ཨོ་རྒྱན་ཉི་མ།
བོད་ཀྱི་བླ་ཆེན་བསོད་རྒྱལ་རིན་པོ་ཆེ་ནི་ཁམས་སུ་སྐུ་འཁྲུངས་ཤིང་། རིམ་གྱིས་རྒྱ་གར་དང་། ནུབ་ཕྱོགས་སུ་ཕེབས་ཏེ་ནང་ཆོས་དར་སྤེལ་གཏོང་མཁན་ཐོག་མའི་གྲལ་དང་། འཛམ་གླིང་ཤར་ནུབ་གཉིས་སུ་སྙན་གྲགས་ཧ་ཅང་གི་ཆེན་པོ་རེད། དེ་དང་མཉམ་དུ་སྐུ་ངལ་མི་ཉུང་བ་ཞིག་གི་གདོང་ལེན་བྱེད་དགོས་བྱུང་བ་དེ་ཡང་དངོས་ཡོད་དང་། མཛེས་མ་ལ་ཐུགས་དགྱེས་པ་དེ་ཡང་མི་ཆེན་སྤྱི་ལ་ཡོད་པའི་གནས་སྟངས་ལྟར་ཡོངས་གྲགས་རེད། གནས་སྟངས་གཞན་ཞིག་ནི་བུད་མེད་འགའ་ཞིག་དང་མཉམ་དུ་སྔ་ཕྱི་རིམ་པར་རྙོག་དྲ་བྱུང་བ་དེ་ཡང་རྒྱལ་སྤྱིའི་ཚག་པར་བརྒྱུད་ནས་ཚང་མའི་མཐོང་ཡུལ་དུ་གྱུར་ཟིན་པས། ངས་ངའི་སྐོར་གསལ་བཤད་བྱ་དགོས་དོན་གང་ཡང་མི་འདུག་མོད།
༡ ཁོང་དང་འདྲ་བའི་སྐྱེས་བུ་སྤྱོད་པ་ཡ་མ་ཟུང་། ཆོས་དང་ཆབ་སྲིད་དཔལ་འབྱོར་གསུམ་ག་མཉམ་སྦྲེལ་གྱིས་ཕྱག་ལས་གནང་ཐུབ་མཁན་ཞིག་མ་ཡིན་ན། ཆོས་དཔལ་སྲིད་གསུམ་ཡ་བྲལ་ཞིག་གིས་ཆོས་བཤད་དང་། དབང་བསྐུར་གྱིས་གདུལ་བྱ་འདུལ་དགོས་ན་མི་ཐུབ་ཁོ་ཐག་རེད། དེ་ཕྱིར་ནུབ་ཕྱོགས་སུ་ཕེབས་པའི་དྲུང་པ་རིན་པོ་ཆེ་ནས་བཟུང་ཁོང་རྣམ་པ་ཚང་མས་ཀུན་རྫོབ་ཀྱི་ཐབས་མཁས་དུ་མ་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་ནུབ་ཕྱོགས་སུ་ཁྱབ་སྤེལ་གཏིང་ཟབ་བཏང་ཡོད་པའང་དངོས་ཡོད་གནས་ཚུལ་ཞིག་རེད།
༢ ཁོང་གིས་བརྩམས་གནང་བའི་བོད་ཀྱི་སྐྱེ་འཆིའི་དེབ་དེ་ཉིད་སྐད་ཡིག་སུམ་ཅུ་ལྷག་གི་ནང་དུ་ཡོད་པ་དང་། དེབ་འདི་ལ་བསྟེན་ནས་བོད་ཀྱི་ཆོས་དང་། རིག་གཞུང་ལ་ཧ་ལས་ཤིང་། ཡིད་སྨོན་ཤོར་ཏེ་ནང་ཆོས་ལ་ཞུགས་མཁན་གྱི་བགྲང་གིས་མི་ལང་བ་ཞིག་རེད། དེ་དང་འདྲ་བའི་ནང་ཆོས་ཀྱི་དེབ་དང་། གདམ་ངག་ཐོར་བུ་ཧ་ཅང་གི་མང་པོ་རེད། ནུབ་ཕྱོགས་མཚོན་པའི་ཕྱི་གླིང་ཡུལ་གྲུ་ཁག་ཏུ་བོད་ཀྱི་རིག་གཞུང་ལ་ཧ་ཅང་གི་བཀའ་དྲིན་ཆེན་པོ་རེད།
༣ ཁོང་གི་ཆོས་བརྒྱུད་རྙིང་མ་རེད་དེ་གསར་རྙིང་རིས་མེད་ཀྱི་དགེ་བའི་བཤེས་གཉེན་ཚད་ལྡན་མཐའ་དག་ལ་བཀུར་མཁན་ཞིག་དང་། ཞབས་འདེགས་སྒྲུབ་མཁན་ཞིག་རེད། ཆོས་ཚོགས་རྒྱ་ཆེར་བསྐྲུན་པ་དང་། དེར་རིས་མེད་ཀྱི་དགེ་བའི་བཤེས་གཉེན་གདན་འདྲེན་ཞུ་རྒྱུ་ནི་ལས་སླ་མོ་ཞིག་གཏན་ནས་མ་རེད། འགྲོ་སོང་དང་། སྐྱེལ་བསུ། ཆོས་ཀྱི་བྱེད་སྒོ་ཆ་ཚང་བསྒྲུབ་པ་ལ་ཆོས་དང་། འཇིག་རྟེན་ཆ་ཚང་ཞིག་མེད་ན་བསམ་མཁན་མང་ཡང་འགྲུབ་རྒྱུ་ཞིག་དང་། འཇོན་རྒྱུ་ཞིག་གཏན་ནས་མ་རེད།
༤ གོང་ས་མན་ཆོད་བླ་ཆེན་ཚད་ལྡན་ཚོས་བཀའ་སློབ་གནང་བ་དང་། མཁས་པ་ཚོས་དཔྱད་རྩོམ་འབྲི་བའི་དུས་མ་གཟབ་ན། ནུབ་ཕྱོགས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དང་། ཆོས་ཚོགས་ཕལ་ཆེ་བ་མྱི་གཞན་གྱི་ལག་ཏུ་ཡོད་པ་དང་། བླ་མའི་ཕྱག་ཏུ་ཡོད་ན་ཡང་སྐུ་ན་བགྲེས་པ་སོགས་ཀྱི་དཀའ་ངལ་མང་པོ་ཞིག་ཡོད་ཚོད་རེད། དེ་ཕྱིར་སློབ་མ་དེ་ཚོ་དད་པ་བརྟན་པ་དང་། རྒྱུ་འབྲས་ལ་ཡིད་ཆེས་པའི་གང་ཟག་བཟང་པོ་འབའ་ཞིག་དཀའ་བས། དགོན་སྡེ་དང་། ཆོས་ཚོགས་ཀྱི་གོ་ས་དང་། དབང་ཆའི་ཐད་ལ་དཀའ་ངལ་ཧ་ཅང་གི་ཆེན་པོ་རེད། སྤྱིར་བཏང་དབང་ཆ་འཕྲོག་དགོས་བསམ་ནས་འདུག་ཡོད་མཁན་ཚོར་གོ་སྐབས་དེ་ག་རང་སྤྲད་བཞག་པ་རེད།
༥ མི་རིགས་གཞན་པས་ནང་བའི་དགེ་འདུན་པར་སྐྱོན་དུ་ལྟ་བའི་ཐད་ལ་བསམ་བློ་བཏང་བ་ཡིན་ན། འགའ་ཞིག་ནི་བསྟན་པ་ལ་ལྷག་བསམ་རྣམ་དག་གིས་སེམས་ཀྱིས་མ་བཟོད་ནས་སྨྲ་བཞིན་པ་དང་། འགའ་ཞིག་ནི་རང་རང་གི་དགོས་དོན་མ་འགྲུབ་པ་ལ་བརྟེན་ནས་འདྲ་མིན་བཤད་འདུག་མཁན་ཡང་མང་པོ་རེད། རྒྱ་དང་ནུབ་ཕྱོགས་པའི་མི་རིགས་ལ་མཚོན་ན། ཆོས་སྒོར་ཞུགས་པའི་དུས་ནས་བཟུང་མ་འོངས་པར་ཆོས་ལ་བརྟེན་ནས་ལྟོ་གོས་ཇི་ལྟར་འཚོལ། མཚན་སྙན་ཇི་ལྟར་སྒྲུབ་མཁན་ཧ་ཅང་གི་མང་པོ་རེད། བོད་ལའང་དེང་སང་དེ་ལྟར་སེམས་མཁན་མང་པོ་རེད།
༦ ཕྱོགས་གཞན་ཞིག་ནས་བཤད་ན་ཤར་ནུབ་ཡུལ་གྲུ་ཁག་ཏུ་བོད་ཀྱི་ཆོས་ཚོགས་དང་། ཚོགས་སྡེ་ཆེ་ཆུང་འདྲ་མིན་འཛུགས་མཁན་ཧི་མ་ལའི་མཁན་དགེ་སྤྲུལ་བླ་གྲྭ་བཙུན་མང་ཆེ་བ་ནི། ཆོས་ཀྱི་ཤེས་ཡོན་མེད་མཁན་དང་། ཡོད་ཀྱང་ལག་ལེན་ཐོག་ལ་མེད་མཁན་མང་པོ་རེད། དེ་ཕྱིར་དེ་ཚོའི་ཀུན་སློང་དང་། ཀུན་སྤྱོད་མཐའ་དག་དངུལ་གྱི་ཐོག་ཏུ་བཏང་བ་བཞིན། བླ་མ་ཇི་ལྟ་བ་བཞིན་སློབ་མ་ཡང་དེ་ལྟར་འགྱུར་བ་ཆོས་ཉིད་ཡིན་པས། གང་ལྟར་ཡང་དཀའ་ངལ་རང་རེད།
༧ བསོད་རྒྱལ་རིན་པོ་ཆེ་ནི་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་གྱི་གྲལ་དང་། དམ་པ་མང་པོ་བསྟེན་མཁན་ཞིག་དང་། རྒྱལ་སྤྱི་ནང་ཀུན་དུ་ཧ་ཅང་གི་མཚན་སྙན་ཆེན་པོ་རེད། ཁོང་ལ་གནོད་པ་བྱུང་ན་བསྟན་པ་སྤྱི་ལ་གྱོང་གུད་ཆེན་པོ་ཡོང་བ་སྨོས་མེད་རེད། དེ་ཕྱིར་གོང་ས་མཆོག་གིས་གསུང་སྟངས་དེ་རྩ་བ་ནས་འགྲིགས་མ་སོང་སྙམ་པའི་ཚོར་སྣང་ཞིག་བྱུང་། བུད་མེད་ཚོས་རང་གི་དགོས་དོན་མ་འགྲུབ་པ་ལ་བརྟེན་ནས་སྐད་ངན་འབྱིན་མཁན་ཤ་སྟག་རེད། དང་པོ་བསོད་རྒྱལ་རིན་པོ་ཆེ་འདུག་མི་བཅུགས། ཤར་ནས་ནུབ་དང་། ལྷོ་ནས་བྱང་ལ་དེད། མཐར་མ་འགྲིགས་དུས་རྙོག་དྲ་སློང་བ་རེད།
༨ ནུབ་ཕྱོགས་ལ་ཁྲིམས་ཐོག་ནས་ཆང་ས་རྒྱག་མེད་ན་མི་རྐྱང་དང་། བདག་མེད་ཅེས་འབོད་པ་དང་། གྲོགས་མོ་འཚོལ་ཏེ་སླར་ཡང་སོ་སོར་གྱེས་པ་དེ་གྲངས་མེད་རེད། གལ་སྲིད་བསོད་རྒྱལ་དབུལ་པོ་ཞིག་དང་། ཉམས་ཆུང་འབྱོར་མེད་ཅིག་ཡིན་ན། དུས་ནམ་ཡང་བུད་མེད་ཚོས་རྙོག་དྲ་དེ་བཤད་རྒྱུ་མ་རེད། ལུས་འབྲེལ་ལག་འབྲེལ་གང་བྱས་ན་ཡང་མཐར་གཏིང་བརྗེད་དུ་འགྱུར་ངེས་རེད། འདི་དང་འདྲ་བའི་གནས་ཚུལ་ཐེ་ཝན་སོགས་སུ་མང་པོ་རེད། མཁན་པོ། དགེ་བཤེས། སྤྲུལ་སྐུ་སོགས་དང་འབྲེལ་བ་བྱུང་ན་བུད་མེད་དེས་དཀའ་ངལ་སྤྲད་ངེས་པ་དང་། གྲྭ་བ་ཉམས་ཆུང་ཞིག་དང་ཇི་ལྟར་འགྲོགས་ཀྱང་བདག་མེད་རེད། རྙོག་དྲ་བཟོ་མཁན་སུ་གཅིག་མེད་པ་རེད།
༩ དེ་ཕྱིར་བོད་ཀྱི་བླ་ཆེན་ཚོས་ཉམས་ཞིབ་དང་། དག་ཐེར་འདྲ་གནང་ཐུབ་ན། དགེ་འདུན་སྡེ་གཉིས་གང་ཡང་མ་ཡིན་པའི་ཕུང་གསུམ་པ་དེ་རྩ་མེད་གཏོང་བའི་ཐབས་ལམ་ལ་བརྩོན་དགོས་ས་རེད། འདི་ནི་ཧ་ཅང་གི་ཉེན་ཁ་ཆེན་པོ་རེད། བོད་བརྒྱུད་ནང་བསྟན་གྱི་སྡོམ་དང་། དམ་ཚིག ཉམས་ལེན་མཐའ་དག་འདིས་རྩ་མེད་གཏོང་ངེས་རེད། བསོད་རྒྱལ་རིན་པོ་ཆེ་ལ་བཀའ་བཀྱོན་བཏང་ན་བོད་བརྒྱུད་ནང་བསྟན་ལ་གནོད་པ་ལས། ཕན་ཐོགས་སྐར་གང་མེད་པ་ཁྱེད་ཅག་གིས་གཟིགས་དང་ཤེས་ངེས་སོ། །
ཚིག་དོན་གཉིས་ལ་དག་བཅོས་གང་ཡང་བྱུང་མ་སོང་། བྲིས་པ་དང་ཕུལ།
བསོད་རྒྱལ་འགྲིག་འདུག གོང་ས་མཆོག་ནོར་འདུག་ཨེ། ཨེ་ཡིན་ན་དྲང་མོ་ཞིག་བཤད་བཞག་ན་མི་ཆོག་གམ། དོན་ལ་ང་ཚོས་ཁ་གྲག་དགོས་ས་མ་རེད། ཁྲིམས་ཐོག་ནས་ཁ་གྲག་ངེས་རེད། ཁྲིམས་ཐོག་ནས་དཀར་ནག་གང་ཡིན་དང་འགྲིག་མིན་བཤད་ཡོང་གི་རེད།
སྐུ་ཉིད་ནས་བསོད་རྒྱལ་རིན་པོ་ཆེའི་སྐོར་ལ་དོན་ཚན་དགུ་གསུངས་འདུག དོན་ཚན་བརྒྱད་ཕལ་ཆེ་བ་བདེན་པ་བདེན་རྐྱང་རེད། དོན་ཚན་བདུན་པའི་ནང་།བསོད་རྒྱལ་རིན་པོ་ཆེ་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་གྱི་གྲལ་དང་། དམ་པ་མང་པོ་བསྟེན་མཁན་ཞིག་དང་། རྒྱལ་སྤྱི་ནང་དུ་ཧ་ཅང་གི་མཚན་སྙན་ཆེན་པོ་རེད། ཁོང་ལ་གནོད་པ་བྱུང་ན་བསྟན་པ་སྤྱི་ལ་གྱོང་གུན་བྱུང་བ་སྨོས་མེད་རེད། དེ་ཕྱིར་༧གོང་ས་མཆོག་གི་གསུངས་སྟངས་དེ་རྩ་བ་ནས་འགྲིགས་མ་སོང་སྙམ་པའི་ཚོར་སྣང་ཞིག་བྱུང་། ཞེས་གསུངས་ཐད། ༧གོང་ས་མཆོག་གི་གསུངས་སྟངས་ཞེས་པའི་གསུང་དེ་ཕྲན་ནས་ད་ལྟ་མ་མཇལ་བས་ཞུ་ཚོད་མ་འཐིངས་ཀྱང་། བསོད་རྒྱལ་རིན་པོ་ཆེ་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཞིག་གིས་འཆལ་སྤྱོད་མཛད་དེ་ཡུལ་ཁྲིམས་དང་འགལ་གཞི་ཅན་ཞིག་ལ་༧གོང་ས་མཆོག་ནས་འགྲིགས་པ་ཅི་འདྲ་གསུང་དགོས་ཀྱི་ཡོད་དམ།
བསོད་རྒྱལ་རིན་པོ་ཆེ་དམ་པ་མང་པོ་བསྟེན་པའི་བླ་ཆེན་ཞིག་གིས་མཛད་སྤྱོད་དེ་ལྟར་མཛད་པ་དེ་དམ་པ་མང་པོ་རྣམས་ཀྱང་དེ་ལྟར་མཛད་མཁན་རེད་གསུངས་དགོས་པ་ཡིན་ནམ། ཡང་ན་བསོད་རྒྱལ་རིན་པོ་ཆེ་ནི་རྩ་རླུང་ཐིག་ལེ་ལ་རང་དབང་ཐོབ་པ་དམིགས་བསལ་ཅན་སྐྱེས་བུ་དམ་པའི་མཛད་པ་རེད། དད་པ་དག་སྣང་སྦྱོང་དགོས་ཞེས་གསུང་དགོས་སམ། གལ་ཏེ་དེ་ལྟར་གསུངས་ན་ནང་པ་མ་ཡིན་པ་ཚོ་ག་རེ་བསམ་སྲིད་དམ།
བསོད་རྒྱལ་རིན་པོ་ཆེ་རྒྱལ་སྤྱི་ནང་ཧ་ཅང་གི་མཚན་སྙན་ཡོད་པ་དེ་ད་ཆ་མི་སྙན་པའི་གྲགས་པས་ཁྱབ་བཞིན་པ་འདི་དྲི་ངན་ས་གཡོགས་ཐུབ་ཐབས་ཅི་འདྲ་ཞིག་གསུངས་དགོས་སམ། ནང་པའི་དགེ་སློང་ཞིག་གིས་དངོས་ཡོད་གནས་སྟངས་དང་མི་མཐུན་པ་ཞིག་གསུངས་པའི་འོས་བབས་ཡོད་རེད་དགོངས་ཀྱི་འདུག་གམ།
བསོད་རྒྱལ་རིན་པོ་ཆེའི་མཚན་སྙན་སྐྱོབ་ཐབས་དང་གནོད་པ་བྱུང་ན་སྐྱོབ་ཐབས་ལོས་མཛད་དགོས་ཀྱང་། གཞན་ལ་འཚེ་བའི་རྣམ་པ་ཅན་གྱི་མཛད་སྤྱོད་ཡུལ་ཁྲིམས་དང་འགལ་གཞི་དེ་རིགས་ལ་ཁོང་ལ་གནོད་པ་བྱུང་ན་བསྟན་པ་སྤྱི་ལ་གྱོང་གུན་འདུག་ཅེས་ར་ཕོ་ཁ་ལྷུག་ཏུ་བཞག་ན་ཆོས་དང་འཇིག་རྟེན་གཉིས་ཀར་མཐུན་པ་ཞིག་ཆགས་ཀྱི་ཨེ་ཡོད་ལགས།
ཅི་སྟེ་༧གོང་མཆོག་གི་གསུང་ནང་བསོད་རྒྱལ་རིན་པོ་ཆེར་བཀའ་བཀྱོན་གྱི་ཚུལ་ཕེབས་ཡོད་ན་ནི། བསོད་རྒྱལ་རིན་པོ་ཆེར་ལྟོས་ན་གདམ་ངག་གི་མཆོག་མཚང་ཐོག་ཏུ་འབབ་པ་ཟེར་བ་བྱུང་ཡོད་ཀྱི་རེད། གཞན་དག་ལ་ནི་ཏཱ་ལའི་བླ་མས་དྲང་པོ་གནང་སོང་བསམ་གྱི་རེད་སྙམ།
ང་ཚོ་བོད་ལ་ནོར་འཛོལ་ཅན་གྱི་ལྟ་ཚུལ་ངན་པ་ཞིག་ཡོད་པ་རེད། དེ་ནི་རང་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་རིགས་ཡིན་ན། མི་དེ་ལྷ་དང་འདྲེ་ཅི་འདྲ་ཞིག་ཡིན་རུང་དཀར་རྐྱང་དུ་བལྟ་བ་ལས། དེའི་ཞན་ཆར་ཁས་ལེན་ནམ་ཡང་བྱེད་ཀྱི་མེད། xxགིས་ནུབ་ཕྱོགས་བྱས་རྗེས་ཅི་ཙམ་བཞག་ཡོད་ཀྱང་། ཚད་ལྡན་གྱི་བྱས་པ་ཅན་ཞིག་ཡིན་ན། ནུབ་ཕྱོགས་པའི་སློབ་མ་དེ་ཚོས་དེ་ཙམ་བྱེད་མི་སྲིད་ལ། ཚད་ལྡན་གྱི་མི་ཞིག་ཡིན་ན། རང་ཉིད་ཀྱི་སློབ་མར་ཉེས་བརྡུང་དང་། སེམས་ཁམས་མནར་གཅོད། མཁྲེགས་སྤྱོད། རྒྱས་སྤྲོས་ཀྱི་འཚོ་བ་སོགས་མདོར་ན། སྡིག་ལས་ཁོ་ན་བྱས་ནས་ཞབས་འདྲེན་ཞུ་ཐོག་ཁ་པོ་མ་རེད། ད་དུང་འདིར་དྲུང་པ་ཡང་ལུང་འདྲེན་བྱས་འདུག ད་བར་ནུབ་ཕྱོགས་སུ་དྲུང་པས་བཞག་པའི་ལག་རྗེས་གཅིག་ལ་ལྟོས་དང་། ག་རེ་འདུག་གམ། སློབ་མ་རྣམས་དུམ་བུ་གཉིས་སུ་གྱེས། ཁོ་ཚོས་བྱེད་པའི་ཆོས་ལུགས་དེ་ཤམ་བྷ་ལའི་ཆོས་ལུགས་ལས་ནང་ཆོས་མིན་ཟེར། དྲུང་པའི་བུ་དེས་ནི་ཆོས་ཚོགས་ཤིག་བཟུང་སྟེ། འཚོ་བསྟེན་དེ་ལ་བརྟེན་ནས་མི་མང་ལ་བཤུ་ཞོགས་ཁོ་ན་གཏོང་བ་ལས་ཅི་ཕན་འདུག ཁྱོད་རང་གིས་སོ་སོའི་ལུང་ཚན་གཅིག་པ་xxxགི་ཆེད་དུ་རྒྱུ་མཚན་ལྟར་སྣང་ཅི་ཙམ་བཤད་ཀྱང་། གནས་ལུགས་དང་དོན་དངོས་ལ་ཕྱོགས་པའི་དཔྱོད་ལྡན་སྐྱེ་བོ་རྣམས་དགད་མོ་ཤོར་རྒྱུ་ལས་གཞན་གང་ཡང་མཐོང་རྒྱུ་མེད།
