བོས་ཏེ་ཨརྱྰ་པྰ་ལོའི་གླིང་དུ་ཀླུ་འབུམ་པོད་བཞི་བསྒྱུད་དུ་བཅུག གཞན་ཡང་ཐབས་ལ་མཁས་པས་མཆོད་རྟེན་ལ་སོགས་པ་བོན་ཆོས་གཉིས་ཀས་བཞེངས་པར་བཀའ་ཡིས་གནང་།
བསམ་ཡས་ཟེར་བའི་གཙུག་ལག་ཁང་དེ་བཀའ་བསྟན་ཡིག་སྒྱུར་ཁང་ཡིན་ན་ལེགས་སྦྱར་གྱི་ཡིག་ཐོག་ཏུ་ཡོད་པའི་བཀའ་བསྟན་གྱི་མ་དཔེ་དག་བསམ་ཡས་གཙུག་ལག་ཁང་དུ་ཡོད་དམ། ལེགས་སྦྱར་གྱི་ཡིག་ཐོག་ནས་མ་དཔེ་སྟོན་ཡ་མེད་ན་བཀའ་བསྟན་འགྱུར་དེ་དག་བོད་རང་གི་རེད་ཅེས་བཤད་ཆོག་གི་མ་རེད་དམ། བོན་པོའི་བཀའ་བསྟན་དག་ལ་བལྟས་ནས་འདྲ་པོ་འདྲ་པོ་ཞིག་བཟོས་པ་མིན་ནམ་སྙམ་པའི་དོགས་པ་ཡོང་གི་འདུག་ག འཛམ་གླིང་ཐོག་ཏུ་ཤཀྱ་ཆོས་ལུགས་ཀྱི་རྗེས་སུ་འབྲངས་མཁན་གྱི་རྒྱལ་ཁབ་སུ་དང་གང་ལ་མེད་པའི་བོད་པའི་བཀའ་བསྟན་འདི་དག་བོན་པོའི་རྩ་ནས་འཕྲོགས་པ་རེད་དམ་རྐུས་པ་རེད། དྲི་བ་ཡིན།
ཡང་དེ་ཉིད་ལས། མངའ་བདག་ཆེན་པོའི་སྐུ་རིམ་ལ་བན་བོན་གཉིས་ཀ་བསམ་ཡས་སུ་ཚོགས། བཙན་པོས་ཆོས་དང་བོན་གཉིས་ཀ་བཟང་ངན་མེད་པར་ལྷན་དུ་དར་བར་མཛད། སྐབས་ཤིག་ན་བློན་པོ་ཏ་ར་ཀླུ་གོང་ཕྱི་མའི་ལམ་དུ་གྱུར་པ་ན། བན་བོན་གཉིས་ཀས་གཤིན་ཆོག་བཙུགས། བོན་པོ་རྣམས་ཀྱིས་གཤིན་ཆོག་བྱེད་པའི་ཚེ། གཤིན་པོ་དངོས་སུ་བྱུང་སྟེ་གཏམ་སྨྲ་བ་སོགས་བྱུང་བ་ན་རྗེ་འབངས་ཀུན་ཡིད་ཆེས། ལོ་པཎ་རྣམས་ཀྱིས་ཐུགས་མ་རངས་པས་བཙན་པོ་ལ། ཆོས་དང་མི་མཐུན་པའི་བོན་གྱི་ལྟ་སྤྱོད་ཕལ་ཆེར་མུ་སྟེགས་པ་དང་ཁྱད་པར་མ་མཆིས། གྲུབ་མཐའ་གཉིས་པོ་གང་རུང་ལས་གཉིས་ཀ་མཉམ་དུ་གནས་པའི་དཔེ་མེད་ཅེས་གསུངས།
སྐྱུག་མེར་ལངས་ཡའི་རྒྱ་གར་བའི་ས་རྡུང་་བྷ་བྷ་རོ་ཟན་ཆང་འཐུང་དེ་ཚོས་བོད་ཀྱི་ཕ་ཆོས་དང་བོད་ཀྱི་རྒྱལ་པོའི་བར་ལ་དཀྲུགས་ཤིང་བརྒྱབས། རྒྱ་ནག་པོའི་བུད་མེད་དང་རྒྱ་དཀར་པོའི་ས་རྡུང་བྷ་བྷ་གཉིས་ཀྱིས་བོད་ཆེན་པོའི་རྒྱལ་ཁབ་གཏོར་བཤིག་བཏང་བཞག་པའི་ལོ་རྒྱུས་བསམ་བློ་འཁོར་དུས་སྙིང་ལ་ན་ཟུག་རེ་བརྒྱབ་ཡོང་གི་འདུག
མངའ་རིས་པ་ཚེ་རིག་གིས། ཁྱད་པར་སློབ་དཔོན་ཆེན་པོ་ལ་བོན་རྣམས་ཀྱིས་ཀྱང་མཇལ་བ་ཙམ་གྱིས་དད་པ་དང་མོས་པ་བྱེད་པ་བྱུང་ངོ་། མཐར་ནག་པོ་ལ་དགའ་བའི་བོན་རྣམས་བསྣུབས། ཆོས་དང་མཐུན་པ་རྣམས་ནི་མ་བསྣུབས་ཀྱང་རི་ཞིག་ཉམས་པ་ལྟར་སོང་། འོན་ཀྱང་དེ་དག་གི་དཔེ་མང་པོ་སློབ་དཔོན་ཆེན་པོ་དང་བེེ་རོ་ཙ་ནའི་དྲིན་གྱིས་གཏེར་དུ་བཞུགས་པ་ལས་རྒྱལ་རབས་བདུན་འདས་པ་དང་བོན་གཏེར་ཐོན་ནས་རིམ་གྱིས་དར་བ་ཡིན་ནོ།། །།
པཎmཌིཏ་རྣམས་ཀྱིས་མགྲིན་གཅིག་ཏུ། རྡོ་རྗེ་གདན་གྱི་འོག་ན་མན་ངག་གི་ཆོས་མང་པོ་སྦས་ཡོད་པ་དེ། འོ་སྐོལ་རྒྱ་གར་བ་རྣམས་ཀྱིས་ལོངས་སྤྱོད་པའི་དབང་མེད། ཁྱོད་བོད་དུ་བྱོན་པ་ལ་ཡུས་ཆེ་བ་ཡིན་པས། ཇི་ལྟར་རིགས་པ་ཐོན་ལ་འཁྱེར་གསུངས་པས། བི་མ་ལ་དཔོན་གཡོག་གིས་ཀྱང་ཆོས་མ་ལུས་པ་གཏེར་ནས་བཞེས་ཏེ་བོད་དུ་སྤྱན་དྲངས་པས་རྒྱ་གར་ན་དཔེ་ཆད་གྲགས། ཡང་། གཙོ་བོར་སློབ་དཔོན་ཆེན་པོས་རྒྱུད་ལུང་མན་ངག་གི་སྐོར་ཕལ་ཆེ་བ་སྒྲ་རང་བགྱུར་དུ་བསྒྱུར་བར་མཛད། རྒྱ་དཔེ་ཤྲྰི་ན་ལནྡྲའི་གཙུག་ལག་ཁང་། ཨོ་རྒྱན་མཁའ་འགྲོའི་གསང་མཛོད་དུ་བཞུགས་པ་རྣམས་སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་སྐད་ཅིག་ལ་བླངས་ནས་བསྒྱུར། དཔེ་ཆ་རྣམས་བསམ་ཡས་ཀྱི་ཀེའུ་ཚང་དུ་བཞུགས་ཏེ་རྒྱ་གར་ནའང་མེད་པར་གྲགས་སོ།། །།
ད་ཅོ་རི་ཉི་མ་སྨྱོ་ནད་ཕོག་འདུག ཁོ་རེ་ཁྱོད་སྨྱོ་ཁང་ནང་ལ་རྒྱུགས། ཁྱོད་ནི། ཆོས་མེད་སྨྲ་བ། ལྷ་མེད་སྨྲ་བ། མངོན་སུམ་མིག་གིས་མཐོང་བ་མ་གཏོགས་ཁས་མི་ལེན་མཁན་ཞིག་རེད་འདུག ད་དུང་བནྡེས་བཀའ་བསྟན་དེ་བོན་པོ་ལས་རྐུས་རབས་བཤད་ཡོང་གི་འདུག དངོས་ནས་བྱས་ན། བོན་པོ་ཚོས་བནྡེ་ལས་བཀའ་བསྟན་དང་རིགས་ལམ། རྫོགས་ཆེན་སོགས་བཤུས་ཡོད། བནྡེས་བོན་པོ་ལས་བསངས་དང་། མོ། གཡང་འགུགས། གླུད་གཏོང་རྒྱུ། དར་ལྕོག་འཛུགས་རྒྱུ་སོགས་བཤུས་པ་རེད།
བསམ་བློ་ཡག་པོ་ཞིག་ཐོངས་དང་། ཀླད་པ་ལ་རྨོངས་དད་ཀྱིས་དབང་སྒྱུར་ཚར་བའི་མི་རྣམས་སྨྱོ་ཁང་ནང་དུ་ཕྱིན་ནའང་སྨྱོན་ནད་དྲག་ཐུབ་ཀྱིན་མ་རེད། མི་དེ་ཚོ་ནམ་ཤི་བར་དུ་སྨྱོན་པ་རེད། སྟོང་བསམ་གྱི་ཞིང་ཁམས་སུ་འགྲོ་འདོད་སྐྱེས་ནས་བསྡད་ཀྱི་རེད། བདེ་བ་ཅན་གྱི་ཞིང་ཡོད་མེད་མ་ཤེས་ནའང་དེ་ལ་འགྲོ་འདོད་སྐྱེས། དམྱལ་བ་ཡོད་མེད་མ་ཤེས་ནའང་དེ་ལ་འཇིགས་སྣང་སྐྱེས་ཀྱི་རེད། ཧཧ་་་སྨོན་པ་ཚོ། ལེགས་སྦྱར་གྱི་ཡིག་ཐོག་ནས་བཀའ་བསྟན་གྱི་མ་དཔེ་སྟོན་ཡ་མེད་པ། ལེགས་སྦྱར་གྱི་ཐོག་ནས་བོད་ཡིག་ཐོག་བསྒྱུར་པ་ཡིན་ཟེར་ན་སུས་ཡིད་ཆེས། ལེགས་སྦྱར་གྱི་ཐོག་ཏུ་བཀའ་བསྟན་གྱི་མ་དཔེ་མེད་དུས་བོན་པོའི་བཀའ་བསྟན་ལས་འདྲ་བཤུས་བྱས་པ་ཡིན་ཟོལ་འདུག་ཟེར་གྱི་ཡོད་དོ། དེ་མིན་ན་ལེགས་སྦྱར་ཡིག་ཐོག་ནས་མ་དཔེ་སྟོན་རོགས་བྱོས་་་་་ཨ
བསམ་ཡས་དཀར་ཆག་ས། དེ་འོག་ཁྱི་རྫིའི་བུ་ཡིས་སྨོན་ལམ་བཏབ་པ་ནི། ། མཆོད་རྟེན་འདི་ལ་བུམ་པ་བཏགས་པའི་མཐུས། ། བསྟན་པའི་གཞི་མ་དགེ་འདུན་མཆོག་ཏུ་ཤོག ། ད་ལྟ་དགེ་སློང་བོ་དྷི་སཏྭ་ང་ཉིད་ཡིན། །
ཅོ་རི། བཀའ་དང་བསྟན་བཅོས་བོད་པའི་ཕྱོགས་སྒྲིག་བྱེད་པ་ཞིག་རེད་མ་གཏོགས། བཀའ་བསྟན་གཉིས་ལེགས་སྦྱར་གྱི་སྐད་ལ་མེད་པ་མ་རེད། དཔེར་ན། མདོ་སྡེ་དགོངས་འགྲེལ་དང་ སོ་སོར་ཐར་པའི་མདོ་ལྟ་བུ་བཀའ་དེ་ལེགས་སྦྱར་སྐད་ནང་ལ་ཡོད་རེད། དེ་དང་དེ་ལྟ་བུའི་བཀའ་དེལེགས་སྦྱར་གྱི་སྐད་ནས་བོད་སྐད་ལ་བསྒྱུར། དེ་ཚོ་་བཀའ་བསྒྱུར་གྱི་ཁོངས་སུ་བཅུག ཡང་ཚད་མ་སྡེ་བདུན་དང་བྱམས་ཆོས། དབུ་མ་རིགས་ཚོགས་སོགས་ལེགས་སྦྱར་གྱི་སྐད་ནས་བོད་སྐད་ལ་བསྒྱུར། དེ་དག་བསྟན་བསྒྱུར་གྱི་ཁོངས་སུ་བཅུག་པ་ཡིན། རྒྱུ་ མཚན་དེའི་ཕྱིར་ན་བཀའ་བསྟན་གཉིས་ལེགས་སྦྱར་གྱི་སྐད་ལ་ཡོད་པས་སོ།
ཅོ་རི། བཀའ་དང་བསྟན་བཅོས་བྱ་བ་བོད་པས་སངས་རྒྱས་ཀྱི་བཀའ་རྣམས་བསྡུས་ཤིང་བསྒྱུར་བ་ལ་བཀའ་འགྱུར་དང་། ཕྱིས་འབྱུང་ལོ་པཎ་དག་གིས་སངས་རྒྱས་ཀྱི་བཀའ་ལ་འགྲེལ་ཏེ་བརྩམས་པ་དག་ལ་བསྟན་འགྱུར་བྱ་བ་རེད། བོད་སར་རྒྱ་ནག་པོའི་དབང་བསྒྱུར་མ་བྱུང་སྔོན། བསམ་ཡས་ཀྱི་དཀོར་མཛོད་དུ། ལེགས་སྦྱར་གྱི་གསུང་རབ་ཏཱ་ལའི་ལོ་མར་བྲིས་པ་མང་དུ་མཇལ་རྒྱུ་ཡོད་ལ། ཇོ་བོ་རྗེ་བསམ་ཡས་སུ་ཕེབས་དུས་དངོས་སུ་གཟིགས་ཤིང་། ཧང་སངས་པར་མཛད་པ་བྱུང་ཡོད། འོ་ན་ཁྱོད་ལ་བོན་གྱི་བཀའ་འགྱུར་བསྟན་འགྱུར་ཟེར་བ་ལོགས་སུ་བསྟན་རྒྱུ་ཡོད་སྟོན་ཤོག་དང་། དོན་མེད་ཀྱི་སྨྱོ་ལབ་མ་རྒྱག་རོགས། སློབ་དཔོན་ཐུགས་རྗེ་ཅན་ལ་དོན་མེད་ཀྱི་སྐུར་འདེབས་མ་བྱེད་རོགས། ཁོང་གི་རྗེས་འབྲངས་པ་ས་ཡ་མང་པོ་ཡོད། ཆོས་ལྡན་བོད་པ་ཞིག་གི་ལྟ་སྤྱོད་མ་བྱུང་མོད། མ་མཐར་ཡང་མི་ཞིག་གི་ཚུལ་བཟུང་རོགས། སྐུ་མཁྱེན། སྨྱོ་ལབ་མ་རྒྱག་རོགས། དེ་ཙམ་གྱིས་སེམས་མ་བདེ་ན་རང་ཤི་རྒྱོབས། སྐྱེ་བ་ཕྱི་མ་ནི་ཁྱོད་ལ་མེད་པ་འདྲ། ཅི་ཡིན་ཞེ་ན་ཁྱོད་ཀྱིས་མ་མཐོང་བའི་ཕྱིར།
ཟླ་བ། རང་ཤི་རྒྱོབ་ཟེར་ནས་རྒྱུད་སྐུལ་བྱེད་བཞིན་ཡོད་པེ། ང་ཅོ་རིས་རང་ཤི་རྒྱབ་ན་ངའི་རོ་འདི་ཁྱོད་ཚོའི་ས་དུང་བྷ་བྷ་རོ་ཟན་དེ་ཚོ་ལ་བཟའ་བཅུག་ཡ་ཡིན་ནམ། རོ་ཟན་གྱི་རྗེས་འབྲངས་པ་འདི་ཚོའི་སྐད་ཆ་བཤད་སྟངས་ལ་གཅིག་ལྟོས་དང་། བྱམས་སྙིང་རྗེ་ཟེར་བའི་དྲི་མ་ཙམ་ཡང་ཁ་ས་མ་རེད། ཤཀྱའི་ཆོས་ལུགས་ཀྱི་རྗེས་འབྲངས་པ་ཚོའི་བཤད་སྲོལ་བྱས་ནས་བཀའ་ཡི་བསྡུ་བ་རིམ་པ་གསུམ་བྱས་རབས་བཤད་ཀྱི་ཡོད་ཀྱང་བོད་པས་ཤཀྱའི་བཀའ་ཡི་བསྡུ་བ་བྱས་པའི་ལོ་རྒྱུས་ཤིག་མེད། མ་ཤེས་མདོག་མ་བྱས་ཨ། བོད་རང་གི་ཕ་མེས་ཀྱི་ཆོས་ལུགས་གཡུང་དྲུང་བོན་གྱི་བཀའ་འགྱུར་འདི་རེད། http://www.rgbm123.com/date/2015/04 http://www.himalayabon.com/article/poetry/2015-09-28/661.html
ཡོང་གི་མ་འཇུག། ཆོས་བཤད་དུས་ཁ་དྲོ་བ། སྲིད་བཤད་དུས་ཁ་མ་དྲོ་བ། རྒྱལ་རབས་བཤད་དུས་ཁ་དྲོ་བ། ཁ་མ་དྲོ་བའི་མི་ལ་ཁ་མ་དྲོ་བའི་ལྐུག་རྟགས་འཆར་ཡན་པ་ཞིག་ལས། ཅི་ཡང་མེད་པས། གཏན་དུ་བཙུམ་ཤོག། ཧ་ཧ་ཧ།
དུས་གསུམ་མཁྱེན་པ་ཨོ་རྒྱན་རིན་པོ་ཆེ་དང་མཁས་གྲུབ་གཉིས་ལྡན་གྱི་དམ་པའི་སྐྱེས་བུ་རྣམས་ནས་གཏན་འབེབས་གནང་ཟིན་པའི་ཁུངས་ལྡན་གྱི་ཆོས་འབྱུང་ལོ་རྒྱུས་དེ་དག་ལས་ཀྱང། ཆགས་སྡང་མ་གཏོགས་བཤད་མི་ཤེས་མཁན་སྨྱོ་བཤད་མཁན་རེ་ཟུང་ཞིག་གིས་ཁོང་ཚོས་སྨྱོ་གཏམ་དེ་ཚོ་ཁུངས་བཙུན་པ་ཡོད་མདོག་བཤད་ཡོང་གིས་འདུག་གོ། ཀུ་ཅི་བགད་མོ་མ་སློང་རོགས། དུས་ཚད་འཕྲ་ོབརླག་མ་གཏོང་རོགས།
ཅོ་རི་ཉི་མ། ཁྱོད་ཀྱི་སྐད་ཆར་ཁྱོད་ཀྱིས་འགན་འཁྱེར་ཨ། ངས་ཁྱོད་ལ་རང་ཤི་རྒྱོབས་ཤིག་ཅེས་སྐུལ་བ་ནི་མུ་མཐུད་ངན་སོང་དུ་སྐྱེ་བའི་རྒྱུ་མ་བསག་རོགས་བྱས་ན་བསམ་པས་ཡིན་པ་ལས། ཁྱོད་ལ་གནོད་ཅིང་འཚེ་བ་བྱས་དང་བྱེད་དང་བྱ་ཡི་མ་རེད། བློ་བདེ་པོ་བྱོས། ཅི་བས་ཞེ་ན་ངའི་རྩ་ལམ་ན་རྒྱུ་བཞིན་པ་འདི་ཆོས་ལྡན་བོད་མིའི་ཁྲག་ཡིན་པས་སོ།། ཨ་རོགས། ཁྱོད་ཀྱིས་ཤཱཀྱའི་རིང་ལུགས་པ་སྤྱི་དང་། ཁྱད་པར་དུ་ཨོ་རྒྱན་སངས་རྒྱས་གཉིས་པར་འདི་ཙམ་གྱི་སྐུར་འདེབས་ཁྱད་གསོད་བྱེད་སྟངས་འདི། དེང་གི་ཆར་ཆོས་ཁར་འཁྱེར་དེ་འཇིགས་སྐུལ་དྲག་སྤྱོད་པའི་ལམ་དུ་ཞུགས་པའི་ཁ་ཆེ་ཆོས་ལྡན་རྒྱལ་ཁམས་པ་ཟེར་བ་དང་ཁྱད་ཅི་ཡོད་ཨང་། བོད་རྣམས་ཀྱིས་སངས་རྒྱས་ཀྱི་བཀའ་བསྡུ་བྱས་ཞེས་ཡིག་ལམ་ནའམ། བརྗོད་སྲོལ་མེད་པ་དེས་བཀའ་བསྡུ་བྱས་མེད་རབས་མ་གླེང་རོགས། བཀའ་བསྡུ་ཡིན་ན་སྔོན་རྒྱ་གར་དུ་སངས་རྒྱས་འདས་རྗེས་ཁོང་གི་ཉན་ཐོས་དག་གིས་བཀའ་བསྡུ་རིམ་པ་གསུམ་བྱས་པ་ཁོ་ནས་མ་ཁྱབ་སྟེ། ཕྱིས་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་ནུབ་པའི་རྒྱ་གར་ན་ཡང་། ཉམས་ཆག་ཏུ་གྱུར་པའི་བཀའ་བསྟན་འཚོལ་བསྡུ་བྱས་ཡོད་ལ། བོད་གངས་ཅན་ལྗོངས་སུའང་ལེགས་སྦྱར་དང་། པཱ་ལི། རྒྱ་སོགས་ཀྱི་སྐད་ན་ཡོད་པའི་སངས་རྒྱས་ཀྱི་བཀའ་དང་། ཕྱིས་འབྱུང་ལོ་པཎ་གྱིས་བརྩམས་ཤིང་བསྒྱུར་བ་དག་བསྡུ་བསྒྲིགས་ཀྱིས་བཀའ་འགྱུར་དང་བསྟན་འགྱུར་ཟེར་བ་ལས་བྱུང་བ་ལས་རྒྱ་གར་ན་ཐ་སྙད་འདི་མེད། ཁྱོད་ཀྱིས་བཏང་བའི་བོན་གྱི་བཀའ་བསྟན་ཟེར་བ་དག་ནི་ཤཱཀྱ་ཐུབ་པའི་གསུང་དག་ལ་ཐ་སྙད་འགའ་རེ་མི་འདྲ་བ་ཙམ་ལས་ཆུ་ལ་ཆུ་བཞག་ལྟ་བུ་ཡིན། དེ་དག་ནི་ཆོས་རྒྱལ་སྲོང་བཙན་སྐབས་བརྡ་སྤྲོད་གཏན་འབེབས་མཛད་པའི་བོད་ཡིག་འདིའི་སྟེང་འདུག་པ་ལས། བསྒྱུར་གཞི་གང་ཡང་མི་འདུག བོད་ཀྱི་བཀའ་བསྟན་རྣམས་ཀྱི་བསྒྱུར་གཞི་ལེགས་སྦྱར་དང་། པཱ་ལི། རྒྱ་ནག ནཱེཔལ་སོགས་ཀྱི་ཡིག་རིགས་ནང་དངོས་སུ་མཇལ་དུ་ཡོད་པས། བོད་རྣམས་ཀྱིས་རང་བཟོ་བྱས་པ་ཅི་ཡང་མེད། མི་རིགས་སོ་སོར་རི་རྭ་བ་དང་། ས་ཆུ་མེ་རླུང་སོགས་རང་གི་ནུས་པ་ལས་བརྒལ་བ་དག་ལ་ལྷ་ཀླུ་སོགས་སུ་མིང་བཏགས་ཏེ་གསོལ་མཆོད་བྱེད་པའི་གདོད་མའི་ཆོས་ལུགས་སུ་བཏགས་པ་མང་དུ་ཡོད་པའི་གྲས་སུ། བཙན་པོ་རིམ་བྱོན་སྐབས་སུའང་དེ་ལྟའི་ཆོས་ལུགས་ཤིག་ཡོད་པ་ང་ཚོས་ཤེས་ཀྱིན་ཡོད་མོད། ལྟ་གྲུབ་ཆ་རྫོགས་ཀྱི་ཤཱཀྱའི་རིང་ལུགས་ལྟ་བུ་ཞིག་མེད་སྟབས། བཙན་པོ་དག་གིས་མི་རྒྱུ་གཉིས་ཀྱི་འགྲོ་གྲོན་བཏང་སྟེ་སངས་རྒྱས་ཀྱིས་ཆོས་ལུགས་བོད་དུ་གདན་དྲངས་ཡོད། དེང་གི་འཛམ་གླིང་གོ་ལ་འདིའི་སྟེང་ན་སངས་རྒྱས་ཀྱི་བསྟན་པ་ཕྱོགས་བརྒྱར་མཆེད་ཅིང་། དམག་འཁྲུག་མུ་གེས་མནར་བའི་འགྲོ་བ་དག་ལ་། རེ་བ་དང་སེམས་གསོ་སྩོལ་བཞིན་ན་ཁྱོད་ལྟ་བུས་མི་དགའ་བ་ཇི་ཙམ་བྱས་ཀྱང་། ཉི་ཤར་སྦར་མོས་འགེབས་ཐབས་ཙམ་རེད། ཤ་ཚ་སྙིང་རྗེ་ཨང་། དེ་བས་ལས་ངན་མ་གསག་པར་སྔ་ཙམ་རང་ཤི་རྒྱོབས་ཟེར་བ་ཡིན། ༀམཎྀཔདྨེཧུཾ། ༀཨཱཧཱུཾབཛྲགུརུཔདྨསིདྷིཧཱུཾ༔
