(ཞང་སྣང་གིས་ཁྱུང་པོ་སྤུང་སད་ཟུ་རྩེར་བླངས་པའི་མགུར་ལན་ཅིག་བཀླགས་རྗེས། མགུར་འདི་འདྲ་ཞིག་རྩོམ་འདོད་འདུན་པ་ཤུགས་དྲག་ཏུ་སྐྱེས་སྟབས། ཤར་མར་ཐལ་ལོ།།)
རྒྱལ་ཁབ་ཎི་དགྲ་བོས་འཕྲོག།།
གཞིས་བྱེས་ནི་གཉིས་སུ་གྱེས།།
བོད་འབངས་ནི་གདུང་བས་མནར།།
ཀླ་ཀློས་ནི་བྲོ་གར་འཁྲབ།།
ས་མཐའ་ནི་མྱ་ངམ་ཐང་།།
སྤུན་ཟླ་ཎི་སྐོམ་པས་གདུངས།།
རེ་སྒུག་ནི་ལོ་ཟླར་སྦྲེལ།།
སྐྱོ་གདུང་ནི་མགུར་གླུར་གྱེར།།
གཞིས་བྱེས་ནི་ཁ་ཐོར་ཡང་།།
བློ་གཏད་ནི་བླ་མར་བཅོལ།།
དགྲ་བོས་ཎྀ་སྲོག་འཕྲོག་ཀྱང་།།
མགོ་བཏགས་ནི་ཅི་ལ་ཞུ།།
ན་ནིང་ནི་གཞེས་ནིང་སྔ།།
མཐོ་སྒང་ནི་གཤིན་རྗེས་ཁེངས།།
བཙན་དབང་ནི་དམྱལ་བར་འགྲན།།
སྡུག་བསྔལ་ཎྀ་སུ་ལ་ཞུ།།
དེ་རིང་ནི་སང་དང་གནངས།།
མེ་ལྕེ་ནི་གངས་རིར་མཆེད།།
མེ་ལྕེ་ནི་རབ་འབར་ན།།
གྲང་དམྱལ་ནི་བཅོམ་པར་ངེས།།
ན་ནིང་ནི་གཞེས་ནིང་སྔོན།།
མཉམ་སྦྲེལ་ནི་རྒྱལ་ཚོགས་སོགས།།
དྲང་བདེན་ནི་ཁ་གཡང་ཙམ།།
བློ་མིག་ནི་ལོང་བར་གྱུར།།
དེ་རིང་ནི་སང་དང་གནངས།།
ཚེ་སྲོག་ནི་མེ་ལྕེར་བསྟིམས།།
བདེན་དོན་ནི་མགྲོན་དུ་བཀུག།
བདེན་དོན་ནི་མགྲོན་བཀུག་ན།།
དཔའ་རྒོད་ནི་དེ་རང་ལགས།།
སྡར་མ་ནི་རྒྱལ་ཁབ་འཚོང་།།
མྱུལ་མ་ནི་མི་རིགས་འཚོང་།།
དཔའ་བོ་ནི་ཚེ་སྲོག་གཏོང་།།
ངེད་རང་ནི་གླུ་འདི་ལེན།།
ངེད་རང་ནི་གླུ་ལེན་ན།།
སེམས་པ་ནི་བདེ་ཤིག་ཤིག།།
སྡར་མ་ནི་རྒྱལ་ཁབ་འཚོང་།།
མྱུལ་མ་ནི་མི་རིགས་འཚོང་།།
དཔའ་བོ་ནི་ཚེ་སྲོག་གཏོང་།།ཚིག་འདིའི་སྐོར་ལ་བསམ་ཚུལ་ཞིག་འདུག་པས་དཔྱིད་པར་འཚལ།
འདི་ལྟར་བྲིས་ན་་་
སྡར་མས་ནི་རྒྱལ་ཁབ་འཚོང་།།
མྱུལ་མས་ནི་མི་རིགས་འཚོང་།།
དཔའ་བོས་ནི་ཚེ་སྲོག་གཏོང་།།ག་འདྲ་འདུག་་་་