གོང་ས་མཆོག་གི་གསུང་དེ་རྡོ་རྗེའི་བཀའ་སློབ་རང་རེད། ཡིན་ཡང་ཐེངས་འདིའི་དོན་རྐྱེན་ཁྲོད་རིག་པ་ཆོས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མིའི་བར་དབང་ཆའི་འཐབ་རྩོད་ཅིག་ཡོད་ཀྱང་སྲིད།
གང་ལྟར་བསོད་རྒྱལ་ལ་ནོར་འཛོལ་ཆེན་པོ་ཞིག་ཡོད་པ་ཐག་ཆོད་པ་རེད། དེ་མིན་སློབ་མ་དེ་ཚོས་གྲངས་པའི་གནད་དོན་བཞི་པོ་དེ་རིགས་ལ་དག་སེལ་བྱ་རྒྱུའི་གོ་སྐབས་ཡོད་ཡོད་པ་རེད་ལ། རང་ཉིད་དཀར་འདོན་བྱ་རྒྱུའི་ཆ་རྐྱེན་ཡང་འཛོམས་ཡོད། དེས་ན། ཚོགས་པ་ནང་ཁུལ་གྱི་གནད་དོན་ཅི་འདྲ་ཞིག་ཡིན་རུང་། རང་ཉིད་ཀྱི་ནོར་འཛོལ་བྱས་ན། ནོར་བ་རང་རེད་མ་གཏོགས། དེ་ལ་བཟོ་བལྟ་འདྲ་མིན་བཟོས་ནས་ཉེས་པ་དག་རྒྱུ་ཅང་ཡོད་ཀྱི་མ་རེད།
7སྐྱནས་མགོན་ཡིད་བཞིན་ནོར་བུས་ལོ་ཤས་སྔོན་ནས་བསོད་རྒྱལ་ཚང་གི་རིག་པའི་ཆོས་ཚོགས་ལ་ཕེབས་སྐབས་བསོད་རྒྱལ་ཚང་ལ་སྔོན་མ་ནས་བུ་མེད་ཀྱི་མིང་ཆད་ཅུང་ཟད་གོ་རྒྱུ་ཡོད་དུས་བཀའ་སློབ་འདི་འདྲ་ཞིག་བསོད་རྒྱལ་རིན་པོ་ཆེ་ལ་ཕེབས་ཡོད་ན་དགེ་མཚན་ཧ་ཅང་ཆེན་པོ་རེད། ད་ལྟ་བསོད་རྒྱལ་རིན་པོ་ཆེ་ཁྲིམས་ཐོག་ལ་འགྲོ་བཞིན་པའི་དུས་སྐབས་ལ་བཀའ་སློབ་འདིས་་་་་་་་་་་་་་་་་་་་་།
ཡང་སྤྲུལ་སྐུ་ཨོ་རྒྱན་ཉི་མ་ཟེར་བ་འདིས་བསམ་རྒྱུ་ལ་རང་ཉིད་ཀྱི་ཆོས་རྒྱུད་འཛིན་པ་བསོད་རྒྱལ་ལ་དག་སེལ་དང་སྐྱོན་འགེབས་བྱེད་བསམ་པ་རེད་དེ། ཡིན་ནའང་བསོད་རྒྱལ་གྱི་སྐོར་རྒྱ་བསྒྲགས་བོད་བསྒྲགས་བྱུང་ཟིན་དུས་དེ་ལ་གསལ་བཤད་དང་སྐྱོན་སྦས་ཐུབ་ཀྱི་མ་རེད། གང་ལྟར་ཁྱེད་རང་གིས་འདི་ཡི་སྐོར་ལ་བྲིས་པ་འདི་ཡིས་བསོད་རྒྱལ་ལ་ཕན་པའི་ཚབ་ཏུ་སྙོག་གྲའི་སྒམ་ཆུང་ཞིག་སྒོ་ཕྱེས་པ་དང་གཅིག་མཚུངས་སུ་གྱུར་འདུག་པས་གནོད་པ་ཚབས་ཆེན་ཞིག་བཏང་བ་རེད། རིག་པ་ཆོས་ཚོགས་དེ་ཡང་ནུབ་ཕྱོགས་ཀྱི་ནང་པའི་གྲལ་ནས་བཏོན་པ་རེད་ཅེས་གོ་བྱུང་བདེན་མིན་མི་ཤེས།
་་་་ ། ཆོས་ཚོགས་ཀྱི་གོ་ས་དང་། དབང་ཆའི་ཐད་ལ་དཀའ་ངལ་ཧ་ཅང་གི་ཆེན་པོ་རེད། སྤྱིར་བཏང་དབང་ཆ་འཕྲོག་དགོས་བསམ་ནས་འདུག་ཡོད་མཁན་ཚོར་གོ་སྐབས་དེ་ག་རང་སྤྲད་བཞག་པ་རེད། ་་་་་་
་་་་་་་ བུད་མེད་ཚོས་རང་གི་དགོས་དོན་མ་འགྲུབ་པ་ལ་བརྟེན་ནས་སྐད་ངན་འབྱིན་མཁན་ཤ་སྟག་རེད། ་་་་་་་ དགེ་འདུན་སྡེ་གཉིས་གང་ཡང་མ་ཡིན་པའི་ཕུང་གསུམ་པ་དེ་རྩ་མེད་གཏོང་བའི་ཐབས་ལམ་ལ་བརྩོན་དགོས་ས་རེད། ་་་་་་་་
་་་་་་་་ དེ་ཕྱིར་གོང་ས་མཆོག་གིས་གསུང་སྟངས་དེ་རྩ་བ་ནས་འགྲིགས་མ་སོང་སྙམ་པའི་ཚོར་སྣང་ཞིག་བྱུང་། ་་་་་་་ ཟེར།
འདི་ལ། ༸གོང་ས་མཆོག་ལ་ནོར་བ་འཁྲུལ་པ་གང་ཡང་མེད། ༸ཁོང་བསྟན་པའི་འགན་གྱི་བདག་པོར་སོང་། རང་གི་གྲོགས་པོ་ལ་ཡང་དེ་ལས་ལྷག་པ་གསུངས་མི་ཐུབ་བོ།།
བླ་མའི་ནོར་འཛོལ་གཡོལ་བཀབ་བྱེད་པའི་དུས་ཚོད་ཡོལ་ཟིན་པ་རེད། ཐག་གཅོད་ཁྲིམས་ཁང་ནས་བསྒྲག་ཡོང་གི་རེད། ཅུང་བསྒུགས་ནས་སྡོད་ཅིག
ཟེར་མ་རུང་ན། གོང་ས་མཆོག་གིས་ཕ་བསད་པ་ལ་རྒྱལ་རྔ་ཤ་སྟག་བརྡུང་ནས་བཞུགས་ཡོད་པ། གང་ལྟར་ཡང་རིག་པ་ཆོས་ཚོགས་ཀྱི་ཆབ་སྲིད་པ་འགའ་ཞིག་དང་། དགའ་ལྡན་ཕོ་བྲང་གི་ཕྱོགས་ལྷིང་བ་འགའ་ཞིག་གིས་ནང་བ་སྤྱི་དང་བསོ་རྒྱལ་ཏག་ཏག་བཟོས་སོང་།
ཨོ་རྒྱན་ཉི་མ་ཟེར་པ་དགོས་མིང་ཡིན་མིན་མི་ཤེས་ཀྱང་། ཁྱོད་ཀྱིས་༧གོང་ས་མཆོག་གིས་བསོད་རྒྱལ་དང་འབྲེལ་བའི་བཀའ་སློབ་ནོར་འདུག་ཅེས་བརྗོད་པ་ནི་ཧ་ཅང་ཚད་ལས་བརྒལ་བའི་གཏམ་རེད། ༧གོང་ས་མཆོག་གིས་ལྡི་ལིར་བཀའ་སློབ་གང་ཕེབས་པ་ཁྱོད་ཀྱིས་ཆ་ཚང་ཉན་པ་ཡིན་ནམ། ༧གོང་ས་མཆོག་གིས་བསོད་རྒྱལ་གྲོགས་པོ་ཡིན་གསུངས་སོང་ལ། ད་དུང་བསོད་རྒྱལ་ལྟ་བུ་བླ་མ་ཁ་ཤས་ཀྱིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་བསམ་ཞིབ་མི་བྱེད་ཀྱང་། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐེར་འདོན་བྱས་པ་ཡིན་ན་སོ་སོའི་མིང་དང་གཏམ་སྙན་ལ་བསམ་བློ་གཏོང་གི་ཡོད་སྐོར་བཀའ་ཕེབས་སོང་།
བླ་མ་གང་ཞིག ཆོས་ཚོགས་བརྒྱ་ལྷག་གི་བདག་པོ་བླ་ཆེན་མིན་ན་སུ་རེད། ད་དེ་ཚོ་ཆ་ཚང་མགོ་སེར་ཁ་ལ་རྒྱག་ཚར་ནི་རེད།
བསོད་རྒྱལ་ནི་ནང་པ་ཞིག་དང་ནང་པའི་མཁས་པ་ཙམ་རེད། བསྟན་པ་སྤྱི་ལ་འགན་འཁུར་མེད། དེ་སྔ་ནས་བུད་མེད་གཅིག་པུ་མིན་པར་གང་སར་ཞབས་འདྲེན་ཞུ་བཞིན་པ་ཀུན་གསལ་རེད། ད་ཐེངས་འཇིག་རྟེན་ཡོངས་གྲགས་ཆགས་སྐབས། བོད་ཀྱི་ནང་པའི་བསྟན་པ་ཙམ་མིན་པར་རྒྱལ་སྤྱིའི་ནང་པ་ཡོངས་ཀྱི་ཞབས་ལ་ཐག་པ་བཏགས་པ་རེད། ཞབས་འདྲེན་ཞུས་ཚར་བ་རེད། དེ་འགེབས་ཐུབ་ཡོད་པ་མ་རེད། ཡོན་ཏན་ཡོད་པ་དང་། ཡོན་ཏན་མང་པས་སྐྱོན་བྱས་པ་འགེབས་མི་རིག་པ་ཆོས་དང་འཇིག་རྟེན་གཉིས་ཀའི་ལུགས་ཡིན། སྐྱོན་དུས་ལྟར་ཐེར་འདོན་ཡོ་སྲང་གནང་ཐུབ་ན་གཙང་མ་ཆགས་ངེས་པ་གསལ་བོ་རེད། ཨྱོན་ཉི་མ་སྐྱ་མིན་སེར་མིན་དེའི་མིག་ལ་བསོད་རྒྱལ་གྱི་འཆལ་སྤྱོད་མཛེས་པར་སྣང་བ་ནི། དོན་བདག་འཛིན་དང་ཕྱོགས་ལྷུང་ལ་མེ་འབར་བའི་རྟགས་ལས་མ་འདས་སོ།
བསོད་རྒྱལ་ནི་ཁ་ཙམ་ལས་སྟུ་དང་སྒོར་མོར་འཕྲད་ན་རང་ཚུགས་མེད་མཁན་ཞིག་ཡིན་རྟགས་གསལ་བོར་མངོན་ཚར་བ་རེད། ད་དུང་གསལ་བོ་ཞིག་ནི། བོད་བརྒྱུད་ནང་བསྟན་ནུབ་ཕྱོགས་སྤེལ་དགོས་དོན་གང་ཡང་ཡོད་པ་མ་རེད། ལྷག་པར་ཡེ་ཤུའི་ཆོས་སྤེལ་བ་ཚོའི་རྗེས་སུ་ནམ་ཡང་རྒྱུགས་རྒྱུ་ཡོད་པ་མ་རེད། རྒྱུགས་གི་ཡོད་པ་མ་རེད། བསྟན་པ་སྤྱི་ལ་མཚན་ཤོས་ཡོང་བ་ལས་ནུབ་ཕྱོགས་ལུང་པའི་ཆོས་ཚོགས་ཚང་མ་སྒོ་རྒྱག་དགོས་ཀྱང་རྒྱག་རྐྱང་གནང་ན་ཡང་དག་པའི་ལམ་བུ་དེ་རེད། མ་གཞི་ནས་སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པ་འདི་ཕར་སྤེལ་རྒྱུའི་ཀུན་སློང་གིས་སྟོན་མི་ཉན་པ་གསལ་བོ་རེད།
གོང་ས་མཆོག་ངའི་ཡོད་ཚད་ཡིན་ཏེ། ཡིན་ན་ཡང་གཞན་གྱི་ངག་ལ་གསན་ན་ཡག་པོ་མི་འདུག་ག བཀའ་སློབ་ཉན་ནས་ལབ་ཡིན།
སྤྱིར་བཏང་རྙིང་མའི་ཆོས་བརྒྱུད་ལ་མཚན་ཤོས་དང་གཞན་གྱིས་མི་འདོད་པ་སྨྲ་བ། མི་མང་ཐུན་མོང་གི་སྣང་ངོར་རྫོབ་ཏོར་མཐོང་གི་ཡོད་པ་ནི། རྙིང་མ་ཡིན་ཞེས་ཁ་ལ་འཁྱེར་ནས། བསོད་རྒྱལ་དང་ཨོྱོན་ཉི་མ་ལྟ་བུ་མང་པོས། ལས་གཞན་ལ་མ་འཇོན་བླ་སྤྲུལ་ཡིན་ཁུལ་བྱས། བླ་སྤྲུལ་ཡིན་ཁུལ་དུ་རློམ་ཡང་འདོམ་ལ་བདག་མ་ཐུབ་ནས་བུད་མེད་ལ་ལོག་གཡེམ་དང་། སྐྱེད་དམན་བླངས་ཏེ་ཁྲི་ཁར་བསྡད་པ་འདི་རིགས་ཡིན་པས། རྙིང་མའི་བླ་མ་ཚད་ལྡན་ཟེར་ན་མཁན་པོ་འཇིགས་མེད་ཕུན་ཚོགས་དང་། མཁན་པོ་བསོད་དར་རྒྱས། མཁན་པོ་ཚུལ་ཁྲིམས་བློ་གྲོས་ལྟ་བུ་གནང་ན་ཆོས་བརྒྱུད་རྙིང་མ་དང་། ཡང་སྒོས་བོད་བརྒྱུད་ནང་བསྟན་ལ་མཚན་ཤོས་རྩ་ནས་ཡོང་གི་མ་རེད། བོད་ལ་སྲིད་གཞུང་ཞིག་ཡོད་ན་འདི་རིགས་ཁྲིམས་ཐོག་ནས་བསྡམས་ཏེ་མེད་པ་བཟོ་དགོས་པ་དུས་ལ་བབ་ཡོད་ཀྱང་བཤད་ནས་ཅི་ཡོང་། གང་ལྟར་མི་དགོས་པ་འདི་རིགས་རེད། ཞབས་འདྲེན་འདི་རིགས་ནི་དཀོར་ལ་རྔམ། སྟུ་ལ་དགའ། རྫུན་མར་ལོབ། ཁྲི་ལ་དགྱེས་ཏེ། རྒྱས་སྤྲོས་བྱས་ཏེ་དམྱལ་བར་འགྲོ་བའི་ལས་འབའ་ཞིག་བསགས་བཞིན་པ་ཀུན་གསལ་ཡིན་སྟབས་ནག་པོ་བདུད་ཀྱི་ཁ་དར་སོང་བ་རེད། མི་དགོས་པ་འདི་རིགས་ནམ་ཡང་གད་སྙིགས་སུ་གཡུག་དགོས་པ་རེད། གད་སྙིགས་འདི་རིགས།
སྡོམ་ཁྲིམས་སྲུང་མ་ཐུབ་ན་ཚར་པ་རེད། སྐད་ཆ་བཤད་ས་བསྡད་ཡོད་མ་རེད། ད་དུང་ཁག་ཡོད་མ་རེད་མདོག་མདོག་གི་བསམ་ཚུལ་མ་བཤད་རོགས།
༸གོང་ས་ཐམས་ཅད་མཁྱེན་པས་ནམ་ཡང་བླ་མིང་འཁུར་ནས་ལོག་གཡེམ་བྱེད་མཁན། མི་ཆོས་བླ་མའི་རྫུན་བཤད་མཁན་དག་ཐེར་འདོན་གནང་དགོས་པ་རེད་ཅེས་ ༡༩༦༤ ནས་བཀའ་གནང་འགོ་བཙུགས་པ་དེ། བསྟན་པ་སྤྱི་ལ་དགོངས་ནས་བཀའ་གནང་བ་རེད་མ་གཏོགས། གང་ཟག་བྱེ་བྲག་པ་ཞིག་ལ་དམིགས་ནས་གསུངས་པ་མ་རེད། མ་གཞི་ནས་བུད་མེད་ལ་བཙན་གཡེམ་བྱས་ན་ཁྲིམས་ལ་འགྲོ་དགོས་པ་དེང་སང་འཛམ་གླིང་ཤར་ནུབ་ཀུན་གྱི་ཁྲིམས་འོག་གཅིག་མཐུན་རེད་ཝ།
xxxཨྱོན་ཉྀ་མ་ཟེར་བས། འགག་སར་ཐུག་དུས། བདེན་པ་དོར། ཕྱོགས་ལྷུང་གི་བཟི་དགོས་པ་རེད་ཅེས་གཞན་ལ་ཡང་སྐུལ་བ་ནི་ཅི་འདྲིའི་བློ་ཕམ་པ་ཞིག་མ་རེད་དམ།
བསོད་རྒྱལ་འཆལ་པོར་ཡང་ཨྱོན་ཉི་མ་དང། ཨེ་མ་ཧོ་ཟེར་བ་ལྟ་བུ་རང་འདྲ་དག་ལས་གང་ཟག་ཀུན་རྫཽབ་ཀྱི་མཐོང་སྣང་ལ་བཟང་སྤྱོད་དང་ལྡན་པ་ཞིག་གིས་རྒྱབ་སྐྱོར་བྱེད་མི་ཐུབ་པ་ཤེས་གསལ་རེད།
https://www.youtube.com/watch?v=0wP4rsM7AZQ
བརྙན་ཐུང་དེའི་༸རྒྱལ་བས་བསོད་རྒྱལ་རིན་པོ་ཆེའི་མི་གཙང་བའི་བྱ་སྤྱོད་སྐོར་གསལ་པོར་གླེང་བཞིན་འདུག གང་ལྟར་བོད་མི་རིགས་ཀྱི་ཞབས་འདྲེན་ལྟ་བུ་རེད་ལ་ཡང་སྒོས་བསྟན་པའི་རྐང་འདྲེན་པ་ལྟ་བུ་རེད།
མདོར་ན་གསེར་རྟའི་ཆོས་སྒར་དང་། བསོད་རྒྱལ་འབྲེལ་བས་འཛམ་གླིང་ནང་པ་ཡོངས་རྫོགས་དབང་བསྒྱུར་བྱེད་ལ་ཉེ་བར་མཐོང་དུས། རིག་པ་ཆོས་ཚོགས་ཀྱི་རང་རྐུབ་ལ་ཞེན་པ་དང་། དགའ་ལྡན་ཕོ་བྲང་གི་ཆབ་སྲིད་པ་འགའ་ཡིས་༧གོང་ས་མཆོག་བེད་གཏོང་བ་རེད། མི་ཤེས་རྒྱུ་གང་ཡོད།
དགའ་ལྡན་ཕོ་བྲང་ལ་བྱས་རྗེས་གཅིག་ཡོད་པ་དེ་བཙན་བྱོལ་གཞུང་བཙུགས་ཏེ་སློབ་གྲྭ་དང་། སྨན་ཁང་སོགསའཛུགས་བསྐྲུན་སྐྱབས་བཅོལ་གཞན་ལ་མེད་པའི་བྱས་རྗེས་དེ་རེད།
དེ་ལས་གཞན་མི་ལོ་སུམ་བརྒྱ་ལྷག་ལ་ནང་ལོག་མི་མཐུན་པ་ཤ་སྟག་བཟོ་བ་ལས་བྱས་རྗེས་སྣ་གཅིག་སྟོན་རྒྱུ་མེད།
ད་གང་ཤེས།
དབུ་མ་རང་བཙན་རྩོད་ནས་རྩ་དོན་གཏོར།།
ཆོལ་ཁ་ཆོས་ལུགས་རྩོད་ནས་ནང་ཁུལ་གཏོར།།
སྲིད་སྤྱིའི་རྐུབ་སྟེགས་དབང་ཆའི་འཁྲུག་པ་དེས།།
བཙན་བྱོལ་བོད་མིའི་སྤྱི་ཚོགས་གཏོར་སོང་ངོ་།།
མ་འོངས་བོད་པའི་སྤྱི་ཚོགས་འཐོར་སོང་ན།།