ཟླ་བ། ཁྱོད་ཀྱིས་ང་ཅོ་རི་ངན་སོང་སྐྱེས་ཀྱི་རེད་ཟེར་གྱི་ཡོད་པེ། ཤཀྱའི་ཆོས་ལུགས་ཀྱི་ནང་དུ་ངན་འགྲོ་དང་བདེ་འགྲོ་གཉིས་བཤད། འགྲོ་རིགས་དྲུག་བཤད། ངན་འགྲོ་གསུམ་དང་བདེ་འགྲོ་གསུམ། འགྲོ་བ་རིགས་དྲུག་གྱི་་ནང་ནས་མི་དང་དུར་འགྲོ་གཉིས་མ་གཏོགས་འཛུབ་མོ་བཙུགས་ས་རྙེད་ཐུབ་མེད་པ། དམྱལ་བ་དང་ཡི་དྭགས་ཟེར་བའི་རིགས་དེ་གཉིས་དང་། རིགས་དེ་གཉིས་གནས་པའི་ཡུལ་ཁམས་ཤིག་ད་ལྟའི་བར་དུ་མཐོང་ཡུལ་དུ་མ་གྱུར་། ཆོས་ལུགས་པའི་རྫུན་རྐུབ་ཉིན་རེ་ནས་ཉིན་རེར་འདོན་ཡོང་གི་ཡོད་རེད། ལྷ་ཡུལ་དང་ཞིང་ཁམས། རི་རྒྱལ་དང་གླིང་བཞི་བཤད་པ་དག་དངོས་བདེན་མིན་པར་གོང་ས་ཏྭ་བླ་མས་ཁས་ལེན་ཟིན་པའི་སྐད་ཆ་ཡིན་ལ། སྤྱི་ཚོགས་ཡོངས་གྲགས་ཀྱི་ཐོག་ནས་གོང་ས་ཏྭ་ལའི་བླ་མས་ན་ལེན་ཌའི་སློབ་དཔོན་དབྱིག་གཉེན་ལ་དགོངས་དག་ཞུས་ཡོད། མངོན་སུམ་ལ་སྙོག་ཐུབ་ཐབས་མི་འདུག་པས་དགོངས་དག་ཞུ་རྒྱུ་ཡིན་ཞེས་བསྒྲགས་ཡོད། ཤཀྱའི་རྗེས་འབྲངས་པ་སྐད་གྲགས་ཅན་གོང་ས་ཏྭ་ལའི་བླ་མ་ཁོང་གིས་ཁས་ལེན་ཟིན་པའི་སྐད་ཆ་དེ་དག་ཁྱོད་ཀྱིས་བསྙོགས་ནས་ལྷ་ཡུལ་དང་ཀླུ་ཡུལ། དམྱལ་བ་དང་ཡི་དྭགས་ཀྱི་ཡུལ་ཁམས་ཤིག་ཡོད་ཟེར་ནས་ཀི་ཤ་བརྒྱབ་ཀྱི་ཡིན་ནམ། ང་ཅོ་རིས་ངོས་ནས་ངན་སོང་ལྷུང་ཡོང་བསམས་པའི་འཇིགས་སྣང་རྩ་བ་ནས་མེད། དམྱལ་བ་དང་ཡི་དྭགས་ཀྱི་ཡུལ་ཁམས་ཤིག་ཡོད་ན་མ་ཤི་སྔོན་ནས་ཡུལ་སྐོར་སྤྲོ་འཁྱམ་ཞིག་འགྲོ་འདོད་ཡོད་ད།་་་་་ཧཧ ཨོ་ཡ་་་་་་དེ་ཙམ་ཡིན། གོ་རྒྱུ་མེད་པའི་སྐད་ཆ་ཉ་རེ་ཉོ་རེ་མང་པོ་བཤད་མ་འོང་ཨ་་་་་་་ཧཧ
གཏན་ཚིགས་རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེ་བོ་མིན་ཞེས་རྗེ་བདག་ཉིད་ཆེན་པོས་གསུངས། མངོན་སུམ་ལ་བསྙོགས་པའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེ་བོ་མིན་ཞེས་གོང་ས་ཏྭ་བླ་མས་གསུངས། བསམ་བློ་ཡག་པོ་ཐོངས་ཨ། རྨོངས་དད་མགོ་ཚོས་སྙོག་མ་འོང་རོགས་བྱོས་ཨ།
ཨ་རོག་ཅོ་རི་ཁྱོད་ལ་ཁ་དང་ལག་པ་ཅུང་ཙམ་གཡུག་ཡ་དེ་ཧ་གོ་བ་བྱོས་ཨ། །འགག་དོག་པོར་ལྷ་ཨྱོན་པདྨ། ཐང་བདེ་མོར་གླུ་ཨ་ལ་ཐ་ལ ཧཧཧཧཧ
ཅོ་རི། ཤཱཀྱའི་རིང་ལུགས་ལ་བསམ་བརྗོད་ལས་འདས་པའི་སྐུར་འདེབས་བྱེད་ཀྱིན་དུ། སྙིགས་དུས་ཀྱི་དེའི་སྟོན་པ་༧གོང་ས་མཆོག་དྲུད་འོང་གིན་ཡོད་དམ། སྙིང་རྗེ་ཨང་། ལར་ནས་ཁྱོད་ཀྱི་ཁྲ་ཆུང་མིག་གིས་མ་མཐོང་བ་རྒྱུ་མཚན་དུ་བྱས་ཏེ། མེད་པར་ཐག་གཅོད་པའི་རིགས་པ་དེ་དག་ཅི་འདྲའི་ཡ་མཚན་པ་ལ་ཨང་། ཁྱོད་ཀྱི་སྡུག་མིག་གིས་མཐོང་ཆོས་སུ་མ་གྱུར་པའི་ཆོས་མགོ་བོའི་སྐྲ་བཞིན་མང་ན། རང་མཚང་རྗེན་པར་བསྟན་ལུགས་འདིར་ཤ་ཚ། ངེད་སངས་རྒྱས་པའི་ལུགས་འདིར་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་རིང་སུས་ཀྱང་མི་སྨྲ་བའི་བརྟུལ་ཞུགས་སུ་འགོད་མི་ནུས་པ་ལ། ཁྱོད་ལྟ་བུ་བོད་ཡིག་ཀྱང་དག་པར་འབྲི་མི་ནུས་མཁན་ཞིག་གིས་ཇི་ལྟར་བསྙོན་ནུས་ཨང་། ངས་ཁྱོད་ལ་སྨོན་ལམ་འདེབས་བཞིན་ཡོད། སྐྱེས་ས་ཆོས་ལྡན་གྱི་རིགས་སུ་སྐྱེས་ཀྱང་། ལྟ་ལོག་གཏི་མུག་ངང་འཚོ་བ་ནི་དུད་འགྲོ་དང་ཁྱད་པར་ཆེར་མི་འདུག་པས། རང་གི་ལྟ་ངན་ལ་བསྙས་བྱས་ཏེ་མི་ཚེ་སྡུག་ཟད་དུ་ཐོངས་ཤིག སྙིང་རྗེ། འཛམ་གླིང་ལ་ཉི་མ་ཤར་ཡང་བྲག་ཕུག་ཁ་བྱང་ལྟ་ནི་དེར་ཟད་དོ།།
ཨེ་ཟླ་བ། ལེགས་པར་བརྟགས་ལ་ང་ཡི་བཀའ། སངས་རྒྱས་རང་གི་བསྲེག་བཅད་བརྡར་གསུམ་གྱི་བརྟགས་ཆོག་པ་གསུང་ཡོད། བོད་ཀྱི་ནང་རིག་པའི་ཡོན་ཏན་ནི་ཤེས་བྱའི་གནས་ལུགས་ལ་ཤེས་རབ་ཀྱི་མྱོང་བ་བྱང་ཆུད་པའི་དམ་པ་བརྒྱ་ཕྲག་སྟོང་ཕྲག་མང་པོས་བསགས་པའི་གཏེར་ནོར་ཡིན་པ་རིག་པས་གྲུབ། དེའི་ནང་བན་བོན་གཉིས་ཀ་ཡོད་ཆོག། སྟོན་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡོད་པ་ཡིག་ཐོག་ཡོད་དམ་ངག་ཐོག་ཡོག། ཡིག་ཐོག་ཡོད་ན་དཔེ་མཛོད་གང་ཞིག་ན་ཡོད། ངག་ཐོག་ཡོག་ན་གང་ཟག་སུའི་ངག་ཐོག་ཡོད། ཆོས་ཕུང་ཅིག་ལ་ཡིག་གེ་ག་ཚོད་ཡོད། ཁྱེད་རང་རྒྱུད་ལ་སྤྱི་གཙོ་བོ་འཛིན་པའི་གྲུབ་མཐའི་ལྷད་ཞུ་ནས། ཁྱེད་རང་ཡང་ནང་པ་ཡིན་མིན་བརྟགས་དགོས་སོ། གང་ཡིན་ཟེར་ན། ཁྱེད་རང་རྒྱུད་ཀྱི་དད་པ་དེ་ཕྱོགས་རིས་ཉི་ཚེའི་དད་པ་ཡིན་པས། སངས་རྒྱས་པའི་ཆོས་ནང་ཕྱོགས་རིས་ཉི་ཚེའི་དད་པ་དེ་དད་པ་མ་ཡིན་པས་སོ།
ཨ་རོག་ཟླ་བ། ཁྱོད་རང་ཤི་རྒྱོགས་ཞེས་ཚིག་སྨར་བ་ཙམ་གྱི། ཁྱོད་རང་སངས་རྒྱས་ཤྭ་ཀྱ་ཐུབ་པའི་ཆོས་ཁྲིམས་ལ་མ་གུས་པ་བྱེད་མཁན་ཡིན་པ་མཚོན་ཐུབ། བསྟན་བཤིགས་ལག་དམར་བ་ཁྱེང་རང་རེད་འདུག་ག། སྙིང་རྗེ་གཡུག་ཤོག། ངེས་འབྱུང་སྒོམ་ནང་མི་འདྲ་ཡོད་ན་ཚང་མ་རྣལ་འབྱོར་པ་འདྲ་བྱོས། གྲྭ་པ་འདྲ་ཡིན་ན་དཀོར་སྨྱོས་མ་ཁུར། མིའི་བཞག་ན་འདྲེ་ཤིག་གི་བཞག་མི་ཡོང་།
ཨ་རོགས་སངས་རྒྱས། བདག་ཅག་གི་སྟོན་པས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་ལེགས་པར་བརྟག་ལ་་་་ཞེས་དང་། དགེ་སློང་དག་གམ་མཁས་རྣམས་ཀྱིས་་་ཞེས་སོགས་གསུངས་པ་ལས། སངས་རྒྱས་ཉིད་ཀྱི་བཀའ་ལ་སྦྱངས་ཤིང་དཔྱོད་པ་སྔོན་དུ་བཏང་སྟེ་ལེགས་པར་བརྟག་དགོས་པ་དང་། དེ་ཡང་དགེ་སློང་དག་གམ། མཁས་པ་རྣམ་དཔྱོད་ལྡན་པ་དག་ལ་གསུངས་འདུག་གི ཁྱོད་དང་ཁྱོད་འདྲ་བ་སངས་རྒྱས་ཀྱི་བཀའ་ལ་གོ་ལོ་ཐོས་ལོ་ཙམ་དང་། དེ་ཡང་ཕྱོགས་རིས་ཀྱི་ལིང་ཏོག་གིས་གྲིབ་སྟེ་ཚད་ལས་འདས་པའི་སྐུར་འདེབས་ལ་ཞུགས་ཏེ། རང་མཚང་རྗེན་པར་སྟོན་པ་དག་གི་སྤྱོད་ཡུལ་ནི་མིན་པར་འདུ་ཅིང་། ལྷག་ཏུ་སངས་རྒྱས་ཀྱི་བཀའ་སྡེ་སྣོད་དག་ལ་ལེགས་པར་བརྟག་རྒྱུ་ལྟ་ཅི། བོད་ཀྱི་བརྡ་སྤྲོད་ཀྱི་འགྲོས་ཙམ་ཡང་མ་ཤེས་པ་ཁྱོད་ཅག་འདྲ་བར་ཡ་མཚན་ཞིང་སྙིང་རྗེ་ལ། མཚམས་མེད་པའི་ལས་གསོག་གིན་པ་དག་ཚེ་ཐུང་བར་ཤོག་ཅེས་སྨོན་ལམ་བཏབ་པ་ཡིན། ཅི་བས་ཤེ་ན་ཁྱོད་ཅག་འདྲ་བ་ཉིན་གཅིག་འཇིག་རྟེན་ན་འཚོ་ཡང་སྡིག་པའི་ལས་འབའ་ཞིག་ལས་མེད་དུས། རང་ཤི་རྒྱོབས་ཤིག་ཅེས་ཀྱང་སྐུལ་བ་ལགས། གོང་སྨྲས་དག་ཏུ་སངས་རྒྱས་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་ཡོད་མེད་སུས་ཀྱང་རྟོག་དཔྱོད་དུ་ཞུགས་མི་འདུག་པས། ཅི་སྟེ་དེ་ལྟར་ཤེས་འདོད་ཀྱང་ཁྱོད་ཀྱི་རིགས་པའི་གོ་ས་ན་གཤོང་ནུས་བྲལ་བས། ཐོག་མར་བོད་ཡིག་དག་པར་སློབས་ཤིག་ཨང་། གཞན་ཡང་ངེད་མཆོག་གསུམ་སྐྱབས་སུ་འཛིན་པ་དག་ལ་ཁྱོད་ཅག་གི་འདྲེས་བ་སྤུ་ཙམ་ལའང་གཡོ་འགུལ་མི་ནུས་པས། དགའ་བར་གྱིས་ཤིག་ཨང་།
ཟླ་བ་ཡག་བྱུང་། ཁྱེད་ཀྱི་མཆོག་གསུམ་སྐྱབས་སུ་འཛིན་པའི་ཀུན་སྤྱོད་དེ། ཚེ་ཐུང་བར་ཤོག། རང་ཤི་རྒྱོགས་པར་ཤོག་ཅེས་སྨོན་ལམ་རྒྱག་རྒྱུ་དེ་རེད་པས། མགོ་སྐོམ་ཁྱོད།ཐ་མལ་སྣང་ཞེན་དྲི་མ་ཀུན་སྦྱངས་ཏེ།།གང་སྣང་ལྷ་སྐུ་འཆར་བར་བྱིན་གྱིས་རློབས།། སྣང་ཞེན་གྱི་དྲི་མ་སྦྱངས་བའི་ཤེས་རབ་ཀྱི་ས་བོན་དང་བྲལ། རྡོ་རྗེ་ཐེག་པའི་རིགས་ཆད་གྱི་བསོད་སྐམ་ཁྱོད་ལ་དག་སྣང་སྦྱོངས་བྱེད་ཀྱི་སྣོད་མེད། མི་ཚེ་ཆོས་ལ་སྦྱངས་ནས་ཆོས་སྐལ་ཆད། སངས་རྒྱས་ཉིད་ཀྱི་བཀའ་ལ་སྦྱངས་ཤིང་དཔྱོད་པ་སྔོན་དུ་བཏང་སྟེ་ལེགས་པར་བརྟག་དགོས་པ་དང་། སྦྱངས་ཤིང་དཔྱོད་པ་སྔོན་འགྲོ་ཟིན་ན་སླར་ཡང་ལེགས་པ་བརྟག་མི་དགོས་པས་སྒྲ་ཟློས་སྐྱོན་དུ་འགྱུར། དགེ་སློང་དག་གམ་མཁས་རྣམས་ཀྱིས།། མཁས་པ་རྣམ་དཔྱོད་ཅན་དག་ལ་གསུངས་པ་ཡིན་ན། སངས་རྒྱས་ཤྭ་ཀྱ་ཐུབ་པའི་རྒྱུད་ཀྱི་སྙིང་རྗེའི་དམིགས་ཡུལ་ཉེ་ཚེ་ཅན་དུ་འགྱུར་བས། རྣམ་དཔྱོད་ཅན་གྱི་མཁས་པ་མ་ཡིན་པའི་འགྲོ་བ་རྣམས། ཤ་ཀྱ་ཐུབ་པའི་གདུལ་བྱའི་གྲལ་ནས་ཕུད་འགྲོ་བས། སྒྲ་འགལ་སྐྱོན་དུ་འགྱུར། མདོར་བསྡུས་ན་ཁྱོད་རང་སངས་རྒྱས་ཤ་ཀྱ་ཐུབ་པའི་མཁྱེན་བརྩེའི་ནུས་གསུམ་གྱི་ཡོན་ཏན་ལ་བསྐུར་འདེབས་ཞུ་མཁན་གྱི་ཚེ་ཐུང་བར་ཤོག་རང་ཤི་རྒྱོགས་པར་ཤོག་སྨོན་ལམ་འདེབས་མཁན། ནམ་ཞིག་ཚེ་ཐུང་བ་དང་རང་ཤི་རྒྱོགས་པའི་རྣམ་སྨིན་རང་སྟེང་དུ་འགྲུབ་ངེས་ཡིན་པ་འདིར་ལྟར། ཅི་འདྲ་བ་ཡི་ལས་བྱས་པ།། འབྲས་བུ་དེ་འདྲ་ཉིད་དུ་འགྱུར། ཞེས་པར་ལྟར་རོ།
ཨ་ཙི་ཙི་་་ཐ་སྙད་ལ་རྨོངས་པ་དག་གིས་གོ་ལོག་རྐྱང་འགྲེལ་གྱི་རེད། སྦྱངས་ན་འབྱོངས་པས་མ་ཁྱབ་པས། སངས་རྒྱས་ཀྱི་བཀའ་ལ་མ་སྦྱངས་པར་བརྟག་འདོད་ཀྱི་ཀུ་ཅོ་སྒྲོག་པ་ཁྱོད་ཤ་ཚ་ཨང་། ཁྱོད་ལྟ་བུ་སངས་རྒྱས་ཀྱི་བཀའ་ལ་མ་སྦྱངས་པ་དག་གིས་རང་དགར་བསྟན་པ་དེ་འཛིན་དང་བཅས་པར་སྐུར་འདེབས་ཚད་ལས་འདས་པ་བྱེད་ཅིང་། རང་ཉིད་ཀྱི་ཀླད་པ་སྔོན་ཐོན་དུ་རློམས་བཞིན་ཡོད། ཁྱོད་ཅག་གིས་སྐྱེ་བ་ཕྱི་མ་མེད་རབས་དང་། ཨོ་རྒྱན་སངས་རྒྱས་གཉིས་པ་རྒྱ་གར་བའི་སཱཏུ་རོ་གཟན་ཡིན་རབས། བོད་ཀྱི་བཀའ་བསྟན་དག་ལ་ཁུངས་གཏུགས་ས་མེད་པར་རང་བཟོ་བྱས་རབས་སོགས་ལྷ་ཆོས་ལྟ་ཅི། མི་ཆོས་ཀྱི་དྲི་ཙམ་ཡང་མི་བྲོ་བ་དག་གིས། ཁོ་བོར་སྡིགས་དམོད་ཇི་ཙམ་བྱས་ཀྱང་སྙིང་རྗེ་བ་ལས་མི་འདུག འགྲོ་བ་སེམས་ཅན་ལ་འཚེ་ཞིང་། བསྟན་པར་སུན་འབྱིན་པའི་ལས་ངན་སྐལ་ཆད་པ་དག་ལ་སྡིག་ཅན་ཚེ་ཐུང་བར་ཤོག་ཅེས་དམོད་བོར་བ་ཡིན་ལ། སངས་རྒྱས་པའི་བསྟན་པ་ཕྱོགས་བཅུར་དར་བར་མི་བཟོད་ཅིང་། ལྷག་ཏུ་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ཨོ་རྒྱན་སངས་རྒྱས་གཉིས་པར་སྐུར་འདེབས་དང་། དེའི་རྗེས་འབྲངས་དང་བཅས་པ་ལ་ཁྱད་གསོད་ཀྱི་དུག་མཚོན་འདེབས་པའི་སྙིང་ཁམས་ཅན། ཕྲག་དོག་གི་དུག་མཚོ་འཁོལ་བ་དག་ལ་ནད་མ་འཁྱོག་ན་རང་ཤི་རྒྱོབས་ཞེས་སྐུལ་བ་ཙམ་ལས། ངས་སེམས་ཅན་ལ་འཚེ་ཞིང་གནོད་པ་བྱས་པ་མེད། སྡིག་ཅན་དེ་དག་ལ་སྙིང་རྗེས་ཀུན་ནས་བླངས་ཏེ་དེ་ལྟར་ལབ་པ་ཙམ་ཡིན། སྙིང་རྗེ། ༀམཎྀཔདྨེཧཱུཾ། ༀཨཱཧཱུཾབཛྲགུརུཔདྨསིདྷིཧཱུཾ༔
༼ཁྱོད་ཀྱིས་བཏང་བའི་བོན་གྱི་བཀའ་བསྟན་ཟེར་བ་དག་ནི་ཤཱཀྱ་ཐུབ་པའི་གསུང་དག་ལ་ཐ་སྙད་འགའ་རེ་མི་འདྲ་བ་ཙམ་ལས་ཆུ་ལ་ཆུ་བཞག་ལྟ་བུ་ཡིན། དེ་དག་ནི་ཆོས་རྒྱལ་སྲོང་བཙན་སྐབས་བརྡ་སྤྲོད་གཏན་འབེབས་མཛད་པའི་བོད་ཡིག་འདིའི་སྟེང་འདུག་པ་ལས། བསྒྱུར་གཞི་གང་ཡང་མི་འདུག༽ ཁྱེད་ཚོས་ཁུངས་ཡོད་ཚད་དེ་ཤཱཀྱ་ཐུབ་པ་མི་གཅིག་ལ་བཏུགས་པ་རེད། དེ་ནི་གྲངས་ཅན་པས་བདག་ཤེས་རིག་གི་སྐྱེ་བུ་འདོད་ཚུལ་དེ་དང་ཕལ་ཆེར་གཅིག་མཚུངས་ཡིན། དེ་ནས་རྫུན་ཤོད་རན་དུས་ཨུ་ཚུགས་མི་རྒྱག་དགུ་རྒྱག་བྱས་ནས། ཁོང་གིས་རྣམ་པ་ཐམས་ཅད་མཁྱེན་རབས་བཟོས་པ་རེད། མི་གཅིག་ལ་ཁུངས་ཡོད་ཚད་བཏུགས་པ་ཡིན་ན་ཚན་རིག་པ་ཚོ་གད་མོ་ཤོར་ནས་རིལ་འགྲོ་གི་རེད། ད་དུང་བོད་མིའི་ཁུངས་ཀྱང་ཁོང་ལ་བཏུགས་ཡོད་ས་རེད། དེ་ནས་རྒྱ་མིའི་ཁུངས་ཀྱང་ཁོང་ལ་བཏུགས་རན་ཡོད་འགྲོ ཧམ་པ་ཆེ་ཐག་ཆོད་སོང་དུས། བོན་གྱི་བཀའ་དང་བཀའ་བརྟེན་གྱི་ཁུངས་ཀྱང་ཁོང་ལ་བཏུགས་རྒྱུ་ཡིན་ས་རེད། ཁྱེད་ཚོའི་ཧམ་སེམས་དེས་རྐྱེན་བྱས་ནས་ཤཱཀྱ་ཐུབ་པ་ལ་མཚན་ཤས་མ་བཟོ་རོགས། བོན་གྱི་བཀའ་དང་བཀའ་བརྟེན་དེ་ཚོའི་ནང་དོན་ཁག་རྗོད་བྱེད་ཀྱི་ཚིག་དང་བརྗོད་བྱའི་དོན་གང་གི་ཆ་ནས་བལྟས་ཀྱང་བོད་སྔ་རབས་ཀྱི་བསོད་ནམས་མ་ཉམས་པ་བྱས་ནས་བསྡད་ཡོད། དུས་ཕྱིས་ཀྱི་བརྩམས་ཆོས་ཆུ་ལྷབ་ལྷབ་འདི་འདྲ་རྩ་བ་ནས་མ་རེད་དོ། སྤྱིར་སྟངས་འཁོར་འདས་ཀྱི་སྤྱི་ཆིངས་ཆ་ཚང་སྟོན་ནུས་པའི་་གཞུང་ཆེན་མོ་ཞེས་པ་དེ་དངོས་གནས་བྱས་ན་བོན་ལ་ཡོད་པ་རེད། ཁྱེད་ཚོས་དུས་ཕྱིས་རྟོག་བཟོ་བྱས་པའི་གཞུང་ཆེན་མོ་ཞེས་པ་དེ་ཚོ་གཞུང་ཆེན་མོའི་མཚན་ཉིད་ཚང་ཨ་ཡོད་ན། ཅིས་ན་ཁྱེད་ཚོ་ལ་རྣམ་རྟོག་གི་འགྱུ་བ་དང་སྤང་བླང་གི་རྣམ་བཞག་ཧ་ཅང་མངས་སོང་བས་གཞུང་ཆེན་མོ་ཆགས་སའི་གཞི་དེ་གང་ན་ཡོད། འདི་ཚོ་གླེང་དགོས་སའི་གནས་ཡིན། མདོ་སྡེ་དང་འབུམ་སྡེ་དང་རྒྱུད་སྡེ་མཛོད་སྡེ་ཞེས་པ་དེ་ཚོ་བོན་པོའི་སྐད་ཆ་རེད། ཁམས་ཆེན་སྟོང་ཕྲག་བརྒྱ་པ། འབུམ་ཉི་མ་དགུ་ཤར། བྱམས་པ་འབུམ་ལྔ། བདལ་འབུམ། རྩེ་འབུམ། སྨན་འབུམ། ཕུར་པའི་རྒྱུད་དགུ། ཁྲོ་བོའི་རྒྱུད་དྲུག འདི་དང་འདི་འདྲ་བ་ནང་སེམས་ཁམས་ཀྱི་རྣམས་བཞག་དང་ཕྱི་འབྱུང་ཁམས་ཀྱི་རྣམས་བཞག་སོགས་ཆ་ཚང་སྟོན་ནུས་མཁན་དེ་བོན་ལ་ཡོད། ཐེག་པ་ཞེས་པ་ནི་བློ་སྟོབས་རེད། གཞུང་ཆེན་མོ་ནི་བློ་སྟོབས་ལ་བརྟེན་དགོས་པར་སེམས། ཁྱེད་ཚོར་བློ་སྟོབས་མེད་ནས་རེ་བ་དང་དོགས་པ་རྣམ་རྟོག་གི་ངང་ལ་དུས་འདས་དུས་གཞུང་ཆེན་མོ་དང་འབྲེལ་བའི་ཐེག་རྒྱུ་ཞིག་གང་ནས་བརྙེད། །