གནའ་བོའི་འགུལ་གླུ་ཁག་ཅིག་ཡིད་ལ་ལྷུང་ལྷུང་དུ་དྲན་བཅུགས་སོང་་་་་ངོ་མས་གནའ་དེང་ཟུང་འབྲེལ་གྱི་རྩོམ་རིགས་འདི་འདྲ་ཡང་ཡང་མཇལ་རྒྱུ་བྱུང་ན་ཅི་འདྲའི་སྐྱིད་ཨང་།
རྩོམ་པ་ཁོང་ལ་དཀའ་དྲིན་ཆེ་ཞུ།
བདེན་པའི་ནི་ཀླུ་གཞེའི་འདི། ཐོས་པའི་ཚེ་སྙན་མོ་བྱུང། བདེན་པ་ནི་ཡིན་མོད་ཀྱང། བདེན་གཏམ་དེ་སུ་ལ་བཤད། སྙན་པའི་ནི་ཀླུ་ཆུང་ཞིག། གནའ་དིང་ནི་ཟུང་འབྲེལ་ཞིག། གྲེ་བ་ནི་བདེ་བ་ལ། རང་སེམས་ནི་གསོ་ཀླུ་ཡིན།
གངས་ལྗོངས་ནི་ཕ་ཡུལ་ཡིན་ཀྱང་དགྲ་ཡིས་ཁེངས། །
ནུབ་ཕྱོགས་ནི་གཞན་ཡུལ་ཡིན་ཀྱང་གྲོགས་ཀྱིས་ཁེངས། །
འགྲོ་འདོད་ནི་ཡུལ་ལ་ཡོད་ཀྱང་དགྲ་ཡིས་བཀག །
སྡོད་འདོད་ནི་ཕྱི་ལ་མེད་ཀྱང་རང་དབང་ཡུལ། །
གཞིས་ལུས་ནི་བོད་མི་ཚོས། །
རང་སྲོག་ནི་འབེན་ལ་བཙུགས། །
བྱེས་འབྱོར་ནི་བོད་མིའི་ནང་། །
འཐེན་འཁྱེར་ནི་ཇི་བས་མང་། །
ཆོས་ལུགས་ནི་གཞན་ཕན་ཞིག །
ཆོས་ལུགས་ནི་གཞན་ཕན་ན། །
བླ་མ་ནི་ཇེ་རྒྱགས་རེད། །
གྲྭ་བ་ནི་ཇེ་ཕྱུག་རེད། །
དགོན་པ་ནི་ཇེ་རྫིག་རེད། །
ཧམ་པ་ནི་ཇེ་ཆེ་རེད། །
པེ་ཤར་ནི་ཇེ་དགའ་རེད། །
རྒྱུག་རྒྱུ་ནི་ཇེ་མང་རེད། །
བཤད་རྒྱུ་ཇེ་མང་རེད། །
ཡོན་ཏན་ནི་ཇེ་ཆུང་རེད། །
ཆུ་ཐིགས་ནི་སྔོན་མོ་ཡི།།
བསམ་ཚུལ་ནི་ཡིད་དུ་འཐད།།
ལེགས་བཤད་ནི་སུ་ལ་ཡོད།།
དེ་ལ་ནི་གུས་པས་འདུད།།
དྲ་གྲོགས་ནི་འདྲེ་རྐང་ཐོས།།
ཞིབ་ཀློག་ནི་གནང་བའི་རྗེས།།
དགོངས་ཚུལ་ནི་གླེང་ཙམ་གྱིས།།
མཐེ་བོང་ནི་ཀེར་བར་ཐལ།།
རྣ་བ་ནི་བརྒྱད་པ་དང་།།
འདྲེ་ནག་ནི་མགོ་དགུ་དང་།།
འདོད་ལྷ་ནི་ཁམས་པ་སོགས།།
སྤྱི་དོན་ནི་ཐུགས་ལ་འདོགས།།
སྤྱི་དོན་ནི་སྔོན་བསམ་ན།།
སྒེར་དོན་ནི་ཞར་ལ་འགྲུབ།།
སྒེར་དོན་ནི་ཞར་འགྲུབ་ན།།
རང་སྐྱིད་ནི་མི་སྨོན་ཡོང་།།
དེ་རིང་ནི་སང་དང་གནངས།།
སྙྀགས་མ་ནི་དར་དུས་ཤིག།
སྙྀགས་མ་ནི་དར་དྲགས་པས།།
ཟོག་པོ་ནི་ས་གཞི་ཁེངས།།