སྤེན་ཚེ་བློ་སེང་གཉིས་ཀྱིས་འགན་འཁུར་ཨ།།
ཨོ་རྒྱན་ཉི་མ་ཟེར་བ་དེ་ཡང་འདོད་ཆགས་ཀྱི་རྒྱལ་པོ་ཡིན་ཐག་ཆོད་རེད། ཁོ་བོས་སྡོམ་ཁྲིམས་སྲུང་མ་ཐུབ་མཁན་གྱི་བསོད་རྒྱལ་ལ་འཐད་པར་བྱེད་པའི་རྒྱུ་མཚན་གང་ལགས། གསལ་པོ་རེད།
འདོད་ཆགས་ཆེ་བ་ངོས་ལེན་ཡོད། འབར་བཞིན་པ་ཡིན་་་་་ཧཧཧཧ
xxཨྱོན་ཉི་མ་ལ། ཁྱོད་ཀྱི་སྐད་ཆ་རྫབ་ཆེན་འདི་ལ་ཁྱོད་རང་གིས་ཁུངས་སྐྱེལ་བྱེད་དགོས་པ་རེད་གདའ།
༼མདོར་ན་གསེར་རྟའི་ཆོས་སྒར་དང་། བསོད་རྒྱལ་འབྲེལ་བས་འཛམ་གླིང་ནང་པ་ཡོངས་རྫོགས་དབང་བསྒྱུར་བྱེད་ལ་ཉེ་བར་མཐོང་དུས། རིག་པ་ཆོས་ཚོགས་ཀྱི་རང་རྐུབ་ལ་ཞེན་པ་དང་། དགའ་ལྡན་ཕོ་བྲང་གི་ཆབ་སྲིད་པ་འགའ་ཡིས་༧གོང་ས་མཆོག་བེད་གཏོང་བ་རེད། མི་ཤེས་རྒྱུ་གང་ཡོད། ༽ སྐད་ཆ་འདི་བསོད་རྒྱལ་གྱི་ལོག་གཡེམ་དང་བཙན་གཡེམ་སོགས་ལས་ཀྱང་ཚབས་ཆེ་བ། གཞི་ལྕི་བ་འདུག ༸གོང་ས་མཆོག་བེད་སྤྱོད་བཏང་ཆོག་ཆོག་ཅིག་ཡོད་དམ། མདོར་དེད་ན་ཁྱོད་ནི་༸གོང་ས་མཆོག་ལས་ཀྱང་བསོད་རྒྱལ་རྩ་ཆེ་བ། རྣམ་དཔྱོད་དང་ལྡན་པ་ཞིག་ཏུ་བརྩི་མཁན་རེད་འདུག་པས། མ་འོངས་ཁྲིམས་བཤེར་སོགས་སྣ་ཚོགས་ཡོང་སྲིད་པས། ཡང་ངས་དེ་ག་ཟིག་ལབ་ཡིན་ལྟ་བུ། ཡང་ན་ངས་ཆང་རག་བཏུང་ནས་འབྲི་ནོར་ཕྱིན་འདུག ཡང་ན་ངའི་སེམས་མ་སྐྱིད་པར་བྲིས་འདུག་དགོངས་དག་ཟེར་བ་སོགས་བཤད་དབང་མེད་པ་ལ་ཡིད་གཟབ་ལོས་དགོས་སྙམ།
བསོད་རྒྱལ་གྱིས་དགའ་བོ་བསྒྲིགས། ལོ་ཤས་དུས་ཚོད་སྐྱེལ། ཕན་ཚུན་གཉིས་མོས་ཀྱིས་སྦྱོར་བ་ལས། བཙན་གཡེམ་བྱས་པའི་དངོས་བྱུང་ལོ་རྒྱུས་གང་ཡང་ཡོད་མ་རེད། བུད་མེད་ཚོས་སྒེར་བདག་རྒྱག་མ་ཐུབ་དུས་བསོད་རྒྱལ་དང་། རིག་གཞུང་། ནང་ཆོས་ཆ་ཚང་ལ་ཁ་བཏང་འདུག་ག མིག་་ཡོད་ན་ལྟོས་དང་།
བསོད་རྒྱལ་དངོས་སུ་གདོང་ཐུག་མྱོང་མེད། ཡིན་ན་ཡང་གཞང་བཙོང་མ་འགའ་ཞིག་གིས་གང་བཤད་ལ་བདེན་དུ་བརྩི་བའི་གང་ཟག་ཚོས་བྱེད་སྟངས་དེར་སྣང་བ་འགྲོ་མ་སོང་། དེ་ཕྱིར་ལབ་པ་ཡིན།
གང་ལྟར་གོང་དུ་མཆན་བཀོད་མཁན་སྣ་མང་ཞིག་བསོད་རྒྱལ་གྱི་བྱ་སྤྱོད་དང་འདྲ་པོ་ཡོད་སྙམ་འདུག འདོད་ཆགས་ཀྱི་མེ་དེ་འདྲ་པོ་འབར་གྱི་ཡོད་ན་དབྱིན་ཇིའི་བུ་མོ་ཁ་ཤས་ཆུང་མར་བསུས་ནས་ཆང་ས་རྒྱབ་ན་འགྲིག་འདུག དོན་མེད་རྙོག་འདྲ་བཟོས་འདུག སྤྱིར་དེང་གི་བཙན་བྱོལ་སྤྱི་ཚོགས་ནང་བསོད་རྒྱལ་འདྲ་བའི་སངས་རྒྱས་ཀྱི་ན་བཟའ་བཞེས་མཁན་མང་པོ་ཡོད་པ་གོ་ཐོས་འདུག དེ་རེས་སྤྱི་ཚོགས་ནང་གནས་ཚུལ་དེ་འདྲ་ཐེངས་དང་པོ་བྱུང་བ་ལྟར་ཧང་སངས་དགོས་དོན་གང་ཡང་མ་མཐོང་། གནས་ཚུལ་དེ་འདྲ་སྤྱི་ཚོགས་ནང་རྙིང་པ་རེད།
འདིས་ཞབས་འདྲེན་ཞུ་བ་དང་པོ་མིན
ཨོ་རྒྱན་ཉི་མ་ལགས་གནས་ཚུལ་ཚང་མ་ཤེས་ཀྱི་མེད་ན་བློ་ཟུར་བཞག་ནས་བཀའ་མོལ་གནང་དགོས་་་་་སྐབས་སུ་༸གོང་ས་མཆོག་དང་དགའ་ལྡན་ཕོ་བྲང་དེ་བཞིན་བོད་མིའི་སྒྲིག་འཛུགས་སོགས་ལ་ཟུར་ཟ་དང་བསྐྱོན་བརྗོད་བྱེད་དགོས་པའི་འབྲེལ་བ་གང་ཡང་མིན་འདུག།།།།་་་་་ཁྱེད་རང་གི་བསོད་རྒྱལ་ལ་ཁག་མིན་འདུག་ཟེར་ཀ་བྱས་པ་མ་ཏོག་དངོས་གནས་ཁྱེད་རང་གི་སེམས་ནང་ན་ཚ་གཞན་ཞིག་ཡོད་པ་གསལ་པོ་རེད་འདུག་ཧཧཧཧ
ཨ་རོགས་ཨོ་ཉི། ཁྱེད་ཀྱིས་སངས་རྒྱས་བསྟན་པ་དང་བོད་མི་རིགས་ལ་རྒྱ་སོགས་བསམ་སྟེ། བསོད་རྒྱལ་རིན་པོ་ཆེ་ཡི་སྐྱོན་སྦས་སྐོང་ཆེད་བྲིས་པ་ཡིན་ན། འབྲི་སྟངས་ནོར་བ་རེད། དེ་མིན་བསོད་རྒྱལ་གྱི་སྐྱོན་ཐེར་འདོན་ཆེད་བྲིས་པ་ཡིན་ན་འགྲིག་འདུག་མོད།འོན་ཀྱང་༧གོང་ས༧མཆོག་གིས་གསུངས་སྟངས་འགྲིག་མ་སོང་བསམ་པ་དང་།བསོད་རྒྱལ་བླ་མ་ཆོས་ཚོགས་མང་པོའི་བདག་པོ་ཡིན་པས་བླ་མ་ཆེན་པོ་རེད་ཟེར་བ་འདི་དགོད་བྲོ་བ་ཞིག་མ་རེད་དམ། ༧གོང་ས༧མཆོག་གིས་ཀྱང་བསོད་རྒྱལ་བླ་མ་དང་ཁྱེད་གཉིས་བཞིན་འཛམ་གླིང་ལ་རྫུན་བཤད་དེ་མགོ་སྐོར་གཏོང་དགོས་པ་རེད་དམ། ཁྱེད་ཀྱིས་བླ་ཆེན་ཡིན་མིན་ཚད་དེ་ཆོས་ཚོགས་མང་པོའི་བདག་པོ་ཡིན་མིན་གྱི་ཐད་ནས་འཇོག་གི་ཡོད་དམ། དེ་ཡིན་ན། བླ་མ་ཚད་ལྡན་ཡིན་མིན་ཡང་དངུལ་མང་པོ་ཡོད་མེད་ཀྱི་ཆ་ནས་འཇོག་གི་ཡིན་ནམ། སྤྱིར་བླ་ཆེན་དང་བླ་མ་ཚད་ལྡན་ཡིན་མིན་གྱི་ཚད། སྟོན་པའི་གང་གསུངས་པ་རྣམས་སེམས་རྒྱུད་འདུལ་ཐབས་ཡིན་པས།བླ་མ་ཚད་ལྡན་སོགས་ཡིན་མིན་ཡང་།སྟོན་པའི་གང་གསུངས་པ་རྣམས་རང་གི་སེམས་རྒྱུད་ལ་སྦྱར་ཏེ། ཉམས་སུ་ལེན་མཁན་ཞིག་ལ་གོ་དགོས་ལ། རང་གིས་གང་ཤེས་པ་རྣམས་ཕ་རོལ་བའི་སློབ་མ་དེའི་སེམས་འདུལ་ཐབས་ལ་འགྲོ་བར་འཆད་མཁན་ཞིག་ལ་བླ་མ་ཚད་ལྡན་དུ་འཇོག་དགོས་བར་སྙམ།དེ་མིན་བསོད་རྒྱལ་བླ་མ་དང་ཁྱེད་གཉིས་བཞིན།སྟོན་པའི་གང་གསུངས་པ་དང་འགལ་བའི་འཆལ་སྤྱོད་ཅན་ཞིག་ལ་བླ་ཆེན་དུ་ངོས་འཛིན་མི་བྱེད། རང་གི་སེམས་རྭ་ལྟར་གྱོང་པོ་གྱུར་ཚེ།ཕ་རོལ་བའི་སློབ་མའི་སེམས་ཅི་ལྟར་འདུལ་བར་བྱེད།དང་པོ་རང་གི་སེམས་འདུལ་བར་བྱས་ཏེ། ཕ་རོལ་བའི་སློབ་མ་ལ་ཡང་འཆད་པའི་ཆོས་རྣམས་སེམས་འདུལ་ཐབས་སུ་འགྲོ་ངེས།དེ་མིན་འཆད་བྱའི་ཆོས་སྟོན་པའི་གསུངས་ཡིན་ཡང་།རང་གི་ལག་བལྟར་བྱེད་རྒྱུ་ལྡོག་ཕྱོགས་སུ་སོང་ཚེ། དེང་སང་འཛམ་གླིང་ཆུང་རུ་ཕྱིན་དུས།སྐྱོན་སྦས་སྐོང་བྱེད་ཐུབ་མེད་པ་རེད།
དོན་དགུ་ནས། དུས་ལྟའི་བར། རིག་པའི་ཆོས་ཚོགས་ཀྱི་བླ་མ་དང་འགན་འཛིན་བསོད་རྒྱལ་རིན་པོ་ཆེའི་ཆོས་སྲིད་ཀྱི་མཛད་འཕྲིན་ལ་རྗེས་སུ་ཡི་རང་ཞུའོ། སྔོན་མ་ལྟར། ད་ལན་ཡང་། བླ་སློབ་ཀྱི་ཀྱི་དམ་ཚིག་ལ་བར་ཆད་བྱུང་བ་དག མྱུར་དུ་ཞི་བར་ཤོག་ཅིགུ
སྔར་བོད་ཀྱི་གཏམ་དཔེ་ལ།
ཆོས་བྱས་ནས། ཆོས་དྲི་ཚུབ་ཚུབ་ཞིག་མ་བྱུང་ན། ། རྒྱོ་བརྒྱབས་ནས་རྒྱོ་དྲི་ཚུབ་ཚུབ་ཞིག་འོངས་དགོས། ཞེས་པ་ལྟར་བྱུང་བས་དེ་ལ་ཡང་དགའ་བསུ། ཞུའོ།། །།
ཀུ་རེ་ཚུལ་དུའོ།། །།
རང་རྒྱུད་ཐུལ་མཁན་དཀོན་པོ་རེད། མཁན་པོ། དགེ་བཤེས་ཚོས་ཁ་སྐམ་མཇེ་སྐམ་ཅང་མེད་ཁི། སྔགས་པ་ཡིན་ཟེར་མཁན་ཚོར་རས་ཐུལ་དང་། རལ་བ་ལས་གང་ཡང་མི་འདུག་་་་་་་་་ཉམས་ལེན་གཤིན་རྗེ་ཆོད་རྒྱལ་ལ་ཕུལ་ཚར་བ་འདྲ།།།ཧཧཧཧཧ
7གོང་ས་མཆོག་གིས་བསོད་རྒྱལ་རིན་པོ་ཆེ་ཡི་སྐྱག་པའི་སྟེང་ལ་ས་འགེབ་རོགས་བྱས་མ་སོང་བས། 7གོང་ས་མཆོག་ཡག་པོ་མ་རེད་ཅེས་པ་འདིས་7གོང་ས་མཆོག་གིས་བདེན་པ་གཙུག་ཏུ་བཀུར་བཞིན་པ་མཚོན་པར་བྱས་འདུག 7གོང་ས་མཆོག་ལ་འདི་ལས་ལྷག་པའི་བསྟོད་པ་དང་བསོད་རྒྱལ་རིན་པོ་ཆེ་ལ་འདི་ལས་ལྷག་པའི་དམའ་འབེབ་བྱེད་སྟངས་ཤིག་ག་ལ་ཡོད།
ལུས་ཅན་དག་གིས་ལས་རྣམས་ནི། བསྐལ་པ་བརྒྱར་ཡང་ཆུད་མི་ཟ། ཚོགས་ཤིང་དུས་ལ་བབས་པ་ན། འབྲས་བུ་ཉིད་དུ་སྨིན་པར་འགྱུར།། ་ ཞེས་གསུངས་པ་ལྟར། རང་རེ་སྐྱེ་བོ་ཐ་མལ་པ་ལ་ལྟ་ཅི། བཅོམ་ལྡན་འདས་དང་དགེ་འདུན་བྲལ་ཏེ། དབྱེན་བྱུང་བ་ནི། བཅོམ་ལྡན་འདས་སྐྱེ་བོ་ཐ་མལ་པའི་དུས་སུ་ལས་ངན་བྱས་པའི་འབྲས་བུར་གསུངས་སོ། མདོ་སྡེ་ལས་བརྒྱ་པར་གཟིགས་པར་འཚལ།
་
བསོད་རྒྱལ་རིན་པོ་ཆེའི་སྐོར་ལ་བྲིས་ནས་བཀོད་ཀྱང་། ཟློས་སྐྱོན་ལ་དགོངས་དག།
བསོད་རྒྱལ་རིན་པོ་ཆེ་ལ་མགོ་སེར་ཆོར་ཆོས་གསུང་སྟངས་མ་འདྲ་བ་ཞིག་ཡོད་པ་རེད་ཟེར། བདེ་པ་ཡིན་ས་རེད། ཁོང་ནི་ཡོན་ཏན་གྱིས་གྲགས་པ་རེད། ད་ཐེངས་ཀྱི་ཁ་མཆུ་དེ་བདེན་པ་ཡིན་མིན་ཁྲིམས་ཐོག་ནས་ཁ་གྲག་གི་རེད། བསྟོད་པ་དང་སྨད་པ་གཉིས་ཀས་ཅི་ཡང་ཕན་གྱི་མ་རེད་ལོ། གང་ལྟར་རྒྱོ་རྒྱག་མི་ཤེས་བ་བདེན་ས་རེད། དེའང་སྟུ་ཡིས་བཤད་པ་རེད།
བསོད་རྒྱལ་རིན་པོ་ཆེས་བུད་མེད་ལ་བཙན་གཡེམ་བྱས་པ་ནི་བཤད་རྒྱུ་མི་འདུག ཁོང་ནི་རྟེན་སྔགས་འཆང་ཡིན་པའི་ཆ་ནས་བུད་མེད་ལ་དགའ་བ་དེ་ཚུལ་དང་མཐུན་པ་ཞིག་རེད། གཞན་ཚང་མ་མི་ཤེས། གལ་ཏེ་སློབ་བུ་ཚོར་གཅར་བརྡུང་སོགས་བྱས་ཡོད་ན་ཁྲིམས་ཐོག་ནས་ཐག་གཅོད་བྱེད་ཀྱི་རེད།
བསོད་རྒྱལ་ལགས་ལ་བུད་མེད་ན་གཞོན་མང་བོ་འདུག་ཟེར་བའི་སྐྱོན་བརྗོད་དེ་ནི་གད་མོ་ཤོར་བའི་གནས་རེད། གལ་ཏེ་ཁོང་ལ་མཛེས་མ་མང་པོས་བསྐོར་ཡོད་ན་དེ་ནི་ཁོང་གི་འཇོན་ཐང་ཡིན་པ་ལས་གཞན་ཅི་ཡང་མ་རེད། ༧ གོང་ས་མཆོག་མ་ཡིན་པའི་བོད་ཀྱི་བླ་མ་དགེ་བཤེས་དགེ་འདུན་པ་སུ་ཞིག་ལའང་བསོད་རྒྱལ་རིན་པོ་ཆེས་འཁྲིགས་སྤྱོད་ལ་དགའ་བར་འདུག་བཅས་སྐྱོན་བརྗོད་བྱེད་པའི་ཐོབ་ཐང་མེད་པ་ངེས་པར་དུ་མཁྱེན་དགོས་པ་རེད། ༧ གོང་ས་མཆོག་གིས་གིས་བསོད་རྒྱལ་ལགས་ཀྱི་སྐོར་ཅུང་ཟད་ཅིག་གསུངས་པ་ཏེ་ཤིན་ཏུ་ནས་འོས་ཤིང་འཚམས་པ་ཞིག་རེད། །
༄། །བསོད་རྒྱལ་རིན་པོ་ཆེར་བསྟོད་སྨད་གང་ཡང་ཞུ་མི་ཤེས། རྒྱུས་མངའ་ཅི་ཡང་མེད། སྐུ་གོང་མའི་ལོ་རྒྱུས་མང་པོ་མཇལ་མྱོང་བས་མི་གུས་པ་ཡང་མེད། ༧གོང་ས་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ནང་ཆོས་འཆད་སྤེལ་བྱེད་མཁན་ཡོངས་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་བསམ་བློ་བཏང་སྟེ། གཟབ་གཟབ་བྱ་དགོས་པ་དང་། ནང་ཆོས་ལ་དད་པ་ཡོད་པ་རྣམས་ཀྱིས་ཀྱང་བླ་མ་བརྟགས་ཏེ་བསྟེན་དགོས་པའི་བཀའ་སློབ་ལམ་སྟོན་སྔ་ཕྱི་བར་གསུམ་དུ་ཐེངས་བརྒྱ་ཕྲག་ཁ་ཤས་བསྩལ་ཟིན་ཀྱང་། ཉན་འཇོག་མི་བྱེད་པར་མ་ཟད། ད་ཆ་སྔོ་ལོ་ལངས་ནས་འཕྱར་ཡོང་དུས་༼བསོད་རྒྱལ་ལྟ་བུའི་བླ་མ་ཁ་ཤས་ཀྱིས་སངས་རྒྱས་བསྟན་པ་རིན་པོ་ཆེར་བསམ་ཞིབ་མི་བྱེད་ཀྱང་། གསར་འགྱུར་བརྒྱུད་ལམ་ཁག་ནས་ཐེར་འདོན་བྱས་པ་ཡིན་ན་སོ་སོའི་མིང་དང་གཏམ་ལ་བསམ་བློ་གཏོང་ངེས་༽ཞེས་བཀའ་གནང་བ་ནི་ཤིན་ཏུ་འོས་ཤིང་འཚམས་པའི་རྡོ་རྗེའི་གསུང་བཟང་ལ་མངོན་པར་བསྟོད་ཅིང་། ཨོ་ཉི་ཡང་དེའི་ཁོངས་སུ་གཏོགས་པ་རང་གནོང་ངོས་ལེན་གྱིས་ཕ་བསད་པ་ལ་རྒྱལ་རྔ་བརྡུང་སོང་ཞེས་སྡུག་སྐད་འདོན་པ་ནི་སྐད་ཆ་ཕལ་བ་ཞིག་མ་ཡིན་པར་ཤིན་ཏུ་རྫབ་ཆེན་ཞིག་ཏུ་སྣང་བས་གཟུར་གནས་བློ་ལྡན་རྣམས་ཀྱིས་གདོང་དང་གདོང་ཐུག་སྟེ་ཁྲིམས་གཏུགས་སམ་བདེན་ཚིག་རྡོ་རྗེའི་སྦྲང་ཆར་ཕབ་སྟེ་འདོད་ཆགས་མེ་ལྟར་འབར་བའི་ཨོ་ཉིའི་སྙིང་ལ་གོ་བརྡ་གསལ་པོར་འཕྲོད་པ་ཞིག་དགོས་ངེས་སུ་མཐོང་།
གནས་ཚུལ་ངོ་མ་མཁྱེན་འདོད་ན་འདིར་གཟིགས་དང་། https://buddhism-controversy-blog.com/2017/07/22/abuse-letter-to-sogyal-rinpoche-from-long-term-rigpa-students/
https://buddhism-controversy-blog.com/2017/08/11/hh-dalai-lama-and-others-speak-out-about-sogyal-rinpoche-his-behaviour/