གཞན་ཡང་ངེད་ཤཱཀྱའི་ལུགས་ལ་དབང་རྟུལ་དད་པའི་རྗེས་འབྲངས་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཞེས་གདུལ་བྱ་ལ་རིགས་གཉིས་ཡོད་པས། དེ་ཡང་ཞར་ལ་རྟོགས་པར་གྱིས་ཤིག་ཨང་། དེ་ཤེས་ན་སངས་རྒྱས་ཀྱི་སྙིང་བརྩེ་ཉི་ཚེ་བ་ཡིན་མིན་རྟོགས་ནུས་སོ།།
ཕོ་བྲང་ཡུམ་བུ་བླ་མཁར་དང་གཅིག ཕོ་བྲང་པོ་ཏ་ལ་དང་གཉིས། བསམ་ཡས་དང་གསུམ་ནི། བོད་རྒྱལ་ཁབ་དང་། མི་རིགས་ཀྱི་མཚོན་རྟགས་ཆེན་པོར་དུས་ད་ལྟ་ཡང་བོད་གངས་ལྗོང་སུ་འབུར་ཐོན་དུ་ཡོད་པ་གསུམ་རེད།
མཁན་སློབ་ཆོས་གསུམ་གླེང་ན་ཁོང་ཅག་མི་ཞིག་གི་ཚད་དུ་བཞག་ནས་གླེང་ན་གོ་རྒྱུ་དང་ཉན་རྒྱུ་གཉི་ག་ཡོད། དེ་མིན་གེ་སར་སྒྲུང་བཤད་བཤད་བྱས་ན་སུས་བཤད་ཅང་འགྲིག་ལ་ཅི་བཤད་ཀྱང་ཆོག་པ་ཞིག་རེད། དེར་སྙིང་པོ་མི་འདུག
ཟླ་བ་་་་སྐད་ཆ་བཤད་དུས་གཞན་གྱི་དྲི་བ་ལ་ལན་འདེབས་དགོས་པ་རེད། གོང་གི་མཆན་བུ་དེ་དག་གི་ནང་དུ་་་རྩ་བའི་དྲི་བ་ཁག་ལ་ཁྱོད་ཀྱིས་ལན་གཅིག་ཀྱང་བརྒྱབས་མ་སོང་། དཔེར་ན། ལེགས་སྦྱར་གྱི་ཡིག་ཐོག་ཏུ་བྲིས་པའི་བཀའ་བསྟན་འགྱུར་གྱི་མ་དཔེ་ཡོད་དམ་མེད། སྟོན་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡོད་པ་ཡིག་ཐོག་ཡོད་དམ་ངག་ཐོག་ཡོག། ཡིག་ཐོག་ཡོད་ན་དཔེ་མཛོད་གང་ཞིག་ན་ཡོད། ངག་ཐོག་ཡོག་ན་གང་ཟག་སུའི་ངག་ཐོག་ཡོད། ཆོས་ཕུང་ཅིག་ལ་ཡིག་གེ་ག་ཚོད་ཡོད་དམ།་་་་ཅེས་པའི་དྲི་བ་འདི་དག་ལ་་་ལན་དགོས་ཀྱི་འདུག ཁྱོད་ཀྱིས་ལན་རྒྱབ་ཤེས་ཀྱི་མེད་ན་མེད་ལབ་རོགས། གཉིས་པ། ཁྲ་ཆུང་མིག་གིས་མ་མཐོང་བ་ཙམ་གྱིས་མེད་པ་རེད་ཅེས་ངས་ཁས་ལེན་མེད། ངའི་མ་མཐོང་བ་ཙམ་གྱིས་མེད་དགོས་ལ་་་་ངའི་མ་མཐོང་ན་ཡོད་དགོས་དོན་ཡང་མེད། འདི་ནི་ངའི་ཁས་ལེན་དང་དམ་བཅའ་ཡིན། ལྷ་ཡུལ་དང་ཀླུ་ཡུལ། རི་རྒྱལ་དང་གླིང་བཞི་ཆོས་ཅན། མེད་པར་ཐལ། ཡོད་ན་དེང་སང་མཐོང་དགོས་ཀྱང་མཐོང་ཡ་མེད་པའི་ཕྱིར། ཞེས་པའི་རྟགས་འདི་བཀོད་ནས་སྒྲུབ་ཀྱི་ཡིན། མ་གཏོགས་ངའི་ཁྲ་ཆུང་མིག་གིས་མ་མཐོང་པའི་ཕྱིར་ཞེས་རྟགས་བཀོད་པ་མིན། དཔེར་ན། རི་བོང་གི་རྭ་ཆོས་ཅན། མེད་པར་ཐལ། ཡོད་ན་མཐོང་དགོས་ཀྱང་མཐོང་ཡ་མེད་པའི་ཕྱིར། ཞེས་པའི་རྟགས་འདིས་རི་བོང་རྭ་མེད་དུ་སྒྲུབ་པ་མིན་ན་རི་བོང་རྭ་མེད་རེད་ཅེས་ཇི་ལྟར་ཐག་གཅོད་དམ།་་་་་ཧཧཧ བོད་པའི་བཀའ་བསྟན་འགྱུར་ཆོས་ཅན། ལེགས་སྦྱར་གྱི་ཡིག་ནས་བསྒྱུར་པ་མ་ཡིན་པར་ཐལ། ལེགས་སྦྱར་གྱི་ཡིག་ཐོག་ཏུ་བཀའ་བསྟན་འགྱུར་ཡོད་ན་མཐོང་དགོས་ཀྱང་མཐོང་ཡ་མེད་པའི་ཕྱིར།་་་་་འཁོར་གསུམ
ནོར་བཅོས་་་གཉིས་པ། ཁྲ་ཆུང་མིག་གིས་མ་མཐོང་བ་ཙམ་གྱིས་མེད་པ་རེད་ཅེས་ངས་ཁས་ལེན་མེད། ངའི་མ་མཐོང་བ་ཙམ་གྱིས་མེད་མི་དགོས་ལ་་་་ངའི་མ་མཐོང་ན་ཡོད་དགོས་དོན་ཡང་མེད། འདི་ནི་ངའི་ཁས་ལེན་དང་དམ་བཅའ་ཡིན།་་་་ཞེས་རོགས།
ཨོ་རེད་་་ཁྱོད་ཀྱིས་་་ཤཀྱའི་བསྟན་པ་དང་ཤཀྱའི་རྗེས་འབྲངས་པ་ཚོ་ལ་ཅོ་རིས་སྐུར་བ་འདེབས་ཀྱི་འདུག་ཅེས་བཤད་འདུག ངས་ངོས་ནས་བྱས་ན་རྒྱ་གར་བའི་ས་རྡུང་བྷ་བྷ་རོ་ཟན་དེ་ཚོ་ཤཀྱའི་རྗེས་འབྲངས་རྫུན་མ་རེད་ཟེར་གྱི་ཡོད། ཁོ་ཚོའི་བྱ་སྤྱོད་དངོས་གནས་ལ་དགག་པ་བརྒྱབས་པ་མ་གཏོགས་ཤཀྱའི་རྒྱལ་པོ་ལ་དགག་པ་རྒྱབ་མི་ཕོད། རོ་ཟན་ཚོ་དང་རོ་ཟན་ཚོའི་རྗེས་འབྲངས་པ་བོད་པའི་ཆོས་པགས་ཅན་ཚོ་ནི་ཤཀྱའི་རྗེས་འབྲངས་དངོས་གནས་དེ་མ་རེད། རྫུན་མ་རེད། ལོག་ཆོས་བྱེད་མཁན་རེད། འཇིག་རྟེན་མི་ཆོས་ལ་ཞེན་ཆགས་ནས་སྲིད་ཁྲི་སྟེང་དུ་རྒྱལ་པོ་བྱེད་མཁན་དག་ནི་ཤཀྱའི་རྒྱལ་པོའི་བྱ་སྤྱོད་དང་གོ་ལྡོག་རེད།
དཔྱད་གསུམ་གྱི་རིག་པས་དག་ཐེར་མཛད་པའི་ཤེས་རབ་ནི་བྲལ། ཚིག་རྗེས་འབྲངས་གི་གོ་བ་ཙམ་དུ་ཟད་ནས་རྨོངས་དད་ཅན་ཚོར་ལ་བྱིས་སྒྲུང་བཤོད་ཨ།
ངའི་ཁ་པར་ནང་རྩོམ་ཡིག་གསར་པ་དག་ལས་རྙིང་པ་དག་མི་གསལ་བས་བསྐྱར་ཀློག་བྱ་རྒྱུ་མ་བྱུང་བས་ལན་དུས་ཐོག་བྱུང་མི་འདུག བོན་པོ། ང་ཚོའི་ཁུངས་དེ་ཆུ་མགོ་གངས་ལ་གཏུགས་པ་བཞིན་སྟོན་པ་བཅོམ་འདས་ལ་གཏུགས་ཀྱིན་ཡོད། ཕལ་ཆེར་ཁྱོད་ཚོར་འགོ་ཁུངས་ཤིག་མེད་པར་གང་དྲན་དྲན་ཡིན་པ་འདྲ་སྟེ། ཐ་སྙད་ལ་འགྱུར་བ་ཅུང་ཟད་ཙམ་ལས། སངས་རྒྱས་པའི་བཀའ་བསྟན་དང་དབྱེ་བ་ལོགས་སུ་མེད་པའི་ཕྱིར། དེ་ཡང་ཡིན་དགོས་ཏེ་ཁྱོད་ཚོར་སྟོན་པ་ཡོད་རབས་ལས་ཁོང་གིས་དུས་ནམ་ཞིག་དང་། ཡུལ་གང་དུ། སྐད་ཡིག་ཅི་ཞིག་གི་ནང་དུ་གསུངས་པ་སོགས་ནི་ཁུངས་ལུང་བྲལ་བའི་ལྷ་སྒྲུང་ལྟ་བུ་ལས་མེད་པའི་ཕྱིར་རོ། །དེ་བས་སྣ་ཇི་ཙམ་འཐེན་ཡང་ཁ་ནང་དུ་སླེབས་པར་མི་འགྱུར་རོ།།
ཅོ་རི། ཁྱོད་སྙིང་རྗེ། བོད་ཀྱི་ཐ་སྙད་ལ་རྨོངས་སོང་བས་ངས་གང་བྲིས་པ་དག་གི་ལན་ཚུལ་བཞིན་དུ་མ་རྟོགས་པས་ཡིན་གྱིས་ངས་ལན་མ་བརྒྱབས་པ་ཅི་ཡང་མེད། ཞིབ་པར་ཀློགས་དང་། གཞན་ཡང་ཁྱོད་ཀྱིས་མ་མཐོང་བའི་རྒྱུ་མཚན་གྱིས་མེད་པར་ཐག་བཅད་འདུག་སྟེ། ལྷ་ཀླུ་ཡི་དྭགས་སོགས་ཁྱོད་ཀྱི་སྡུག་མིག་གིས་མ་མཐོང་བས་མེད་པའི་ཕྱིར། དེ་འདྲའི་སྙིང་རྗེ་བ་ལ་ཨང་། ཤ་ཚ། ཁྱོད་ཀྱི་དམ་བཅའ་ལ་ཁྱོད་ཀྱིས་མ་མཐོང་ན་མེད་དགོས་དོན་མེད་པ་དང་། མཐོང་ན་ཡོད་དགོས་དོན་མེད་ན། ལྷ་ཀླུ་ཡི་དྭགས་སོགས་མེད་པར་ཁྱོད་ཀྱིས་ཐག་ཇི་ལྟར་བཅད་དམ། གླེན་ལྐུགས། ཨོ་རེད། རྒྱ་གར་བའི་སཱ་ཏུ་དག་ཤཱཀྱའི་རྗེས་འབྲངས་པ་རྫུན་མ་ཡིན་སྲིད་ལ་ཡོད་ཀྱང་ཆོག་པ། ཁྱོད་ལྟ་བུ་བོད་ལ་སྐྱེས་ཀྱང་བོད་གོ་མི་ཆོད་པ་ལྟ་བུ་མང་དུ་ཡོད་མོད། ཨོ་རྒྱན་སངས་རྒྱས་གཉིས་པ་འདི། བོད་གངས་ཅན་གྱི་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པ་སྤེལ་ལ། སངས་རྒྱས་ཉིད་ལས་བཀའ་དྲིན་ཆེ་བ་ལྟ་བུ་ཡིན་ལ། བོད་ཁ་བ་གངས་ཅན་པའི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆུ་མགོ་ལྟ་བུ་ཡིན། དེ་བས་ཁྱོད་ཅག་གིས་ཁོང་བ་སྐུར་འདེབས་བྱེད་པ་ནི་སངས་རྒྱས་ཀྱི་བསྟན་པར་དམའ་ཕབ་པ་ཡིན་ལ། བོད་མིའི་བརྩེ་དུང་ལ་ཤེས་བཞིན་རྡོག་རོལ་བཏང་བ་ཡིན། ད་གང་དྲག་་་་
ཨ་ཙི་ཙི་་་་ད་ལྟ་བོད་ན་ཡོད་པའི་བཀའ་བསྟན་དུ་མིང་བཏགས་པའི་རིལ་རིལ་པོ་འདི་འདྲ་ཞིག་ལེགས་སྦྱར་སོགས་ནང་མེད་མོད། དེ་གཉིས་ཀྱི་བསྒྱུར་གཞི་ལེགས་སྦྱར་སོགས་སུ་ཡོད་ཅེས་ཐེངས་མང་བརྗོད་ཟིན། ད་ཡང་བསྐྱར་བསྐྱར་བཟློས་མི་བྱེད། བོང་བུར་ཆོས་བཤད་པ་རང་རེད། ཉོབ་སོང་།
འཇིག་རྟེན་མི་ཆོས་ལ་ཞེན་ཆགས་ནས་སྲིད་ཁྲི་སྟེང་དུ་རྒྱལ་པོ་བྱེད་མཁན་དག་ནི་ཤཀྱའི་རྒྱལ་པོའི་བྱ་སྤྱོད་དང་གོ་ལྡོག་རེད། ཧཧ་་བོད་ཀྱི་བཙན་པོ་དག་ལ་ཟུར་ཟ་ཡིན་པའི་ཁུལ་འདྲ། སྙིང་རྗེ། སངས་རྒྱས་པའི་རྗེས་འབྲངས་པ་ཡིན་ན། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཁོ་ན་ཡིན་དགོས་པར་འདོད་པའི་གླེན་ལྐུགས་ཁྱོད།
བུ་དཔའ་བོ་ཡོད་ན་གཅིག་གི་ཆོག། ཟེར་སྲོལ་བཞིན་ལྟ་ལོག་སུམ་རྒྱ་དྲུག་ཅུའི་སྲོག་རྩ་དུས་གཅིག་ལ་གཅོད་མཁན་རྒྱུ་སྐར་གྱི་དབུས་ན་བཅོ་ལྔའི་དུང་ཟླ་ཞིག་ཤར་ཚེས་སྟོན་མོ་འདུག། མི་ཕམ་རིན་པོ་ཆེས། མང་དུ་ཐོས་པ་ལུང་གི་སྤྲིན་འཁྲིགས་ཤིང། ཕ་རོལ་རྒོལ་འཇོམས་རིགས་པའི་གློག་ཕྲེང་འབར། མན་ངག་གནད་གྱིས་བདུད་རྩི་སྙིང་ལ་སིམ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་རྒྱུར་ཅིག། དགེའོ།
ཟླ་བ་ལགས། གཏམ་དཔེ་དེ་ཚོ་བསྒྲངས་ན་ཆ་ཚང་བ་ཞིག་བསྒྲང་ན་འགྲིག་གི་རེད་བ། གཏམ་དཔེ་དེ་ཆ་ཚང་བ་འདི་འདྲ་རེད། ཆུ་མགོ་གངས་ལ་ཐུག ཆོས་མགོ་བོན་ལ་ཐུག ། འདི་སྔ་རབས་བོད་མིའི་ཁ་དཔེ་རེད་ད།
ཁྱེད་ཚོའི་ཡམ་ཡོམ་གྱི་ཁུངས་དེ་ག་བར་བཏུགས་ཀྱི་ཡོད་ནའང་བཏུགས་རོགས་གནོངས། ཁྱེད་ཚོ་འུ་ཐུག་དུས་ནམ་མཁའི་ལྷ་དང་ས་འོག་གི་ཀླུ་ལའང་ཁུངས་བཏུགས་ཡོད་པ། ད་དུང་འུ་ནག་པོ་ཐུག་སོང་ན། བྱ་བྱེའུ་དང་ཉ་སྦལ་ལྕོང་གསུམ་ལའང་ཁུངས་བཏུགས་རྒྱུའི་ཉན་ཁ་རེད། ཧ་ལས་རྒྱུ་དང་ཧུང་ཕཊ་་རྒྱུ་ཟེར་གང་ཡང་མི་འདུག་གོ ། ང་ཚོའི་བོད་མི་རིགས་ཀྱི་ཁུངས་དེ་བོད་རང་ལ་བཏུགས་དགོས་པ་རེད། ར་མགོ་ལུག་སྦྱར་བྱས་ན་ཆོ་ཨ་ཡོད་ན། རྒྱ་གར་རྒྱ་གར་གྱི་སར་བཞག རྒྱ་ནག་རྒྱ་ནག་གི་སར་བཞག བོད་བོད་ཀྱི་སར་བཞག་ན་ཡག་གི་རེད། ཉིན་མ་དེ་རིང་གི་བར། བོད་གངས་ཅན་པའི་་མི་རིགས་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་དང་རིག་གནས་གང་ཡོད་པ་འདི་རྣམས། ང་ཚོའི་སྟོན་པ་བོད་ཀྱི་ཡུལ་དུ་སྐུ་དངོས་སུ་ཞབས་ཀྱིས་བཅག་ནས་བྱུང་བའི་བཀའ་དྲིན་གྱིས་བདག་པོ་རྒྱག་མཁན་དང་རྒྱུན་འཛིན་བྱེད་མཁན་ཞིག་བྱུང་ནས་ད་བར་འཚོ་གནས་ཐུབ་པ་རེད། བོད་མི་རིགས་ལ་བསམ་ན་དེའི་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་དེ་རྗེས་སུ་དྲན་ཤེས་པར་གྱིས། ། སྐྱིད་སྡུག་མེད་པའི་རོང་རྟགས་ཚན་པོ་ཆེ་བསྟན་ནས་རོང་སྐད་བརྒྱབ་མ་ཡོང་ཨ། དང་པོ་རང་གི་ཁ་ཕོར་དེ་ག་བར་བཙུགས་ཡོད་ཤེས་དགོས། དེ་སང་ཕྱི་རྒྱལ་གྱི་སྦྱིན་བདག་ཏོག་ཙམ་རགས་དུས་སྣང་བ་ལིང་ལིང་པོ་མ་གནང་ན་དགའ། །
བོན་པོ། ཨ་ལས་ཁྱོད་ལ་དགོས་མཁོ་ཞིག་བྱུང་ཚེ་བོད་ཀྱི་གཏམ་དཔེ་དང་། ལོ་རྒྱུས། ཆོས་འབྱུང་སོགས་ལ་རང་དགར་བཟོ་བཅོས་བྱེད་ཆོག་པའི་སྙིང་སྟོབས་དེ་དཔེ་རེད་ཨང་། ནང་ཆོས་ཀྱི་ཁུངས་དེ་བོན་ཡིན་ན། རྒྱ་གར་ནས་བྱུང་བའི་ནང་ཆོས་ཀྱི་ཁུངས་དེ་ཡང་བོན་ཡིན་གྱི་རེད། དེ་བཞིན་རྒྱ་ཧོར་སིང་གཱ་ལ་འབར་མ་སོགས་ཀྱང་དེ་བཞིན་ནོ། །སྙིང་རྗེ། སྐབས་རེ་རང་གིས་ཅི་ཞིག་བཤད་པར་མནོ་བསམ་ཕྱི་མ་ཞིག་ཐོངས། དེ་མིན་རང་མཚང་རྗེན་པར་སྟོན་ཉེན་ཡོད།
བོད་ཀྱི་ཆོས་འབྱུང་ལོ་རྒྱུས་འགར་བོད་ཀྱི་ཡོད་ཚད་ཀྱི་ཁུངས་རྒྱ་གར་དུ་བཅོལ་ཡོད་པ་བདེན་ཡང་། དེ་དག་ནི་གང་ཟག་གང་དེའི་ནོར་འཁྲུལ་ཡིན་པས། རྒྱུག་པ་ལེབ་རྡུང་མ་བྱེད་རོགས། འོན་ཏེ་ལྡེའུ་ཆོས་འབྱུང་སོགས་སུ་བོད་མིའི་ཁུངས་བོད་རང་ནས་ཡིན་པར་གསུངས་ཡོད། དེ་ལ་ལན་ཅི་ཡོད། ལར་ནས་མི་རེ་འགའི་ནོར་འཆུག་སངས་རྒྱས་པ་སྤྱིའི་མགོར་མ་གཡོག་རོགས། ཁྱོད་ཚོའི་སྟོན་པ་དེ་ཡང་སྟག་གཟིག་འོལ་མོ་ལུང་རིང་ནས་ཕེབས་པར་སྨྲས་པས། དེ་བོད་ཀྱི་ས་གནས་གང་དུ་རེད་དམ། ཞང་ཞུང་ནས་བོན་ཆོས་སྤེལ་བར་བཤད་པར་འགྲིག་ཆོག་མོད། སྟོན་པ་དེའི་ལོ་རྒྱུས་ལ་དྭོགས་པ་མི་བྱེད་དཀའ་མེད་རེད། གཞན་ཡང་ཁོང་གིས་བོན་ཆོས་དེ་སྐད་ཡིག་གང་ནས་གསུངས་སམ། ཞང་ཞུང་གི་སྨར་ཡིག་ཟེར་བ་ཡོད་རབས་འདུག་མོད། དེའི་ནང་བྱུང་བའི་བོན་པོའི་གསུང་རབ་པོད་གཅིག་ཀྱང་མཐོང་ཆོས་སུ་མི་འདུག་པས། བོན་ཆོས་དེ་ཆོས་རྒྱལ་སྲོང་བཙན་གྱི་རྗེས་ཙམ་ནས་བྱུང་བ་རེད་དམ། ཁྱོད་ཀྱིས་ནང་ཆོས་ལ་ལྷ་ཀླུ་མང་རབས་བཤད་མོད། དྲང་པོ་བཤད་ན་ལྷ་ཀླུ་མཆོད་པའི་སྲོལ་དེ་བོན་པོའི་མིན་ནམ། ང་ཚོར་གཞུང་ཁུངས་བསྟན་རྒྱུ་ཡོད་ལ། ཁྱོད་ཚོར་མི་འདུག་པས། ད་ནས་སྨྲ་བ་ཉུང་ན་མཛེས་སོ།།
ཅོ་ཅོ་རིས། ནང་པ་ལ། དམའ་འབེབས་ཀྱི་ཚིག་ལ། རྒྱ་གར་མུ་སྟེགས་ཀྱི་ཆོས་ལུགས་ལ་ཨ་ཁུ་རིརམ། དུར་ཁྲོད་ནས་མི་ཤི་བའི་རོ་ལྷག་མ་ཟ་མཁན་ལ་རོ་གཟན་གྱི་རྣལ་འབྱོར་པ་དུས་ད་ལྟ་ཡང་ཡོད་པ་དེ་དང་། དེ་བཞིན་རྒྱ་གར་སྐད་དུ་སན་ཡ་སིའམ། ས་དྷུ་བྷ་བྷ་གོས་སེར་པོ་གྱོན་མཁན་ཧིན་ཆོས་སུ་ཡོད་པ་དག་དང་བསྲེས་ནས། རྒྱ་གར་འཕགས་ཡུལ་ནས་སངས་རྒྱས་ཤྰཀྱ་ཐུབ་པའི་ནང་ཆོས་བོད་ལ་དར་བའི་སོ་ཐར། བྱང་སེམས། གསང་སྔགས་བསྲེས་ནས་སྐྱོན་འཛུགས་བྱས་ན་ཅོ་རི་ཁྱོད་རྫུན་དང་ཧམ་པ་ཆེན་པོ་བཤད་པ་རེད། ང་ཚོ་བོད་རིགས་ནང་པ་རྒྱ་གར་ལ་བསྡད་ནས་ལོ་ལྔ་བཅུ་དྲུག་བཅུའི་ནང་ལ། ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་ཆོས་ལུགས་མིང་ཟིན་ལག་ཟིན་དུ་ཡོད་པའི་ནང་ནས། ར་མ་ཡ་དགའ་བྱེད་ཀྱི་གཏམ་རྒྱུད་དང་། ནག་པོའི་གི་ཏ་མཧྰ་བྷྰ་རཏ་གཉིས་ནང་གི་ལྷ་དང་ལྷ་མིན་དང་ཀླུ་སོགས་ཕལ་ཆེར་གཅིག་མཚུངས་ལྟར་ཡོད་ནའང་། བོད་ནང་དར་ཡོད་པའི་ནང་ཆོས་ནང་གི་གསང་བདེ་འཇིགས་གསུམ། ཕུར་པ་སྤྱན་རས་གཟིགས་སྒྲོལ་མ་སོགས་མུ་སྟེགས་པ་ལ་མེད་པ་མ་ཟད། ལྷ་དབང་ཕྱུག་གམ་ཤི་བ་དང་། ལྷ་མོ་ནགམོའམ། ཀྰ་ལི་སོགས་གསར་དམར་མཆོད་འབུལ་ཡུལ་རྣམས་ནི། ལྷ་འདྲེར་རུ་ཡོད་དུ་ཆུགས་ཀྱང་། ནང་པའི་འཇིག་རྟེན་སྲུང་མ་ལྟར། འཕྲིན་བཅོལ་འབུལ་འོས་སུ་མཆིས་ཀྱང་། སྐྱབས་གནས་དཀོན་མཆོག་གསུམ་པོའི་གྲལ་དུ་མི་ཚུད་པས། ཁྱོད་ཀྱི་ཧམ་བཤད་དང་རྫུན་རྐུབ་འདི་ནས་བཏོལ་བ་མ་རེད་པེ། ལགས།། །།