འདྲེ་ནག་ཁྱོད་མགོ་དགུ་པོར། །
ཕྲག་དོག་གི་ལྕེ་དགུ་འདུག །
དགོན་པ་ནི་རིགས་མཛོད་རེད། །
གྲྭ་བ་ནི་སྤྱི་མི་རེད། །
དཔལ་འབྱོར་ནི་སྤྱི་རྫས་རེད། །
ལྟས་ངན་ཁྱོད་སྡུག་སེམས་དེས། །
རང་ཉིད་ལ་ཕྱིར་ལྟོས་ཤིག །
རྩོམ་ཡིག་འབྲི་བ་པོས་ཤར་མར་ཐུབ་པ་རིག་པ་རྣོ་བའི་རྟགས། བདག་ནི་རིག་པ་བརྟུལ་པས། དེ་འདྲ་ཤར་མར་འབྲི་མི་ཐུབ།
རེ་སྒུག་ནི་ལོ་ཟླར་སྦྲེལ།། མཉམ་སྦྲེལ་ནི་རྒྱལ་ཚོགས་སོགས།། འདིར་སྦྲེལ་ཞེས་པ་དག་ལ་གཞན་དག་གིས་འདི་ལ་འབྲེལ་འབྲི་ངེས་། སྔོན་དུས་དང་བོད་མཐའ་མཚམས་པ་དག་གིས། སྦྲེལ་དང་། འབྲེལ། སྒྲ་གདངས་སོ་སོར་འབོད་ཐུབ་ཀྱང་། དབུས་གཙང་པས་འདི་གཉིས་སྒྲ་གདངས་མི་འདྲ་བ་འབོད་པར་དཀའ། གང་ལྟར་ཡང་། ཁྱད་མི་འདུག། འོན་ཀྱང་འདི་གཉིས་དོན་དག་མི་འདྲ་ཡོད་དགོས་པས། གསུང་བར་མཛོད་ཅིག ཞུ་བ་ལགས་སོ།།
མངའ་རིས་ནི་འཕྲིན་ལས་ཀྱིས། །
ང་ལ་ནི་གདམས་ངག་གནང། །
མཐེ་མོ་ནི་ཡར་གེར་ནས། །
ཐུགས་རྗེ་ནི་ཅེ་ཞེས་ཞུ། །
ད་དུང་ནི་མཚད་ཐོག་ལ། །
འཁེལ་བའི་ནི་གདམས་ངག་ཞུ། །
གནའ་སྐད་ནི་ཡིན་ས་ཡོད་དེ།
ད་སྐད་ནི་ཡིན་ཚོད་མ་རེད།
མགུར་གླུ་ནི་ཤར་མར་ཐལ་བས།།
ལེན་ཐག་ནི་ཤུན་དུ་ཐུང་ངོ་།།
བོད་པ་ནི་དཔའ་བོ་ཡིན་པས།།
རང་སྲོག་ནི་འབུལ་རྐྱང་ཡེད་ཀི།
རྒྱལ་ཁབ་ནི་སླར་གསོ་མེད་ན།
མཐོ་སྒང་ནི་སྐྱིད་པོ་མ་འདུག།
ཁྱོ་རང་ནི་མཁས་པ་ཞིག་ཡིན་ན།
རྒྱ་འདྲེ་ནི་བཏུལ་བར་རྩ་བའི།།
ཐབས་ཇུས་ནི་གསར་བ་ཞིག་ལ།།
རེ་བ་ནི་ཉིན་དང་མཚན་ཡིན།
ཨ་ཕངས་བོ། ཡི་གེ་ལ་དག་ནོར་ཤོར་སོང་ཟིག ལེན་ཐག་ནི་ཤིན་ཏུ་ཐུང་ངོ་ཟེར་དགོས་ནི་རེད། བོད་ཡིག་དག་ཆ་འདིས་ཅིག་འཕམ་གི་རེད།
བཙན་པོ་ཇ་བོ་སྲོང་བཙན་གྱི་སྙན་ལ་འཁྱོལ་ཕྱིར། བཙན་མོ་སད་པ་ཀར་མོས་མགུར་བཞེས་ལུགས་ལ་ཐེངས་གཅིག་གཟིགས་དང་།
ཡུལ་གྱི་ནི་ཐོབ་སྐལ་དེ། །