གོང་གི་དྲ་ཐག་དེ་གཉིས་ནང་གནས་ཚུལ་མི་ཉུང་བ་ཞིག་གསལ་འདུག
དགེ་ཆོས་ཀྱི་འདོད་པའི་བསྟན་བཅོས་ལས། བསམ་པ་ངན་པས་བསྡམ་ཞིང་བརྡེག་པ་མིན། །གནོད་པའི་སེམས་ཀྱིས་མདུང་གིས་ཕུག་པ་མིན། །འདོད་པའི་མི་ལ་འདོད་པ་སྦྱིན་པ་ལ། །དགེ་བ་མེད་ཀྱང་སྡིག་པ་ག་ལ་ཡོང་། །འདོད་པ་ཅན་ལ་བུད་མེད་སྤྲོད་པ་ནི། །སྦྱིན་པ་རྣམས་ཀྱི་ནང་ན་མཆོག་ཡིན་ཞེས། །དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ལེའུར་གསུངས། ཞེས་གསུངས་པའི་དོན་ལ་དཔྱད་པར་མཛོད་དང་རེ་ཞིག་རྩོད་པ་ཞི་བའི་རེ་བ་ཡིན།
བསོད་རྒྱལ་གྱི་སྐོར་ལ་དམིགས་བསལ་བཤད་ཡ་ཞིག་མེད་་་དེའི་སྐོར་ཡག་པོ་ཞིག་ཧ་ཡང་གོ་མ་སོང་། ཡིན་ན་ཡང་ཁོང་ལྟ་བུ་ལ་མཚོན་ན་ནུབ་ཕྱོགས་ལ་བོད་མི་ཚོའི་གྲས་ན་སྐད་གྲགས་ཆེ་ཤོས་ཤིག་ཡིན་པ་བཤད་མ་དགོས་པར་རེད། མི་ཡི་ལུང་པ་ནས་སོ་སོའི་རྐང་པ་ལང་རྒྱུ་ལས་སླའོ་མེད་པ་མ་ཟད་རླབས་ཆེན་གྱི་བྱ་བ་བསྒྲུབ་རྒྱུ་དེ་ལས་དཀའ། ཁོང་གི་འཇོན་ཐང་ལ་ནམ་ཡང་རྗེས་སུ་ཡི་རང་བྱེད་གི་ཡོད་་་སྤྱོད་པ་ལ་དེ་འདྲ་དགའ་བོ་མེད། ཡིན་ན་ཡང་ད་རས་གི་དོན་དག་ལ་ཁ་གཡར་ནས་བོད་པ་ཚོས་ཁོང་ལ་ནག་པོ་བཟོ་དགོས་ཡ་ཞིག་མཐོང་མ་སོང་། སོ་སོ་ཕྱིའི་རྒྱལ་ཁབ་ལ་འཚོ་བ་རོལ་མཁན་ཞིག་ཡིན་དུས་དེའི་རིགས་ཕྱི་རྒྱལ་རྒྱུན་ལྡན་ཡིན་པས་དེ་འདྲའི་ཧ་ལས་དགོས་ཤིག་མི་འདུག
ད་དུང་བཤད་རྒྱུ་ཞིག་ལ་བོད་པ་ཡར་རྒྱས་མི་འགྲོ་བས་རྒྱུ་མཚན་ནི་སུ་ལ་འཇོན་ཐང་ཡོད་ན་དེ་ལ་མར་འཐེན་ཐབས་བྱེད་པ་ལས་ཡར་རོགས་འདེགས་བྱེད་པའི་ལུགས་སྲོལ་མེད་པ་ལྟ་བུ་ཞིག་ཆགས་འདུག བྱས་ཙང་དེ་འདྲའི་དཀའ་ངལ་མང་པོ་ཞིག་ལ་རྟེན་ནས་ང་ཚོའི་སྤྱི་ཚོགས་འདི་རྗེས་ལུས་ཐེབས་པ་མ་ཡིན་ནམ། ད་དུང་གཏན་ནས་མ་དགོས་པ་ཞིག་ནི་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་རིས་སྟེ་རེད་་་དེས་ང་ཚོ་ནམ་ཡང་ཕོངས་བསྡད་ཡོད་པ་བཤད་མ་དགོས་པ་རེད། དེས་ན་ང་ཚོ་ཁོར་ཡུག་འདི་ཡར་རྒྱས་ལྡན་པའི་སྤྱི་ཚོགས་ཤིག་དགོས་ན་་་་དེའི་རིགས་དེ་རིང་ནས་མེད་པར་གྱིས།
ཁྱོད་ཚོས་བསམ་བློ་ཞིབ་མོས་བརྟགས་དཔྱད་ལེགས་པར་གྱིས་དང་།
གལ་ཏེ་ཁོ་ཚོ་ལ་ཁྲིམས་ཀྱི་བདེན་དཔུང་ཡོད་ན་སོ་སོའི་རྒྱལ་ཁབ་ཀྱི་ཁྲིམས་ལ་གཏུགས་དགོས་པ་ལས་ཉེས་མེད་ཉེས་འཛུགས་ཀྱི་མི་ཁ་གང་སར་བཀྲམ་པ་ཙམ་གྱིས་བསོད་རྒྱལ་རིན་པོ་ཆེ་སྐུ་སྒེར་ལ་ཅི་གང་གནོད་ཐུབ་གི་མ་རེད།
འོན་ཀྱང་ཁོང་ལྟ་བུ་འཛམ་གླིང་ལ་སྐད་གྲགས་ཆེན་པོ་ཡོད་པའི་བོད་ཀྱི་བླ་མ་བྱམས་བརྩེ་ཅན་གཞི་བྱེས་བོད་མི་སྟོང་ཕྲག་མང་པོ་ལ་ཤེས་རིག་དང་དཔལ་འབྱོར་མཐུན་རྐྱེན་སྦྱོར་མཁན་ཞིག་ལ་ངན་དམོད་ཚབས་ཆེན་བཅུག་ན། བོད་རིགས་དང་བོད་ཀྱི་ནང་ཆོས་ལ་མཐོང་ཚུལ་ངན་ཡོང་བ་ནི་སྨོས་མི་དགོས་པས། ང་ཚོས་སྐབས་ཚོལ་བ་འདི་དག་གི་ཀུན་སློང་དང་རྒྱབ་ལྗོངས་གསལ་བོ་མ་ཤེས་བར་ཁུངས་མེད་པའི་སྐད་ཆ་གང་བྱུང་བཤད་ན་རང་སྡུག་རང་གིས་ཉོ་བཞིན་ཡོད་པ་ཤེས་དགོས་པ་ཞིག་རེད།
བསོད་རྒྱལ་རིན་པོ་ཆེ་ལ་ནོར་འཁྲུལ་དམིགས་བསལ་ཅི་གང་ཡོད་མ་རེད།
རིག་པ་ཆོས་ཚོགས་ཀྱི་དབང་ཆ་རྩོད་མཁན་འགའ་ཞིག་གིས་ཁོང་གི་དབང་ཐང་ལ་ངོ་རྒོལ་བྱས་པ་ཙམ་རེད།
ངོ་རྒོལ་བ་འདི་ཚོས་གོང་ས་མཆོག་ལའང་ངན་གཡོ་འཁྲབ་ཏེ་བོད་པ་ནང་འཁྲུགས་ལྷོང་གི་ཡོད་པར་ཤེས་དགོས།
དེར་བརྟེན་ཁྱོད་ཚོས་གཞན་ལ་མི་འདོད་པའི་གནས་ཚུལ་བྱུང་བ་གོ་དུས་དེ་ཙམ་དགའ་བ་སྒོམ་ན་གཞན་གྱི་སྡུག་བསྔལ་རང་གི་བདེ་བ་སྒོམ་པའི་རྟེན་འབྲེལ་གྱིས་མ་འོངས་པར་ཁྱོད་ལའང་མ་ཉེས་ཁ་གཡོག་འདི་ལྟ་བུ་འབྱུང་ངེས་པས་གཟབ་འཚལ།
དེ་བས་ཐམས་ཅད་ཀྱིས་གསོལ་འདེབས་སྨོན་ལམ་ཡག་པོ་རེ་བྱས་ན། བོད་ཀྱི་བསྟན་འགྲོ་སྤྱི་ལ་ཕན་པ་དང་ཁྱད་པར་བདེན་བརྫུན་དབྱེ་འབྱེད་གསལ་བོ་ཡོང་བ་ལ་ཕན་ཐོག་ངེས་པས་དེ་ལུགས་ཞུ།
བསོད་རྒྱལ་རིན་པོ་ཆེ་ལ་ནོར་འཁྲུལ་དམིགས་བསལ་ཅི་གང་ཡོད་མ་རེད།
རིག་པ་ཆོས་ཚོགས་ཀྱི་དབང་ཆ་རྩོད་མཁན་འགའ་ཞིག་གིས་ཁོང་གི་དབང་ཐང་ལ་ངོ་རྒོལ་བྱས་པ་ཙམ་རེད།
ངོ་རྒོལ་བ་འདི་ཚོས་གོང་ས་མཆོག་ལའང་ངན་གཡོ་འཁྲབ་ཏེ་བོད་པ་ནང་འཁྲུགས་ལྷོང་གི་ཡོད་པར་ཤེས་དགོས།
དེར་བརྟེན་ཁྱོད་ཚོས་གཞན་ལ་མི་འདོད་པའི་གནས་ཚུལ་བྱུང་བ་གོ་དུས་དེ་ཙམ་དགའ་བ་སྒོམ་ན་གཞན་གྱི་སྡུག་བསྔལ་རང་གི་བདེ་བ་སྒོམ་པའི་རྟེན་འབྲེལ་གྱིས་མ་འོངས་པར་ཁྱོད་ལའང་མ་ཉེས་ཁ་གཡོག་འདི་ལྟ་བུ་འབྱུང་ངེས་པས་གཟབ་འཚལ།
ཁྱོད་ཚོས་བསམ་བློ་ཞིབ་མོས་བརྟགས་དཔྱད་ལེགས་པར་གྱིས་དང་།
གལ་ཏེ་ཁོ་ཚོ་ལ་ཁྲིམས་ཀྱི་བདེན་དཔུང་ཡོད་ན་སོ་སོའི་རྒྱལ་ཁབ་ཀྱི་ཁྲིམས་ལ་གཏུགས་དགོས་པ་ལས་ཉེས་མེད་ཉེས་འཛུགས་ཀྱི་མི་ཁ་གང་སར་བཀྲམ་པ་ཙམ་གྱིས་བསོད་རྒྱལ་རིན་པོ་ཆེ་སྐུ་སྒེར་ལ་ཅི་གང་གནོད་ཐུབ་གི་མ་རེད།
འོན་ཀྱང་ཁོང་ལྟ་བུ་འཛམ་གླིང་ལ་སྐད་གྲགས་ཆེན་པོ་ཡོད་པའི་བོད་ཀྱི་བླ་མ་བྱམས་བརྩེ་ཅན་གཞི་བྱེས་བོད་མི་སྟོང་ཕྲག་མང་པོ་ལ་ཤེས་རིག་དང་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་མཁན་ཞིག་ལ་ངན་དམོད་ཚབས་ཆེན་བཅུག་ན། བོད་རིགས་དང་བོད་ཀྱི་ནང་ཆོས་ལ་མཐོང་ཚུལ་ངན་ཡོང་བ་ནི་སྨོས་མི་དགོས་པས། ང་ཚོས་སྐབས་ཚོལ་བ་འདི་དག་གི་ཀུན་སློང་དང་རྒྱབ་ལྗོངས་གསལ་བོ་མ་ཤེས་བར་ཁུངས་མེད་པའི་སྐད་ཆ་གང་བྱུང་བཤད་ན་རང་སྡུག་རང་གིས་ཉོ་བཞིན་ཡོད་པ་ཤེས་དགོས་པ་ཞིག་རེད།
དེ་བས་ཐམས་ཅད་ཀྱིས་གསོལ་འདེབས་སྨོན་ལམ་ཡག་པོ་རེ་བྱས་ན། བོད་ཀྱི་བསྟན་འགྲོ་སྤྱི་ལ་ཕན་པ་དང་ཁྱད་པར་བདེན་བརྫུན་དབྱེ་འབྱེད་གསལ་བོ་ཡོང་བ་ལ་ཕན་ཐོག་ངེས་པས་དེ་ལུགས་ཞུ།
དེང་སང་བསོད་རྒྱལ་རིན་པོ་ཆེ་ཆོས་ཚོགས་དག་། དར་ཐང་སྤྲུལ་སྐུ་ཆོས་ཚོགས་དག་། ཨ་ཀོང་རིན་པོ་ཆེ་དང་ཆོས་རྒྱལ་དྲུང་པ་བཅས་ནུབ་ཕྱོགས་ལུང་པ་བུ་སོ་སོས་འཇོན་ཏེ་འཛམ་གླིང་སྒྲག་ཡོད་རེད། ཁོང་རྣམ་པའི་ཆོས་ཚོགས་ནི Tibet house. Dalai lama foundation Tibet foundation བོད་སྤྱི་པའི་མིངསོགས་བེད་སྤྱོད་གནང་ཚོགས་བསྡུ་སྐོང་བཟོ་བ་དེ་འདྲ་ག་ལ་ཡིན་་ད་དུང་ཡང་ཧནང་གི་མ་རེད་། ་མྱོང་མ་རེད་ལ། སོ་སོ་སྔེར་གྱི་སྡུག་དཀའ་ལས་རྒྱབ་ནས་བོད་སྤྱི་ལ་ཕན་བཏགས་ཡོད་ཀྱང་། སྟབས་མ་ལེགསཔ་ཞིག་དེང་་ལ་ལས་ཕྲག་དོག་ངན་སེམས་གཡོས་ཏེ་གང་ཐུབ་ཐུབ་ཨིན་ཡིག་བོད་ཡིག་ངང་ནས་ཚིག་ངན་བེད་སྤྱོད་བྱེ་བཥིན་འདུག་དེ་ནས་སོ་སོས་སོ་སོ་ལ་གནོད་པ་ལས་གཞན་ཅི་ཡོང་།
ཚོགས་དག་། དར་ཐང་སྤྲུལ་སྐུ་ཆོས་ཚོགས་དག་། ཨ་ཀོང་རིན་པོ་ཆེ་དང་ཆོས་རྒྱལ་དྲུང་པ་བཅས་ནུབ་ཕྱོགས་ལུང་པ་བུ་སོ་སོས་འཇོན་ཏེ་འཛམ་གླིང་སྒྲག་ཡོད་རེད། ཁོང་རྣམ་པའི་ཆོས་ཚོགས་ནི Tibet house. Dalai lama foundation Tibet foundation བོད་སྤྱི་པའི་མིང་སོགས་བེད་སྤྱོད་གནང་ཏེ་ཚོགས་པ་བསྡུ་སྐོང་བཟོ་བ་དེ་འདྲ་ག་ལ་ཡིན། ད་དུང་ཡང་གནང་གི་མ་རེད་། ་སྔོན་ལ་ཡང་མྱོང་མ་རེད་ལ། སོ་སོ་ས྄ེར་གྱི་སྡུག་དཀའ་ལས་རྒྱབ་ནས་བོད་སྤྱི་ལ་ཕན་བཏགས་ཡོད་ཀྱང་། སྟབས་མ་ལེགསཔ་ཞིག་དེང་་སང་ལ་ལས་ཕྲག་དོག་ངན་སེམས་གཡོས་ཏེ་གང་ཐུབ་ཐུབ་ཨིན་ཡིག་བོད་ཡིག་ངང་ནས་ཚིག་ངན་བེད་སྤྱོད་བྱེ་བཞིན་འདུག་མ་ཟད་ད་དུང་གུ་རུ་རིན་པོ་ཆེ་ལའང་བཀུར་འདེབས་དང་ངན་སེམས་ལོག་སྤྱོད་པ་རེད་ཟེར་ནས་ད་དཡང་ཡང་བོད་པའི་སྤྱི་ཚོགས་ལ་འདུག་དེ་ནས་སོ་སོས་སོ་སོ་ལ་གནོད་པ་ལས་གཞན་ཅི་ཡོང་། དེ་བས་མདོར་བསྡུ་རང་རང་བཙན་ལ་ཐ་གཅིག་ཏུ་ངོས་ལེན་མེད་ལ། རང་རྒྱ་དམར་པོ་འོག་རང་དགའ་ཤོས་མིན་འགྲོ་བསམ་པ་དྲན་བཞིན་འདུགཔ
བཀྲ་ཤིས་བདེ་ལེགས་བདེན་པ་རེད།
སྤྱིར་བཏང་འཛམ་གླིང་ཤར་ནུབ་ཀྱི་ལོ་རྒྱུས་ལ་ཕྱིར་བལྟས་ཤིག་ཀྱིས་དང་། མྱི་རྒོད་ཆབ་དཔལ་གང་གིས་ཀྱང་བརླག་མི་རྙེད་ཚོ་འདུལ་བའི་ཆེད་དུ་བུད་མེད་བཏང་བ་གྲངས་མེད་རེད།
བུད་མེད་ཟེར་བ་དེ་ཧ་ཅང་གི་སྤྱང་གྲུང་དོད་པོ་རེད། ཐེ་ཝན་སོགས་སུ་བཙན་གཡེམ་བྱས་པ་རེད་ཟེར་བ་དེ་ཚོ་དངོས་སུ་བཙན་གཡེམ་མ་རེད། རྒྱ་མོ་ཚོས་དང་པོ་སྦྱིན་བདག་བྱས། ཁ་ལག་སྤྲད། འཆམ་འཆམ་ཁྲིད། འདི་ལ་རིགས་གཉིས་རེད། དད་པ་ཡོད་མཁན་དང་། མཇེ་ཟ་དྲན་མཁན། རྗེས་མ་དེས་ག་ལེར་གཅིག་པུ་མགྲོན་ཁང་དང་། ནང་ལ་ཁྲིད་དེ་ད་སྐྱིད་པོ་གཏོང་དགོས་རེད། ལབ་གི་རེད། ང་ཡང་འདི་འདྲ་ཞིག་ལ་ཐུག་སོང་། ང་ཐེ་ཝན་ཡོད་དུས་ཤིག་ལ་ངོ་ཤེས་པ་ཞིག་ཡོད། མོས་ང་ཟ་ཁང་ལ་ཁྲིད། རྔན་པ་སྤྲད་ཀྱི་རེད། ཉི་མ་གཅིག་ང་ཧོང་ཀོང་ལ་འགྲོ་དགོས་ཡོད། དེ་དུས་མོས་གནམ་གྲུ་གླ་ཆ་ཕུལ་ཆོག་ཟེར། ཡིན་ན་ཡང་མོ་ལ་ད་ལྟ་དངུལ་མེད། ཚུར་ཡོང་བ་ལ་དུས་ཚོད་མི་འདུག ནང་ལ་ལེན་ས་ཤོག་ལབ་སྟེ། ཁ་བྱང་ཞིག་སྤྲད་དེ་བུད་སོང་། དེ་ནས་ང་ཁོ་མོའི་ནང་ལ་ཕྱིན་པ་ཡིན། མོས་ཉལ་གོས་སྲབ་སྲབ་ཅིག་ལས་གང་ཡང་གོན་མི་འདུག ཇ་འཐུང་སྐད་ཆ་བཤད་དེ་ཅུང་ཙམ་བསྡད་པ་ཡིན། མོས་རང་གི་ལས་དཀའ་དང་། བྱ་བའི་བརྒྱུད་རིམ་ཆ་ཚང་ངོ་སྤྲོད་བྱས་སོང་། དེ་ནས་ད་སྐྱིད་པོ་happiness གཏོང་དགོས་རེད་ཟེར། མོ་དབྱིན་སྐད་ཧ་ཅང་གི་མཁས་པ་ཞིག་རེད། སྐབས་དེ་དུས་ང་ལ་སྡོམ་པ་མེད་ཀྱང་། རྙོག་དྲ་ལ་འཇིགས་ཏེ་ལག་པ་འཆང་ཕོད་མ་སོང་། ཡིན་ན་ཡང་ད་གནམ་གྲུ་གླ་ཆ་རག་ས་མ་རེེད་སྙམ་པ་བྱུང་། ང་ལ་དངུལ་མེད། ངས་དངུལ་བཟོ་ཡང་མི་ཤེས། ཆོས་ཚོང་ལ་དགའ་པོ་དེ་ཙམ་མེད། དེ་ནས་བསྒུགས་ནས་ཅུང་ཙམ་བསྡད་པ་ཡིན་ཏེ་གང་ཡང་གོ་རྒྱུ་མི་འདུག ད་འགྲོ་རྒྱུ་ཡིན་ཞེས་ལབ་སྟེ་ཁ་མར་འཁོར་དུས། གཟོད་ཡིག་ཤུབ་དམར་པོ་ཞིག་གློག་ཀླད་རྒྱབ་ལོགས་ནས་བཏོན་དེ་སྤྲད་བྱུང་། འདི་འདྲ་བྱས་ཏེ་བླ་རྒན་ཚོ་ཚར་གཅོད་ཀྱི་ཡོད་རེད། བླ་རྒན་ཚོས་གཟོབ་མ་གཏོགས་ལག་པ་འཆང་ཚར་དུས། མོ་རང་གཅིག་པུའི་ཁ་ལ་ཉན་ནས་བསྡད་ན་རྙོག་དྲ་གང་ཡང་ཡོད་མ་རེད། དེ་ནས་བུད་མེད་ཅིག་ལ་ལག་པ་འཆང་། དེ་སྔ་མས་ཤེས་སོང་ན། དེ་དུས་བཙན་གཡེམ་བྱས་སོང་། སྒོར་མོ་འཕྲོག་སོང་། འདྲ་མིན་བཅོ་བརྒྱད་ལབ་ཡོང་གི་རེད། བསོད་རྒྱལ་རིན་པོ་ཆེ་སྙན་གྲགས་ཆེན་པོ་རེད། གསང་རྡོར་ལ་ལང་རྒྱུ་ཡོད་མེད་མི་ཤེས་ཏེ་མཛེས་མ་གཅེས་ནོར་ཡིན་པ་བརྒྱ་ཆ་བརྒྱ་རེད། གནས་ཚུལ་འདི་འདྲ་ཙམ་ཡང་ལྟ་མི་ཤེས་པར་་་་་་་་་ཆབ་སྲིད་པ་དང་། གཞང་བཙོང་མ་ཚོས་ངག་ལ་ཉན་བཞིན་པའི་མི་བུ་ཚོ་ཤ་ཚ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་རེད། དེ་ལ་བརྟེན་ནས་ཁོང་གིས་ཀྱང་ཐུགས་ཁུར་ཆེར་བཞེས་གནང་བ་ནི་ཧ་ཅང་བཀའ་དྲིན་ཆེན་པོ་རེད། ཡིན་ན་ཡང་ཞབས་འདྲེན་ཞུ་མཁན་དེ་རིགས་ལ་༧གོང་ས་མཆོག་གིས་འགྲིག་གི་མི་འདུག་གསུངས་སྐབས། ཞབས་འདྲེན་དེ་ཚོས་རང་སྐྱོན་ངོས་མ་ཟིན་པར་མ་ཟད། ད་དུང་༧གོང་ས་མཆོག་གི་སྐྱོན་ཡིན་པ་འདྲ་ཞིག་བཤད་མཁན་འབྱུང་བཞིན་ཡོད།