སྤྱིར་སྟངས་ངས་ཁོང་རྣམ་པ་གཉིས་ཀྱི་བཀའ་མོལ་འདིའི་འོག་ནས་མཆན་མི་འབྲི་བསམ་བྱུང་། ཡིན་ནའང་ཁ་ཤས་ཀྱིས་ཞེ་བོ་ཞིག་ཤེས་ཀྱི་ཡོད་མདོག་བསྟན་ནས་ཁ་བདེ་པོ་བཤད་ཡོང་དུས་ཅུང་གློ་བ་མ་བདེ་ནས་མཆན་ཁ་ཤས་ཐལ་སོང་། གཟུ་བོར་གནས་པའི་དྲྭ་གྲོགས་ཚོ་ལ་དགོངས་འགལ་མེད་པ་ཞུ། ། ཞང་ཞུང་གི་སྨར་ཡིག་འདུག་ལ། སྨར་ཡིག་གི་ཡིག་རྙིང་ཡང་འདུག ཞང་ཞུང་སྐད་ཐོག་ལ་བྲིས་པའི་བོན་དཔེ་ཡང་འདུག་ལ། དེར་མ་ཚད་ཧ་ཅང་གི་གདམས་ངག་རྩ་ཆེན་དེ་འདྲ་ཞང་ཞུང་སྐད་ཐོག་ལ་བྲིས་བཞག་པ་འདུག ད་དུང་ཤེས་དགོས་པ་ཞིག་ནི། མཐོ་སྒང་གངས་ཅན་བོད་ཀྱི་གདོད་མའི་རི་ཆུ་དང་ས་གནས་ཀྱི་མིང་མང་ཆེ་བ་ཞང་ཞུང་སྐད་ཐོག་ལ་དེང་སང་ཡང་དམངས་ཁྲོད་དུ་འབོད་བཞིན་གནས་ཡོད། ཞང་ཞུང་ལའང་སྐད་རིགས་མི་འདྲ་བ་གང་མཚམས་ཡོད་པས་གཅིག་ཏུ་ནི་མ་ངེས་སོ། ། སྟོན་གཤེན་རབ་ཀྱི་འཁྲུངས་ཡུལ་ལ་མཁས་པས་བཞད་པ་མི་མཐུན་པ་ཡོད་པ་ལྟར། ཤཀྱ་ཐུབ་པའི་འཁྲུངས་ཡུལ་དང་འཁྲུངས་ལོ་སོགས་ལའང་ཞེ་འདོད་མི་མཐུན་པ་ཡོད་པ་རེད། ལུམ་སྦི་ནི་དུས་ཕྱིས་དུས་ཕྱིས་ཕྱི་རྒྱལ་བ་ཚོས་ངོས་འཛིན་བྱས་བཞག་པ་དེ་འདྲ་རེད། རྒྱ་གར་ལའང་ལུམ་སྦི་ནི་གཅིག་ཡོད་རབས་འདུག་པས་ལུམ་སྦི་ནིའི་རྩོད་པ་ད་ལྟའང་ཞི་ཐུབ་ཡོད་མ་རེད། ཁྱད་མཚར་བ་ཞིག་ལ། ལུམ་་་ཞེས་པ་དེ་ནི་ཞང་ཞུང་གི་སྐད་ཡིན་པར་སྨྲ་མཁན་ཡང་འདུག ལུམ་ཞེས་པ་ནི་བོད་ཀྱི་བརྡ་རྙིང་ནང་ཆུ་འགོ་དང་ཆུ་ལ་གོ་བ་རེད། ཁ་ཤས་ཀྱི་ནི་་་ལུ་མ་་་ཡང་བརྫོད། དོན་ལ་གཙང་ཆུ་གཉིས་ཀྱི་འདུས་སའི་ཁུག་པ་ཞིག་ལ་ས་ཆ་དེ་ཆགས་ཡོད་པས་་་ལུམ་་་ཞེས་པའི་ཞང་ཞུང་གི་ཐ་སྙད་དེ་བྱུང་སྐད་འདུག སྦེ་ནི་ཞེས་པ་ནི་བལ་པོའི་སྐད་ཡིན་ས་རེད་ཏན་ཏན་མ་ཤེས་སོ། སྟོན་པ་གཤེན་རབ་ནི་སྟོད་ཕྱོགས་ནས་ཕེབས་པའི་ཀྱི་མི་བུ་ཞིག་ཡིན་པ་ལོ་རྒྱུས་མངས་པོའི་ནང་གསལ་བ་ལྟར་རེད། དེང་སང་བོད་རིག་པའི་མཁས་དབང་ཚོས་ནི་གངས་ཏི་སེ་དང་མཚོ་མ་པང་གི་ས་སྐོར་དེ་གཤེན་རབ་ཀྱི་འཁྲུངས་ཡུལ་ཡིན་ངོས་འཛིན་བྱེད་བཞིན་འདུག ཁ་ཤས་ཀྱིས་ནི་ཁྱུང་ལུང་དངུལ་མཁར་རྒྱལ་བ་གཉེས་པའི་ཚལ་དེ་ཡིན་པར་འདོད་མཁན་ཡོད། གང་ལྟར་གཤེན་རབ་མི་བོའི་འཁྲུངས་ཡུལ་དེ་ནི་བོད་མི་རིགས་ཀྱི་རིག་གནས་དང་ཆོས་ལུགས་དར་སའི་ས་ཆ་ཞིག་་ཡིན་པས་དེ་མཐོ་སྒང་གངས་རིའི་ལྗོངས་འདི་ནས་ཧ་ཅང་ཐག་རིང་དུ་གྱུར་བ་ཞིག་ཡིན་པར་མི་སེམས་སོ། ། ངས་ལྷ་ཀླུ་མང་རབ་ནི་བཤད་མེད་དོ་། ལྷ་ཀླུ་ལ་ཁུངས་བཏུགས་རབས་བཤད་པ་ཡིན། དུས་རྒྱུན་ཁྱེད་ཚོས་ལྷ་ཀླུ་ཚོ་ལ་བརྙས་བཅོས་ཞེ་བོ་གཏོང་སྲོལ་ཡོད་པ་རེད། དེའི་ནང་ནས་ཀྱང་བོད་ཀྱི་ལྷ་ཀླུ་ཚོ་ནི་ཁྱེད་ཚོས་མིག་གིས་མཐོང་ས་ཡོད་མ་རེད། ཡིན་ནའང་འུ་ཐུག་དུས་ལྷ་ཀླུ་གཉིས་ལ་ཁུངས་བཏུགས་བཞག་པ་དེ་ངས་གསལ་བཤད་མི་དགོས་པར་ཁྱོད་ཀྱིས་ལོས་ཤེས། ཁྱེད་ཚང་གི་མགོན་པོ་ཀླུ་སྒྲུབ་ཀྱང་ཀླུ་ཡུལ་ལ་སློང་མོ་རྒྱག་པར་ཕེབས་ཡོད་ས་རེད་བ། ང་ཚོ་ལ་གཞུང་ཁུངས་དང་། མི་ཁུངས། ཡུལ་ཁུངས། སྲིད་ཁུངས། སྐད་ཁུངས། བྱུང་ཁུངས་ཚང་མ་གཅིག་ལ་གཅིག་འབྲེལ་གྱིས་སྟོན་རྒྱུ་ཡོད། ཁྱེད་ཚོ་ལ་རོང་ཡིག་ཁ་ཤས་ཅིག་སྟོན་རྒྱུ་ཡོད་ནའང་ཐང་། གཞན་སྟོན་རྒྱུ་གང་ཡང་མེད་མཁན་དེ་ཁྱེད་ཚོ་རེད། བོད་ཡུལ་ཆུས་གང་རབས་བཤད་པའི་སྐྱག་རྫུན་ཚན་པོ་ཆེ་དེ་དང་། སྤྲ་སྤྲེལ་ནས་བོད་མི་བྱུང་རབས་ཀྱི་གཡོ་རྫུན་གཉིས་པོ་དེ་སྟོན་རྒྱུ་ཡོད་ན་མ་གཏོགས་གཞན་ཅི་ཡོད། །
ཞང་ཞུང་གི་སྨར་ཡིག་འདུག་ལ། སྨར་ཡིག་གི་ཡིག་རྙིང་ཡང་འདུག ཞང་ཞུང་སྐད་ཐོག་ལ་བྲིས་པའི་བོན་དཔེ་ཡང་འདུག་ལ། དེར་མ་ཚད་ཧ་ཅང་གི་གདམས་ངག་རྩ་ཆེན་དེ་འདྲ་ཞང་ཞུང་སྐད་ཐོག་ལ་བྲིས་བཞག་པ་འདུག
ད་ཁྱེད་ཚོ་ཞིམ་འཛིང་མ་རྒྱག། ཆོས་ལུགས་ནི་བསམ་བློའི་མོས་པ་ནས་འཕྱུར་བ་ནས་ཕྱི་དངོས་པོའི་གནས་སྟངས་ལ་བལྟོས་ནས་བཟོས་པ་མིན། བསམ་བློའི་འཆར་སྒོ་མཐའ་ཡས་པ་ཡིན་སྟབས། མང་པོ་ཞིག་རྟོག་བཟོ་རེད། དེ་ངེས་པར་དུ་ཁས་ལེན་དགོས། དེ་ཡང་ཁ་ཆེ། ཡེ་ཤུ། ནང་པ་སོགས་བསམ་བློའི་འཆར་སྒོ་གཙོ་བོར་བཞག་ནས་བཟོས་སྟབས། དེ་རྟོག་བཟོ་གཙོ་བོར་བཀོལ་ཡོད། གཙོ་བོ་དད་མོས་ལ་བརྟེན་ནས་བྱུང་བ་ཡིན་སྟབས། དེ་ལ་དངོས་པོའི་དཔང་པོ་འཚོལ་བ་ནི་འཚོལ་མཁན་རང་ཉིད་གླེན་རྟགས་ཆེ་དྲག་པ་རེད། འཛམ་གླིང་ནང་གི་ཚན་རིག་པའི་རྗེས་འབྲང་མང་ཤོས་དང་ཆོས་ལུགས་ཀྱི་མི་གྲངས་མང་ཤོས་ཡིན་པའི་ཡེ་ཤུ་ལྟ་བུར་མཚོན་ན། ཚན་རིག་པ་ཚོས་ཡེ་ཤུ་དཀོན་མཆོག་གི་སྲས་ཡིན་མིན་མི་བརྩོད། དེ་དད་པའི་ཁུངས་ལ་བཞག་ཡོད། བརྩོད་པ་མེད། དེ་བཞིན་ནང་པ་དང་བོན་པོ་ཡང་དད་པའི་རིག་གཞུང་རེད། དེ་ལ་དངོས་པོ་ཁྱེར་ནས་དཔང་པོ་བྱེད་པ་ནི་སྟག་གི་རྒྱབ་རྟེན་ཝ་མོ་འདྲུད་པ་ལྟ་བུ་ལས་ཕན་པ་མེད། མི་མང་གིས་ཆོས་ལུགས་གང་ལ་མོས་པ་ཆེ་བ་ཡོད་པ་དེ་ལ་དད་པ་བྱེད་པ་ལས། ཆོས་ལུགས་གང་དངོས་པོའི་གནས་ཚུལ་དང་མཐུན་མིན་དཔྱོད་པར་མི་བྱེད་པ་དེ་ཚན་རིག་གིས་གྲུབ་ཡོད། འཛམ་གླིང་འདིའི་ནང་ལ་ཆོས་ལུགས་ཁྱབ་མགྱོགས་ཤོས་དང་མ་འོངས་པ་ན་འཛམ་གླིང་ཧྲིལ་པོའི་ཆོས་ལུགས་ཆེས་ཤོས་སུ་འགྱུར་བ་དེ་ཁ་ཆེའི་ཆོས་ལུགས་རེད། རྒྱུ་མཚན་ནི་ཧ་ཆེའི་ཆོས་ལུགས་གཞི་དངོས་པོའི་གནས་ལུགས་དང་མཐུན་མིན་མ་རེད། ཁ་ཆེའི་ཆོས་ལུགས་ཀྱིས་སྙོག་ཟིང་ཆེ་བ་ཞིང་། དྲང་པོ་མིན་པ། གྲལ་རིམ་གཙིགས་ཤིང་། འཇོན་ཐང་ལ་མི་བརྩི་བའི་སྤྱི་ཚོགས་འདིར་ཨ་ལ་ལས་དྲང་བའི་སྐྱབས་ཡུལ་ཞིག་མེད་པར་ངོས་འཛིན་བྱེད། ཨ་ལ་ཡང་གང་ཟག་ཞིག་ལ་མི་འདོད་པར་དེ་འཇིག་རྟེན་ལས་འདས་པའི་ནུས་པ་ཕུན་སུམ་ཚོགས་པའི་ཡུལ་ཞིག་ལ་བརྩིས། ད་ཁྱོད་ཚོ་བརྩོད་པ་བཞག་ནས་འཛམ་གླིང་གི་སྐྱེ་བོ་མང་ཤོས་ཀྱིས་དད་པ་བྱེད་ཡུལ་ཁ་ཆེའི་ཆོས་ལ་གོ་སྐབས་སྦྱིན་ནས་ཨ་ལ་དམ་པར་སྐྱབས་བཅོལ་ནས་ཚོད་ལྟ་ཞིག་གྱིས་དང་། ཁོང་གིས་ནུས་པས་ངོ་མ་ཁྱེད་ལ་བདེ་བ་སྦྱིན་ཐུབ། གལ་ཏེ་ཁ་ཆེའི་དམ་པའི་ཆོས་ལ་བཞུགས་ན། ཁྱེད་ནང་པའི་རྙོག་ཟིང་དེ་ཚོར་སྐྲག་དགོས་མེད། ཁྱེད་བོན་པོའི་རྫུན་གཏམ་དེ་ཚོར་སྐྲག་དགོས་མེད། ཐ་ན་སྟོབས་ཆེ་བའི་ཡེ་ཤུ་བ་ཚོ་ཡང་རིམ་བཞིན་ང་ཚོའི་འོག་ལ་འཇུག་བཞིན་ཡོད། ད་ལྟ་དབྱིན་ཇི་དང་། ཡེ་ཤུའི་རྒྱལ་ས་ཨི་ཌ་ལི། ཕ་རན་སི། སི་པན་སོགས་ཁ་ཆེའི་མི་འབོར་འོག་ལ་མགོ་སྒུར་ཟིན། ནང་པ་ནི་ཆེས་གཞི་རྒྱ་ཆུང་བའི་ཆོས་ལུགས་ཞིག་རེད། འཛམ་གླིང་ཆོས་ལུགས་ཆེན་པོ་བཞི་ཡི་གྲས་ལ་ནང་པ་མེད། ཁ་ཆེ། ཡེ་ཤུ། ཇེའུ། ཧིན་རྡུ་རྣམས་ལ་འཛམ་གླིང་ཆོས་ལུགས་ཆེན་པོ་བཞི་ཟེར། དེར་ནང་པ་མེད། བོན་པོ་ནི་མི་འབོར་མང་ན་སྟོང་གཉིས་རེད། དེ་བོད་ལས་གཞན་ལ་ཁྱབ་མེད། དེ་ཡང་ད་ལྟ་ནང་པའི་ལྟ་གྲུབ་ལ་གྱུར་ནས་ནང་པ་ཕྱེད་ཀ་དང་གདོད་མའི་ཀླ་ཀློའི་ཆོས་ལུགས་ཕྱེད་ཀས་སྐྱོང་བའི་ཡུལ་ཁུ་སྐྱོག་གི་ཆོས་ལུགས་རེད། དེ་ལ་བརྩོད་པ་རྒྱག་མཁན་སྨྱོན་པ་རེད། རེད་ཨ། ལྐོག་འགྱུར་ཆེ་བའི་དཀོན་མཆོག་དམ་པ་ཨ་ལ་ཡིས་ཁྱེད་ལ་གོང་གི་སྙོག་ཟིང་ཚང་མ་སྒྲོལ་ཐུབ། ཨ་ལ་རྒྱལ་གྱུར་ཅིག། ཨ་ལས་འཛམ་གླིང་འདི་བཀོལ་བར་གྱུར་ཅིག། ཨ་ལ་སྦག་ཐར། ཨ་ལ་སྦག་ཐར། ཨ་ལ་རྒྱལ་གྱུར་ཅིག ང་རང་བོད་རྒྱ་དབྱིན་གསུམ་ཤེས་པའི་བོད་པ་ཞིག་ཡིན། ལས་ཀ་དང་དཔལ་འབྱོར་མི་དམན་པ་ཡོད། དེ་དག་ཨ་ལ་མཆོག་ལ་གསོལ་བ་འདེབས་ནས་བྱུང་། ཚོད་ལྟ་གྱིས་དང་གྲོགས་པོ། འཛམ་གླིང་བཀོལ་མཁན་གྱི་ཆོས་ལུགས་ལ་ཞུགས།
བོད་པ་ཁ་ཆེ་ཞིག་ཁ་བརྡར་ར་མཐོང་བ་ང་རང་ལ་ཐང་མ་དང་པོ་ཡིན། ང་ཁ་བརྡའི་མཆན་རྙིང་པས་ཕེབས་བུས་ཞུའོ།། །།ཁ་ཆེ་པ་དང་ནང་པའི་འབྲེལ་ལམ་བཟོ་མཁན་ཅིག་ཡིན་པའི་སྨོན་འདུན། ཆོས་ལུགས་པ་འདི་གཉིས་ཀྱི་མཛའ་མཐུན་རྒྱལ་འགྱུར་ཅིག། །།
བོན་པོས་བཤད་ན་སྟོན་པ་གཤེན་རབས་མ་གཏོགས་མེད་རབས་བཤད། ཁ་ཆེ་བས་བཤད་ན་ཨ་ལ་མ་གཏོགས་མེད་རབས་བཤད། ཞིམ་འཛིང་ཡིན་ན་ཡིན་མཉམ་མ་རེད་དམ།
ཆོས་ལུགས་ཀྱི་གྲངས་འབོར་བསྡུར་དགོས་ན་ཕལ་ཅེར་གདོད་མའི་ཆོས་ལུགས་པ་ཚོ་མང་ཤོས་ཡིན་གྱི་རེད། གདོད་མའི་ཆོས་ལུགས་མེད་སའི་མི་ཡུལ་ཞིག་ཕལ་ཆེར་རྙེད་དཀའ། རྒྱ་གར་ལའང་གདོད་མའི་ཆོས་ལུགས་ཡོད། བལ་ཡུལ་ལའང་གདོད་མའི་ཆོས་ལུགས་ཡོད། འབྲུག་ཡུལ་ལའང་གདོད་མའི་ཆོས་ལུགས་ཡོད། རྒྱ་ནག་ལའང་གདོད་མའི་ཆོས་ལུགས་ཡོད། ཨ་རི་ལའང་གདོད་མའི་ཆོས་ལུགས། ཡུ་རོབ་ལའང་གདོད་མའི་ཆོས་ལུགས་ཡོད། སོག་པོ་ལའང་གདོད་མའི་ཆོས་ལུགས་ཡོད། རུ་སུ་ལའང་གདོད་མའི་ཆོས་ལུགས་ཡོད། ཉི་ཧོང་ལའང་གདོད་མའི་ཆོས་ལུགས་ཡོད། ཨོ་གླིང་ལའང་གདོད་མའི་ཆོས་ལུགས་ཡོད། ཨ་ཕེ་རི་ཀར་གདོད་མའི་ཆོས་ལུགས་ཡོད། ལྷོ་དབུས་ཨ་མེ་རི་ཀར་གདོད་མའི་ཆོས་ལུགས་ཡོད། ཁེ་ན་ཊ་ལའང་གདོད་མའི་ཆོས་ལུགས་ཡོད། སྟག་གཟིག་ལའང་གདོད་མའི་ཆོས་ལུགས་ཡོད། གངས་ཅན་བོད་ལ་གདོད་མའི་ཆོས་ལུགས་ཡོད། ཞང་ཞུང་ཡུལ་ལའང་གདོད་མའི་ཆོས་ལུགས་ཡོད། ཨོ་རྒྱན་ལའང་གདོད་མའི་ཆོས་ལུགས་ཡོད། སྲིན་པོའི་ཡུལ་དུ་གདོད་མའི་ཆོས་ལུགས་ཡོད། ཨལལལལ་་་གདོད་མའི་ཆོས་ལུགས་ཀྱི་ལ་རྒྱའི་གོང་བུ་རྒྱལ་ལོ། མེད་ས་དེ་ཕལ་ཆེར་དགོན་ཆུང་ཁ་ཤས་ནང་ལ་མེད་ཟེར་ནས་ཨུ་ཚུགས་བརྒྱབ་བསྡད་ན་མ་གཏོགས་གཞན་ད་དེ་འདྲ་རེད་དོ་ལགས།
གངས་ཅན་ བོད་ལ་ ཡོད་པའི་ གདོད་མའི་ ཆོས་ལུགས། དང་། བོད་ཀྱི་ བོན་ཆོས་ གཉིས་ལ། མུ་གསུམ་ མུ་བཞི་ འགལ་བ་ དོན་གཅིག་གིས་ སྒོར་ནས་ ཁྱད་པར་ ག་རེ་ ཡོད་དམ། སུ་རུང་ ཞིག་གིས་ ལན་གསུང་ ཐུབ་བམ། ལགས།
སྐུ་ཞབས་ཐུབ་བསྟན་ཡར་འཕེལ་དང་རྡོ་རྗེ་ཚེ་བརྟན་གཉིས་ལ་ཐུགས་རྗེ་ཆེ་ཞུ། དྲི་བ་དྲིས་ལན་ཡག་པོ་གནང་སོང་།
དེང་དུས་རང་རེའི་སྤྱི་ཚོགས་ཁྲོད་ངེས་དོན་གྱི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱིས་རབ་ཏུ་ཕྱུག་པའི་བཙུན་པ་ཐུབ་བསྟན་ཡར་འཕེལ་ལྟ་བུ་ནི་ཉིན་སྐར་ཙམ་དུ་སྣང་ཡང་། ཁོང་ལྟ་བུ་ཞིག་ད་དུང་དངོས་སུ་སྐུ་འཚོ་བཞུགས་ཡིན་པ་ཙམ་དུ་མ་ཟད། དེ་རིང་དངོས་སུ་ཨ་རི་རླུང་འཕྲིན་བརྒྱུད་ཞལ་མཇལ་རྒྱུ་དང་གསུང་ཐོས་རྒྱུ་བྱུང་བར་དགའ་སྤོབས་ནི་བསམ་ཡུལ་ལས་འདས་སོ། བཀའ་དྲིན་ཆེ།
དེང་གི་བསམ་ཡས་པའི་སྐོར་ལ།
https://www.youtube.com/watch?v=6fxmlYqkH8Q
སྐུ་གཞོགས་ཐུབ་བསྟན་ཡར་འཕེལ་ལགས་སུ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་ཕྱིས་སུ་འདི་འདྲའི་ལས་རིམ་ནང་གང་མང་མང་མཉམ་ཞུགས་ཀྱིས་རང་གི་ཤེས་བྱ་བློ་གྲོས་གཞན་ལ་སྦྱིན་པ་གཏོང་རོགས་གནང་། བཞུགས་སྒར་དུ་བཅའ་བཞུགས་རྣམ་གྲྭ་གམ་བཅར་བ་སྐུ་གཞོགས་མཁྱེན་ཡོན་ཅན་ཁྱེད་ལྟ་བུ་འདི་འདྲ་ཞིག་བརྙན་འཕྲིན་བརྒྱུད་དངོས་སུ་མཇལ་བ་དང་གསུང་ཐོས་པ་ནི་ལོ་རྒྱུས་ནང་ཉི་ཟླ་ལྟར་དང་པོ་ཡིན་ཚོད་ལགས། བཀྲིན་བླ་མེད་དུ་ཆེ།། རྡོ་རྗེ་ཚེ་བརྟན་ལགས། ཁྱེད་ནི་ད་ཡོད་རླུང་འཕྲིན་ལས་བྱེད་པ་ཚོའི་ནང་ནས་བོད་ཀྱི་ལོ་རྒྱུས་སྐོར་སུ་ཞིག་ལའང་བཅར་འདྲི་གནང་ཡང་རང་ངོས་ནས་རྒྱུན་དུ་དཔེ་ཀློག་གིས་གྲ་སྒྲིག་གནང་ནས་དྲི་བ་འདྲི་ལན་གནང་གིན་ཡོད་པའི་དོ་སྣང་ཤུགས་ཆེ་བྱུང་བས་ཐུགས་རྗེ་བཀྲིན་བླ་མེད་དུ་ཆེ།། །།
སྐུ་ཞབས་ཁོང་ནི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱིས་ཕྱུག་པ་ཞིག་ཡིན། ཁོང་གིས་ཕྱོགས་བསྒྲིགས་དང་རང་རྩོམ་གནང་བའི་དཔེ་དེབ་ཚད་ལྡན་མང་དུ་མཇལ་རྒྱུ་ཡོད། འདི་ལྟ་བུའི་མཁས་པ་དག་སྐུ་ཚེ་ཡུན་དུ་བརྟན་པར་ཤོག རྡོ་རྗེ་ཚེ་བརྟན་ལགས་ཀྱང་ཨ་རིའི་རླུང་འཕྲིན་ཁང་གི་ཕུལ་བྱུང་བའི་གྲས་ཡིན། མཛད་འཕྲིན་སྔར་བཞིན་རྒྱས་པར་ཤོག
༅༅།་སྐུ་ཞབས་རྡོ་རྗེ་ཚེ་བརྟན་ལགས་ནས་སྐུ་ཤོག་བསྟན་པ་ཡར་འཕེལ་མཆོག་ལ་