ཁྱུང་ལུང་གི་རྡུལ་ཁར་རེད། །
སུ་ཞིག་ནི་གཞན་པ་ཚོས། །
ཕྱིར་བལྟས་ན་ངམ་རོང་བྲག །
ནང་བལྟས་ན་གསེར་དང་དབྱིག །
བདག་གི་ནི་གོ་སྐལ་དུ། །
ཡོད་ནི་ཨེ་རུང་ངམ། །
སྐྱ་བོ་དང་སེང་སེང་རེད། །
མནའ་བའི་རྩོམ་རིག་གི་རྒྱུན་དེ་ལྟར་སྐྱོང་ན་ཡང་ཧ་ཅག་ལེགས།
ས་ཐག་ནི་རིང་པོའི་རྒྱབ།།
བདེན་པའི་ནི་གཞུང་ཞིག་གནས།།
རྒྱ་ནག་ནི་དམར་པོའི་འོག །
སྡོད་བློས་ནི་མ་བཟོད་ནས།།
རྩ་བའི་ནི་བླ་མ་མཇལ།།
བདེན་པའི་ནི་གཞུང་ཞིག་མཇལ།།
ཁ་སང་ནས་དེ་རིང་བར།།
བདེན་པ་ཡི་སྤྱི་ཚོགས་ནང་།།
ཇག་པ་ནི་ཧ་ཅང་མང་།།
མཐོ་སར་ནི་སྤྲེལ་ལད་འཁྲབ།།
དམའ་སར་ནི་རྡོག་པས་སྣུན།།
གཞུང་རྒྱུ་ནི་སྒེར་བདག་བྱས།།
ངན་བྱས་ནི་ངོ་སོར་འཁྱེར།།
རྐུན་མ་ལ་དཔའ་དར་འཐེན།།
དྲང་བདེན་ནི་ཕམ་ཉེས་ཤོར།།
ཁ་ཁར་ལ་སྡོད་བསམ་ཡང་།།
མདོར་ཙམ་ཞིག་བྲི་བར་ཐལ།།
དགོངས་དྭགས་ཞུ། ང་ཡང་འདིའི་བར་ལ་འཚང་ཁ་ཞིག་རྒྱག་བསམ།
ཕྱི་ལོགས་ནས།
ཡ་གི་ཎི་ཡར་ནང་ལ།།
དཀར་དཀར་ནི་གངས་རི་སྟེ།།
གངས་དཀར་གྱི་རྒྱལ་བོ་ནོ།།
འཛམ་གླིང་གི་ཡང་རྩེ་རེ།།
ཡང་རྩེ་ཡི་ཕར་ཕར་ན།།
གངས་ཅན་ནི་བོད་ཡུལ་ཡོ།།
བོད་ཡུལ་ནི་ཕ་ཡུལ་ཡིན།།
མི་ཡུལ་ནས་ཕ་ཡུལ་དྲན།།
ཕ་ཡུལ་ནི་དག་ཞིང་བསམ།།
བོད་ནང་ནས།
ཕར་ཕར་ནི་ཕ་རི་ཡི།།
ཉི་མ་ནི་ནུབ་ཕྱོགས་ན།།
སྣང་བ་ནི་མཐའ་ཡས་པའི།།
བཞུགས་གནས་ནི་དེ་ན་ཡིན།།
གངས་དཀར་ནི་དཀར་ལམ་ལམ།།
དཀར་ཤོག་གི་འོད་འཚེར་པ།།
ཞི་བདེ་ཡིས་འོད་ཟེར་རེ།།
ཞི་བདེ་ཡི་དེད་དཔོན་ནོ།།
བསྟན་འཛིན་ནི་རྒྱ་མཚོ་བཞུགས།།
འཛམ་གླིང་གི་སྐྱབས་གནས་ལགས།།
ཉིན་ཁ་ཤས་སྔོན་དུ་སྦྲེལ་དང་འབྲེལ་གྱི་ཁྱད་པར་དྲིས་གྱུར་ཀྱང་། ལན་མ་བྱུང་། ལྟོས་མེད་བྱས་པའམ། ཡང་ན། བོད་ཀྱི་སྒྲ་ལ་འགྲོ་སྟངས་མ་སྦྱངས་པ་གཉིས་ལས་མ་འདས།