དཔེར་ན་དེང་སྐབས་དྲ་ལམ་ཁག་ན་ཉག་རོང་དོན་གྲུབ་ཟེར་བ་ཞིག་གིས་ནམ་རྒྱུན་༧གོང་ས་མཆོག་ལ་མཚན་སྨད་ཞུ་བཞིན་ཡོད་པ་རེད། འོན་ཀྱང་དངོས་གནས་བཤད་ན་ཉག་རོང་དོན་གྲུབ་དེ་སྔོན་གྲྭ་པ་འདྲ་ཞིག་རེད། དེ་སྐབས་སྤྲུལ་སྐུ་རྫུན་མ་འཁྲབ་ནས་ཐེ་ཝན་ལ་ཕྱིན་ནས། ཐེ་ཝན་དུ་ཧ་ཅང་ཞབས་འདྲེན་གང་མང་ཞུས་པ་རེད། ཕྱིས་སུ་༧གོང་ས་མཆོག་ལ་ཐེ་ཝན་གྱི་དད་ལྡན་མང་ཚོགས་ཚོས་བོད་ཀྱི་བླ་སྤྲུལ་ཚོའི་སྐྱོན་ཆ་མང་པོ་ཞིག་ཡར་ཞུ་བྱེད་སྐབས། ༧གོང་ས་མཆོག་གིས་ཐེ་ཝན་ནང་པ་ཚོ་ལ། ཁྱེད་ཚོས་དང་པོ་ནས་བརྟགས་དཔྱད་ཡག་པོ་གནོངས། བརྟགས་དཔྱད་མ་བྱས་པར་བླ་མ་ལ་བསྟེན་ན་དེ་འདྲ་འབྱུང་གི་རེད། བརྟགས་དཔྱད་བྱ་རྒྱུ་ཧ་ཅང་གལ་ཆེན་རེད། གལ་ཏེ་བརྟགས་དཔྱད་བྱས་ཏེ། ཡག་པོ་མེད་མཁན་སུ་ཡིན་ན་དེ་ཁོ་རང་ཉིད་ལ་དགག་པ་རྒྱོབས་མ་གཏོགས། མི་གཅིག་གིས་མ་འགྲིགས་ན་བོད་ཀྱི་བླ་མ་ཚང་མའི་ནོར་འཁྲུལ་རེད། མ་ཟེར། ཞེས་སོགས་བཀའ་སློབ་གསུངས་པ་རེད། དེ་རྗེས་ཐེ་ཝན་དད་ལྡན་པ་ཚོས་ཞིབ་འཇུག་བརྟགས་དཔྱད་བྱས་ཏེ། ཉག་རོང་དོན་འགྲུབ་སོགས་བླ་རྫུན་སྤྲུལ་རྫུན་མང་པོ་ཞིག་ཤེས་སོང་བ་རེད། དེ་རྗེས་ཁོང་ཚོའི་རིགས་མང་པོ་ཞིག་ཐེ་ཝན་ལ་བསྡད་ས་མེད་པར་གྱུར་སོང་སྐབས། ཁོང་ཚོས་༧གོང་ས་མཆོག་ལ་རྟག་ཏུ་གཞི་མེད་སྒྲོ་སྐུར་ཞུ་བཞིན་པ་རེད།
དེའི་རིགས་ཀྱི་གནས་ཚུལ་རྣམས་ང་ཚོས་གསལ་པོ་ཤེས་དགོས་ངེས་རེད།
དེ་ནས་ད་ནི་སྤྲུལ་རྫུན་ཨོ་ཉིས་ལྷ་ཁང་ནང་ལ་ཆང་ས་བརྒྱབས་པའི་སྐོར་དེ་ང་ཚོས་གླེང་ན་ག་འདྲ་འདུག་གམ། ཧཧཧཧཧཧཧཧཧཧཧཧཧཧཧཧཧ།
བོད་མི་ཡོད་ཚད་ཀྱི་སེམས་ནང་གི་རྒྱལ་བ་རིན་པོ་ཆེ་དང་། དོན་གྱི་བདག་པོ་རང་གི་ཐུགས་ཀྱི་གཅེས་ནོར་གཉིས་ལ་ཁྱད་ཅུང་ཙམ་ཡོད་པ་འདྲ་བོ་མཐོང་སོང་། ནོར་སོང་བ་ཡིན་ན་དགོངས་འགལ་མེད་པར་ཞུ། ང་ནི་ཁྱེད་ཀྱི་སློབ་མ་ཡིན།
ཧཧཧ་ང་སྤྲུལ་རྫུན་ཡིན་པ་ལ་རང་ངོ་ཤེས་ཙམ་ནས་ངོས་ལེན་བྱས་ཚར་ཡིན། མིང་ནི་ལོ་དགུ་ལ་སོན་མ་རག་པའི་འབྲོག་ཕྲུག་སྣབ་ལུག་སྤྲང་པོ་ཞིག་ལ་ཐད་གར་གནང་བ་ལས། མི་ཤུགས་རྒྱུ་ཤུགས་ཀྱིས་ཉོས་ཡོང་བ་ཞིག་གཏན་ནས་མ་རེད།
སྔོན་མ་ནས་ལྷ་ཁང་ནང་གི་གཉེན་སྟོན་ལ་ཉེས་པ་ཡོད་ན་ཁུངས་ཁུར་ཤོག་ཟེར་དུས་ཁུར་རྒྱུ་མི་འདུག་ག བོད་ཀྱི་གཉེན་སྟོན་ཚང་མ་ལྷ་ཡོད་ས་ལ་བྱེད་བཞིན་པ་མ་མཐོང་ངམ།
ང་ལ་སྒོར་མོ་མི་དགོས། གོ་ས་ནི་མི་དགོས། མིང་ནི་མི་དགོས། ལྟོ་འགྲང་ལྷག་སྐྱོབ་བྱུང་ན་དེ་གས་འཐུས་སོ།།།ཧཧཧཧཧ
ལྟོས་དང་ད། ཨོ་རྒྱན་ཉི་མ་ཟེར་བའི་xxདེས་བདེན་རྫུན་ཕྱིན་ཅི་ལོག། རྒྱ་འབྲས་རྡོག་རྫིས་བཏང་ནས། བསོད་རྒྱལ་གྱིས་བྱས་ཉེས་དེའི་ངན་ཁག་དེ་རིམ་པས་༧གོང་ས་མཆོག་ལ་གཡོགས་ཀྱི་འདུག་ཀ ཁྱོད་རང་ངོ་ཚ་གི་མི་འདུག་གམ། གལ་སྲིད་བསོད་རྒྱལ་ལ་བདེན་དཔང་ཡོད་ན། བསྟན་པ་སྤྱི་ལ་བསམ་བློ་མ་བཏང་ཀྱང་། རང་ཉིད་ཀྱི་ངོ་སྲུང་སྐྱོབ་ཆེད། རང་ཉིད་ཀྱི་སློབ་མ་བརྒྱད་ཀྱིས་བཤད་པའི་སྐད་ཆར་ལན་འདེབས་དག་སེལ་བྱེད་ངེས་པ་རེད། བྱེད་དགོས་པ་ཞིག་ཀྱང་རེད།་གང་ཡིན་ཟེར་ན། ཀུན་སྤྱོད་འགའ་ཁྲིའི་ཐོག་ནས་བཤད་ན། རང་ཉིད་བོད་རྒྱུད་ནང་བསྟན་པའི་བླ་མ་ཞིག་ཡིན་རབས་བརྗོད་ཀྱི་ཡོད། དེས་ན་རང་ཉིད་ལ་མིང་ཆས་བཟོས་པ་དེས། བསྟན་པ་སྤྱི་ལ་གནོད་ཚབས་ཆེན་པོ་ཡོད་པ་ཤེས་ངེས་རེད། རྩོད་པ་དེའི་གླེང་གཞི་ཁོ་རང་གི་ནང་དུའང་བོད་རྒྱུད་ནང་པའི་རྩོད་སྙོག་ཞེས་བྲིས་འདུག་ཀ འོན་ཀྱང་། བསོད་རྒྱལ་ལ་བདེན་དཔང་མེད་ཙང་དེ་མུར་ལུས་པ་རེད། བྱས་ཙང་། རང་ཉིད་ཀྱི་ཆོས་རྒྱུད་ཀྱི་དུག་ཆུས་མྱོས་པ་དང་། ཡང་ན་ཕ ཡུལ་གཅིག་པའི་ཞེན་ཁོག་ིག་སྐད་ཆ་དེ་ཚོ་བཞག་ནས་དྲང་བདེན་བརྗོད་དགོས་པ་རེད། མ་གཞི་ནས་མི་ཁྱོད་ཚོའི་གྲས་ག་དུས་ཡིན་རུང་ལྐུག་པ་ཨུ་ཚུགས་ཁོ་རང་ཡིན་པ།
ང་ཚོ་བོད་མི་རིགས་འདི་གཞན་ལ་མེད་པའི་ཁྱེད་ཆོས་གཅིག་ནི་སྔ་བར་ཕྱི་གསུམ་ལ་ཁ་ནང་ལ་བསྐོར་ནས་སྐྱོན་བརྗོད་སྐུར་འདེབ་ཟུར་ཟ་དཀྲུག་ཤིང་ཀྱིས་དུས་འདའ་བར་བྱེད་འདུགོ་།
དགའ་ལྡན་ཕོ་བྲང་ཚང་གི་གཟོབ་མ་གཏོགས། གནའ་བོའི་དུས་སུ་གནམ་ཁེབས་ས། ད་ལྷམ་མཐིལ་ཡང་ཡང་འགེབས་ཐུབ་པ་ཁག་པོ་རེད། མ་འོངས་པར་སེན་རྗེས་ཀྱང་དགབ་མི་ཐུབ་པ་ཕར་བལྟས་ཚུར་གཟིགས་རེད། ད་ལྟ་གོང་ས་མཆོག་གི་མཛད་འཕྲིན་ཁོ་ནས་ཁྱེད་རང་ཚོ་སྐྱབས་ནས་བསྡད་ཡོད་རེད། གོང་ས་འདས་རྗེས་སུ་མགོ་འབུར་ས་རག་མི་ཡོང་། ཁྱོད་ཚོས་འདི་འདྲ་ཤ་སྟག་གྱིས་ལ་སྡོད་དང་བོད་པ་ཚོས་མགོ་བཅགས་ཡོང་་་་་་
ཁ་བ་རི་བ་མགོ་མ་ཚོས་གོང་ནས་ལྕེ་ལ་སྙབ་མ་འདུག ཤར་ནུབ་ཀྱི་མི་རིགས་དང་། སྲིད་གཞུང་བར་གྱི་འགལ་ཟླ་མཐོང་མྱོང་མེད་པས།
སྨིན་གླིང་སྐུ་མཆེད་དབུ་བཅད། བདུད་རིན་པོ་ཆེ་བཙོན་ཁང་ལ་བཅུགས། གྲུབ་དབང་པདྨ་ནོར་བུ་ལ་དུག་དྲངས། རྣམ་གླིང་གཏོར་བའི་གྲབ་བྱས། འདི་འདྲ་ཧ་ཅང་གི་མང་པོ་རེད། ཁོང་རྣམ་པ་ཚོ་བྱང་ཆུབ་སེམས་དཔའ་རེད། དགེ་སྦྱོང་ཆོས་བཞི་ལས་མི་འདའ་མཁན་ཤ་སྟག་རེད།
ང་ནི་ཐད་གར་སྐྱོན་ཡོན་ལ་བལྟས་ཏེ་དགག་གཞག་བྱ་བ་ལས་མདུན་ལམ་ལ་བསམ་བློ་གཏོང་མཁན་གྲས་མིན། གསར་རྙིང་རིས་མེད་ཀྱི་དགེ་བའི་བཤེས་གཉེན་རྣམ་པས་བསྟན་པ་རྣལ་མ་སུས་འཛིན་ན་དེ་ལ་དད་པ་ཡོད་མཁན་དང་། གུས་བཀུར་བྱེད་མཁན་ཅིག་ཡིན།
དགའ་ལྡན་ཕོ་བྲང་གིས་བཙན་བྱོལ་དུ་ཆོས་བརྒྱུད་དགེ་ལྡན་པ་ལས་གཞན་པའི་ཆོས་བརྒྱུད་ཚོར་རོགས་པ་ག་ཚོད་བྱས་ཡོད། ཕྱི་རྒྱལ་ཁག་གི་ཆོས་ཚོགས་ཁག་ལ་མཐུན་རྐྱེན་ག་ཚོད་བསྐྲུན་ཡོད།
བོད་གཞུང་ཞེས་པ་དེ་དགེ་ལྡན་པ་གཅིག་པུའི་རེད་དམ། ཡང་ན་ཆོས་བརྒྱུད་མི་རིགས་དང་བཅས་པས་རེད། གོང་ས་མཆོག་གི་མཛད་འཕྲིན་ཁག་དང་། འཐེབ་རྩ་ཚོགས་པ་བརྒྱུད་ནས་ཆོས་བརྒྱུད་གཞན་པ་ལ་རོགས་རམ་ག་ཚོད་བྱས་ཡོད།
ཆོས་བརྒྱུད་གཞན་པ་ཚོས་དཀའ་ལས་རྒྱབ་ནས་རང་གིས་བཙུགས་བཞག་པའི་དགོན་པ་དང་། ཆོས་ཚོགས་ཁག་ལ་རོགས་པ་བྱེད་མ་ཐུབ་ན་གནོད་མ་སྐྱེལ་ན་ཡག་ཤོས་རེད།
ཆོས་ལུགས་འཐེན་འཁྱེར་རེད་མ་བསམ་ཨ། ང་ཕྱོགས་ཞེན་ཆེ་འདུག་མ་བསམ་ཨ། འདི་དག་དངོས་ཡོད་གནས་ཚུལ་རེད།
བོད་ན་ཡོད་པའི་བོད་མི་ཡོད་ཚད་ཀྱིས་རྒྱལ་བ་རིན་པོ་ཆེ་དང་། བཙན་བྱོལ་བོད་གཞུང་ཟེར་བ་ཞིག་ཡོད་བསམ་ནས་ཉིན་མོ་སྨོན་ལམ་རྒྱག་ས་དང་། མཚན་མོ་རྨི་ས་དེས་ཅུང་ཙམ་གུ་ཡངས་དང་། སྤྱི་སེམས་འཆང་དགོས་པར་སེམས་སོ། །
ཁོ་བོ་ལ་མཚོན་ན་དེང་སང་གི་རྙིང་མའི་བླ་ཆེན་མིང་ཁུར་འཆང་བུ་འདི་ཚོ་དང་། བཀའ་བརྒྱུད་ས་སྐྱ་དགེ་ལྡན་དང་བཅས་པའི་བླ་རྒན་ཕལ་ཆེ་བར་རེ་བ་གང་ཡང་མེད། ཆོས་ཕལ་ཆེ་བ་ཞུས་ཚར་ཡིན། ད་ལྟ་ཅུང་ཟད་ལུས་ཡོད་པ་དེ་གསར་རྙིང་རིས་མེད་ཀྱི་མིང་གྲགས་ཡོད་མེད་ལ་མ་ལྟོས་པར་བླ་རྒན་ཚད་ལྡན་ཚོའི་གམ་དུ་བཅར་ནས་ཞུ་འདོད་ཡོད།
སྤྱི་ཚོགས་ནང་དོན་མེད་དཀྲོགས་གཏམ་མ་སྤེལ་ན་ཡག་པོ་ཡོད་རེད། བསོད་རྒྱལ་གྱི་རྙོག་གླེང་དེའི་ནང་༸གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་གཉིས་མཉམ་བསྲེས་བྱེད་དགོས་དོན་མིན་འདུག རང་ཉིད་སྒེར་གྱི་སེམས་ནད་དེའི་སྤྱི་ཚོགས་དང་བཙན་བྱོལ་སྒྲིག་འཛུགས་དེ་བཞིན་རྒྱལ་བའི་མཛད་ཕྲིན་དང་ཐེབས་རྩ་ཁག་གི་སྟེང་གཡོག་ན་ཀླད་མེད་རེད། བསོད་རྒྱལ་རང་ཉིད་དཀར་ནག་གང་ཡིན་ཁྲིམས་ཀྱི་གནད་དོན་འོག་ཐག་གཅོད་བྱེད་ཀྱི་རེད། དེར་སེམས་འཕྲལ་དང་དོན་མེད་རྙོག་གླེང་འཆལ་གཏམ་སྤེལ་ཚེ་ཕན་ལས་གནོད་ཆེ། སྤྱིར་༸རྒྱལ་བ་ཉིད་བཙན་བྱོལ་དུ་འབྱོར་བ་ནས་བཟུང་བསྟན་པ་སྤྱི་དང་ཡང་སྒོས་ཆོས་བརྒྱུད་ཆེན་པོའི་བཞིའི་གོང་འཕེལ་དང་ཉམས་ལེན་གང་ལེགས་ཡོང་ཆེད་འབད་བརྩོན་གནང་བ་བརྗོད་མི་དགོས།
ཁྱེད་ཀྱིས་་་་་བོད་གཞུང་ཞེས་པ་དེ་དགེ་ལྡན་པ་གཅིག་པུའི་རེད་དམ། ཡང་ན་ཆོས་བརྒྱུད་མི་རིགས་དང་བཅས་པས་རེད། གོང་ས་མཆོག་གི་མཛད་འཕྲིན་ཁག་དང་། འཐེབ་རྩ་ཚོགས་པ་བརྒྱུད་ནས་ཆོས་བརྒྱུད་གཞན་པ་ལ་རོགས་རམ་ག་ཚོད་བྱས་ཡོད།་་ཞེས་བརྗོད་པར་ངོས་ལེན་མེད། གཅིག་བྱས་ན་གནས་ཚུལ་ཡོངས་མེ་ཤེས་པའི་དབང་གི་འཁྲུལ་པ་ཡིན་སྲིད། བཙན་བྱོལ་སྒྲིག་འཛུགས་དེ་ཆོས་ལུགས་རིས་མེད་དང་ཕོ་མོ་འདྲ་མཉམ་ཡིན་པ་བཅའ་ཁྲིམས་ནང་གསལ་རེད། ཆོས་བརྒྱུད་ཆོན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་སྤྱི་མཐུས་ཡོད་པ་མི་ཤེས་སམ། ༸གོང་ས་མཆོག་གི་མཛད་ཕྲིན་ཁག་ནང་ད་བར་ཆོས་ལུགས་འདྲ་མཉམ་ཆེད་མཛད་པ་བསམ་མེད་བསྐྱངས་ཡོད་པ་ཕལ་ཆེར་ཁྱེད་ཀྱི་བརྗེད་པ་འདྲ།
གང་ལྟར་འཐེབ་རྩ་ཚོགས་པ་བརྒྱུད་ནས་ཆོས་བརྒྱུད་གཞན་ལ་རོགས་རམ་ག་ཚོད་བྱས་ཡོད་མེད་འཐེབ་རྩ་ཁག་ལ་ཐད་ཀར་དྲིས་དང་ཤེས་གསལ་རེད། ཕྱི་རྒྱལ་དུ་ཡོད་པའི་བླ་མ་བླ་སྤྲུལ་རྣམས་ཀྱི་སྒེར་གྱི་ཆོས་ཚོགས་རྣམས་ལ་༸གོང་ས་མཆོག་དང་། འཐེབ་རྩ་ཚོགས་པ་ཁག དེ་བཞིན་བཙན་བྱོལ་སྒྲིག་འཛུགས་ནས་རོགས་རམ་བྱེད་དགོས་དོན་གང་ཡང་མ་མཐོང་།
ད་བྱས་ནས་ཕྱི་རྒྱལ་དུ་ཡོད་པའི་བླ་མ་བླ་སྤྲུལ་རྣམས་ཀྱི་སྒེར་གྱི་ཆོས་ཚོགས་རྣམས་ནས་ད་བར་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་འཚོ་བ་དང་དཔལ་འབྱོར་སོགས་གང་ཅིའི་ཐད་ལ་རོགས་རམ་བྱེད་བཞག་པ་ག་རེ་ཡོད།
ཨོ་རྒྱན་ཉི་མའ་ིསེམས་ལ་ན་ཚ་འདུག མི་དེ་ཚོའི་གྲས་སེམས་ནད་ཅན་ཡིན་དུས་གནས་ལུགས་རྒྱུ་མཚན་ཡང་དག་ག་ཚོད་བཤད་ཀྱང་བོང་བུའི་རྣ་བར་གསེར་བླུག་པ་དང་ཁྱད་མེད་རེད།
ཨ་ཁ་སྙིང་རྗེ། ངས་ཁྱོད་ལ་སྨྱོ་ནད་སྨན་ཁང་ཞིག་ངོ་སྤྲོད་བྱས་ཆོག ཨོ་རྒྱན་ཉི་མ་ཁྱོད་སྨན་ཁང་འདིར་ལམ་སེང་རྒྱུགས་ཤིག
http://bhsiclinics.com/welcome.htm
བོད་སྐད་དུ་མི་འདུག་པས་་་་