བསམ་ཡས་གཙུག་ལག་ཁང་དང་མཁན་སློབ་ཆོས་གསུམ་སྐོར་ལ་བཅར་དྲི་ཡག་པོ་གནང་སོང་བ་
མ་ཚད་སྐུ་ཤོག་ལགས་ནི་དངོས་གནས་ཀྱི་སྐུ་ཡོན་ཡོད་མཁན་ཞིག་རེད་འདུག་པ་དཔེ་ཡག་པོ་གསལ་
བཤད་གནང་སོང་བ་མ་ཚད་་་་རྡོ་རྗེ་ཚེ་བརྟན་ལགས་ཀྱང་ཤེས་ཡོན་ཡོད་པའི་དྲི་བ་དྲིས་སོང་བ་ཐུགས་
རྗེ་བླ་མེད་དུ་ཆེ། དེ་འདྲ་ཉན་རྒྱུ་བྱུང་ན་ལུས་སེམས་དགའ་ཞིང་གཟུགས་པོ་ཡང་བདེ་ཙམ་འགྲོ་གི་འདུག་
དེ་མིན་ནུབ་ཕྱོགས་ལུང་པ་ལ་་དམིགགས་བསལ་ཅན་གང་ཡང་མེད།
ཁྱེད་རྣམ་གཉིས་ལ་བཀྲིས་བདེ་ལེགས་ཡོད།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དགུང་ལོ་ཉེས་གཅིག་ཐོག་ལ། སློབ་དཔོན་རིན་པོ་ཆེ་བོད་ལ་ཕེབས། ཁྲི་སྲོང་རེ་དགུའི་ཐོག་གཤེགས། གཤེགས་རྗེས་ལོ་ལྔ་དང་ཟླ་བ་དྲུག་བཞི་བཞུགས་པས། སློབ་དཔོན་བོད་ལ། ལོ་ཧྲིལ་པོ་ལྔ་བཅུ་ང་བཞི་དང་ཟླ་བ་དྲུག་བཞུགས་པར་གྲགས།
ཧ་ཅང་ཡག་པོ་གསུངས་འདུག དོན་དམ་པའི་མཁས་པ་ཟེར་བ་དེ་འདི་འདྲ་ཞིག་ལོས་ཡིན་བསམ་བསམ་ཞིག་འདུག
འོ་ད་རུང་ལོ་རྒྱུས་འགའ་ཆད་འདུག། ཐོག་མར་པདྨ་ས་བྷ་བ་བྱད་གཟུགས་ཉེས་ཆེ་བས། ཕ་མ་གཉིས་ཀྱིས་ལྟས་ངན་དུ་རྩིས་ནས་དུར་ཁྲོད་ནང་དུ་གཡུག། དེ་ནས་ཤཀྱ་སེང་གེའི་མདུན་སོང་ནས་གྲ་པ་བྱས་རྗེས་གྲྭ་མིང་ལ་ཡང་ཤཀྱ་སེང་གེ་བཏགས། དེ་རྗེས་མནྡྷ་ར་བའི་ཇོ་སྡོམ་
འཕྲོག་ནས་གྲ་ཇོ་ཁ་སྦྱོར་གྱི་གྲྭ་ལོ་ཇོ་ལོག་བྱས། དེ་ནས་ཟ་ཧོར་རྒྱལ་པོ་ཡི་མ་རང་བར་བར་ཡུལ་དུ་རྒྱང་འབུད་གཏོང་། དེ་ནས་རིམ་བཞིན་བོད་ལ་ཡོང་ནས་བོན་གྱི་སྔགས་པོ་མཐོན་དུས་སྔགས་པ་ཡིན་ཞེས་སྔགས་རྫུན་བྱས། ཁྲི་སྲོང་བཙན་གྱི་དབུ་བླ་བསྐུར་དུས་མཁའ་ཆེན་བཟའ་
ལ་ལྐོག་འབྲེལ་བྱས་ནས་རྒྱོ་རྒྱབ། དེ་བོད་རྒྱལ་ཀྱི་ཧ་གོ་དུས་དབང་ཡོན་དུ་ཕུལ། དེ་རྗེས་ཡར་ཡར་བོད་ཀྱི་ཆབ་སྲིད་ལ་ལག་པ་བརྐྱངས་སྲིད་འཕྲོག་སེམས་འཆང་ཡོང་དུས། བོད་རྒྱལ་འུ་ཐུག་ནས་གསེར་དངུལ་ཅུང་ཙམ་སྤྲད་ནས་པདྨ་ས་བྷ་བ་རྒྱང་འབུད་གཏོང་དགོས་བྱུང་བ། མཐར་རྐུན་ཇག་གིས་མངའ་རིང་གུང་ཐང་ལར་འཇབ་སྒུག་རྒྱབ་ནས་གསེར་དངུལ་འཕྲོག་པདྨ་ས་བྷ་བ་བསད་སོང་བའི་དངོས་བྱུང་ལོ་རྒྱུད་དག་བཤད་མི་འདུག་བ།
སྐད་ཆ་ལྷ་སྒྲུང་འདྲ་པོ་ཞིག་བཤད་ནས་ལོ་རྒྱུས་བཤད་ཀྱི་ཡོད་མདོག་མདོག ཆོས་ལུགས་པའི་རྫུན་རྒན་དེ་དག་གིས་རྫུན་བཤད་བཤད་ཀྱིས་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱང་དངོས་ཡོད་དང་མི་མཐུན་པའི་ལྷ་སྒྲུང་ལྟ་བུ་ཤ་སྟག་བཤད་ཀྱི་འདུག་ག
ཇི་སྐད་དུ།
མཁན་སློབ་ཆོས་གསུམ་རིང་ལུགས་ཆེ། །
ཛམ་གླིང་ས་གསུམ་ཁྱབ་པར་འཕེལ། །
འགྲོ་རྒྱུད་མཆོག་གསུམ་སྣང་བ་དང་། །
མི་འབྲལ་དུས་གསུམ་དགེ་ལེགས་ཤོག །
རྔོག་ལོ་ཆེན་པོས།
བེེ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །
སྐ་ཅོག་རྣམས་གཉིས་ཉི་ཟླ་ཟུང་གཅིག་སྟེ། །
རིན་ཆེན་བཟང་པོ་མཐོ་རངས་སྐར་ཆེན་བཞིན། །
ཁོ་བོ་དེ་དྲུང་སྲིན་པོ་མེ་འཁྱེར་ཙམ། །ཞེས་གསུངས།
མངའ་རིས་པ་མཁན་པོས།
བཀའ་བསྟན་གྱི་འགྱུར་རྣམས་ལ་ལེགས་པར་བརྟགས་ན་ན་ཡང་། སྔ་དར་ཀྱི་ཚེ་ལོ་པཎ་རྣམས་ཀྱིས་བསྒྱུར་བའི་ཆོས་ནི་རྟའི་ལུས་ཀྱི་སྤུ་ཙམ་དང་ཕྱི་དར་ལ་ནི་རྟའི་མིག་གི་སྤུ་ཙམ་སྟེ་སླར་ཡང་མཁས་པ་རྣམས་ཀྱིས་དཔྱད་པར་འཚལ་ལོ།། ཞེས་གསུངས།
ཇོ་བོ་རྗེས།
དེའི་དུས་ཀྱི་བསྟན་པ་དང་། སྦྱིན་བདག་དེ་ལྟ་བུ་ནི། རྒྱ་གར་དུ་ཡང་མ་བྱུང་ཞེས་གསུངས་པར་གྲགས།
མངའ་རིས་མཁན་པོས།
དེ་ནས་བཙན་པོས་ཆོས་དར་བ་ལ་བོན་བློན་བཙུན་མོ་རྣམས་ཀྱིས་བསྙས་ཁ་དང་སྒྲོ་བཀུར་མང་བས། ད་ནི་བོན་ཆོས་གཉིས་ཀ་མཉམ་དུ་དར་བ་ཞིག་བྱའོ་དགོངས་ཏེ། ཞང་ཞུང་གི་ཡུལ་ནས་ཤ་རི་དབུ་ཅན་སོགས་བོན་གྱི་མཁས་པ་མང་པོ་བོས་ཏེ་ཨརྱྰ་པྰ་ལོའི་གླིང་དུ་ཀླུ་འབུམ་པོད་བཞི་བསྒྱུད་དུ་བཅུག གཞན་ཡང་ཐབས་ལ་མཁས་པས་མཆོད་རྟེན་ལ་སོགས་པ་བོན་ཆོས་གཉིས་ཀས་བཞེངས་པར་བཀའ་ཡིས་གནང་།
བསམ་ཡས་ཟེར་བའི་གཙུག་ལག་ཁང་དེ་བཀའ་བསྟན་ཡིག་སྒྱུར་ཁང་ཡིན་ན་ལེགས་སྦྱར་གྱི་ཡིག་ཐོག་ཏུ་ཡོད་པའི་བཀའ་བསྟན་གྱི་མ་དཔེ་དག་བསམ་ཡས་གཙུག་ལག་ཁང་དུ་ཡོད་དམ། ལེགས་སྦྱར་གྱི་ཡིག་ཐོག་ནས་མ་དཔེ་སྟོན་ཡ་མེད་ན་བཀའ་བསྟན་འགྱུར་དེ་དག་བོད་རང་གི་རེད་ཅེས་བཤད་ཆོག་གི་མ་རེད་དམ། བོན་པོའི་བཀའ་བསྟན་དག་ལ་བལྟས་ནས་འདྲ་པོ་འདྲ་པོ་ཞིག་བཟོས་པ་མིན་ནམ་སྙམ་པའི་དོགས་པ་ཡོང་གི་འདུག་ག
འཛམ་གླིང་ཐོག་ཏུ་ཤཀྱ་ཆོས་ལུགས་ཀྱི་རྗེས་སུ་འབྲངས་མཁན་གྱི་རྒྱལ་ཁབ་སུ་དང་གང་ལ་མེད་པའི་བོད་པའི་བཀའ་བསྟན་འདི་དག་བོན་པོའི་རྩ་ནས་འཕྲོགས་པ་རེད་དམ་རྐུས་པ་རེད། དྲི་བ་ཡིན།
ཡང་དེ་ཉིད་ལས།
མངའ་བདག་ཆེན་པོའི་སྐུ་རིམ་ལ་བན་བོན་གཉིས་ཀ་བསམ་ཡས་སུ་ཚོགས། བཙན་པོས་ཆོས་དང་བོན་གཉིས་ཀ་བཟང་ངན་མེད་པར་ལྷན་དུ་དར་བར་མཛད། སྐབས་ཤིག་ན་བློན་པོ་ཏ་ར་ཀླུ་གོང་ཕྱི་མའི་ལམ་དུ་གྱུར་པ་ན། བན་བོན་གཉིས་ཀས་གཤིན་ཆོག་བཙུགས། བོན་པོ་རྣམས་ཀྱིས་གཤིན་ཆོག་བྱེད་པའི་ཚེ། གཤིན་པོ་དངོས་སུ་བྱུང་སྟེ་གཏམ་སྨྲ་བ་སོགས་བྱུང་བ་ན་རྗེ་འབངས་ཀུན་ཡིད་ཆེས། ལོ་པཎ་རྣམས་ཀྱིས་ཐུགས་མ་རངས་པས་བཙན་པོ་ལ། ཆོས་དང་མི་མཐུན་པའི་བོན་གྱི་ལྟ་སྤྱོད་ཕལ་ཆེར་མུ་སྟེགས་པ་དང་ཁྱད་པར་མ་མཆིས། གྲུབ་མཐའ་གཉིས་པོ་གང་རུང་ལས་གཉིས་ཀ་མཉམ་དུ་གནས་པའི་དཔེ་མེད་ཅེས་གསུངས།
སྐྱུག་མེར་ལངས་ཡའི་རྒྱ་གར་བའི་ས་རྡུང་་བྷ་བྷ་རོ་ཟན་ཆང་འཐུང་དེ་ཚོས་བོད་ཀྱི་ཕ་ཆོས་དང་བོད་ཀྱི་རྒྱལ་པོའི་བར་ལ་དཀྲུགས་ཤིང་བརྒྱབས། རྒྱ་ནག་པོའི་བུད་མེད་དང་རྒྱ་དཀར་པོའི་ས་རྡུང་བྷ་བྷ་གཉིས་ཀྱིས་བོད་ཆེན་པོའི་རྒྱལ་ཁབ་གཏོར་བཤིག་བཏང་བཞག་པའི་ལོ་རྒྱུས་བསམ་བློ་འཁོར་དུས་སྙིང་ལ་ན་ཟུག་རེ་བརྒྱབ་ཡོང་གི་འདུག
མངའ་རིས་པ་ཚེ་རིག་གིས།
ཁྱད་པར་སློབ་དཔོན་ཆེན་པོ་ལ་བོན་རྣམས་ཀྱིས་ཀྱང་མཇལ་བ་ཙམ་གྱིས་དད་པ་དང་མོས་པ་བྱེད་པ་བྱུང་ངོ་། མཐར་ནག་པོ་ལ་དགའ་བའི་བོན་རྣམས་བསྣུབས། ཆོས་དང་མཐུན་པ་རྣམས་ནི་མ་བསྣུབས་ཀྱང་རི་ཞིག་ཉམས་པ་ལྟར་སོང་།
འོན་ཀྱང་དེ་དག་གི་དཔེ་མང་པོ་སློབ་དཔོན་ཆེན་པོ་དང་བེེ་རོ་ཙ་ནའི་དྲིན་གྱིས་གཏེར་དུ་བཞུགས་པ་ལས་རྒྱལ་རབས་བདུན་འདས་པ་དང་བོན་གཏེར་ཐོན་ནས་རིམ་གྱིས་དར་བ་ཡིན་ནོ།། །།
པཎmཌིཏ་རྣམས་ཀྱིས་མགྲིན་གཅིག་ཏུ། རྡོ་རྗེ་གདན་གྱི་འོག་ན་མན་ངག་གི་ཆོས་མང་པོ་སྦས་ཡོད་པ་དེ། འོ་སྐོལ་རྒྱ་གར་བ་རྣམས་ཀྱིས་ལོངས་སྤྱོད་པའི་དབང་མེད། ཁྱོད་བོད་དུ་བྱོན་པ་ལ་ཡུས་ཆེ་བ་ཡིན་པས། ཇི་ལྟར་རིགས་པ་ཐོན་ལ་འཁྱེར་གསུངས་པས། བི་མ་ལ་དཔོན་གཡོག་གིས་ཀྱང་ཆོས་མ་ལུས་པ་གཏེར་ནས་བཞེས་ཏེ་བོད་དུ་སྤྱན་དྲངས་པས་རྒྱ་གར་ན་དཔེ་ཆད་གྲགས།
ཡང་།
གཙོ་བོར་སློབ་དཔོན་ཆེན་པོས་རྒྱུད་ལུང་མན་ངག་གི་སྐོར་ཕལ་ཆེ་བ་སྒྲ་རང་བགྱུར་དུ་བསྒྱུར་བར་མཛད། རྒྱ་དཔེ་ཤྲྰི་ན་ལནྡྲའི་གཙུག་ལག་ཁང་། ཨོ་རྒྱན་མཁའ་འགྲོའི་གསང་མཛོད་དུ་བཞུགས་པ་རྣམས་སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་སྐད་ཅིག་ལ་བླངས་ནས་བསྒྱུར། དཔེ་ཆ་རྣམས་བསམ་ཡས་ཀྱི་ཀེའུ་ཚང་དུ་བཞུགས་ཏེ་རྒྱ་གར་ནའང་མེད་པར་གྲགས་སོ།། །།
ད་ཅོ་རི་ཉི་མ་སྨྱོ་ནད་ཕོག་འདུག ཁོ་རེ་ཁྱོད་སྨྱོ་ཁང་ནང་ལ་རྒྱུགས། ཁྱོད་ནི། ཆོས་མེད་སྨྲ་བ། ལྷ་མེད་སྨྲ་བ། མངོན་སུམ་མིག་གིས་མཐོང་བ་མ་གཏོགས་ཁས་མི་ལེན་མཁན་ཞིག་རེད་འདུག ད་དུང་བནྡེས་བཀའ་བསྟན་དེ་བོན་པོ་ལས་རྐུས་རབས་བཤད་ཡོང་གི་འདུག དངོས་ནས་བྱས་ན། བོན་པོ་ཚོས་བནྡེ་ལས་བཀའ་བསྟན་དང་རིགས་ལམ། རྫོགས་ཆེན་སོགས་བཤུས་ཡོད། བནྡེས་བོན་པོ་ལས་བསངས་དང་། མོ། གཡང་འགུགས། གླུད་གཏོང་རྒྱུ། དར་ལྕོག་འཛུགས་རྒྱུ་སོགས་བཤུས་པ་རེད།
བསམ་བློ་ཡག་པོ་ཞིག་ཐོངས་དང་། ཀླད་པ་ལ་རྨོངས་དད་ཀྱིས་དབང་སྒྱུར་ཚར་བའི་མི་རྣམས་སྨྱོ་ཁང་ནང་དུ་ཕྱིན་ནའང་སྨྱོན་ནད་དྲག་ཐུབ་ཀྱིན་མ་རེད། མི་དེ་ཚོ་ནམ་ཤི་བར་དུ་སྨྱོན་པ་རེད། སྟོང་བསམ་གྱི་ཞིང་ཁམས་སུ་འགྲོ་འདོད་སྐྱེས་ནས་བསྡད་ཀྱི་རེད། བདེ་བ་ཅན་གྱི་ཞིང་ཡོད་མེད་མ་ཤེས་ནའང་དེ་ལ་འགྲོ་འདོད་སྐྱེས། དམྱལ་བ་ཡོད་མེད་མ་ཤེས་ནའང་དེ་ལ་འཇིགས་སྣང་སྐྱེས་ཀྱི་རེད། ཧཧ་་་སྨོན་པ་ཚོ།
ལེགས་སྦྱར་གྱི་ཡིག་ཐོག་ནས་བཀའ་བསྟན་གྱི་མ་དཔེ་སྟོན་ཡ་མེད་པ། ལེགས་སྦྱར་གྱི་ཐོག་ནས་བོད་ཡིག་ཐོག་བསྒྱུར་པ་ཡིན་ཟེར་ན་སུས་ཡིད་ཆེས། ལེགས་སྦྱར་གྱི་ཐོག་ཏུ་བཀའ་བསྟན་གྱི་མ་དཔེ་མེད་དུས་བོན་པོའི་བཀའ་བསྟན་ལས་འདྲ་བཤུས་བྱས་པ་ཡིན་ཟོལ་འདུག་ཟེར་གྱི་ཡོད་དོ། དེ་མིན་ན་ལེགས་སྦྱར་ཡིག་ཐོག་ནས་མ་དཔེ་སྟོན་རོགས་བྱོས་་་་་ཨ
བསམ་ཡས་དཀར་ཆག་ས།
དེ་འོག་ཁྱི་རྫིའི་བུ་ཡིས་སྨོན་ལམ་བཏབ་པ་ནི། །
མཆོད་རྟེན་འདི་ལ་བུམ་པ་བཏགས་པའི་མཐུས། །
བསྟན་པའི་གཞི་མ་དགེ་འདུན་མཆོག་ཏུ་ཤོག །
ད་ལྟ་དགེ་སློང་བོ་དྷི་སཏྭ་ང་ཉིད་ཡིན། །
ཅོ་རི། བཀའ་དང་བསྟན་བཅོས་བོད་པའི་ཕྱོགས་སྒྲིག་བྱེད་པ་ཞིག་རེད་མ་གཏོགས། བཀའ་བསྟན་གཉིས་ལེགས་སྦྱར་གྱི་སྐད་ལ་མེད་པ་མ་རེད། དཔེར་ན། མདོ་སྡེ་དགོངས་འགྲེལ་དང་ སོ་སོར་ཐར་པའི་མདོ་ལྟ་བུ་བཀའ་དེ་ལེགས་སྦྱར་སྐད་ནང་ལ་ཡོད་རེད། དེ་དང་དེ་ལྟ་བུའི་བཀའ་དེལེགས་སྦྱར་གྱི་སྐད་ནས་བོད་སྐད་ལ་བསྒྱུར། དེ་ཚོ་་བཀའ་བསྒྱུར་གྱི་ཁོངས་སུ་བཅུག ཡང་ཚད་མ་སྡེ་བདུན་དང་བྱམས་ཆོས། དབུ་མ་རིགས་ཚོགས་སོགས་ལེགས་སྦྱར་གྱི་སྐད་ནས་བོད་སྐད་ལ་བསྒྱུར། དེ་དག་བསྟན་བསྒྱུར་གྱི་ཁོངས་སུ་བཅུག་པ་ཡིན། རྒྱུ་ མཚན་དེའི་ཕྱིར་ན་བཀའ་བསྟན་གཉིས་ལེགས་སྦྱར་གྱི་སྐད་ལ་ཡོད་པས་སོ།
ཅོ་རི། བཀའ་དང་བསྟན་བཅོས་བྱ་བ་བོད་པས་སངས་རྒྱས་ཀྱི་བཀའ་རྣམས་བསྡུས་ཤིང་བསྒྱུར་བ་ལ་བཀའ་འགྱུར་དང་། ཕྱིས་འབྱུང་ལོ་པཎ་དག་གིས་སངས་རྒྱས་ཀྱི་བཀའ་ལ་འགྲེལ་ཏེ་བརྩམས་པ་དག་ལ་བསྟན་འགྱུར་བྱ་བ་རེད། བོད་སར་རྒྱ་ནག་པོའི་དབང་བསྒྱུར་མ་བྱུང་སྔོན། བསམ་ཡས་ཀྱི་དཀོར་མཛོད་དུ། ལེགས་སྦྱར་གྱི་གསུང་རབ་ཏཱ་ལའི་ལོ་མར་བྲིས་པ་མང་དུ་མཇལ་རྒྱུ་ཡོད་ལ། ཇོ་བོ་རྗེ་བསམ་ཡས་སུ་ཕེབས་དུས་དངོས་སུ་གཟིགས་ཤིང་། ཧང་སངས་པར་མཛད་པ་བྱུང་ཡོད། འོ་ན་ཁྱོད་ལ་བོན་གྱི་བཀའ་འགྱུར་བསྟན་འགྱུར་ཟེར་བ་ལོགས་སུ་བསྟན་རྒྱུ་ཡོད་སྟོན་ཤོག་དང་། དོན་མེད་ཀྱི་སྨྱོ་ལབ་མ་རྒྱག་རོགས། སློབ་དཔོན་ཐུགས་རྗེ་ཅན་ལ་དོན་མེད་ཀྱི་སྐུར་འདེབས་མ་བྱེད་རོགས། ཁོང་གི་རྗེས་འབྲངས་པ་ས་ཡ་མང་པོ་ཡོད། ཆོས་ལྡན་བོད་པ་ཞིག་གི་ལྟ་སྤྱོད་མ་བྱུང་མོད། མ་མཐར་ཡང་མི་ཞིག་གི་ཚུལ་བཟུང་རོགས། སྐུ་མཁྱེན། སྨྱོ་ལབ་མ་རྒྱག་རོགས། དེ་ཙམ་གྱིས་སེམས་མ་བདེ་ན་རང་ཤི་རྒྱོབས། སྐྱེ་བ་ཕྱི་མ་ནི་ཁྱོད་ལ་མེད་པ་འདྲ། ཅི་ཡིན་ཞེ་ན་ཁྱོད་ཀྱིས་མ་མཐོང་བའི་ཕྱིར།
ཅོ་རིས་མཆན་ ༢༢ དེ་འདྲ་བོ་བཤད་འདུག རྒྱུ་མཚན་གཅིག་རེད།
ཨ་ཙི་གང་དྲག ཡང་ཆ་གཅིག་སླེབས་སོང་།
ཟླ་བ།
རང་ཤི་རྒྱོབ་ཟེར་ནས་རྒྱུད་སྐུལ་བྱེད་བཞིན་ཡོད་པེ། ང་ཅོ་རིས་རང་ཤི་རྒྱབ་ན་ངའི་རོ་འདི་ཁྱོད་ཚོའི་ས་དུང་བྷ་བྷ་རོ་ཟན་དེ་ཚོ་ལ་བཟའ་བཅུག་ཡ་ཡིན་ནམ། རོ་ཟན་གྱི་རྗེས་འབྲངས་པ་འདི་ཚོའི་སྐད་ཆ་བཤད་སྟངས་ལ་གཅིག་ལྟོས་དང་། བྱམས་སྙིང་རྗེ་ཟེར་བའི་དྲི་མ་ཙམ་ཡང་ཁ་ས་མ་རེད།
ཤཀྱའི་ཆོས་ལུགས་ཀྱི་རྗེས་འབྲངས་པ་ཚོའི་བཤད་སྲོལ་བྱས་ནས་བཀའ་ཡི་བསྡུ་བ་རིམ་པ་གསུམ་བྱས་རབས་བཤད་ཀྱི་ཡོད་ཀྱང་བོད་པས་ཤཀྱའི་བཀའ་ཡི་བསྡུ་བ་བྱས་པའི་ལོ་རྒྱུས་ཤིག་མེད། མ་ཤེས་མདོག་མ་བྱས་ཨ།
བོད་རང་གི་ཕ་མེས་ཀྱི་ཆོས་ལུགས་གཡུང་དྲུང་བོན་གྱི་བཀའ་འགྱུར་འདི་རེད། http://www.rgbm123.com/date/2015/04
http://www.himalayabon.com/article/poetry/2015-09-28/661.html
ཁ་བརྡ་ཚང་་་ངའི་མཆན་བུ་ཡར་གཏོང་རོགས་བྱོས་དང་། འགན་ཅོ་རི་རང་གིས་ཁུར་ཆོག
ཡོང་གི་མ་འཇུག།
ཆོས་བཤད་དུས་ཁ་དྲོ་བ། སྲིད་བཤད་དུས་ཁ་མ་དྲོ་བ། རྒྱལ་རབས་བཤད་དུས་ཁ་དྲོ་བ། ཁ་མ་དྲོ་བའི་མི་ལ་ཁ་མ་དྲོ་བའི་ལྐུག་རྟགས་འཆར་ཡན་པ་ཞིག་ལས། ཅི་ཡང་མེད་པས། གཏན་དུ་བཙུམ་ཤོག། ཧ་ཧ་ཧ།