དེ་ཡང་། དགེ་སློང་ཞ་ལུ་པ། རིན་ཆེན་ཆོས་སྐྱོང་བཟང་པོས། དག་ཡིག་ཟ་མ་ཏོག་ཏུ། སྦྲེལ་བའི་འབྲེལ། ཞེས་གསུངས། དེས་ན། ཁོ་བོའི་རྣམ་དཔྱོད་དུ། སྦྲེལ། ཞེས་པ་ཡུལ་ཡོད་དང་། འབྲེལ། ཡུལ་མེད་བྱ་ཚིག་ཡིན་ནམ་སྙམ། རྣམ་དཔྱོད་ཅན་རྣམས་ཀྱིས་དཔྱད་པར་འཚལ། ཞེས་སོ།།
རྒན་ལ་དྭགས་ལགས།
ངས་ཅིག་བཤད་ཁུལ་བྱེད། མདོ་ཁམས་འབྲོག་མི་ཚོ་ལ་མཚོན་ན། སྦྲེལ་ནི་བྱེད་པོ་ཞིག་གིས་ཐག་སྐུད་སོགས་ཀྱིས་ངོས་སུ་མཉམ་དུ་ཕན་ཚུན་སྦྲེལ་དགོས་བ་དང། འབྲེལ་ནི་བྱེད་པ་པོ་མེད་པའི་སེམས་པའི་སྣང་ཡུལ་དུ་ཡོད་པའི་རྒྱུད་སྐུད་ཀྱི་འབྲེལ་བ་མཚོན་པའི་དོན་དུ་གོ། གཡག་རྒོད་འདི་གཉིས་སྦྲེལ་ལ་ཤོག་ཟེར་བ་ལས་གཡག་རྒོད་འདི་གཉིས་འབྲེལ་ལ་ཤོག་རྩ་བ་ཉིད་ནས་མ་ཟེར། གཡག་རྒོད་འདི་གཉིས་ཀྱི་འབྲེལ་བ་ག་རེ་རེད་ཟེར་བ་ལས་གཡག་རྒོད་འདི་གཉིས་ཀྱི་སྦྲེལ་བ་ག་རེ་རེད་ཡང་མི་ཟེར།
གོ་བ་འདྲ་མེད་ན་དགོངས་དག།
གནམ་ལེགས། ཁྱེད་ཀྱི་དཔེ་བརྗོད་དེ་ཡིས་བདག་ལ་ཟད་་གནས་འདི་ལ་ཤེས་འདོད་ཅན་གཞན་ལ་ཡང་ངེས་པ་སྟེར་བ་འདུག་པས་བཅོས་མིན་དགའ་བ་སྐྱེས། ཁྱེད་ཀྱིས་གཡག་གཉིས་སྦྲེལ་བས་ན། ཁྱེད་བྱེད་པ་པོ་དང་། གཡག་གཉིས་སྦྲེལ་ཞེས་པའི་བྱ་ཚིག་གི་ཡུལ་ཡིན། དེས་ན། སྦྲེལ་བ་ཞེས་པ་དེ་ཡུལ་ཡོད་བྱ་ཚིག་ཏུ་འགྱུར། དེ་ལྟར་མ་ཡིན་པར་གཡག་གཉིས་རང་འབྲེལ་ན། བྱ་ཚིག་དེ་ལ་གཞན་བྱ་བའི་ཡུལ་དངོས་སུ་མེད་པས། ཡུལ་མེད་བྱ་ཚིག་གོ །གཞན་ཡང་། བྱ་ཚིག་འགའ་ཞིག་གི་དཔེར་བརྗོད་ནི། འཕེལ། སྤེལ། སྐྱེ། སྐྱེད། འགྱུར། སྒྱུར། ནུབ། སྣུབ། འགྱེལ། སྒྱེལ། འབབ། འབེབས། མཐུན། སྟུན། ཞེས་སོགས་དང་། བྱ་ཚིག་གཞན་མང་པོར། འོང་། འོང་དུ་འཇུག ལྟ་བུ། བྱ་ཚིག་གི་མཇུག་ཏུ་འཇུག་ཅེས་སོགས་བཀོལ།