https://buddhism-controversy-blog.com/2017/08/18/on-dzongsar-khyentse-rinpoches-statement-from-a-reader-of-the-new-york-times/
་་་་་་་་་་ བོད་ན་ཡོད་པའི་བོད་མི་ཡོད་ཚད་ཀྱིས་རྒྱལ་བ་རིན་པོ་ཆེ་དང་། བཙན་བྱོལ་བོད་གཞུང་ཟེར་བ་ཞིག་ཡོད་བསམ་ནས་ཉིན་མོ་སྨོན་ལམ་རྒྱག་ས་དང་། མཚན་མོ་རྨི་ས་དེས་ཅུང་ཙམ་གུ་ཡངས་དང་། སྤྱི་སེམས་འཆང་དགོས་པར་སེམས་སོ། །་་་་་་་་་་
གཞང་བཙོང་མ་ཚོས་བསོད་རྒྱལ་ལ་དུག་སྤྲདཔའི་སྟེང་། གོང་ས་མཆོག་དང་། དགའ་ལྡན་ཕོ་བྲང་གིས་སྨན་ལོག་སྤྲད་པ་དང་གཅིག་པ་རེད།
ཨོ་རྒྱན་ཉི་མ།
ཨོ་རྒྱན། ༸གོང་ས་མཆོག་ལ་མི་དད། ཉི་མས། དགའ་ལྡན་ཕོ་བྲང་ལ་ཕྲག་པ་དོག ཧ་ཧ།།
བསོད་རྒྱལ་རྒྱབ་ལ་ཨྱོན་ཉི་མ་ལངས་པ་དེ་བྱི་ལའི་རྒྱབ་ལ་ཙི་ཙི་ལངས་ནས་ཤ་ཅི་ལ་ཟ་མི་ཆོག་པ་རེད་ཟེར་བ་ལྟ་བུ་རེད།
ང་དད་པ་ཡོད་མེད་ཀྱི་སྐད་ཆ་ཞིག་གིས་ཐག་ཆོད་པ་ཞིག་རྩ་བ་ནས་མ་རེད།
གོང་ས་མཆོག་གིས་བཀའ་སློབ་དེ་ཡང་ན་ལོ་གཅིག་སྔ་དགོས་རེད། ཡང་ན་ལོ་གཅིག་ཕྱི་དགོས་རེད། ནང་པའི་ན་གཞོན་ཚོགས་ཆེན་འཚོགས་མ་ཐག་དང་། བསོད་རྒྱལ་དེར་མཉམ་ཞུགས་བྱས་པ་དང་རིག་པ་ཆོས་ཚོགས་དང་། དགའ་ལྡན་ཕོ་བྲང་གཉིས་འུར་ལང་བ་ལ་རྒྱུ་མཚན་གཅིག་ལས་མེད། དེ་ནི་གོ་ཤོར་དོགས་དང་། ཕྲག་དོག་རེད།
ཁ་སང་ཧྥི་རན་སའི་སྨོ་བོ་ཞིག་གིས་ད་བླ་མ་ཟེར་བ་ཡིད་ཆེས་མེད། ང་ཚོ་ཡེ་ཤུ་ལ་ཕྱིར་སློག་བྱ་རྒྱུ་ཡིན་ཟེར། དེ་ནི་གོང་ས་མཆོག་གི་བཀའ་སློབ་དེ་སྐད་ཡིག་འདྲ་མིན་དང་། བརྙན་འཕྲིན་འདྲ་མིན་ནང་དར་ཁྱབ་ཧ་ཅང་ཆེ་བས་རེད། འདིས་ནི་ནང་པ་སྤྱི་ལ་ཧ་ཅང་གནོད་ཚབ་ཆེན་པོ་བཟོས་སོང་ངོ་།།
ཕལ་ཆེར་གོང་ས་མཆོག་གིས་གང་ཟག་སྒེར་ལ་དམིགས་ཀྱིས་བཀར་ཏེ་ཐེར་འདོན་བྱས་པ་ཐེངས་དང་པོ་ཡིན་རྒྱུ་རེད།
ངས་ནི་སྔར་ཡང་གོང་ས་མཆོག་གི་སྤྱན་སྔར་ཆོས་ཞུས་དབང་ཞུས་བྱས་པ་ཡིན། ད་དུང་ཡང་ཞུ་འཆར་ཡོད། དད་པ་ཡང་ཡོད།
ཁོ་བོ་ལ་དགའ་ལྡན་ཕོ་བྲང་། གོང་ས་མཆོག གསེར་རྟའི་ཆོས་སྒར། བསོད་རྒྱལ། རིག་པ་ཆོས་ཚོགས་རྣམས་ཀྱི་ཁུར་སྟངས་གཏན་ནས་མེད་ཀྱང་། ཚིག་གསུམ་སྐད་ཆ་མ་བཤད་ན། ཕ་ཨ་ཁུ་ཡིན་ཡང་གོ་བརྡ་མི་འཕྲོད། གོམ་གསུམ་གོམ་པ་མ་སྤོས་ན་སྒོ་ཐེམ་ཡིན་ཡང་བརྒལ་མི་ཐུབ་ཟེར་བ་བཞིན། རྒྱུ་མཚན་ཅུང་ཟད་མ་སྨྲས་ན་མི་ཆེན་བླ་ཆེན་ཟེར་བ་ཚོས་ཉམས་འཇོག་རྩ་བ་ནས་བྱེད་ཀྱི་མི་འདུག་ལ། དེ་བཞིན་གཞན་ལ་བྱུས་ཏོག་བྱ་བ་ལ་དགའ་བའི་གང་ཟག་ཅིག་དང་། མ་དྲང་བ་དང་། མི་འགྲིགས་པ་ཞིག་བྱེད་ཡོང་དུས་དེ་ལ་ལན་ཞིག་མ་བཏབ་ན། འདུག་མི་ཐུབ་མཁན་ཞིག་ཡིན། ད་དུང་བདག་ནི་ཆོས་ལུགས་དང་། སྤྱི་ཚོགས་ཉམས་ཞིབ་པ་ཞིག་ཡིན་པའི་ཆ་ནས། ཆོས་ལུགས་ཀྱི་ཆགས་འཇིག་དང་། སྤྱི་ཚོགས་ཀྱི་བདེ་སྡུག་ལ་སེམས་ཁུར་ཆེན་པོ་ཡོད་མཁན་དང་། དེ་ལ་རྒྱུས་ལོན་བྱ་བ་ལ་དགའ་བའི་གང་ཟག་ཅིག་ཀྱང་ཡིན། ༢༠༠༨་ནས་ད་ལྟ་བར་འཛམ་གླིང་ཤར་ནུབ་གཉིས་ཀྱི་ཨ་རིའི་ལྷོ་བྱང་གཉིས་ལས་གཞན་པའི་གླིང་ཆེན་ཁག་གི་ཡུལ་གྲུ་མང་པོ་ཞིག་ལ་འགྲོ་ཚར་བ་ཡིན། དེ་དག་ཏུ་ཕྱིན་པའི་དུས་སུ་ཡུལ་ལུང་དེའི་ཆོས་ལུགས་དང་། རིག་གཞུང་། མི་རིགས་བཅས་ཀྱི་བདེ་སྡུག་དང་། འཕེལ་འགྲིབ་ལ་བསམ་བློ་གཏོང་བ་ལས། དངུལ་རག་ཐབས་ལ་གང་ཡང་བརྩོན་མེད།
ཚང་མ་ལ་བཀྲ་ཤིས་བདེ་ལེགས།
ངན་པའི་ས་མཐའ་སྐོར་ན་ཡང་།སྐྱོན་གྱིས་རིགས་རྣམ་སྡུད་པར་བྱེད་།ཞེསདང།ཁ་ཏའི་མི་གཙང་ཟོས་པའི་མཆུ་།ས་གཙང་གཞན་ལ་འབད་ཏེ་འབྱིད་། ཟེར་བ་ལོས་བདེན་རྣམས་པ་ཚོ་།
ཁ་སང་དེ་རིང་མགོ་སེར་ཞིག་ལ་མགོ་འཁོར་ནས་སྡོད་སྐབས། ཁ་བརྡ་མཆན་འདི་འདྲ་མང་པོ་བསླེབས་འདུག
དང་པོ་ཨོ་རྒྱན་ཉི་མར་ཐུགས་རྗེ་ཆེ་ཞུ། xxxxxx
གཉིས་པ། ཟ་ཟུར་ལ་གནས་ཡོད། རྒྱལ་བ་རིན་པོ་ཆེ་གང་གསུངས་ཀྱང་དེ་ལ་ངོ་རྒོལ་བྱེད་མཁན་ཡོང་རྒྱུ་ཉག་གཅིག་རེད། བསོད་རྒྱལ་རིན་པོ་ཆེར་རྒྱབ་སྐྱོར་བྱས་ན། ཕྱི་རྒྱལ་མགོ་སེར་དང་ཤུགས་ལྡན་ཚོགས་པ། འཐབ་ཕྱོགས་གཅིག་གྱུར་པུ་ཡོང་ནས་རྒྱལ་བ་རིན་པ་ཆེ་ཁ་ཞེ་གཉིས་མེད་མ་རེད་ཟེར་གྱི་རེད། བསོད་རྒྱལ་ནོར་བཞག་ཟེར་ན། རྒྱལ་བ་རིན་པོ་ཆེ་རྟག་ཏུ་ནག་པོ་མཐོང་སྡོད་མཁན་ཨོ་རྒྱན་ཉི་མ་སོགས་ཐོན་ཡོང་གི་རེད།
ཡིན་ནའང་། བློ་གཟུ་བོར་གནས་ན། བསོད་རྒྱལ་རིན་པོ་ཆེ་འགྲིགས་ཤག་ཅེས་མི་རྩ་ཐང་བ་ཞིག་གི་ཁ་ནས་ཡོང་ཐབས་མེད། བསོད་རྒྱལ་རིན་པོ་ཆེའི་གྲོགས་པོ་ཉེ་ཤོས། དིལ་རྒྱུ་མཁྱེན་བརྩེའི་ཕྱག་མཛོད་ཕ་རན་སི་མི་ཡིན་པ་མ་ཐེའུ་ཞུ་མཁན་ཁོང་གིས་བསོད་རྒྱལ་རིན་པོ་ཆེ་ནོར་སོང་། གསང་སྔགས་བསྟན་པར་གནོད་འཚེ་ཆེན་པོ་བགྱིས་སོང་གསུངས་སོང་། དེ་བཞིན་སྔོན་མ་ནས་གསང་སྔགས་རྙིང་མའི་ཚད་ལྡན་བླ་མ་པད་ནོར་རིན་པོ་ཆེ་དང་། རྡོ་གྲུབ་ཆེན། དེ་བཞིན་དིལ་རྒུ་མཁྱེན་བརྩེ་རིན་པོ་ཆེའི་ཆོས་ཚོགས་ཁག་ཏུ་སྔོན་མ་ནས་བསོད་རྒྱལ་རིན་པོ་ཆེ་གསུང་ཆོས་ལ་གདན་ཞུ་བྱེད་ཆོག་གི་མེད། བུད་མེད་སོགས་ཀྱི་རྙོག་ཁྲ་ཆེན་པོ་སྔོན་མ་ནས་ཡོད་ཙང་རེད། བྱས་ན་ཁོང་རྣམ་པས་བསོད་རྒྱལ་རིན་པོ་ཆེ་སྐད་གྲགས་ཆེན་པོ་ཡོད་པ་མཁྱེན་བཞིན་དུ་བསོད་རྒྱལ་རིན་པོ་ཆེའི་མཚན་མ་ཐོས་པ་རེད་དམ། བསོད་རྒྱལ་རིན་པོ་ཆེའི་ཆོས་ཚོགས་ལ་རྡོ་གྲུབ་ཆེན་དང་ས་སྐྱ་གོང་མ།་པད་ནོར་རིན་པོ་ཆེ་སོགས་མ་ཕེབས་པ་འདི་བསོད་རྒྱལ་རིན་པོ་ཆེ་ཤུགས་བསྟན་བསྟེན་པར་དྭོགས་པ་ལངས་པ་ཡིན་གྱི་མ་རེད།
ད་རེས་རྙིང་མའི་སྐྱེས་ཆེན་སུ་ཞིག་གིས་ཀྱང་བསོད་རྒྱལ་གྱི་རྒྱབ་ལ་ལངས་མ་སོང་བས། རྒྱུ་མཚན་ནི་ཁོང་གི་སྤྱོད་པས་གསང་ཆེན་བསྟན་པ་འདི་ལ་རྨ་ཆེན་པོ་སྦྱིན་བཞིན་པས་རེད།
ས་སྐྱའི་རྫོང་གསར་མཁྱེན་བརྩེ་ལ་ཨོ་རྒྱན་སྟོབས་རྒྱལ་གྱིས་ཞུ་བ་ཕུལ་ནས་ཁོང་གིས་བསོད་རྒྱལ་ལ་རྒྱབ་སྐྱོར་རྩོམ་ཡིག་མགོ་ཉོག་ཅན་ཞིག་བྲིས་འདུག རྫོང་གསར་མཁྱེན་བརྩེ་ཕྱོགས་ལྷུང་ཅན་ཡིན་པ་ད་རེས་གཞི་ནས་ཤེས་སོང་། སྔོན་མ་ཁོང་གཟུ་བོར་གནས་པའི་སྐྱེས་བུ་ཞིག་རེད་བསམས་མྱོང་།
ཟུར་གནས། གདོན་ཟུར་ཕོག་པའི་ཕྱོགས་རེས་ཅན་དེར། རྙིང་མའི་བླ་མས་རྒྱབ་རྩ་བྱས་མ་སོང་ཞེས་བཤད་པ་དེར། ཁྱོད་རྙིང་བླ་ཆེན་བཀའ་དྲི་ཞུས་སམ། ཡང་ན་རྒྱབ་རྩ་ལང་མ་སོང་ཟེར་དུས། དགེ་ལུགས་དོ་རྒྱལ་གསོ་མཁན་འདྲ་བོ་མི་བསད། སྐད་འབོད་བཟོ། རྒྱ་དམར་ནད་གོར་མོ་ལེན་པ་ལྟ་བུ་ལ་གོ་དགོས་སམ། རིག་པ་ཆོས་ཚོགས་ལ་རྒྱབ་སྐྱོར་ཡོད་རེད། བས྄ོད་རྒྱལ་རིན་པོ་ཆེས་ཕྱག་ལས་ནོ་སོང་བ་དེར་བློ་ཕམ་ཡོད་། མ་ཟད་༧ གོང་ས་མཆོག་ནས་ཏོག་ཙམ་ཆོས་ཚོགས་དེར་ཐོ་བ་ཞུས་པ་འངྲ་བོ་་སྟོར་རྐྱེན་བྱུང་སིང་བསམ་པའི་བློ་ཕམ་ཡང་བྱུང་ཡོད་རེད། འོན་ཀྱང་༧གོང་ས་མཆོག་ནི་བླ་སློབ་དམ་ཚིག་ལ་བརྩི་དགོས་གཤིས་དུས་ནམ་ཡང་དགེ་ལུགས་པ་ལ་ལ་ལྟ་བུ་བསད་རེས་དང་། ཞུ་རེས་དུས་ནམ་ཡང་བཟོ་མི་ཡོང་། ༧ གོང་ས་མཆོག་ནས་སློབ་དཔོན་དབྱིག་གཉེན་ལའང་མཁས་པ་ཆེན་པོ་རེད་འོན་ཀྱང་ འཇིག་རྟེན་ཆགས་ལུགས་རྣམ་བཞག་ལ་མོས་མཐུན་མེད་གསུང་ཆོག་དུས། ང་ཚོས་༧ གོང་ས་གསུང་ལ་གུས་བཀུར་ཡོད་ཀྱང་ཁ་སང་གནས་ཚུལ་དེར་མེ་ནང་དུ་སྣུམ་རླུག་པ་དེར་མོས་མཐུན་མེང།
ཟུར་གནས། གདོན་ཟུར་ཕོག་པའི་ཕྱོགས་རེས་ཅན་དེར། རྙིང་མའི་བླ་མས་རྒྱབ་རྩ་བྱས་མ་སོང་ཞེས་བཤད་པ་དེར། ཁྱོད་རྙིང་བླ་ཆེན་བཀའ་དྲི་ཞུས་སམ། ཡང་ན་རྒྱབ་རྩ་ལང་མ་སོང་ཟེར་དུས། དགེ་ལུགས་དོ་རྒྱལ་གསོ་མཁན་འདྲ་བོ་མི་བསད། སྐད་འབོད་བཟོ། རྒྱ་དམར་ནད་གོར་མོ་ལེན་པ་ལྟ་བུ་ལ་གོ་དགོས་སམ། རིག་པ་ཆོས་ཚོགས་ལ་རྒྱབ་སྐྱོར་ཡོད་རེད། བས྄ོད་རྒྱལ་རིན་པོ་ཆེས་ཕྱག་ལས་ནོ་སོང་བ་དེར་བློ་ཕམ་ཡོད་། མ་ཟད་༧ གོང་ས་མཆོག་ནས་ཏོག་ཙམ་ཆོས་ཚོགས་དེར་ཐོ་བ་ཞུས་པ་འངྲ་བོ་་སྟོར་རྐྱེན་བྱུང་སིང་བསམ་པའི་བློ་ཕམ་ཡང་བྱུང་ཡོད་རེད། འོན་ཀྱང་༧གོང་ས་མཆོག་ནི་བླ་སློབ་དམ་ཚིག་ལ་བརྩི་དགོས་གཤིས་དུས་ནམ་ཡང་དགེ་ལུགས་པ་ལ་ལ་ལྟ་བུ་བསད་རེས་དང་། ཞུ་རེས་དུས་ནམ་ཡང་བཟོ་མི་ཡོང་། ༧ གོང་ས་མཆོག་ནས་སློབ་དཔོན་དབྱིག་གཉེན་ལའང་མཁས་པ་ཆེན་པོ་རེད་འོན་ཀྱང་ འཇིག་རྟེན་ཆགས་ལུགས་རྣམ་བཞག་ལ་མོས་མཐུན་མེད་གསུང་ཆོག་དུས། ང་ཚོས་༧ གོང་ས་གསུང་ལ་གུས་བཀུར་ཡོད་ཀྱང་ཁ་སང་གནས་ཚུལ་དེར་མེ་ནང་དུ་སྣུམ་རླུག་པ་དེར་མོས་མཐུན་མེང།
བསོད་རྒྱལ་མཆོག་ལ་དགའ་མོས་ཡོད་ཀྱང་། ༸གོང་ས་མཆོག་གི་གསུང་ལ་རྒྱབ་སྐྱོར་བརྒྱ་ཆ་སྟོང་ཐམ་པ་ཡོད་དོ།།
བསོ་རྒྱལ་བླ་མས་ནོར་འཁྲུལ་བཏང་བ་ལ་ཡང་ཡིད་ཆེས་ཡོད། དེ་ལས་ཀྱང་ངན་པ་ནི། ཁོང་གི་དེག་ཕྲུག་ཏུ་བརྫུས་ན་ས་འོངས་མཁན་མགོ་སེར་སྤྲེའུ་རིགས་ལ་ཡང་དྭོགས་ཟོན་གྱིས། ཞེས་ལན་བརྒྱར་གསོལ་འདེབས་ཞུའོ།།
རྫོང་སར་མཁྱེན་བརྩེས་བླ་སློབ་ཀྱི་འབྲེལ་བ་དང་། དམ་ཚིག་སྐོར་གསུངས་འདུག་སྟེ། དེས་ཕན་ཐོགས་ན་རྙོག་དྲ་དེ་འདྲ་བཟོ་ལེ་མ་རེད། དགོས་རྒྱུ་ངོ་མ་དེ་ཚུར་རྨ་ཐོག་གྲི་བཙུགས་པ་བཞིན། ཕར་རྒྱུ་མཚན་རྣམ་དག་གི་ལམ་ནས་རིགས་པས་ཚར་གཅོད་རེད། ཆོས་བཤད་ནས་དེ་ཚོར་ཕན་ཐོགས་ཡོད་ལེ་མ་རེད། ཆོས་དྲེད་ཆོས་ཀྱིས་མི་ཐུལ། མར་ལྐོག་སྣུམ་གྱིས་མི་ཐུལ་ཟེར་བ་རེད།
ཨོ་རྒྱན་ཉི་མའ་ིསེམས་ལ་ན་ཚ་འདུག མི་དེ་ཚོའི་གྲས་སེམས་ནད་ཅན་ཡིན་དུས་གནས་ལུགས་རྒྱུ་མཚན་ཡང་དག་ག་ཚོད་བཤད་ཀྱང་བོང་བུའི་རྣ་བར་གསེར་བླུག་པ་དང་ཁྱད་མེད་རེད།
ཨ་ཁ་སྙིང་རྗེ། ངས་ཁྱོད་ལ་སྨྱོ་ནད་སྨན་ཁང་ཞིག་ངོ་སྤྲོད་བྱས་ཆོག ཨོ་རྒྱན་ཉི་མ་ཁྱོད་སྨན་ཁང་འདིར་ལམ་སེང་རྒྱུགས་ཤིག
http://bhsiclinics.com/welcome.htm
ད་བར་རྙིང་མའི་བླ་མ་བཀའ་དྲིན་ཅན་ཚོས་ཆོས་བཞིན་དུ་སྤྱད་དེ་དགེ་སྦྱོང་གི་ཆོས་བཞི་དང་། བདག་བས་གཞན་གཅེས་ཉམས་ལེན་བྱས་པ་རེད། ད་དུང་ཉམས་ལེན་གནང་མཁན་ཚོས་གནང་རོགས་ཀྱིས། ད་དུང་དགའ་ལྡན་ཕོ་བྲང་གིས་མ་བཞག་ན་མི་ལོ་སུམ་བརྒྱ་ལྷག་ལ་བརྙས་བཅོས་བྱེད་ཚད་ཆ་ཚང་བགྲང་སྟེ། རྒྱལ་སྤྱིའི་ཁྲིམས་ལ་གཏུག་དགོས་རེད།
ཨོ་རྒྱན་ཉི་མའི་སེམས་ལ་ན་ཚ་འདུག་ཟེར་མཁན་ཚོ་ལ་བཤད་རྒྱུ་ཞིག་ཡོད། ངས་བལྟས་ན་སེམས་ལ་ན་ཚ་ཟེར་ནའང་འདྲ། སེམས་འདུལ་བ་ཟེར་ནའང་འདྲ། རྨོངས་དད་ཟེར་ནའང་ཆོག རང་གི་ཆོས་ལུགས་་མཆོག་འཛིན་ཅན་ཟེར་ནའང་རེད། རང་གི་བླ་སྤྲུལ་མཆོག་འཛིན་ཅན་ཟེར་ནའང་བདེན། མདོ་ན་བོད་མི་མང་པོའི་སེམས་ཁམས་སུ་ན་ཚ་ལྟ་བུ་ཞིག་ཡོད་པ་ནི་གཅིག་མཚུངས་རེད་མ་གཏོགས་ཨོ་ཉི་བཀོར་ཁུག་གཅིག་པོ་མ་རེད།