དུས་གསུམ་མཁྱེན་པ་ཨོ་རྒྱན་རིན་པོ་ཆེ་དང་མཁས་གྲུབ་གཉིས་ལྡན་གྱི་དམ་པའི་སྐྱེས་བུ་རྣམས་ནས་གཏན་འབེབས་གནང་ཟིན་པའི་ཁུངས་ལྡན་གྱི་ཆོས་འབྱུང་ལོ་རྒྱུས་དེ་དག་ལས་ཀྱང། ཆགས་སྡང་མ་གཏོགས་བཤད་མི་ཤེས་མཁན་སྨྱོ་བཤད་མཁན་རེ་ཟུང་ཞིག་གིས་ཁོང་ཚོས་སྨྱོ་གཏམ་དེ་ཚོ་ཁུངས་བཙུན་པ་ཡོད་མདོག་བཤད་ཡོང་གིས་འདུག་གོ། ཀུ་ཅི་བགད་མོ་མ་སློང་རོགས། དུས་ཚད་འཕྲ་ོབརླག་མ་གཏོང་རོགས།
ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའི་སྐོར་ལ།
https://www.youtube.com/watch?v=O3IXh3yPDFA
ཅོ་རི་ཉི་མ། ཁྱོད་ཀྱི་སྐད་ཆར་ཁྱོད་ཀྱིས་འགན་འཁྱེར་ཨ། ངས་ཁྱོད་ལ་རང་ཤི་རྒྱོབས་ཤིག་ཅེས་སྐུལ་བ་ནི་མུ་མཐུད་ངན་སོང་དུ་སྐྱེ་བའི་རྒྱུ་མ་བསག་རོགས་བྱས་ན་བསམ་པས་ཡིན་པ་ལས། ཁྱོད་ལ་གནོད་ཅིང་འཚེ་བ་བྱས་དང་བྱེད་དང་བྱ་ཡི་མ་རེད། བློ་བདེ་པོ་བྱོས། ཅི་བས་ཞེ་ན་ངའི་རྩ་ལམ་ན་རྒྱུ་བཞིན་པ་འདི་ཆོས་ལྡན་བོད་མིའི་ཁྲག་ཡིན་པས་སོ།། ཨ་རོགས། ཁྱོད་ཀྱིས་ཤཱཀྱའི་རིང་ལུགས་པ་སྤྱི་དང་། ཁྱད་པར་དུ་ཨོ་རྒྱན་སངས་རྒྱས་གཉིས་པར་འདི་ཙམ་གྱི་སྐུར་འདེབས་ཁྱད་གསོད་བྱེད་སྟངས་འདི། དེང་གི་ཆར་ཆོས་ཁར་འཁྱེར་དེ་འཇིགས་སྐུལ་དྲག་སྤྱོད་པའི་ལམ་དུ་ཞུགས་པའི་ཁ་ཆེ་ཆོས་ལྡན་རྒྱལ་ཁམས་པ་ཟེར་བ་དང་ཁྱད་ཅི་ཡོད་ཨང་། བོད་རྣམས་ཀྱིས་སངས་རྒྱས་ཀྱི་བཀའ་བསྡུ་བྱས་ཞེས་ཡིག་ལམ་ནའམ། བརྗོད་སྲོལ་མེད་པ་དེས་བཀའ་བསྡུ་བྱས་མེད་རབས་མ་གླེང་རོགས། བཀའ་བསྡུ་ཡིན་ན་སྔོན་རྒྱ་གར་དུ་སངས་རྒྱས་འདས་རྗེས་ཁོང་གི་ཉན་ཐོས་དག་གིས་བཀའ་བསྡུ་རིམ་པ་གསུམ་བྱས་པ་ཁོ་ནས་མ་ཁྱབ་སྟེ། ཕྱིས་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་ནུབ་པའི་རྒྱ་གར་ན་ཡང་། ཉམས་ཆག་ཏུ་གྱུར་པའི་བཀའ་བསྟན་འཚོལ་བསྡུ་བྱས་ཡོད་ལ། བོད་གངས་ཅན་ལྗོངས་སུའང་ལེགས་སྦྱར་དང་། པཱ་ལི། རྒྱ་སོགས་ཀྱི་སྐད་ན་ཡོད་པའི་སངས་རྒྱས་ཀྱི་བཀའ་དང་། ཕྱིས་འབྱུང་ལོ་པཎ་གྱིས་བརྩམས་ཤིང་བསྒྱུར་བ་དག་བསྡུ་བསྒྲིགས་ཀྱིས་བཀའ་འགྱུར་དང་བསྟན་འགྱུར་ཟེར་བ་ལས་བྱུང་བ་ལས་རྒྱ་གར་ན་ཐ་སྙད་འདི་མེད། ཁྱོད་ཀྱིས་བཏང་བའི་བོན་གྱི་བཀའ་བསྟན་ཟེར་བ་དག་ནི་ཤཱཀྱ་ཐུབ་པའི་གསུང་དག་ལ་ཐ་སྙད་འགའ་རེ་མི་འདྲ་བ་ཙམ་ལས་ཆུ་ལ་ཆུ་བཞག་ལྟ་བུ་ཡིན། དེ་དག་ནི་ཆོས་རྒྱལ་སྲོང་བཙན་སྐབས་བརྡ་སྤྲོད་གཏན་འབེབས་མཛད་པའི་བོད་ཡིག་འདིའི་སྟེང་འདུག་པ་ལས། བསྒྱུར་གཞི་གང་ཡང་མི་འདུག བོད་ཀྱི་བཀའ་བསྟན་རྣམས་ཀྱི་བསྒྱུར་གཞི་ལེགས་སྦྱར་དང་། པཱ་ལི། རྒྱ་ནག ནཱེཔལ་སོགས་ཀྱི་ཡིག་རིགས་ནང་དངོས་སུ་མཇལ་དུ་ཡོད་པས། བོད་རྣམས་ཀྱིས་རང་བཟོ་བྱས་པ་ཅི་ཡང་མེད། མི་རིགས་སོ་སོར་རི་རྭ་བ་དང་། ས་ཆུ་མེ་རླུང་སོགས་རང་གི་ནུས་པ་ལས་བརྒལ་བ་དག་ལ་ལྷ་ཀླུ་སོགས་སུ་མིང་བཏགས་ཏེ་གསོལ་མཆོད་བྱེད་པའི་གདོད་མའི་ཆོས་ལུགས་སུ་བཏགས་པ་མང་དུ་ཡོད་པའི་གྲས་སུ། བཙན་པོ་རིམ་བྱོན་སྐབས་སུའང་དེ་ལྟའི་ཆོས་ལུགས་ཤིག་ཡོད་པ་ང་ཚོས་ཤེས་ཀྱིན་ཡོད་མོད། ལྟ་གྲུབ་ཆ་རྫོགས་ཀྱི་ཤཱཀྱའི་རིང་ལུགས་ལྟ་བུ་ཞིག་མེད་སྟབས། བཙན་པོ་དག་གིས་མི་རྒྱུ་གཉིས་ཀྱི་འགྲོ་གྲོན་བཏང་སྟེ་སངས་རྒྱས་ཀྱིས་ཆོས་ལུགས་བོད་དུ་གདན་དྲངས་ཡོད། དེང་གི་འཛམ་གླིང་གོ་ལ་འདིའི་སྟེང་ན་སངས་རྒྱས་ཀྱི་བསྟན་པ་ཕྱོགས་བརྒྱར་མཆེད་ཅིང་། དམག་འཁྲུག་མུ་གེས་མནར་བའི་འགྲོ་བ་དག་ལ་། རེ་བ་དང་སེམས་གསོ་སྩོལ་བཞིན་ན་ཁྱོད་ལྟ་བུས་མི་དགའ་བ་ཇི་ཙམ་བྱས་ཀྱང་། ཉི་ཤར་སྦར་མོས་འགེབས་ཐབས་ཙམ་རེད། ཤ་ཚ་སྙིང་རྗེ་ཨང་། དེ་བས་ལས་ངན་མ་གསག་པར་སྔ་ཙམ་རང་ཤི་རྒྱོབས་ཟེར་བ་ཡིན། ༀམཎྀཔདྨེཧུཾ། ༀཨཱཧཱུཾབཛྲགུརུཔདྨསིདྷིཧཱུཾ༔
ཟླ་བ། ཁྱོད་ཀྱིས་ང་ཅོ་རི་ངན་སོང་སྐྱེས་ཀྱི་རེད་ཟེར་གྱི་ཡོད་པེ། ཤཀྱའི་ཆོས་ལུགས་ཀྱི་ནང་དུ་ངན་འགྲོ་དང་བདེ་འགྲོ་གཉིས་བཤད། འགྲོ་རིགས་དྲུག་བཤད། ངན་འགྲོ་གསུམ་དང་བདེ་འགྲོ་གསུམ། འགྲོ་བ་རིགས་དྲུག་གྱི་་ནང་ནས་མི་དང་དུར་འགྲོ་གཉིས་མ་གཏོགས་འཛུབ་མོ་བཙུགས་ས་རྙེད་ཐུབ་མེད་པ།
དམྱལ་བ་དང་ཡི་དྭགས་ཟེར་བའི་རིགས་དེ་གཉིས་དང་། རིགས་དེ་གཉིས་གནས་པའི་ཡུལ་ཁམས་ཤིག་ད་ལྟའི་བར་དུ་མཐོང་ཡུལ་དུ་མ་གྱུར་། ཆོས་ལུགས་པའི་རྫུན་རྐུབ་ཉིན་རེ་ནས་ཉིན་རེར་འདོན་ཡོང་གི་ཡོད་རེད།
ལྷ་ཡུལ་དང་ཞིང་ཁམས། རི་རྒྱལ་དང་གླིང་བཞི་བཤད་པ་དག་དངོས་བདེན་མིན་པར་གོང་ས་ཏྭ་བླ་མས་ཁས་ལེན་ཟིན་པའི་སྐད་ཆ་ཡིན་ལ། སྤྱི་ཚོགས་ཡོངས་གྲགས་ཀྱི་ཐོག་ནས་གོང་ས་ཏྭ་ལའི་བླ་མས་ན་ལེན་ཌའི་སློབ་དཔོན་དབྱིག་གཉེན་ལ་དགོངས་དག་ཞུས་ཡོད། མངོན་སུམ་ལ་སྙོག་ཐུབ་ཐབས་མི་འདུག་པས་དགོངས་དག་ཞུ་རྒྱུ་ཡིན་ཞེས་བསྒྲགས་ཡོད།
ཤཀྱའི་རྗེས་འབྲངས་པ་སྐད་གྲགས་ཅན་གོང་ས་ཏྭ་ལའི་བླ་མ་ཁོང་གིས་ཁས་ལེན་ཟིན་པའི་སྐད་ཆ་དེ་དག་ཁྱོད་ཀྱིས་བསྙོགས་ནས་ལྷ་ཡུལ་དང་ཀླུ་ཡུལ། དམྱལ་བ་དང་ཡི་དྭགས་ཀྱི་ཡུལ་ཁམས་ཤིག་ཡོད་ཟེར་ནས་ཀི་ཤ་བརྒྱབ་ཀྱི་ཡིན་ནམ།
ང་ཅོ་རིས་ངོས་ནས་ངན་སོང་ལྷུང་ཡོང་བསམས་པའི་འཇིགས་སྣང་རྩ་བ་ནས་མེད། དམྱལ་བ་དང་ཡི་དྭགས་ཀྱི་ཡུལ་ཁམས་ཤིག་ཡོད་ན་མ་ཤི་སྔོན་ནས་ཡུལ་སྐོར་སྤྲོ་འཁྱམ་ཞིག་འགྲོ་འདོད་ཡོད་ད།་་་་་ཧཧ
ཨོ་ཡ་་་་་་དེ་ཙམ་ཡིན། གོ་རྒྱུ་མེད་པའི་སྐད་ཆ་ཉ་རེ་ཉོ་རེ་མང་པོ་བཤད་མ་འོང་ཨ་་་་་་་ཧཧ
གཏན་ཚིགས་རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེ་བོ་མིན་ཞེས་རྗེ་བདག་ཉིད་ཆེན་པོས་གསུངས། མངོན་སུམ་ལ་བསྙོགས་པའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེ་བོ་མིན་ཞེས་གོང་ས་ཏྭ་བླ་མས་གསུངས། བསམ་བློ་ཡག་པོ་ཐོངས་ཨ། རྨོངས་དད་མགོ་ཚོས་སྙོག་མ་འོང་རོགས་བྱོས་ཨ།
ཨ་རོག་ཅོ་རི་ཁྱོད་ལ་ཁ་དང་ལག་པ་ཅུང་ཙམ་གཡུག་ཡ་དེ་ཧ་གོ་བ་བྱོས་ཨ། །འགག་དོག་པོར་ལྷ་ཨྱོན་པདྨ། ཐང་བདེ་མོར་གླུ་ཨ་ལ་ཐ་ལ ཧཧཧཧཧ
ཅོ་རི། ཤཱཀྱའི་རིང་ལུགས་ལ་བསམ་བརྗོད་ལས་འདས་པའི་སྐུར་འདེབས་བྱེད་ཀྱིན་དུ། སྙིགས་དུས་ཀྱི་དེའི་སྟོན་པ་༧གོང་ས་མཆོག་དྲུད་འོང་གིན་ཡོད་དམ། སྙིང་རྗེ་ཨང་། ལར་ནས་ཁྱོད་ཀྱི་ཁྲ་ཆུང་མིག་གིས་མ་མཐོང་བ་རྒྱུ་མཚན་དུ་བྱས་ཏེ། མེད་པར་ཐག་གཅོད་པའི་རིགས་པ་དེ་དག་ཅི་འདྲའི་ཡ་མཚན་པ་ལ་ཨང་། ཁྱོད་ཀྱི་སྡུག་མིག་གིས་མཐོང་ཆོས་སུ་མ་གྱུར་པའི་ཆོས་མགོ་བོའི་སྐྲ་བཞིན་མང་ན། རང་མཚང་རྗེན་པར་བསྟན་ལུགས་འདིར་ཤ་ཚ། ངེད་སངས་རྒྱས་པའི་ལུགས་འདིར་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་རིང་སུས་ཀྱང་མི་སྨྲ་བའི་བརྟུལ་ཞུགས་སུ་འགོད་མི་ནུས་པ་ལ། ཁྱོད་ལྟ་བུ་བོད་ཡིག་ཀྱང་དག་པར་འབྲི་མི་ནུས་མཁན་ཞིག་གིས་ཇི་ལྟར་བསྙོན་ནུས་ཨང་། ངས་ཁྱོད་ལ་སྨོན་ལམ་འདེབས་བཞིན་ཡོད། སྐྱེས་ས་ཆོས་ལྡན་གྱི་རིགས་སུ་སྐྱེས་ཀྱང་། ལྟ་ལོག་གཏི་མུག་ངང་འཚོ་བ་ནི་དུད་འགྲོ་དང་ཁྱད་པར་ཆེར་མི་འདུག་པས། རང་གི་ལྟ་ངན་ལ་བསྙས་བྱས་ཏེ་མི་ཚེ་སྡུག་ཟད་དུ་ཐོངས་ཤིག སྙིང་རྗེ། འཛམ་གླིང་ལ་ཉི་མ་ཤར་ཡང་བྲག་ཕུག་ཁ་བྱང་ལྟ་ནི་དེར་ཟད་དོ།།
ཨེ་ཟླ་བ། ལེགས་པར་བརྟགས་ལ་ང་ཡི་བཀའ། སངས་རྒྱས་རང་གི་བསྲེག་བཅད་བརྡར་གསུམ་གྱི་བརྟགས་ཆོག་པ་གསུང་ཡོད། བོད་ཀྱི་ནང་རིག་པའི་ཡོན་ཏན་ནི་ཤེས་བྱའི་གནས་ལུགས་ལ་ཤེས་རབ་ཀྱི་མྱོང་བ་བྱང་ཆུད་པའི་དམ་པ་བརྒྱ་ཕྲག་སྟོང་ཕྲག་མང་པོས་བསགས་པའི་གཏེར་ནོར་ཡིན་པ་རིག་པས་གྲུབ། དེའི་ནང་བན་བོན་གཉིས་ཀ་ཡོད་ཆོག།
སྟོན་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡོད་པ་ཡིག་ཐོག་ཡོད་དམ་ངག་ཐོག་ཡོག། ཡིག་ཐོག་ཡོད་ན་དཔེ་མཛོད་གང་ཞིག་ན་ཡོད། ངག་ཐོག་ཡོག་ན་གང་ཟག་སུའི་ངག་ཐོག་ཡོད། ཆོས་ཕུང་ཅིག་ལ་ཡིག་གེ་ག་ཚོད་ཡོད། ཁྱེད་རང་རྒྱུད་ལ་སྤྱི་གཙོ་བོ་འཛིན་པའི་གྲུབ་མཐའི་ལྷད་ཞུ་ནས། ཁྱེད་རང་ཡང་ནང་པ་ཡིན་མིན་བརྟགས་དགོས་སོ། གང་ཡིན་ཟེར་ན། ཁྱེད་རང་རྒྱུད་ཀྱི་དད་པ་དེ་ཕྱོགས་རིས་ཉི་ཚེའི་དད་པ་ཡིན་པས། སངས་རྒྱས་པའི་ཆོས་ནང་ཕྱོགས་རིས་ཉི་ཚེའི་དད་པ་དེ་དད་པ་མ་ཡིན་པས་སོ།
ཨ་རོག་ཟླ་བ། ཁྱོད་རང་ཤི་རྒྱོགས་ཞེས་ཚིག་སྨར་བ་ཙམ་གྱི། ཁྱོད་རང་སངས་རྒྱས་ཤྭ་ཀྱ་ཐུབ་པའི་ཆོས་ཁྲིམས་ལ་མ་གུས་པ་བྱེད་མཁན་ཡིན་པ་མཚོན་ཐུབ། བསྟན་བཤིགས་ལག་དམར་བ་ཁྱེང་རང་རེད་འདུག་ག། སྙིང་རྗེ་གཡུག་ཤོག། ངེས་འབྱུང་སྒོམ་ནང་མི་འདྲ་ཡོད་ན་ཚང་མ་རྣལ་འབྱོར་པ་འདྲ་བྱོས། གྲྭ་པ་འདྲ་ཡིན་ན་དཀོར་སྨྱོས་མ་ཁུར། མིའི་བཞག་ན་འདྲེ་ཤིག་གི་བཞག་མི་ཡོང་།
ཨ་རོགས་སངས་རྒྱས། བདག་ཅག་གི་སྟོན་པས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་ལེགས་པར་བརྟག་ལ་་་་ཞེས་དང་། དགེ་སློང་དག་གམ་མཁས་རྣམས་ཀྱིས་་་ཞེས་སོགས་གསུངས་པ་ལས། སངས་རྒྱས་ཉིད་ཀྱི་བཀའ་ལ་སྦྱངས་ཤིང་དཔྱོད་པ་སྔོན་དུ་བཏང་སྟེ་ལེགས་པར་བརྟག་དགོས་པ་དང་། དེ་ཡང་དགེ་སློང་དག་གམ། མཁས་པ་རྣམ་དཔྱོད་ལྡན་པ་དག་ལ་གསུངས་འདུག་གི ཁྱོད་དང་ཁྱོད་འདྲ་བ་སངས་རྒྱས་ཀྱི་བཀའ་ལ་གོ་ལོ་ཐོས་ལོ་ཙམ་དང་། དེ་ཡང་ཕྱོགས་རིས་ཀྱི་ལིང་ཏོག་གིས་གྲིབ་སྟེ་ཚད་ལས་འདས་པའི་སྐུར་འདེབས་ལ་ཞུགས་ཏེ། རང་མཚང་རྗེན་པར་སྟོན་པ་དག་གི་སྤྱོད་ཡུལ་ནི་མིན་པར་འདུ་ཅིང་། ལྷག་ཏུ་སངས་རྒྱས་ཀྱི་བཀའ་སྡེ་སྣོད་དག་ལ་ལེགས་པར་བརྟག་རྒྱུ་ལྟ་ཅི། བོད་ཀྱི་བརྡ་སྤྲོད་ཀྱི་འགྲོས་ཙམ་ཡང་མ་ཤེས་པ་ཁྱོད་ཅག་འདྲ་བར་ཡ་མཚན་ཞིང་སྙིང་རྗེ་ལ། མཚམས་མེད་པའི་ལས་གསོག་གིན་པ་དག་ཚེ་ཐུང་བར་ཤོག་ཅེས་སྨོན་ལམ་བཏབ་པ་ཡིན། ཅི་བས་ཤེ་ན་ཁྱོད་ཅག་འདྲ་བ་ཉིན་གཅིག་འཇིག་རྟེན་ན་འཚོ་ཡང་སྡིག་པའི་ལས་འབའ་ཞིག་ལས་མེད་དུས། རང་ཤི་རྒྱོབས་ཤིག་ཅེས་ཀྱང་སྐུལ་བ་ལགས།
གོང་སྨྲས་དག་ཏུ་སངས་རྒྱས་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་ཡོད་མེད་སུས་ཀྱང་རྟོག་དཔྱོད་དུ་ཞུགས་མི་འདུག་པས། ཅི་སྟེ་དེ་ལྟར་ཤེས་འདོད་ཀྱང་ཁྱོད་ཀྱི་རིགས་པའི་གོ་ས་ན་གཤོང་ནུས་བྲལ་བས། ཐོག་མར་བོད་ཡིག་དག་པར་སློབས་ཤིག་ཨང་། གཞན་ཡང་ངེད་མཆོག་གསུམ་སྐྱབས་སུ་འཛིན་པ་དག་ལ་ཁྱོད་ཅག་གི་འདྲེས་བ་སྤུ་ཙམ་ལའང་གཡོ་འགུལ་མི་ནུས་པས། དགའ་བར་གྱིས་ཤིག་ཨང་།
ཟླ་བ་ཡག་བྱུང་། ཁྱེད་ཀྱི་མཆོག་གསུམ་སྐྱབས་སུ་འཛིན་པའི་ཀུན་སྤྱོད་དེ། ཚེ་ཐུང་བར་ཤོག། རང་ཤི་རྒྱོགས་པར་ཤོག་ཅེས་སྨོན་ལམ་རྒྱག་རྒྱུ་དེ་རེད་པས། མགོ་སྐོམ་ཁྱོད།ཐ་མལ་སྣང་ཞེན་དྲི་མ་ཀུན་སྦྱངས་ཏེ།།གང་སྣང་ལྷ་སྐུ་འཆར་བར་བྱིན་གྱིས་རློབས།།
སྣང་ཞེན་གྱི་དྲི་མ་སྦྱངས་བའི་ཤེས་རབ་ཀྱི་ས་བོན་དང་བྲལ། རྡོ་རྗེ་ཐེག་པའི་རིགས་ཆད་གྱི་བསོད་སྐམ་ཁྱོད་ལ་དག་སྣང་སྦྱོངས་བྱེད་ཀྱི་སྣོད་མེད། མི་ཚེ་ཆོས་ལ་སྦྱངས་ནས་ཆོས་སྐལ་ཆད། སངས་རྒྱས་ཉིད་ཀྱི་བཀའ་ལ་སྦྱངས་ཤིང་དཔྱོད་པ་སྔོན་དུ་བཏང་སྟེ་ལེགས་པར་བརྟག་དགོས་པ་དང་། སྦྱངས་ཤིང་དཔྱོད་པ་སྔོན་འགྲོ་ཟིན་ན་སླར་ཡང་ལེགས་པ་བརྟག་མི་དགོས་པས་སྒྲ་ཟློས་སྐྱོན་དུ་འགྱུར། དགེ་སློང་དག་གམ་མཁས་རྣམས་ཀྱིས།། མཁས་པ་རྣམ་དཔྱོད་ཅན་དག་ལ་གསུངས་པ་ཡིན་ན། སངས་རྒྱས་ཤྭ་ཀྱ་ཐུབ་པའི་རྒྱུད་ཀྱི་སྙིང་རྗེའི་དམིགས་ཡུལ་ཉེ་ཚེ་ཅན་དུ་འགྱུར་བས། རྣམ་དཔྱོད་ཅན་གྱི་མཁས་པ་མ་ཡིན་པའི་འགྲོ་བ་རྣམས། ཤ་ཀྱ་ཐུབ་པའི་གདུལ་བྱའི་གྲལ་ནས་ཕུད་འགྲོ་བས། སྒྲ་འགལ་སྐྱོན་དུ་འགྱུར། མདོར་བསྡུས་ན་ཁྱོད་རང་སངས་རྒྱས་ཤ་ཀྱ་ཐུབ་པའི་མཁྱེན་བརྩེའི་ནུས་གསུམ་གྱི་ཡོན་ཏན་ལ་བསྐུར་འདེབས་ཞུ་མཁན་གྱི་ཚེ་ཐུང་བར་ཤོག་རང་ཤི་རྒྱོགས་པར་ཤོག་སྨོན་ལམ་འདེབས་མཁན། ནམ་ཞིག་ཚེ་ཐུང་བ་དང་རང་ཤི་རྒྱོགས་པའི་རྣམ་སྨིན་རང་སྟེང་དུ་འགྲུབ་ངེས་ཡིན་པ་འདིར་ལྟར།
ཅི་འདྲ་བ་ཡི་ལས་བྱས་པ།། འབྲས་བུ་དེ་འདྲ་ཉིད་དུ་འགྱུར། ཞེས་པར་ལྟར་རོ།
མི་དེའི་མིང་ལ་དབང་ཕྱུག་ཅེས་བཅོས་རོགས།