དེ་ཡང་ཨིན་སྐད་དུ། transitive and intransitive ཞེས་སོ། ཨིན་སྐད་དུ་བྱ་བྱ་ཚིག་འདི་གཉིས་ཀྱི་དབྱེ་བ་ཕྱེ་དགོས་པས། དང་པོ་དེ་སྟོན་པ་ལ་ t དང་། གཉིས་པ་ལ་ i བཀོད་དེ། བྱ་ཚིག་གང་ཡིན་མཇུག་ t འམ་ i ཨིན་ཇིའི་ཚིག་མཛོད་དག་་ན་མཐོང་། ཨིན་སྐད་དུ། བྱ་ཚིག་འགའ་ཞིག་ཡུལ་ཡོད་དང་ཡུལ་མེད་གཉིས་ཀ་ཡིན་པ་མང་དུ་སྣང་། བོད་སྐད་ལའང་ཡུལ་ཡོད་དང་ཡུལ་མེད་བྱ་ཚིག་གཉིས་ཀ་ཡིན་པའི་བྱ་ཚིག་སྐབས་དབང་གིས་དབྱེ་བ་ཤེས་དགོས་པ་ཡོད་དམ་མེད་ཅེས་དྲི་བ་ལགས། བདག་གིས་བྱ་ཚིག་རེ་གཉིས་ཡུལ་ཡོད་དང་། ཡུལ་མེད་བྱ་ཚིག་ཡིན་པ་མཐོང་ཡང་། ད་ལྟ་དྲལ་ཡུལ་ན་མ་མཆིས་སོ།།
ཕོ་མོ་ཟུང་སྦྲེལ་གིས། ཛོ་སྦྲེལ་གཡང་ལ་བསྐྱུར་བ་རེད། ལས་ངན་དེ་ང་ལ་འབྲེལ་བ་གང་མེད་དོ། འགན་ཡོད་འབྲེལ་ཡོད་ཚོ། ཞེས་བྲིས་ན་གང་འདྲ་འདུག་དྲ་གྲོགས་ཚོ།
མཛོ་ལ། རྫོ་ཞེས་བྲིས་ཐལ་ཤོར་བར་དགོངས་དག
རྟེན་འབྲེལ་བསྟོད་པ། དང་། ཟུང་འབྲེལ། ཆོས་སྲིད་ཟུང་འབྲེལ། རྒྱ་བོད་ཟུང་འབྲེལ།
གླང་གཉིས་གཉའ་སྦྲེལ་ནས་རྨོས།
ཕ་མོ་ཟུང་སྦྲེལ་གིས་ཟེར་ན་གོ་བ་མི་འདུག། ཟུང་འབྲེལ་ཞུ་བ་རེད། མིང་མེད་ལགས།
དེ་མིན།
ཡུལ་ཡོད་དང་ཡུལ་མེད་ཟེར་ན་འགྲིག་གི་ཡོད་མེད་ལ་བསམ་བློ་བཏང་མེད། ཡིན་ན་ཡང་། ང་རང་གིས་ཤེས་ཚོད་དུ་བཞག་ན་འདི་ནི་བྱ་བ་ཞིག་གི་ངོ་བོའི་འགྱུར་འགྲོས་མཚོན་སྤྱད་ལ་བྱེད་ལས་བ་ཞིག་གི་རྩོལ་བ་ཡོད་མེད་ལ་གོ་དགོས་བ་འདྲ་བོ་འདུག
གང་ཤེས། མང་པོ་བཤད་ན་རང་ཡང་འཁྲུག་འགྲོ་ས་རེད། དེ་ཙམ་ཞུ།
བདག་ལ་ཟད་ ཅེས་པར་བདལ་མ་ཟད། ཅེས་བཅོས་སོ།
ཕོ་མོ་ཟུང་འབྲེལ་གྱིས། བཟའ་ཟླ་ཟུང་འབྲེལ་གྱིས། ལག་གཉིས་ཟུང་འབྲེལ་གྱིས། མཛོ་གཉིས་གཉའ་སྦྲེལ་བ་དེ་གཡང་གཟར་ལ་བསྐྱུར་བ་རེད། ཅེས་ཟེར་འདོད་ལགས། གོང་དུ། ཕ་མོ་ཟུང་སྦྲེལ་གིས་ཟེར་ན་གོ་བ་མི་འདུག། ཟུང་འབྲེལ་ཞུ་བ་རེད། མིང་མེད་ལགས། ཟེར་བ་འདི། གནམ་ཁྱོད་བདེན་པ་འདུག