ངས་སྐབས་རེ་ལ་བོད་མི་མང་པོ་སྨྱོན་པ་ལྟ་བུ་མཐོང་གི་འདུག ཆོས་ལུགས་ཀྱིས་སེམས་ཁམས་སུ་བཏབ་པའི་ན་ཚ་དེ་ཡོད་པའི་མི་རྣམས་ནི་བླུན་རྟགས་ཚ་པོ་རེད། གཞན་གྱི་སྲོག་ལ་རྒོལ་ཐུབ་པ་མ་ཟད་རང་སྲོག་ལ་ཡང་རྒོལ་ཐུབ་ཀྱི་རེད། དཔེ་ན་ཁ་ཆེ་དྲག་སྤྱོད་ཚོ་ལྟ་བུ་རེད།
རང་ཆོས་དང་རང་གི་བླ་སྤྲུལ་མཆོག་འཛིན་ཅན་གྱི་མི་རྣམས་ལ་གནས་ལུགས་དང་རྒྱུ་མཚན་ཟེར་བ་ཤིག་འགྲོ་ས་ཡོད་མ་རེད། ཁོ་ཚོས་རང་ཆོས་ཚད་མ་དང་རང་གི་བླ་མ་ཚད་མ་འཛིན་གྱི་རེད་ད་་་་་ཧཧཧ ཨོ་ཉི་ལ་ལབ་མཁན་ཚོས་སོ་སོའི་སེམས་ཁམས་ལ་ཡང་ན་ཚ་ཡོད་པ་ཤེས་པ་བྱོས་ཅེས་ཞུ་རྒྱུ་ཡིན།
ངའི་སེམས་ནད་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གིས་མ་ཐུལ་ན། སྨྱོན་པས་སྨྱོན་པ་ཐུལ་ལེ་མ་རེད་ལོ། ཁ་རོག་གེར་སྡོད།
སེམས་ཁམས་ཆོས་ནད་ཅན་གྱི་སྤྱི་ཚོགས་ནང་།
རྨོངས་དད་མེད་པའི་བུ་རྣམས་ཉམ་རེ་ཆུང་།
རང་ཆོས་ཚད་མ་འཛིན་པའི་སྤྱི་ཚོགས་ནང་།
རྟོག་གེ་རིག་པའི་བུ་རྣམས་ཡིད་རེ་སྐྱོ།
ལྐོག་ཟ་རུལ་སུངས་ཅན་གྱི་སྤྱི་ཚོགས་ནང་།
ཉམ་ཐག་བཙན་བྱོལ་བ་ཚོ་ལས་རེ་ངན།
རྒྱལ་བཙོང་མགོ་མཐོ་བའི་དུས་སྐབས་སུ།
རྒྱལ་གཅེས་མི་བུ་དེ་དག་མཐོང་རེ་ཆུང་།
ང་བསོད་རྒྱལ་ལ་དད་པ་མེད་ལ། བླ་མ་ཡང་མིན། མཆོག་འཛིན་ཡང་མེད། བརྙས་བཅོས་བྱས་དུས་སྐྱིད་པོ་རང་མི་འདུག རང་ཉིད་ལེགས་སུ་འདོད་པ་དང་། འཐུན་ལམ་ལ་དགའ་བ་ཚོས་ནི་ལྷ་བྱོས་ཁྱིས་འཁུར་ན་འཛུམ་མོལ་མོལ། མར་མེ་རླུང་གིས་བསྐྱོད་ན་འཛུམ་མོལ་མོལ་རེད།
གོ་ས་ཆེ་ཆུང་བསམ་བློ་བཏང་ན་བསོད་རྒྱལ་ལས་ང་མ་ཆེ་ན་མི་ཆུང་། ཐབས་སྐྱོ་བ་ཞིག་ལ་སྒོར་མོ་འདི་ང་ལ་མེད། ཧཧཧཧཧ
བློ་ཉི་ཁྱོད།
མ་རབས་ཀླ་ཀློ་ཅིག་ཡིན་པ་ད་གཞི་ནས་ཤེས་སོང་། །ད་ཁྱོད་དང་མི་རྩོད།། །།
བསོད་རྒྱལ་གྱིས་ནུབ་ཕྱོགས་ལུང་པ་ལ་ནང་བསྟན་སློབ་མ་ཁྲི་ཚོ་མང་པོ་བསྐྲུན་པ་དང་། སྐྱེ་འཆིའི་ངོ་སྤྲོད་དེབ་དེས་མང་པོ་ཞིག་ཚེ་སྲོག་ལས་སྐྱོབ་། ནང་བསྟན་ལ་དད་གུས་ཕེལ་རྐྱེན་བྱས་པ་དེར་། བསྟོད་བསྔགས་བཏང་བ་གོ་མ་སོང་། ད་ལེན་གནས་ཚུལ་འདི་ཐབས་སྐྱོ་བོ་ཡིན་ནའང་དེ
ཐོག་ལ། ཤི་བའི་སྦྲུལ་དང་འཕྲད་པ་ན་ཁ་ཏ་བཞིན་དངོས་ཤུགས་རྒྱུད་གསུམ་། དབྱིན་བོད་རྒྱ་གསུམ་ཐོག་ནས་རྡོག་བརྫིས་དང་གཉོབ་བཅོས་བྱས་པ་དེ་ནི་༧ གོང་ས་བཀའ་སྒྲུབ་པ་རེད་དམ། མཐོ་དམན་དྲག་ཞན་ཚང་མས་ཧབ་རུབ་སྦར་རུབ་བྱས་པ་དེར་ལྟ་ཡོང་དུས་སེམས་ཕམ་དཧོས་ཡག་ཞིག་དང་། བློ་ཕམ་དགོས་ཡག་ཅན་རེད་མི་འདུག་གམ། མི་སུ་ཡིན་ནའང་གནས་ཚུལ་བཟང་ངན་ཡོང་མི་སྲིད་པ་མ་རེད་པས་ད་དུང
གནས་ཚུལ་འདིའི་རིགས་ལ་འཁོན་པ་སྡུམ་ཐབས་རྩོད་པ་ཆོས་ཕྱོགས་ཞི་ཐབས་དགོས་ཡག་གལ་ཆེན་རེད་དེ་། ད་ལན་དབང་ཡོད་དབང་མེད་བཙན་བཀའ་ལྟར་སྣང་། ད་དུང་བསོད་རྒྱལ་བླ་སློབ་བར་འ
འདུམ་སྒྲིག་གནང་ཐབས་མཛད་པོ་སོགས་ལ་སྡང་ཞུགས་ཁོ་ནར་བྱས་པ་དེ་། འདི་ནི་མཐའ་གཅིག་ཏུ་ཕྱོགས་རེས་ཕྲག་དོག་གི་སྨྱོས་པ་ཅན་ཡིན་པ་གོར་མ་ཆགས། དགོངས་དགོས་ཡག་ཞིག་ལ་བསོད་རྒྱལ་གྱི་ལས་རབ་གླིང་། ཨ་ཀོང་རིན་པོ་ཆེ་བསམ་ཡས་གླིང་། རིག་པ
ཚོགས་ཆེན། དྲུང་པའི་ཤམ་བྷ་ལ། དར་ཐང་སྤྲུལ་སྐུས་ཨོ་ཌི་ཡ་ན
ཚོགས་ཆེན་དེ་དག་ནི། ཁོང་རྣམ་པས་སོ་སོས་རག་ཉིད་འཇོན་བཞག་པ་ཁོ་ན་རེད་། དངོས་ཤུགས་རྒྱུད་གང་རུང་ནས། ག་གེ་མོ་ལྟ་བུ་མ་རེད། རྒྱ་གར་གཅིག་པུ་ལྟ་བུ་དཔེ་མཚོན་ཙམ་ཞུ་ན། ཝར་ཎ་མཐོ་སློ་ངེས་སྟོན་པ་དགེ་ལྡན་པའི་བཤེས་གཉེན། དི་ལླི་བོད་ཁང་དགེ་ལྡན་པའི་བཤེས་གཉེན། བོད་ཀྱི་དཔེ་མཛོད་དགེ་ལྡན་པའི་བཤེས་གཉེན་སོགས་ལྟ་བུ་ག་ལ་ཡིན་། ངས་དེ་རྣམས་ལ་ཟུར་ཟ་དང་ཕྲག་དོག་མ་ཡིན་ཏེ། དངོས་འབྲེལ་གནས་ཚུལ་ཞུ་འཕྲོས་ཐལ། དགེ་བཤེས་ཁོང་རྣམ་པས་མཛད་པ་རྗེས་སུ་ཡི་རང་ཞུ་བ དང་བཀྲིན་རྗེས་དྲན་ཞུ་ལུས་དགོས། མཐའ་སྡོམ་དོན་མེད་ལ་བསོད་རྒྱལ་གང་ཡིན་རུང་རྒྱལ་ཁབ་དེའི་ཁྲིམས་ལུགས་ཀྱི་ཁ་དྲགས་ཡོང་གིས་རེད། ང་ཚོ་དེ་ལ་གནོད་སེམས་སྡང་ཟུག་སྨོད་ཚིག་མ
གནང་ན་རེ་ཞུ་ཞིག་ཡིན།
སླར་སྨོན་འདུན།
ནུབ་ཕྱོགས་ལས་རབ་གླིང་དང་བསམ་ཡས་གླིང་།།
བྱང་ཕྱོངས་ཤམ་བྷ་ལ་དང་ཨོ་ཌི་ཡན།།
འཚོ་བཞིན་བཞུགས་པའི་་སྐྱེས་བུ་གང་དག་དང་།།
ཞི་བར་གཟིམསས་སྲོལ་གཏོད་དམ་པ་སོགས་།།
ཕྱག་རྫོགས་བསྟན་པ་སྲིད་མཐའི་བར་དུ་གནས།།
བྲིས་འདུག་ད་དངོས་གནས་རེད་་་་་ཧ་་་་་་་་་་་་
དངོས་གནས་ལུགས་གཉིས་ཡོད་མཁན་ཞིག་གི་འགྲོ་སྟངས་བྱེད་པ་ཡིན་ན། རྡ་སའི་ཆོས་ལུགས་ཀྱི་སྤྱི་འཐུས་ཟེར་བ་མྱི་རོ་གྲལ་འདུག་ཤ་སྟག་ཡོད་པ། དེ་ཚོ་ལས་རྙིང་མའི་སྤྱི་འཐུས་ཚོས་ཚོགས་ཆུང་བཙུགས་ཏེ་བསོད་རྒྱལ་རིན་པོ་ཆེའི་གནས་ཚུལ་ཞིབ་འཇུག་བྱ་བའི་དུས་ཚོད་རེད། ཡིན་ན་ཡང་ཆོས་བརྒྱུད་སྤྱི་འཐུས་དེ་ཚོས་དགོས་རྒྱུའི་དགོན་པ་ཆེ་ཆུང་ལ་མ་ལྟོས་པར་དེ་ཚོའི་བཤད་སྒྲུབ་ལས་གསུམ། ཐོས་བསམ་སྒོམ་གསུམ། ཕྱག་བཞེས་འཕྲིན་སྒྲུབ་ཀྱི་རིགས་ཉམ་རྒུད་དུ་ཕྱིན་པ་དག་སླར་གསོ་དང་། ད་ལྟ་ཡོད་པ་མི་ཉམས་གོང་འཕེལ་གྱི་ཐབས་ལམ་ལ་མི་འབད་པར། མི་དགོས་རྒྱུའི་ཆབ་སྲིད་པའི་གྲལ་དུ་འཚང་། གོ་ས་རྩོད། སྐད་ཆ་རྡུག་ཚད་བཤད། དེ་ནས་སྐྱ་བོ་ཚོས་རྩིས་ཐང་མེད་པ་ཆགས། དེ་ཚོ་ལ་ཆོས་ལུགས་ཀྱི་མཚན་ཉིད་ཚང་གི་མི་འདུག ཆོལ་ཁའི་སྤྱི་འཐུས་རང་རེད།
རྙིང་འཐུས་ཚོས་རྙིང་མའི་བླ་ཆེན་མིང་ཁུར་ཚོ་ལ་ཞུ་དགོས་ན་འདྲ། མཁྱེན་བརྩེ་དང་ཨོ་རྒྱན་སྟོབས་རྒྱལ་སོགས་བགྲོ་དགོས་ན་རེད། འདི་རང་དགར་བསྐྱུར་མ་བཞག་མ་གཏོགས། ནུབ་ཕྱོགས་ལ་བོད་བརྒྱུད་ནང་བསྟན་ལ་ཧ་ཅང་གྱོང་གུད་ཆེན་པོ་རག་ས་རེད། དགའ་ལྡན་ཕོ་བྲང་བ་ཚོས་དྲན་ན་འཇམ་མགོན་བླ་མ་ཙོང་ཁ་བའི་བསྟན་པ་གསེར་ཞུན་ལྟ་བུ་སྤེལ་བའི་དུས་ཚོད་ཡིན་དྲན་ཡོད་ན་མི་ཤེས་ཏེ། ད་ལྟ་དེ་འདྲའི་གནས་སྟངས་ཤིག་ལ་བསྡད་མི་འདུག་གོ།
ཞིབ་འཇུག་བྱེད་ན་བརྒྱུད་རིམ་བཞི་ནས་དཔྱད་བསྡུར་བྱེད་དགོས་ཀྱིན་འདུག
༡ གོང་ས་མཆོག་གི་བཀའ་སློབ་དེའི་བརྒྱུད་རིམ།
༢ བསོད་རྒྱལ་རིན་པོ་ཆེའི་གནས་སྟངས་ཀྱི་བརྒྱུད་རིམ།
༣ བུད་མེད་དག་གི་རྒྱབ་ལྗོངས་དང་དངོས་ཀྱི་བརྒྱུད་རིམ།
༤ རིག་པ་ཆོས་ཚོགས་ཀྱི་བརྒྱུད་རིམ།
ཚོགས་ཆུང་གི་ཚོགས་གཙོ་གཅིག་དང་། ཚོགས་གཞོན་གང་ཟག་བཞི་ལ་རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག་ལ་བྱང་བའི་ཚོགས་མི་འགའ་ཞིག་བཅས། ད་ལྟ་མ་སྔ་མ་ཕྱི་རེད།
མྱི་རོ་གྲལ་འདུག་ཅེས་པ་ཐལ་སོང་བ་འདྲ། མཐོལ་ལོ་བཤགས་སོ།
༼ནང་པའི་ན་གཞོན་ཚོགས་ཆེན་འཚོགས་མ་ཐག་དང་། བསོད་རྒྱལ་དེར་མཉམ་ཞུགས་བྱས་པ་དང་རིག་པ་ཆོས་ཚོགས་དང་། དགའ་ལྡན་ཕོ་བྲང་གཉིས་འུར་ལང་བ་ལ་རྒྱུ་མཚན་གཅིག་ལས་མེད། དེ་ནི་གོ་ཤོར་དོགས་དང་། ཕྲག་དོག་རེད།༽ཞེས་པ་འདི་བདེན་ན་རང་གར་མི་བཞག་པར་རྩད་གཅོད་ཐུབ་པ་ཞིག་ངེས་པར་དུ་བྱ་དགོས་འདུག་། གོ་ཚོད་ཐོས་ཙམ་གྱི་སྐད་ཅ་འདི་རིགས་བཤད་ན་ནང་འཁྲུགས་ཤོར་རྐྱེན་ཀྱི་གཞི་མ་རུ་སོང་བས་གཟབ་པར་རིགས་སོ། སྤྱིར་ད་ལྟའི་རྩོད་གཞི་ཆོས་ཅན་དེ་ཉེ་ཆར་བྱུང་བའི་རྙོག་གྲ་ཞིག་རེད་དམ་རྙོག་གྲ་རྙིང་པ་ཞིག་རོ་ལངས་རྒྱབ་པ་གང་ཡིན་ཤེས་མ་བྱུང།
ནང་འཁྲུག་རྒྱག་མཁན་སུ་ཡོད་མ་རེད། ང་ནི་མྱི་གཅིག་རང་ཡིན། གསེར་རྟ་ཚང་ནི་དགོན་པ་ཕྱེད་ཀ་གཏོར་སོང་ཡང་བཟོད་པ་ནས་བཞུགས་མཁན་ཚང་རེད། སུ་གཅིག་གིས་འཁྲུག་པ་རྒྱག་མི་ཡོང་། ཡིན་ན་ཡང་ངས་འདི་ནས་བཤད་པ་མཐའ་དག་བོད་གཞེས་བྱེས་གཉིས་ཀྱི་བོད་མི་ཧ་གོ་དགོས་ཟེར་བ་དེ་ཡིན། བོད་པ་ཚོའི་ངག་ལ་བསོད་རྒྱལ་གྱིས་བཙན་གཡེམ་བྱས་པ་རེད་ཅེས་རྩོམ་པ་པོ་ལས་མེད་ཐབས་ཆག་ཡན་ཆོད་སོགས་ཀྱིས་སྨྲ་བཞིན་མཆིས་ན། བསོད་རྒྱལ་ཇི་ལྟར་རྡུག་རུང་བཙན་གཡེམ་གཏོང་དགོས་ལེ་མ་རེད་ལབ་རྒྱུ་དེ་ཡིན། མཛེས་མ་བཅུ་ཕྲག་གིས་སྐོར་བཞིན་པ་ཞིག་གིས་བཙན་གཡེམ་གཏོང་དགོས་སམ། ཁྱོད་ཚོས་སོམས་དང་། སྐྱོ་བ་ཞིག་ལ་མགོ་སེར་འདི་ཚོ་ལ་ལས་རྒྱུ་འབྲས་རྩ་བ་ནས་ཡོད་མ་རེད།
སྐྱོ་བ་གཞན་ཞིག་ནི་བསོད་རྒྱལ་ཚང་གིས་སྐུ་ཚེ་གང་བོར་རྒྱལ་བ་རིན་པོ་ཆེ་དང་། དགའ་ལྡན་ཕོ་བྲང་གསུངས་ནས་བཞུགས་པ་རེད། ཆེས་ཐ་མའི་སྐྱོ་གར་དེ་ཁོ་ཚོས་སྤྲད་སོང་ཟེང་བ་ཡིན།
ཨོ་ཉི་ལགས། ད་སྐད་ངན་མང་པོ་རྒྱབ་དགོས་མ་རེད། དེ་ལས་དཔེ་ཆ་མང་ཙམ་གཟིགས། བསོད་རྒྱལ་དཀར་འདོན་བྱེད་དགོས་མ་རེད་ལ་ནག་པོ་ཡང་བཟོ་དགོས་པའི་གནས་སྟངས་གང་ཡང་མ་མཐོང་། གནས་ཚུལ་བདེན་པ་གང་ཡིན་མིན་ཁྲིམས་ཀྱི་རྩད་ཞིབ་འོག་ཐག་གཅོད་བྱ་རྒྱུ་རེད། དེར་སྐད་ངན་དང་སེམས་ནད་ཇི་སྤེལ་རུང་ཕན་ཐོག་དེ་ཙམ་མེད།
ཁྱེད་ཀྱིས་་་་་་་་་་་བསོད་རྒྱལ་གི་སྐུ་ཚེ་གང་བོར་རྒྱལ་བ་རིན་པོ་ཆེ་དང་། དགའ་ལྡན་ཕོ་བྲང་གསུངས་ནས་བཞུགས་པ་རེད། ཞེས་བྲིས་པར་ངོས་ལེན་མེད། གལ་སྲིད་གསུངས་པ་ཡིན་མོན་ཀྱང་རང་ཉིད་ལ་དགེ་མཚན་ཞིག་ཡོད་ནས་གསུངས་པ་རེད་དམ་ཡང་ན་བཅོས་མིན་རེད། བསོད་རྒྱལ་གྱི་ཕྱི་རྒྱལ་ལ་ཆོས་ཚོགས་བཙུགས། ཨོ་ཉི་ལགས་ཀྱིས་བསོད་རྒྱལ་ཁྱབ་བསྒྲགས་བྱེད། གནས་ཚུལ་སྐྱུགས་མཐའ་གཉིས་སུ་མ་ལྷུང་བའི་ཐོག་ནས་བརྗོད་དགོས། གལ་སྲིད་ཁྱེད་རང་བསོད་རྒྱལ་གྱི་སྐུ་འཁོར་ཡིན་ན་མི་ཤེས། དེ་མིན་གནས་ཚུལ་ཁྲིམས་ཐག་མི་ཆོད་པའི་སྟེང་དཀར་པོ་བཟོ་ཐབས་བྱེད་དགོས་མེད།
རྙོག་དྲ་དང་། ནང་འཁྲུག་ལ་འཇིགས་ན། གོང་ས་མཆོག་དང་། དགའ་ལྡན་ཕོ་བྲང་གིས་བསོད་རྒྱལ་ལ་རྒྱལ་སྤྱིའི་བརྙན་འཕྲིན་དང་། དྲ་ལམ་བརྒྱུད་ནས་དགོངས་དག་ཞུ་དགོས་རེད།
བསོད་རྒྱལ་གཟའ་ཚང་བར་འཛུལ་བ་ནི་མ་རེད། ཆང་ས་ནི་རྒྱག་མེད། གྲྭ་བ་ནི་མ་རེད། གཉིས་མོས་ཀྱིས་འདོད་བདེ་ལ་རོལ་བ་རེད། མི་སྐྱས་བུད་མེད་འཛེགས་ཀྱི་འདུག་ཟེར་ནས་འཛམ་གླིང་ཁྱབ་བསྒྲགས་བྱས་པ་དང་། གཞང་ཚོང་མ་འགའ་ཞིག་ངག་ལ་ཉན་ན་ཡག་པོ་མི་ཡོང་བ་ཉག་གཅིག་རེད།
ཀརྡོའི་ཁ་བརྡའི་གཏམ་དཔེར། །
་
ཨ་མའི་ཕོ་གཙང་ཞེན་ན། །
ཉིན་གཅིག་གཉེན་ནད་ཕོག་འོངས། །
འབྱུང་བྱས་ཉི་མ་མི་མཐོང་། །
གཡོན་ཞར་གཡས་རྩ་མི་མཐོང་། །
་
གཏམ་དཔེ་གསར་རྙིང་སྦྱོངས་དང་། །
ཉིན་གཅིག་བསོད་རྒྱལ་རིན་པོ་ཆེ་བཙོན་འཇུག་བྱས་ན། ང་ཚོས་ག་རེ་བྱེད་ཐུབ་བམ། །ལགས།