ཨ་ཙི་ཙི་་་ཐ་སྙད་ལ་རྨོངས་པ་དག་གིས་གོ་ལོག་རྐྱང་འགྲེལ་གྱི་རེད། སྦྱངས་ན་འབྱོངས་པས་མ་ཁྱབ་པས། སངས་རྒྱས་ཀྱི་བཀའ་ལ་མ་སྦྱངས་པར་བརྟག་འདོད་ཀྱི་ཀུ་ཅོ་སྒྲོག་པ་ཁྱོད་ཤ་ཚ་ཨང་། ཁྱོད་ལྟ་བུ་སངས་རྒྱས་ཀྱི་བཀའ་ལ་མ་སྦྱངས་པ་དག་གིས་རང་དགར་བསྟན་པ་དེ་འཛིན་དང་བཅས་པར་སྐུར་འདེབས་ཚད་ལས་འདས་པ་བྱེད་ཅིང་། རང་ཉིད་ཀྱི་ཀླད་པ་སྔོན་ཐོན་དུ་རློམས་བཞིན་ཡོད། ཁྱོད་ཅག་གིས་སྐྱེ་བ་ཕྱི་མ་མེད་རབས་དང་། ཨོ་རྒྱན་སངས་རྒྱས་གཉིས་པ་རྒྱ་གར་བའི་སཱཏུ་རོ་གཟན་ཡིན་རབས། བོད་ཀྱི་བཀའ་བསྟན་དག་ལ་ཁུངས་གཏུགས་ས་མེད་པར་རང་བཟོ་བྱས་རབས་སོགས་ལྷ་ཆོས་ལྟ་ཅི། མི་ཆོས་ཀྱི་དྲི་ཙམ་ཡང་མི་བྲོ་བ་དག་གིས། ཁོ་བོར་སྡིགས་དམོད་ཇི་ཙམ་བྱས་ཀྱང་སྙིང་རྗེ་བ་ལས་མི་འདུག འགྲོ་བ་སེམས་ཅན་ལ་འཚེ་ཞིང་། བསྟན་པར་སུན་འབྱིན་པའི་ལས་ངན་སྐལ་ཆད་པ་དག་ལ་སྡིག་ཅན་ཚེ་ཐུང་བར་ཤོག་ཅེས་དམོད་བོར་བ་ཡིན་ལ། སངས་རྒྱས་པའི་བསྟན་པ་ཕྱོགས་བཅུར་དར་བར་མི་བཟོད་ཅིང་། ལྷག་ཏུ་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ཨོ་རྒྱན་སངས་རྒྱས་གཉིས་པར་སྐུར་འདེབས་དང་། དེའི་རྗེས་འབྲངས་དང་བཅས་པ་ལ་ཁྱད་གསོད་ཀྱི་དུག་མཚོན་འདེབས་པའི་སྙིང་ཁམས་ཅན། ཕྲག་དོག་གི་དུག་མཚོ་འཁོལ་བ་དག་ལ་ནད་མ་འཁྱོག་ན་རང་ཤི་རྒྱོབས་ཞེས་སྐུལ་བ་ཙམ་ལས། ངས་སེམས་ཅན་ལ་འཚེ་ཞིང་གནོད་པ་བྱས་པ་མེད། སྡིག་ཅན་དེ་དག་ལ་སྙིང་རྗེས་ཀུན་ནས་བླངས་ཏེ་དེ་ལྟར་ལབ་པ་ཙམ་ཡིན། སྙིང་རྗེ། ༀམཎྀཔདྨེཧཱུཾ། ༀཨཱཧཱུཾབཛྲགུརུཔདྨསིདྷིཧཱུཾ༔
༼ཁྱོད་ཀྱིས་བཏང་བའི་བོན་གྱི་བཀའ་བསྟན་ཟེར་བ་དག་ནི་ཤཱཀྱ་ཐུབ་པའི་གསུང་དག་ལ་ཐ་སྙད་འགའ་རེ་མི་འདྲ་བ་ཙམ་ལས་ཆུ་ལ་ཆུ་བཞག་ལྟ་བུ་ཡིན། དེ་དག་ནི་ཆོས་རྒྱལ་སྲོང་བཙན་སྐབས་བརྡ་སྤྲོད་གཏན་འབེབས་མཛད་པའི་བོད་ཡིག་འདིའི་སྟེང་འདུག་པ་ལས། བསྒྱུར་གཞི་གང་ཡང་མི་འདུག༽
ཁྱེད་ཚོས་ཁུངས་ཡོད་ཚད་དེ་ཤཱཀྱ་ཐུབ་པ་མི་གཅིག་ལ་བཏུགས་པ་རེད། དེ་ནི་གྲངས་ཅན་པས་བདག་ཤེས་རིག་གི་སྐྱེ་བུ་འདོད་ཚུལ་དེ་དང་ཕལ་ཆེར་གཅིག་མཚུངས་ཡིན། དེ་ནས་རྫུན་ཤོད་རན་དུས་ཨུ་ཚུགས་མི་རྒྱག་དགུ་རྒྱག་བྱས་ནས། ཁོང་གིས་རྣམ་པ་ཐམས་ཅད་མཁྱེན་རབས་བཟོས་པ་རེད། མི་གཅིག་ལ་ཁུངས་ཡོད་ཚད་བཏུགས་པ་ཡིན་ན་ཚན་རིག་པ་ཚོ་གད་མོ་ཤོར་ནས་རིལ་འགྲོ་གི་རེད།
ད་དུང་བོད་མིའི་ཁུངས་ཀྱང་ཁོང་ལ་བཏུགས་ཡོད་ས་རེད། དེ་ནས་རྒྱ་མིའི་ཁུངས་ཀྱང་ཁོང་ལ་བཏུགས་རན་ཡོད་འགྲོ ཧམ་པ་ཆེ་ཐག་ཆོད་སོང་དུས། བོན་གྱི་བཀའ་དང་བཀའ་བརྟེན་གྱི་ཁུངས་ཀྱང་ཁོང་ལ་བཏུགས་རྒྱུ་ཡིན་ས་རེད། ཁྱེད་ཚོའི་ཧམ་སེམས་དེས་རྐྱེན་བྱས་ནས་ཤཱཀྱ་ཐུབ་པ་ལ་མཚན་ཤས་མ་བཟོ་རོགས།
བོན་གྱི་བཀའ་དང་བཀའ་བརྟེན་དེ་ཚོའི་ནང་དོན་ཁག་རྗོད་བྱེད་ཀྱི་ཚིག་དང་བརྗོད་བྱའི་དོན་གང་གི་ཆ་ནས་བལྟས་ཀྱང་བོད་སྔ་རབས་ཀྱི་བསོད་ནམས་མ་ཉམས་པ་བྱས་ནས་བསྡད་ཡོད། དུས་ཕྱིས་ཀྱི་བརྩམས་ཆོས་ཆུ་ལྷབ་ལྷབ་འདི་འདྲ་རྩ་བ་ནས་མ་རེད་དོ། སྤྱིར་སྟངས་འཁོར་འདས་ཀྱི་སྤྱི་ཆིངས་ཆ་ཚང་སྟོན་ནུས་པའི་་གཞུང་ཆེན་མོ་ཞེས་པ་དེ་དངོས་གནས་བྱས་ན་བོན་ལ་ཡོད་པ་རེད། ཁྱེད་ཚོས་དུས་ཕྱིས་རྟོག་བཟོ་བྱས་པའི་གཞུང་ཆེན་མོ་ཞེས་པ་དེ་ཚོ་གཞུང་ཆེན་མོའི་མཚན་ཉིད་ཚང་ཨ་ཡོད་ན། ཅིས་ན་ཁྱེད་ཚོ་ལ་རྣམ་རྟོག་གི་འགྱུ་བ་དང་སྤང་བླང་གི་རྣམ་བཞག་ཧ་ཅང་མངས་སོང་བས་གཞུང་ཆེན་མོ་ཆགས་སའི་གཞི་དེ་གང་ན་ཡོད། འདི་ཚོ་གླེང་དགོས་སའི་གནས་ཡིན། མདོ་སྡེ་དང་འབུམ་སྡེ་དང་རྒྱུད་སྡེ་མཛོད་སྡེ་ཞེས་པ་དེ་ཚོ་བོན་པོའི་སྐད་ཆ་རེད། ཁམས་ཆེན་སྟོང་ཕྲག་བརྒྱ་པ། འབུམ་ཉི་མ་དགུ་ཤར། བྱམས་པ་འབུམ་ལྔ། བདལ་འབུམ། རྩེ་འབུམ། སྨན་འབུམ། ཕུར་པའི་རྒྱུད་དགུ། ཁྲོ་བོའི་རྒྱུད་དྲུག འདི་དང་འདི་འདྲ་བ་ནང་སེམས་ཁམས་ཀྱི་རྣམས་བཞག་དང་ཕྱི་འབྱུང་ཁམས་ཀྱི་རྣམས་བཞག་སོགས་ཆ་ཚང་སྟོན་ནུས་མཁན་དེ་བོན་ལ་ཡོད། ཐེག་པ་ཞེས་པ་ནི་བློ་སྟོབས་རེད། གཞུང་ཆེན་མོ་ནི་བློ་སྟོབས་ལ་བརྟེན་དགོས་པར་སེམས། ཁྱེད་ཚོར་བློ་སྟོབས་མེད་ནས་རེ་བ་དང་དོགས་པ་རྣམ་རྟོག་གི་ངང་ལ་དུས་འདས་དུས་གཞུང་ཆེན་མོ་དང་འབྲེལ་བའི་ཐེག་རྒྱུ་ཞིག་གང་ནས་བརྙེད། །
གཞན་ཡང་ངེད་ཤཱཀྱའི་ལུགས་ལ་དབང་རྟུལ་དད་པའི་རྗེས་འབྲངས་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཞེས་གདུལ་བྱ་ལ་རིགས་གཉིས་ཡོད་པས། དེ་ཡང་ཞར་ལ་རྟོགས་པར་གྱིས་ཤིག་ཨང་། དེ་ཤེས་ན་སངས་རྒྱས་ཀྱི་སྙིང་བརྩེ་ཉི་ཚེ་བ་ཡིན་མིན་རྟོགས་ནུས་སོ།།
ཕོ་བྲང་ཡུམ་བུ་བླ་མཁར་དང་གཅིག ཕོ་བྲང་པོ་ཏ་ལ་དང་གཉིས། བསམ་ཡས་དང་གསུམ་ནི། བོད་རྒྱལ་ཁབ་དང་། མི་རིགས་ཀྱི་མཚོན་རྟགས་ཆེན་པོར་དུས་ད་ལྟ་ཡང་བོད་གངས་ལྗོང་སུ་འབུར་ཐོན་དུ་ཡོད་པ་གསུམ་རེད།
མཁན་སློབ་ཆོས་གསུམ་གླེང་ན་ཁོང་ཅག་མི་ཞིག་གི་ཚད་དུ་བཞག་ནས་གླེང་ན་གོ་རྒྱུ་དང་ཉན་རྒྱུ་གཉི་ག་ཡོད། དེ་མིན་གེ་སར་སྒྲུང་བཤད་བཤད་བྱས་ན་སུས་བཤད་ཅང་འགྲིག་ལ་ཅི་བཤད་ཀྱང་ཆོག་པ་ཞིག་རེད། དེར་སྙིང་པོ་མི་འདུག
ཟླ་བ་་་་སྐད་ཆ་བཤད་དུས་གཞན་གྱི་དྲི་བ་ལ་ལན་འདེབས་དགོས་པ་རེད། གོང་གི་མཆན་བུ་དེ་དག་གི་ནང་དུ་་་རྩ་བའི་དྲི་བ་ཁག་ལ་ཁྱོད་ཀྱིས་ལན་གཅིག་ཀྱང་བརྒྱབས་མ་སོང་། དཔེར་ན། ལེགས་སྦྱར་གྱི་ཡིག་ཐོག་ཏུ་བྲིས་པའི་བཀའ་བསྟན་འགྱུར་གྱི་མ་དཔེ་ཡོད་དམ་མེད།
སྟོན་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡོད་པ་ཡིག་ཐོག་ཡོད་དམ་ངག་ཐོག་ཡོག། ཡིག་ཐོག་ཡོད་ན་དཔེ་མཛོད་གང་ཞིག་ན་ཡོད། ངག་ཐོག་ཡོག་ན་གང་ཟག་སུའི་ངག་ཐོག་ཡོད། ཆོས་ཕུང་ཅིག་ལ་ཡིག་གེ་ག་ཚོད་ཡོད་དམ།་་་་ཅེས་པའི་དྲི་བ་འདི་དག་ལ་་་ལན་དགོས་ཀྱི་འདུག ཁྱོད་ཀྱིས་ལན་རྒྱབ་ཤེས་ཀྱི་མེད་ན་མེད་ལབ་རོགས།
གཉིས་པ། ཁྲ་ཆུང་མིག་གིས་མ་མཐོང་བ་ཙམ་གྱིས་མེད་པ་རེད་ཅེས་ངས་ཁས་ལེན་མེད། ངའི་མ་མཐོང་བ་ཙམ་གྱིས་མེད་དགོས་ལ་་་་ངའི་མ་མཐོང་ན་ཡོད་དགོས་དོན་ཡང་མེད། འདི་ནི་ངའི་ཁས་ལེན་དང་དམ་བཅའ་ཡིན།
ལྷ་ཡུལ་དང་ཀླུ་ཡུལ། རི་རྒྱལ་དང་གླིང་བཞི་ཆོས་ཅན། མེད་པར་ཐལ། ཡོད་ན་དེང་སང་མཐོང་དགོས་ཀྱང་མཐོང་ཡ་མེད་པའི་ཕྱིར། ཞེས་པའི་རྟགས་འདི་བཀོད་ནས་སྒྲུབ་ཀྱི་ཡིན། མ་གཏོགས་ངའི་ཁྲ་ཆུང་མིག་གིས་མ་མཐོང་པའི་ཕྱིར་ཞེས་རྟགས་བཀོད་པ་མིན།
དཔེར་ན། རི་བོང་གི་རྭ་ཆོས་ཅན། མེད་པར་ཐལ། ཡོད་ན་མཐོང་དགོས་ཀྱང་མཐོང་ཡ་མེད་པའི་ཕྱིར། ཞེས་པའི་རྟགས་འདིས་རི་བོང་རྭ་མེད་དུ་སྒྲུབ་པ་མིན་ན་རི་བོང་རྭ་མེད་རེད་ཅེས་ཇི་ལྟར་ཐག་གཅོད་དམ།་་་་་ཧཧཧ
བོད་པའི་བཀའ་བསྟན་འགྱུར་ཆོས་ཅན། ལེགས་སྦྱར་གྱི་ཡིག་ནས་བསྒྱུར་པ་མ་ཡིན་པར་ཐལ། ལེགས་སྦྱར་གྱི་ཡིག་ཐོག་ཏུ་བཀའ་བསྟན་འགྱུར་ཡོད་ན་མཐོང་དགོས་ཀྱང་མཐོང་ཡ་མེད་པའི་ཕྱིར།་་་་་འཁོར་གསུམ
ནོར་བཅོས་་་གཉིས་པ། ཁྲ་ཆུང་མིག་གིས་མ་མཐོང་བ་ཙམ་གྱིས་མེད་པ་རེད་ཅེས་ངས་ཁས་ལེན་མེད། ངའི་མ་མཐོང་བ་ཙམ་གྱིས་མེད་མི་དགོས་ལ་་་་ངའི་མ་མཐོང་ན་ཡོད་དགོས་དོན་ཡང་མེད། འདི་ནི་ངའི་ཁས་ལེན་དང་དམ་བཅའ་ཡིན།་་་་ཞེས་རོགས།
ཨོ་རེད་་་ཁྱོད་ཀྱིས་་་ཤཀྱའི་བསྟན་པ་དང་ཤཀྱའི་རྗེས་འབྲངས་པ་ཚོ་ལ་ཅོ་རིས་སྐུར་བ་འདེབས་ཀྱི་འདུག་ཅེས་བཤད་འདུག ངས་ངོས་ནས་བྱས་ན་རྒྱ་གར་བའི་ས་རྡུང་བྷ་བྷ་རོ་ཟན་དེ་ཚོ་ཤཀྱའི་རྗེས་འབྲངས་རྫུན་མ་རེད་ཟེར་གྱི་ཡོད། ཁོ་ཚོའི་བྱ་སྤྱོད་དངོས་གནས་ལ་དགག་པ་བརྒྱབས་པ་མ་གཏོགས་ཤཀྱའི་རྒྱལ་པོ་ལ་དགག་པ་རྒྱབ་མི་ཕོད།
རོ་ཟན་ཚོ་དང་རོ་ཟན་ཚོའི་རྗེས་འབྲངས་པ་བོད་པའི་ཆོས་པགས་ཅན་ཚོ་ནི་ཤཀྱའི་རྗེས་འབྲངས་དངོས་གནས་དེ་མ་རེད། རྫུན་མ་རེད། ལོག་ཆོས་བྱེད་མཁན་རེད། འཇིག་རྟེན་མི་ཆོས་ལ་ཞེན་ཆགས་ནས་སྲིད་ཁྲི་སྟེང་དུ་རྒྱལ་པོ་བྱེད་མཁན་དག་ནི་ཤཀྱའི་རྒྱལ་པོའི་བྱ་སྤྱོད་དང་གོ་ལྡོག་རེད།
དཔྱད་གསུམ་གྱི་རིག་པས་དག་ཐེར་མཛད་པའི་ཤེས་རབ་ནི་བྲལ། ཚིག་རྗེས་འབྲངས་གི་གོ་བ་ཙམ་དུ་ཟད་ནས་རྨོངས་དད་ཅན་ཚོར་ལ་བྱིས་སྒྲུང་བཤོད་ཨ།
ངའི་ཁ་པར་ནང་རྩོམ་ཡིག་གསར་པ་དག་ལས་རྙིང་པ་དག་མི་གསལ་བས་བསྐྱར་ཀློག་བྱ་རྒྱུ་མ་བྱུང་བས་ལན་དུས་ཐོག་བྱུང་མི་འདུག བོན་པོ། ང་ཚོའི་ཁུངས་དེ་ཆུ་མགོ་གངས་ལ་གཏུགས་པ་བཞིན་སྟོན་པ་བཅོམ་འདས་ལ་གཏུགས་ཀྱིན་ཡོད། ཕལ་ཆེར་ཁྱོད་ཚོར་འགོ་ཁུངས་ཤིག་མེད་པར་གང་དྲན་དྲན་ཡིན་པ་འདྲ་སྟེ། ཐ་སྙད་ལ་འགྱུར་བ་ཅུང་ཟད་ཙམ་ལས། སངས་རྒྱས་པའི་བཀའ་བསྟན་དང་དབྱེ་བ་ལོགས་སུ་མེད་པའི་ཕྱིར། དེ་ཡང་ཡིན་དགོས་ཏེ་ཁྱོད་ཚོར་སྟོན་པ་ཡོད་རབས་ལས་ཁོང་གིས་དུས་ནམ་ཞིག་དང་། ཡུལ་གང་དུ། སྐད་ཡིག་ཅི་ཞིག་གི་ནང་དུ་གསུངས་པ་སོགས་ནི་ཁུངས་ལུང་བྲལ་བའི་ལྷ་སྒྲུང་ལྟ་བུ་ལས་མེད་པའི་ཕྱིར་རོ། །དེ་བས་སྣ་ཇི་ཙམ་འཐེན་ཡང་ཁ་ནང་དུ་སླེབས་པར་མི་འགྱུར་རོ།།
ཅོ་རི། ཁྱོད་སྙིང་རྗེ། བོད་ཀྱི་ཐ་སྙད་ལ་རྨོངས་སོང་བས་ངས་གང་བྲིས་པ་དག་གི་ལན་ཚུལ་བཞིན་དུ་མ་རྟོགས་པས་ཡིན་གྱིས་ངས་ལན་མ་བརྒྱབས་པ་ཅི་ཡང་མེད། ཞིབ་པར་ཀློགས་དང་།
གཞན་ཡང་ཁྱོད་ཀྱིས་མ་མཐོང་བའི་རྒྱུ་མཚན་གྱིས་མེད་པར་ཐག་བཅད་འདུག་སྟེ། ལྷ་ཀླུ་ཡི་དྭགས་སོགས་ཁྱོད་ཀྱི་སྡུག་མིག་གིས་མ་མཐོང་བས་མེད་པའི་ཕྱིར། དེ་འདྲའི་སྙིང་རྗེ་བ་ལ་ཨང་། ཤ་ཚ།
ཁྱོད་ཀྱི་དམ་བཅའ་ལ་ཁྱོད་ཀྱིས་མ་མཐོང་ན་མེད་དགོས་དོན་མེད་པ་དང་། མཐོང་ན་ཡོད་དགོས་དོན་མེད་ན། ལྷ་ཀླུ་ཡི་དྭགས་སོགས་མེད་པར་ཁྱོད་ཀྱིས་ཐག་ཇི་ལྟར་བཅད་དམ། གླེན་ལྐུགས།
ཨོ་རེད། རྒྱ་གར་བའི་སཱ་ཏུ་དག་ཤཱཀྱའི་རྗེས་འབྲངས་པ་རྫུན་མ་ཡིན་སྲིད་ལ་ཡོད་ཀྱང་ཆོག་པ། ཁྱོད་ལྟ་བུ་བོད་ལ་སྐྱེས་ཀྱང་བོད་གོ་མི་ཆོད་པ་ལྟ་བུ་མང་དུ་ཡོད་མོད། ཨོ་རྒྱན་སངས་རྒྱས་གཉིས་པ་འདི། བོད་གངས་ཅན་གྱི་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པ་སྤེལ་ལ། སངས་རྒྱས་ཉིད་ལས་བཀའ་དྲིན་ཆེ་བ་ལྟ་བུ་ཡིན་ལ། བོད་ཁ་བ་གངས་ཅན་པའི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆུ་མགོ་ལྟ་བུ་ཡིན། དེ་བས་ཁྱོད་ཅག་གིས་ཁོང་བ་སྐུར་འདེབས་བྱེད་པ་ནི་སངས་རྒྱས་ཀྱི་བསྟན་པར་དམའ་ཕབ་པ་ཡིན་ལ། བོད་མིའི་བརྩེ་དུང་ལ་ཤེས་བཞིན་རྡོག་རོལ་བཏང་བ་ཡིན། ད་གང་དྲག་་་་
ཨ་ཙི་ཙི་་་་ད་ལྟ་བོད་ན་ཡོད་པའི་བཀའ་བསྟན་དུ་མིང་བཏགས་པའི་རིལ་རིལ་པོ་འདི་འདྲ་ཞིག་ལེགས་སྦྱར་སོགས་ནང་མེད་མོད། དེ་གཉིས་ཀྱི་བསྒྱུར་གཞི་ལེགས་སྦྱར་སོགས་སུ་ཡོད་ཅེས་ཐེངས་མང་བརྗོད་ཟིན། ད་ཡང་བསྐྱར་བསྐྱར་བཟློས་མི་བྱེད། བོང་བུར་ཆོས་བཤད་པ་རང་རེད། ཉོབ་སོང་།
འཇིག་རྟེན་མི་ཆོས་ལ་ཞེན་ཆགས་ནས་སྲིད་ཁྲི་སྟེང་དུ་རྒྱལ་པོ་བྱེད་མཁན་དག་ནི་ཤཀྱའི་རྒྱལ་པོའི་བྱ་སྤྱོད་དང་གོ་ལྡོག་རེད། ཧཧ་་བོད་ཀྱི་བཙན་པོ་དག་ལ་ཟུར་ཟ་ཡིན་པའི་ཁུལ་འདྲ། སྙིང་རྗེ། སངས་རྒྱས་པའི་རྗེས་འབྲངས་པ་ཡིན་ན། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཁོ་ན་ཡིན་དགོས་པར་འདོད་པའི་གླེན་ལྐུགས་ཁྱོད།
བུ་དཔའ་བོ་ཡོད་ན་གཅིག་གི་ཆོག། ཟེར་སྲོལ་བཞིན་ལྟ་ལོག་སུམ་རྒྱ་དྲུག་ཅུའི་སྲོག་རྩ་དུས་གཅིག་ལ་གཅོད་མཁན་རྒྱུ་སྐར་གྱི་དབུས་ན་བཅོ་ལྔའི་དུང་ཟླ་ཞིག་ཤར་ཚེས་སྟོན་མོ་འདུག། མི་ཕམ་རིན་པོ་ཆེས། མང་དུ་ཐོས་པ་ལུང་གི་སྤྲིན་འཁྲིགས་ཤིང། ཕ་རོལ་རྒོལ་འཇོམས་རིགས་པའི་གློག་ཕྲེང་འབར། མན་ངག་གནད་གྱིས་བདུད་རྩི་སྙིང་ལ་སིམ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་རྒྱུར་ཅིག། དགེའོ།
ཟླ་བ་ལགས།
གཏམ་དཔེ་དེ་ཚོ་བསྒྲངས་ན་ཆ་ཚང་བ་ཞིག་བསྒྲང་ན་འགྲིག་གི་རེད་བ། གཏམ་དཔེ་དེ་ཆ་ཚང་བ་འདི་འདྲ་རེད།
ཆུ་མགོ་གངས་ལ་ཐུག ཆོས་མགོ་བོན་ལ་ཐུག །
འདི་སྔ་རབས་བོད་མིའི་ཁ་དཔེ་རེད་ད།
ཁྱེད་ཚོའི་ཡམ་ཡོམ་གྱི་ཁུངས་དེ་ག་བར་བཏུགས་ཀྱི་ཡོད་ནའང་བཏུགས་རོགས་གནོངས། ཁྱེད་ཚོ་འུ་ཐུག་དུས་ནམ་མཁའི་ལྷ་དང་ས་འོག་གི་ཀླུ་ལའང་ཁུངས་བཏུགས་ཡོད་པ། ད་དུང་འུ་ནག་པོ་ཐུག་སོང་ན། བྱ་བྱེའུ་དང་ཉ་སྦལ་ལྕོང་གསུམ་ལའང་ཁུངས་བཏུགས་རྒྱུའི་ཉན་ཁ་རེད། ཧ་ལས་རྒྱུ་དང་ཧུང་ཕཊ་་རྒྱུ་ཟེར་གང་ཡང་མི་འདུག་གོ །
ང་ཚོའི་བོད་མི་རིགས་ཀྱི་ཁུངས་དེ་བོད་རང་ལ་བཏུགས་དགོས་པ་རེད། ར་མགོ་ལུག་སྦྱར་བྱས་ན་ཆོ་ཨ་ཡོད་ན། རྒྱ་གར་རྒྱ་གར་གྱི་སར་བཞག རྒྱ་ནག་རྒྱ་ནག་གི་སར་བཞག བོད་བོད་ཀྱི་སར་བཞག་ན་ཡག་གི་རེད། ཉིན་མ་དེ་རིང་གི་བར། བོད་གངས་ཅན་པའི་་མི་རིགས་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་དང་རིག་གནས་གང་ཡོད་པ་འདི་རྣམས། ང་ཚོའི་སྟོན་པ་བོད་ཀྱི་ཡུལ་དུ་སྐུ་དངོས་སུ་ཞབས་ཀྱིས་བཅག་ནས་བྱུང་བའི་བཀའ་དྲིན་གྱིས་བདག་པོ་རྒྱག་མཁན་དང་རྒྱུན་འཛིན་བྱེད་མཁན་ཞིག་བྱུང་ནས་ད་བར་འཚོ་གནས་ཐུབ་པ་རེད། བོད་མི་རིགས་ལ་བསམ་ན་དེའི་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་དེ་རྗེས་སུ་དྲན་ཤེས་པར་གྱིས། །
སྐྱིད་སྡུག་མེད་པའི་རོང་རྟགས་ཚན་པོ་ཆེ་བསྟན་ནས་རོང་སྐད་བརྒྱབ་མ་ཡོང་ཨ། དང་པོ་རང་གི་ཁ་ཕོར་དེ་ག་བར་བཙུགས་ཡོད་ཤེས་དགོས། དེ་སང་ཕྱི་རྒྱལ་གྱི་སྦྱིན་བདག་ཏོག་ཙམ་རགས་དུས་སྣང་བ་ལིང་ལིང་པོ་མ་གནང་ན་དགའ། །
བོན་པོ། ཨ་ལས་ཁྱོད་ལ་དགོས་མཁོ་ཞིག་བྱུང་ཚེ་བོད་ཀྱི་གཏམ་དཔེ་དང་། ལོ་རྒྱུས། ཆོས་འབྱུང་སོགས་ལ་རང་དགར་བཟོ་བཅོས་བྱེད་ཆོག་པའི་སྙིང་སྟོབས་དེ་དཔེ་རེད་ཨང་། ནང་ཆོས་ཀྱི་ཁུངས་དེ་བོན་ཡིན་ན། རྒྱ་གར་ནས་བྱུང་བའི་ནང་ཆོས་ཀྱི་ཁུངས་དེ་ཡང་བོན་ཡིན་གྱི་རེད། དེ་བཞིན་རྒྱ་ཧོར་སིང་གཱ་ལ་འབར་མ་སོགས་ཀྱང་དེ་བཞིན་ནོ། །སྙིང་རྗེ། སྐབས་རེ་རང་གིས་ཅི་ཞིག་བཤད་པར་མནོ་བསམ་ཕྱི་མ་ཞིག་ཐོངས། དེ་མིན་རང་མཚང་རྗེན་པར་སྟོན་ཉེན་ཡོད།
བོད་ཀྱི་ཆོས་འབྱུང་ལོ་རྒྱུས་འགར་བོད་ཀྱི་ཡོད་ཚད་ཀྱི་ཁུངས་རྒྱ་གར་དུ་བཅོལ་ཡོད་པ་བདེན་ཡང་། དེ་དག་ནི་གང་ཟག་གང་དེའི་ནོར་འཁྲུལ་ཡིན་པས། རྒྱུག་པ་ལེབ་རྡུང་མ་བྱེད་རོགས། འོན་ཏེ་ལྡེའུ་ཆོས་འབྱུང་སོགས་སུ་བོད་མིའི་ཁུངས་བོད་རང་ནས་ཡིན་པར་གསུངས་ཡོད། དེ་ལ་ལན་ཅི་ཡོད། ལར་ནས་མི་རེ་འགའི་ནོར་འཆུག་སངས་རྒྱས་པ་སྤྱིའི་མགོར་མ་གཡོག་རོགས། ཁྱོད་ཚོའི་སྟོན་པ་དེ་ཡང་སྟག་གཟིག་འོལ་མོ་ལུང་རིང་ནས་ཕེབས་པར་སྨྲས་པས། དེ་བོད་ཀྱི་ས་གནས་གང་དུ་རེད་དམ། ཞང་ཞུང་ནས་བོན་ཆོས་སྤེལ་བར་བཤད་པར་འགྲིག་ཆོག་མོད། སྟོན་པ་དེའི་ལོ་རྒྱུས་ལ་དྭོགས་པ་མི་བྱེད་དཀའ་མེད་རེད། གཞན་ཡང་ཁོང་གིས་བོན་ཆོས་དེ་སྐད་ཡིག་གང་ནས་གསུངས་སམ། ཞང་ཞུང་གི་སྨར་ཡིག་ཟེར་བ་ཡོད་རབས་འདུག་མོད། དེའི་ནང་བྱུང་བའི་བོན་པོའི་གསུང་རབ་པོད་གཅིག་ཀྱང་མཐོང་ཆོས་སུ་མི་འདུག་པས། བོན་ཆོས་དེ་ཆོས་རྒྱལ་སྲོང་བཙན་གྱི་རྗེས་ཙམ་ནས་བྱུང་བ་རེད་དམ། ཁྱོད་ཀྱིས་ནང་ཆོས་ལ་ལྷ་ཀླུ་མང་རབས་བཤད་མོད། དྲང་པོ་བཤད་ན་ལྷ་ཀླུ་མཆོད་པའི་སྲོལ་དེ་བོན་པོའི་མིན་ནམ། ང་ཚོར་གཞུང་ཁུངས་བསྟན་རྒྱུ་ཡོད་ལ། ཁྱོད་ཚོར་མི་འདུག་པས། ད་ནས་སྨྲ་བ་ཉུང་ན་མཛེས་སོ།།
ཅོ་ཅོ་རིས། ནང་པ་ལ། དམའ་འབེབས་ཀྱི་ཚིག་ལ། རྒྱ་གར་མུ་སྟེགས་ཀྱི་ཆོས་ལུགས་ལ་ཨ་ཁུ་རིརམ། དུར་ཁྲོད་ནས་མི་ཤི་བའི་རོ་ལྷག་མ་ཟ་མཁན་ལ་རོ་གཟན་གྱི་རྣལ་འབྱོར་པ་དུས་ད་ལྟ་ཡང་ཡོད་པ་དེ་དང་། དེ་བཞིན་རྒྱ་གར་སྐད་དུ་སན་ཡ་སིའམ། ས་དྷུ་བྷ་བྷ་གོས་སེར་པོ་གྱོན་མཁན་ཧིན་ཆོས་སུ་ཡོད་པ་དག་དང་བསྲེས་ནས།
རྒྱ་གར་འཕགས་ཡུལ་ནས་སངས་རྒྱས་ཤྰཀྱ་ཐུབ་པའི་ནང་ཆོས་བོད་ལ་དར་བའི་སོ་ཐར། བྱང་སེམས། གསང་སྔགས་བསྲེས་ནས་སྐྱོན་འཛུགས་བྱས་ན་ཅོ་རི་ཁྱོད་རྫུན་དང་ཧམ་པ་ཆེན་པོ་བཤད་པ་རེད།
ང་ཚོ་བོད་རིགས་ནང་པ་རྒྱ་གར་ལ་བསྡད་ནས་ལོ་ལྔ་བཅུ་དྲུག་བཅུའི་ནང་ལ། ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་ཆོས་ལུགས་མིང་ཟིན་ལག་ཟིན་དུ་ཡོད་པའི་ནང་ནས། ར་མ་ཡ་དགའ་བྱེད་ཀྱི་གཏམ་རྒྱུད་དང་། ནག་པོའི་གི་ཏ་མཧྰ་བྷྰ་རཏ་གཉིས་ནང་གི་ལྷ་དང་ལྷ་མིན་དང་ཀླུ་སོགས་ཕལ་ཆེར་གཅིག་མཚུངས་ལྟར་ཡོད་ནའང་། བོད་ནང་དར་ཡོད་པའི་ནང་ཆོས་ནང་གི་གསང་བདེ་འཇིགས་གསུམ། ཕུར་པ་སྤྱན་རས་གཟིགས་སྒྲོལ་མ་སོགས་མུ་སྟེགས་པ་ལ་མེད་པ་མ་ཟད།
ལྷ་དབང་ཕྱུག་གམ་ཤི་བ་དང་། ལྷ་མོ་ནགམོའམ། ཀྰ་ལི་སོགས་གསར་དམར་མཆོད་འབུལ་ཡུལ་རྣམས་ནི། ལྷ་འདྲེར་རུ་ཡོད་དུ་ཆུགས་ཀྱང་། ནང་པའི་འཇིག་རྟེན་སྲུང་མ་ལྟར། འཕྲིན་བཅོལ་འབུལ་འོས་སུ་མཆིས་ཀྱང་། སྐྱབས་གནས་དཀོན་མཆོག་གསུམ་པོའི་གྲལ་དུ་མི་ཚུད་པས། ཁྱོད་ཀྱི་ཧམ་བཤད་དང་རྫུན་རྐུབ་འདི་ནས་བཏོལ་བ་མ་རེད་པེ། ལགས།། །།
སྤྱིར་སྟངས་ངས་ཁོང་རྣམ་པ་གཉིས་ཀྱི་བཀའ་མོལ་འདིའི་འོག་ནས་མཆན་མི་འབྲི་བསམ་བྱུང་། ཡིན་ནའང་ཁ་ཤས་ཀྱིས་ཞེ་བོ་ཞིག་ཤེས་ཀྱི་ཡོད་མདོག་བསྟན་ནས་ཁ་བདེ་པོ་བཤད་ཡོང་དུས་ཅུང་གློ་བ་མ་བདེ་ནས་མཆན་ཁ་ཤས་ཐལ་སོང་། གཟུ་བོར་གནས་པའི་དྲྭ་གྲོགས་ཚོ་ལ་དགོངས་འགལ་མེད་པ་ཞུ། །
ཞང་ཞུང་གི་སྨར་ཡིག་འདུག་ལ། སྨར་ཡིག་གི་ཡིག་རྙིང་ཡང་འདུག ཞང་ཞུང་སྐད་ཐོག་ལ་བྲིས་པའི་བོན་དཔེ་ཡང་འདུག་ལ། དེར་མ་ཚད་ཧ་ཅང་གི་གདམས་ངག་རྩ་ཆེན་དེ་འདྲ་ཞང་ཞུང་སྐད་ཐོག་ལ་བྲིས་བཞག་པ་འདུག ད་དུང་ཤེས་དགོས་པ་ཞིག་ནི། མཐོ་སྒང་གངས་ཅན་བོད་ཀྱི་གདོད་མའི་རི་ཆུ་དང་ས་གནས་ཀྱི་མིང་མང་ཆེ་བ་ཞང་ཞུང་སྐད་ཐོག་ལ་དེང་སང་ཡང་དམངས་ཁྲོད་དུ་འབོད་བཞིན་གནས་ཡོད། ཞང་ཞུང་ལའང་སྐད་རིགས་མི་འདྲ་བ་གང་མཚམས་ཡོད་པས་གཅིག་ཏུ་ནི་མ་ངེས་སོ། །
སྟོན་གཤེན་རབ་ཀྱི་འཁྲུངས་ཡུལ་ལ་མཁས་པས་བཞད་པ་མི་མཐུན་པ་ཡོད་པ་ལྟར། ཤཀྱ་ཐུབ་པའི་འཁྲུངས་ཡུལ་དང་འཁྲུངས་ལོ་སོགས་ལའང་ཞེ་འདོད་མི་མཐུན་པ་ཡོད་པ་རེད། ལུམ་སྦི་ནི་དུས་ཕྱིས་དུས་ཕྱིས་ཕྱི་རྒྱལ་བ་ཚོས་ངོས་འཛིན་བྱས་བཞག་པ་དེ་འདྲ་རེད། རྒྱ་གར་ལའང་ལུམ་སྦི་ནི་གཅིག་ཡོད་རབས་འདུག་པས་ལུམ་སྦི་ནིའི་རྩོད་པ་ད་ལྟའང་ཞི་ཐུབ་ཡོད་མ་རེད།
ཁྱད་མཚར་བ་ཞིག་ལ། ལུམ་་་ཞེས་པ་དེ་ནི་ཞང་ཞུང་གི་སྐད་ཡིན་པར་སྨྲ་མཁན་ཡང་འདུག ལུམ་ཞེས་པ་ནི་བོད་ཀྱི་བརྡ་རྙིང་ནང་ཆུ་འགོ་དང་ཆུ་ལ་གོ་བ་རེད། ཁ་ཤས་ཀྱི་ནི་་་ལུ་མ་་་ཡང་བརྫོད། དོན་ལ་གཙང་ཆུ་གཉིས་ཀྱི་འདུས་སའི་ཁུག་པ་ཞིག་ལ་ས་ཆ་དེ་ཆགས་ཡོད་པས་་་ལུམ་་་ཞེས་པའི་ཞང་ཞུང་གི་ཐ་སྙད་དེ་བྱུང་སྐད་འདུག སྦེ་ནི་ཞེས་པ་ནི་བལ་པོའི་སྐད་ཡིན་ས་རེད་ཏན་ཏན་མ་ཤེས་སོ།
སྟོན་པ་གཤེན་རབ་ནི་སྟོད་ཕྱོགས་ནས་ཕེབས་པའི་ཀྱི་མི་བུ་ཞིག་ཡིན་པ་ལོ་རྒྱུས་མངས་པོའི་ནང་གསལ་བ་ལྟར་རེད། དེང་སང་བོད་རིག་པའི་མཁས་དབང་ཚོས་ནི་གངས་ཏི་སེ་དང་མཚོ་མ་པང་གི་ས་སྐོར་དེ་གཤེན་རབ་ཀྱི་འཁྲུངས་ཡུལ་ཡིན་ངོས་འཛིན་བྱེད་བཞིན་འདུག ཁ་ཤས་ཀྱིས་ནི་ཁྱུང་ལུང་དངུལ་མཁར་རྒྱལ་བ་གཉེས་པའི་ཚལ་དེ་ཡིན་པར་འདོད་མཁན་ཡོད། གང་ལྟར་གཤེན་རབ་མི་བོའི་འཁྲུངས་ཡུལ་དེ་ནི་བོད་མི་རིགས་ཀྱི་རིག་གནས་དང་ཆོས་ལུགས་དར་སའི་ས་ཆ་ཞིག་་ཡིན་པས་དེ་མཐོ་སྒང་གངས་རིའི་ལྗོངས་འདི་ནས་ཧ་ཅང་ཐག་རིང་དུ་གྱུར་བ་ཞིག་ཡིན་པར་མི་སེམས་སོ། །
ངས་ལྷ་ཀླུ་མང་རབ་ནི་བཤད་མེད་དོ་། ལྷ་ཀླུ་ལ་ཁུངས་བཏུགས་རབས་བཤད་པ་ཡིན། དུས་རྒྱུན་ཁྱེད་ཚོས་ལྷ་ཀླུ་ཚོ་ལ་བརྙས་བཅོས་ཞེ་བོ་གཏོང་སྲོལ་ཡོད་པ་རེད། དེའི་ནང་ནས་ཀྱང་བོད་ཀྱི་ལྷ་ཀླུ་ཚོ་ནི་ཁྱེད་ཚོས་མིག་གིས་མཐོང་ས་ཡོད་མ་རེད། ཡིན་ནའང་འུ་ཐུག་དུས་ལྷ་ཀླུ་གཉིས་ལ་ཁུངས་བཏུགས་བཞག་པ་དེ་ངས་གསལ་བཤད་མི་དགོས་པར་ཁྱོད་ཀྱིས་ལོས་ཤེས། ཁྱེད་ཚང་གི་མགོན་པོ་ཀླུ་སྒྲུབ་ཀྱང་ཀླུ་ཡུལ་ལ་སློང་མོ་རྒྱག་པར་ཕེབས་ཡོད་ས་རེད་བ།
ང་ཚོ་ལ་གཞུང་ཁུངས་དང་། མི་ཁུངས། ཡུལ་ཁུངས། སྲིད་ཁུངས། སྐད་ཁུངས། བྱུང་ཁུངས་ཚང་མ་གཅིག་ལ་གཅིག་འབྲེལ་གྱིས་སྟོན་རྒྱུ་ཡོད། ཁྱེད་ཚོ་ལ་རོང་ཡིག་ཁ་ཤས་ཅིག་སྟོན་རྒྱུ་ཡོད་ནའང་ཐང་། གཞན་སྟོན་རྒྱུ་གང་ཡང་མེད་མཁན་དེ་ཁྱེད་ཚོ་རེད། བོད་ཡུལ་ཆུས་གང་རབས་བཤད་པའི་སྐྱག་རྫུན་ཚན་པོ་ཆེ་དེ་དང་། སྤྲ་སྤྲེལ་ནས་བོད་མི་བྱུང་རབས་ཀྱི་གཡོ་རྫུན་གཉིས་པོ་དེ་སྟོན་རྒྱུ་ཡོད་ན་མ་གཏོགས་གཞན་ཅི་ཡོད། །
ཞང་ཞུང་གི་སྨར་ཡིག་འདུག་ལ། སྨར་ཡིག་གི་ཡིག་རྙིང་ཡང་འདུག ཞང་ཞུང་སྐད་ཐོག་ལ་བྲིས་པའི་བོན་དཔེ་ཡང་འདུག་ལ། དེར་མ་ཚད་ཧ་ཅང་གི་གདམས་ངག་རྩ་ཆེན་དེ་འདྲ་ཞང་ཞུང་སྐད་ཐོག་ལ་བྲིས་བཞག་པ་འདུག
་་་་་ མཆན་་་་་་ དང་། ཟེར་འབྲི་རྒྱུ་ཆད་འདུག་པས་དགོངས་དག་ཞུའོ།།
ད་ཁྱེད་ཚོ་ཞིམ་འཛིང་མ་རྒྱག། ཆོས་ལུགས་ནི་བསམ་བློའི་མོས་པ་ནས་འཕྱུར་བ་ནས་ཕྱི་དངོས་པོའི་གནས་སྟངས་ལ་བལྟོས་ནས་བཟོས་པ་མིན། བསམ་བློའི་འཆར་སྒོ་མཐའ་ཡས་པ་ཡིན་སྟབས། མང་པོ་ཞིག་རྟོག་བཟོ་རེད། དེ་ངེས་པར་དུ་ཁས་ལེན་དགོས། དེ་ཡང་ཁ་ཆེ། ཡེ་ཤུ། ནང་པ་སོགས་བསམ་བློའི་འཆར་སྒོ་གཙོ་བོར་བཞག་ནས་བཟོས་སྟབས། དེ་རྟོག་བཟོ་གཙོ་བོར་བཀོལ་ཡོད། གཙོ་བོ་དད་མོས་ལ་བརྟེན་ནས་བྱུང་བ་ཡིན་སྟབས། དེ་ལ་དངོས་པོའི་དཔང་པོ་འཚོལ་བ་ནི་འཚོལ་མཁན་རང་ཉིད་གླེན་རྟགས་ཆེ་དྲག་པ་རེད།
འཛམ་གླིང་ནང་གི་ཚན་རིག་པའི་རྗེས་འབྲང་མང་ཤོས་དང་ཆོས་ལུགས་ཀྱི་མི་གྲངས་མང་ཤོས་ཡིན་པའི་ཡེ་ཤུ་ལྟ་བུར་མཚོན་ན། ཚན་རིག་པ་ཚོས་ཡེ་ཤུ་དཀོན་མཆོག་གི་སྲས་ཡིན་མིན་མི་བརྩོད། དེ་དད་པའི་ཁུངས་ལ་བཞག་ཡོད། བརྩོད་པ་མེད།
དེ་བཞིན་ནང་པ་དང་བོན་པོ་ཡང་དད་པའི་རིག་གཞུང་རེད། དེ་ལ་དངོས་པོ་ཁྱེར་ནས་དཔང་པོ་བྱེད་པ་ནི་སྟག་གི་རྒྱབ་རྟེན་ཝ་མོ་འདྲུད་པ་ལྟ་བུ་ལས་ཕན་པ་མེད། མི་མང་གིས་ཆོས་ལུགས་གང་ལ་མོས་པ་ཆེ་བ་ཡོད་པ་དེ་ལ་དད་པ་བྱེད་པ་ལས། ཆོས་ལུགས་གང་དངོས་པོའི་གནས་ཚུལ་དང་མཐུན་མིན་དཔྱོད་པར་མི་བྱེད་པ་དེ་ཚན་རིག་གིས་གྲུབ་ཡོད། འཛམ་གླིང་འདིའི་ནང་ལ་ཆོས་ལུགས་ཁྱབ་མགྱོགས་ཤོས་དང་མ་འོངས་པ་ན་འཛམ་གླིང་ཧྲིལ་པོའི་ཆོས་ལུགས་ཆེས་ཤོས་སུ་འགྱུར་བ་དེ་ཁ་ཆེའི་ཆོས་ལུགས་རེད།
རྒྱུ་མཚན་ནི་ཧ་ཆེའི་ཆོས་ལུགས་གཞི་དངོས་པོའི་གནས་ལུགས་དང་མཐུན་མིན་མ་རེད། ཁ་ཆེའི་ཆོས་ལུགས་ཀྱིས་སྙོག་ཟིང་ཆེ་བ་ཞིང་། དྲང་པོ་མིན་པ། གྲལ་རིམ་གཙིགས་ཤིང་། འཇོན་ཐང་ལ་མི་བརྩི་བའི་སྤྱི་ཚོགས་འདིར་ཨ་ལ་ལས་དྲང་བའི་སྐྱབས་ཡུལ་ཞིག་མེད་པར་ངོས་འཛིན་བྱེད། ཨ་ལ་ཡང་གང་ཟག་ཞིག་ལ་མི་འདོད་པར་དེ་འཇིག་རྟེན་ལས་འདས་པའི་ནུས་པ་ཕུན་སུམ་ཚོགས་པའི་ཡུལ་ཞིག་ལ་བརྩིས།
ད་ཁྱོད་ཚོ་བརྩོད་པ་བཞག་ནས་འཛམ་གླིང་གི་སྐྱེ་བོ་མང་ཤོས་ཀྱིས་དད་པ་བྱེད་ཡུལ་ཁ་ཆེའི་ཆོས་ལ་གོ་སྐབས་སྦྱིན་ནས་ཨ་ལ་དམ་པར་སྐྱབས་བཅོལ་ནས་ཚོད་ལྟ་ཞིག་གྱིས་དང་། ཁོང་གིས་ནུས་པས་ངོ་མ་ཁྱེད་ལ་བདེ་བ་སྦྱིན་ཐུབ།
གལ་ཏེ་ཁ་ཆེའི་དམ་པའི་ཆོས་ལ་བཞུགས་ན། ཁྱེད་ནང་པའི་རྙོག་ཟིང་དེ་ཚོར་སྐྲག་དགོས་མེད། ཁྱེད་བོན་པོའི་རྫུན་གཏམ་དེ་ཚོར་སྐྲག་དགོས་མེད། ཐ་ན་སྟོབས་ཆེ་བའི་ཡེ་ཤུ་བ་ཚོ་ཡང་རིམ་བཞིན་ང་ཚོའི་འོག་ལ་འཇུག་བཞིན་ཡོད། ད་ལྟ་དབྱིན་ཇི་དང་། ཡེ་ཤུའི་རྒྱལ་ས་ཨི་ཌ་ལི། ཕ་རན་སི། སི་པན་སོགས་ཁ་ཆེའི་མི་འབོར་འོག་ལ་མགོ་སྒུར་ཟིན། ནང་པ་ནི་ཆེས་གཞི་རྒྱ་ཆུང་བའི་ཆོས་ལུགས་ཞིག་རེད།
འཛམ་གླིང་ཆོས་ལུགས་ཆེན་པོ་བཞི་ཡི་གྲས་ལ་ནང་པ་མེད། ཁ་ཆེ། ཡེ་ཤུ། ཇེའུ། ཧིན་རྡུ་རྣམས་ལ་འཛམ་གླིང་ཆོས་ལུགས་ཆེན་པོ་བཞི་ཟེར། དེར་ནང་པ་མེད། བོན་པོ་ནི་མི་འབོར་མང་ན་སྟོང་གཉིས་རེད། དེ་བོད་ལས་གཞན་ལ་ཁྱབ་མེད། དེ་ཡང་ད་ལྟ་ནང་པའི་ལྟ་གྲུབ་ལ་གྱུར་ནས་ནང་པ་ཕྱེད་ཀ་དང་གདོད་མའི་ཀླ་ཀློའི་ཆོས་ལུགས་ཕྱེད་ཀས་སྐྱོང་བའི་ཡུལ་ཁུ་སྐྱོག་གི་ཆོས་ལུགས་རེད། དེ་ལ་བརྩོད་པ་རྒྱག་མཁན་སྨྱོན་པ་རེད།
རེད་ཨ། ལྐོག་འགྱུར་ཆེ་བའི་དཀོན་མཆོག་དམ་པ་ཨ་ལ་ཡིས་ཁྱེད་ལ་གོང་གི་སྙོག་ཟིང་ཚང་མ་སྒྲོལ་ཐུབ། ཨ་ལ་རྒྱལ་གྱུར་ཅིག། ཨ་ལས་འཛམ་གླིང་འདི་བཀོལ་བར་གྱུར་ཅིག། ཨ་ལ་སྦག་ཐར། ཨ་ལ་སྦག་ཐར། ཨ་ལ་རྒྱལ་གྱུར་ཅིག
ང་རང་བོད་རྒྱ་དབྱིན་གསུམ་ཤེས་པའི་བོད་པ་ཞིག་ཡིན། ལས་ཀ་དང་དཔལ་འབྱོར་མི་དམན་པ་ཡོད། དེ་དག་ཨ་ལ་མཆོག་ལ་གསོལ་བ་འདེབས་ནས་བྱུང་། ཚོད་ལྟ་གྱིས་དང་གྲོགས་པོ། འཛམ་གླིང་བཀོལ་མཁན་གྱི་ཆོས་ལུགས་ལ་ཞུགས།