དེས་ན་སྤྲུལ་སྐུ་ཡིན་ལ། བླ་མ་མ་ཡིན་པ། དེ་ཚོས་གཟབ་གཟབ་བྱས་ན་མི་ལེགས་སམ། ལགས།
བླ་མ་དང་སྤྲུལ་སྐུ་གཉི་ག ཡིན་མཁན་ཚོ་ལ་སྐྱབས་སུ་མཆིའོ།།
དེ་མིན་སྙིང་རྗེའི་ཡུལ་དུ་གྱུར་རམ། དད་ཡུལ་དུ་འགྱུར་མ་འཚལ་ལོ།། །།
སྐྱག་པ་ལ་ལག་འཆང་ན་སྐྱག་དྲི་ཁ་རྒྱུ་མ་ཏོག་གཞན་གང་ཡོང་།
ཧཧཧཧཧ ད་བསོད་རྒྱལ་དང་ཨོ་ཉི་སོགས་བསྟན་བཤིག་དག་གི་རང་མདོག་ཇེ་གསལ་རེད། མ་འོངས་པར་སྐྱ་མིན་སེར་མིན་རིགས་དང་། དེ་བཞིན་སྐྱ་ཆས་གྱོན་ཏེ་བླ་མིང་མི་འདོར་བའི་ཆོས་ཚོང་པ་འདི་རིགས་ཁྲིམས་ཐོག་ནས་ཡོང་ས་མེད་པ་ཞིག བོད་བརྒྱུད་ནང་བསྟན་གྱི་ཆེས་མཐོའི་ཚོགས་འདུའི་ཐོག་བཟོ་ཐུབ་ན་ཡག་གི་རེད། འདི་རིགས་ཁྱོན་ནས་དགོས་དོན་ཡོད་པ་མ་རེད། བཙོག་ཏུ་བཙོག་ཏུ་འགྲོ་གི་རེད།
ང་དང་བསོད་རྒྱལ་ཞིག་གིས་ཚད་ས་ལ་མ་རེད། བསམ་པ་ངན་པ་མི་ལ་བྱས་ན་མི་ལ་སྦྱོར་བ་རྩུབ་པ་རང་ལ་འཁོར་བྱས་པ་རེད། ལས་རྒྱུ་འབྲས་བསླུ་བ་མེད་པ་རེད།
ཨོ་རྒྱན་ཉི་མ་མི་དྲང་མོ་ཞིག་རེད། བཀུར་བར་འོས། ས་སྐྱ་སྒྲོལ་མ་ཕོ་བྲང་རྩེ་ཕུད་བྱས། དེའི་འཕྲོ་ནས་བོད་གཞུང་ལ་བློ་སྙིང་བྲང་གསུམ་གཏད་དེ་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་བསོད་རྒྱལ་རིན་པོ་ཆེ་གཅིག་པུ་རེད། ཁོང་ལ་བོད་པ་རྣམས་ཀྱིས་སེམས་གསོ་མེད་པར་ཁ་རྡུང་བྱེད་མི་རུང་། ཁོ་བོད་མི་རིགས་དང་ནང་བསྟན་ལ་བློ་དཀར་མཁན་ཞིག་ཞིག་རེད། ཁྱད་པར་གོང་ས་མཆོག་དང་དགའ་ལྡན་ཕོ་བྲང་ལ་འབྲེལ་བ་ཟབ། རྙིང་མའི་ནང་ནས་རྫོགས་ཆེན་རིན་པོ་ཆེ་དང་ཁོང་སྤུན་གཉིས་གཞུང་ཕྱོགས་སུ་བཅད་ནས་ཡོད་པ་ཤེས་དགོས། ཀརྨ་པ་ལ་དངུལ་གྱི་གནད་དོན་བྱུང་དུས་བོད་གཞུང་གིས་རོགས་རམ་ཅི་བྱས། སྐད་འབོད་ཁྲོམས་སྐོར་ཚུན་བྱས་ཡོད་པ་རེད། དེ་འདྲ་མི་ནུས་ན་བཏང་སྙོམ་གནང་རོགས། བསོད་རྒྱལ་མི་སྐྱ་གཉེན་སྒྲིགས་བྱས་མེད་པ་ཞིག་ལ་བརྩེ་དུང་སྐོར་གྱི་སྙོག་དྲ་བྱུང་བ་ལ་དེ་ཙམ་ཧ་ལས་རྒྱུ་མེད། བོད་ཕྱི་ལོག་གི་རྙིང་མའི་ཁྲོད་རྡོ་སྨིན་གཉིས་ཙམ་ལས་དགོན་པ་གཞན་པ་ལ་86་བར་རོགས་སྐྱོར་ཕར་ཞོག གཞུང་གིས་བཙན་གནོན་བྱས་པའི་ལོ་རྒྱུས་བཤད་ན་མི་ཚར་བ་མང་། རྙིང་མའི་བླ་མ་དང་དགོན་པ་ཚང་མ་རང་ས་ནས་ཡར་ལང་པ་མ་གཏོགས་གཞུང་གིས་ངོས་སྦྱོར་ཙམ་ཡང་རོགས་མི་བྱེད་པའི་ཁར། སྐྱོན་ཆ་ཆེད་བཙལ་གྱིས་བཙན་གནོན་བྱེད་པ་ཁ་གཅིག་གྲགས་རེད། དོན་དངོས་ཅི་ལྟར་ཡིན་མི་ཤེས། དཔྱད་དགོས། དཔྱད་དགོས། རྙིང་མའི་དགོན་ཆེན་དྲུག་གི་བླ་ཆེན་རྣམས་ཕྱི་རྒྱལ་གང་དུ་སོང་ཡང་རྡོ་སྨིན་གཉིས་ཙམ་ལས་གཞུང་གིས་ཡ་ལན་དེ་ཙམ་མི་བྱེད་པས། གཞུང་འབྲེལ་དེ་ཙམ་མེད་པ་རེད། དགོན་ཆེན་དྲུག་གི་དགོན་བདག་རྣམས་དང་ཆོས་རྒྱུན་གཞན་གྱི་དབུ་འཛིན་རྣམས་ཐོབ་ཐང་གཅིག་ཀྱང་། བྱེད་ལུགས་མི་འདྲ་བ་རེད། ད་ལྟ་མགོ་ལོག་ཨ་མདོ་རྣམས་ཀྱིས་བཏེགས་ནས་དགེ་རྩེ་ལ་མི་གྲྭལ་དུ་ཐོན་པ་ཙམ་ལས། རྙིང་མའི་སྤྲུལ་སྐུ་ཆེན་པོ་གང་ཡིན་ཡང་འོས་བབ་ཀྱི་གདན་ཐོབ་མ་སྤྲད་པས་རྡོར་གདན་དུས་དབང་སྐབས་ལ་རྙོག་དྲྭ་བྱུང་འདུག ཆོས་ཞུ་བས་གདན་ཐོབ་རྩོད་པ་མི་འོས་ཀྱང་། བཀོད་སྒྲིགས་པས་ཆོས་རྒྱུན་གཞན་ལ་གདན་ཐོབ་རྩོད་མི་རུང་པའི་ཚིག་གིས་བཀའ་ཤོག་བྱེད་པ་དེ་ལས་མི་འོས། ད་རེས་བསོད་རྒྱལ་གྱི་གནས་ཚུལ་ལ་རབ་རྒྱབ་སྐྱོར། འབྲིང་སྐྱིད་སྡུག་མཉམ་མྱོང་། ཐ་མ་སེམས་གསོ་ཙམ་ཡང་མི་ནུས་ན་བཏང་སྙོམ་དུ་འཇོག་པར་ཞུ། །བདེན་རྫུན་ཁྲིམས་ཐག་གཅོད་བཅུག་ན་ལེགས། ཕ་བསད་པ་པ་རྒྱལ་རྔ་མི་རྡུང་བར་ཞུ། སྡུག་ཐོག་ལ་འོ་དོད་མི་བྱེད་པར་ཞུ། རྨ་ཁ་ལ་ཚྭ་མི་འདེབས་པར་ཞུ། མ་སྐྱེས་སྔོན་ནས་ཁྲིམས་གཅོད་མི་རུང་། མ་ཤི་སྔོན་ལ་མིག་བྲུ་མི་རུང་། མ་མཐོང་ས་ལ་མདའ་མི་འཕེན་པར་ཞུ། ཐུགས་རྗེ་ཆེ། སྐུ་མཁྱེན།
ཁ་སང་ཁ་བརྡས་ངའི་མཆན་རྩ་ཆེན་ཞིག་བསུབ་འདུག་སྟེ། གྲྭ་བཙུན་ཆབ་སྲིད་པའི་གྲལ་དུ་གཞུག་གཁན་དང་། ཕུང་གསུམ་པའི་གཏེ་བོ་དེ་ཚོ་དགའ་ལྡན་ཕོ་བྲང་པས་བཟོས་པ་རེད་ཅེས་ལབ་རྒྱུ་ཡིན།
ང་དགེ་ལྡན་པ་ལ་ཧ་ཅང་གི་དགའ་མཁན་ཞིག་ཡིན་ཏེ། མྱི་ལ་ལས་ཟེར་ན་ང་ཡང་དགེ་ལྡན་པ་ཞིག་རེད་ཟེར། ཡིན་ན་ཡང་མ་འགྲིགས་པ་མཐོང་དུས་བཀའ་རྙིང་ས་གསུམ་སུ་ཡིན་ཡང་སེམས་ལ་འཕྲོད་པོ་མི་འདུག་་་་་་་
ད་བཤད་འདོད་ཀྱང་ཕོད་པ་མེད། ཕོད་པ་ཡོད་ཀྱང་བཤད་མི་ཤེས་པ་ཚོས་ཚབ་བྱས་ཏེ་ཡོད་ཚད་བྲིས་ཡོད། ད་གནས་སྐབས་རིང་བཀྲ་ཤིས་བདེ་ལེགས།
སེམས་ནད་ཅན་རང་རེད། ཨོ་རྒྱན་ཉི་མ་སྙིང་རེ་རྗེ།
བསོད་རྒྱལ་རིན་པོ་ཆེ། མཆོག་ལ།
་
བསོད་ནམས་ལས་བསྐྲུན་རིག་ཚོགས་མགོན། །
རྒྱལ་དབང་གཉིས་པའི་རྗེས་འཇུག་ཁྱེད། །
རིན་ཆེན་དམ་ཆོས་གང་མང་བསྒྱུར། །
པོ་ཏ་ལ་ཡི་ཕོ་བྲང་ལྟར། །
ཆེ་བའི་ཆེ་མཆོག་ཡུན་བརྟན་ཤོག །
་
བཀྲ་ཤིས་སྨོན་ཚིག་ཏུ་ཀརྡོས།
དངོས་གནས་དྲང་པོ་འགྲོ་ས་མེད་པ།
སྔོན་དུས་འཕགས་ཡུལ་གྲུབ་ཆེན་བརྒྱད་ཅུ་དང་།།
བར་དུ་གངས་ཅན་རྗེ་འབངས་ཉེར་ལྔ་དང་།།
དུས་མཐར་ནུབ་ཕྱོགས་དྲུང་པ་བསོད་རྒྱལ་སོགས།།
སྐལ་དམན་སྲིན་བྱ་རྣམས་ལ་སྣང་བ་བྲལ།།
དོན་དག་རྡོག་རྡོག་ནི་འདི་གདའ།
བླ་མ་དང་ཆོས་ལུགས་གཙིགས་ན།
བསོད་རྒྱལ་མཆོག་ལ་རྒྱབ་སྐྱོར་མཛོད་ཅིག
སངས་རྒྱས་བསྟན་པ་དང་འགྲོ་ལ་གཙིགས་ན།
ཁོང་གི་ཀུན་སྤྱོད་ལ་དག་འཐེར་གྱིས་ཤིག
ཆོས་པ་དང་དང་ཆོས་མིན་གྱི་དབྱེ་བ།
གོང་གིས་ཆོད་ཅིག
བརྩོད་པ་དང་ནང་རྨེ་འདོད་ན།
འདོད་པ་གྱིས་ཤིག
༼ མ་འོངས་པར་སྐྱ་མིན་སེར་མིན་རིགས་དང་། དེ་བཞིན་སྐྱ་ཆས་གྱོན་ཏེ་བླ་མིང་མི་འདོར་བའི་ཆོས་ཚོང་པ་འདི་རིགས་ཁྲིམས་ཐོག་ནས་ཡོང་ས་མེད་པ་ཞིག བོད་བརྒྱུད་ནང་བསྟན་གྱི་ཆེས་མཐོའི་ཚོགས་འདུའི་ཐོག་བཟོ་ཐུབ་ན་ཡག་གི་རེད། འདི་རིགས་ཁྱོན་ནས་དགོས་དོན་ཡོད་པ་མ་རེད། བཙོག་ཏུ་བཙོག་ཏུ་འགྲོ་གི་རེད།༽ཞེས་པ་འདི་ལ་ལན་ཞིག་ཨོ་རྒྱན་ཉི་མས་བྲིས་སོང།
ལན་གྱི་ཚུལ་དུ་ཡོད་པའི་མཆན་ནི་བསུབ་སོང། དྲི་བ་དེ་རང་གར་བཞག་འདུག་། ཕྱོགས་མཐའ་གང་ལ་ཡང་མ་ལྷུང་ཤིང་དབུས་ལ་གནས་པར་མཛད་ནས་སྟངས་འཛིན་གནང་རོགས་ཞུ་རྒྱུ། ཡིད་ཆས་ཞིག་ཡོད་ནས་ཞུ་གིས་ཡོད། ནོར་བ་ཡོད་ན་དགོངས་དག་།
ཨོ་རྒྱན་ཉི་མ་ལགས།
སྐུ་མཁྱེན་ད་ཁྱེད་རང་རྫུན་འདི་འདྲ་མ་གསུངས་རོགས་ཞུ། ཁྱེད་ཨ་ཀོང་གི་བཀའ་དྲིན་ལས་ལྟོ་གོས་གཏམ་གསུམ་འབྱོར་བ་རེད། རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་ཀྱི་ཆོས་འབྲེལ་བླ་མ་ཟབ་ཤོས་ཅིག་གོང་ས་མཆོག་རེད། ད་ཁྱེད་ཀྱི་གོང་ས་མཆོག་ལ་འདི་ལྟར་སྙོན་འཛུགས་བྱས་ན། རྒྱལ་བ་ཀརྨ་པ་མཆོག་ཡང་མི་བདེ་བ་བཟོ་ཡི་རེད། རྒྱུ་མཚན་ནི་ཁོང་བླ་མ་ཡེ་ཤེས་དང་བསམ་ཡས་གླིང་གི་མཁན་པོ་སོགས་ལ་འབྲེལ་བ་ཡོད། ཁྱེད་དེར་བཞུགས་ནས་རྒྱལ་དབང་ཀརྨ་པས་ཐུགས་གཏིང་ནས་དད་གུས་ཡོད་པའི་བླ་མ་ཞིག་ལ་སྙོན་འཛུགས་ཤ་སྟག་བྱེད་པ་འདི་ཡག་པོ་མ་རེད།
དེ་བཞིན་བསོད་རྒྱལ་རིན་པོ་ཆེའི་ཆོས་ཚོགས་སྔ་ས་ནས་རྒྱལ་སྤྱིའི་རིག་པའི་ཆོས་ཚོགས་ལ་དེབ་བསྐྱེལ་གནང་ཟིན་པ་དང་། དེ་གཞན་སུ་ཞིག་ལ་སྤྲོད་རྒྱུའི་སྐད་ཆ་མེད། མཁན་པོ་འཇིགས་མེད་ཕུན་ཚོགས་ཀྱི་དགོན་པར་དེ་བས་སྤྲོད་པའི་གླེང་སློང་མེད། དེ་ཁྱེད་ཀྱིས་རྣམ་རྟོགས་ཀྱིས་བཟོས་པ་རེད། རིག་པ་ཆོས་ཚོགས་ཀྱི་བདག་པོ་སུ་ཡིན་མིན་དྲ་རྒྱའི་སྟེང་ཕེབས་ནས་བཙལ་ན་རྙེད།
ཁྱེད་ཀྱི་གློག་འཕྲིན་ཁ་པར་གནང་དང་། ཡིག་ཆ་ངས་བསྐུར་འོང་།
འདི་རྒྱལ་སྤྱིའི་རིག་པ་ཆོས་ཚོགས་ཀྱི་འགན་འཛིན་རྙིང་པ་དེ་རེད། མིང་ལ་”FRANCE OLIVIER RAURICH”ཟེར།
ཁོང་གིས་རྒྱལ་བ་རིན་པོ་ཆེས་བསོད་རྒྱལ་རིན་པོ་ཆེ་ཐེར་འདོན་བྱས་མེད་པ་དང་། མི་འདོན་མ་བྱས་པར་ནག་ཉེས་འགེབ་སོང་ཟེར་གྱི་འདུག རྒྱུ་མཚན་ནི་དེ་ལྟར་བྱས་ན་བོད་ཀྱི་ནང་ཆོས་ལ་ཕོག་སྡུག་འགྲོ་གི་རེད་ཟེར། དེ་བཞིན་བསོད་རྒྱལ་རིན་པོ་ཆེ་ནི་བོད་ཀྱི་སྤྱི་ཤོགས་ནང་ལ་མེད་དུ་མི་རུང་བའི་མི་རེད་ཟེར། མདོར་ན་བསོད་རྒྱལ་གྱི་དགེ་ཕྲུག་ཚོས་རྒྱལ་བ་རིན་པོ་ཆེས་བསོད་རྒྱལ་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་འདུག ད་ཁྱེད་གང་གསུང་གི་ཡོད།
“Q: The Dalai Lama clearly says (in “Ethics in the Teacher-Student Relationship” , 1993; Healing Anger, Snow Lion, 1997 pp. 83-85) that the abusive behaviour of masters must be exposed publicly and explicitly. Why has he not reacted himself?
FRANCE OLIVIER RAURICH “My hypothesis is that he cannot discredit Sogyal publicly, because it would undermine Tibetan Buddhism. Sogyal Rinpoche has managed to make himself indispensable in the Tibetan community.”
ཨོ་རྒྱན་ཉི་མ་ལགས།
རྒྱལ་བ་རིན་ཆེས་བསོད་རྒྱལ་རིན་པོ་ཆེར་དཔལ་འབྱོར་གྱི་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་དེ་ཁྱེད་ཀྱིས་མཁྱེན་མིན་འདུག གོང་ས་མཆོག་གིས་བསོད་རྒྱལ་རིན་པོ་ཆེའི་དཔལ་འབྱོར་མཁོ་སྒྲུབ་ལ་རོགས་པ་གནང་ནས་མཐའ་ན་ཁོང་གི་མཚན་ཡང་བེད་སྤྱོད་གནང་བའི་མཐུན་རྐྱེན་གནང་འདུག ད་ལྟ་ཨ་རིའི་ནང་གི་བསོད་རྒྱལ་རིན་པོ་ཆེའི་སློབ་མ་རྙིང་པ་དེ་ཚོས་རྒྱལ་བ་རིན་པོ་ཆེ་ཁྲིམས་ལ་གཏུགས་ཀྱི་ཡིན་ལྟ་བུ་ཤོད་ཀྱི་འདུག རྒྱུ་མཚན་ནི་ཨ་རིའི་ནང་གི་བསོད་རྒྱལ་རིན་པོ་ཆེའི་ས་ཆ་མང་པོ་ཞིག་རྒྱལ་བ་རིན་པོ་ཆེའི་མཚན་ལ་ཉོས་པ་རེད། འདིར་གཟིགས་དང་།
https://altamontenterprise.com/news/hilltowns/09182014/buddhists-sale-town-keeps-hilltop-green
བསོད་རྒྱལ་རིན་ཆེས་ས་ཆ་འདི་དག་མ་ཉོས་གོང་ལ་རྒྱལ་བ་རིན་པོ་ཆེར་རེ་བ་བཏོན་ནས། ཁོང་གི་མཚན་བེད་སྤྱོད་གཏོང་ཆོག་པའི་བཀའ་འཁྲོལ་ཞུས་འདུག རྒྱལ་བ་རིན་པོ་ཆེ་དང་བསོད་རྒྱལ་རིན་པོ་ཆེ་སྐུ་སྐྱེ་སྔོན་མ་ནས་འབྲེལ་བ་ཡོད་པ་ཡིན་སྟབས། དམིགས་བསལ་གནང་ནས་བསོད་རྒྱལ་རིན་པོ་ཆེར་ “The Tenzin Gyatso Institute”མཚན་ཡང་བེད་སྤྱོད་གཏོང་ཆོག་པའི་བཀའ་ཁྲོལ་གནང་འདུག
དོན་དག་རྡོག་རྡོག་ཁྱེད་རང་གིས་བསོད་རྒྱལ་རིན་པོ་ཆེར་དཀའ་ངལ་ཕར་མ་སྤྲོད་ཀྱི་འདུག
བྱས་ཙང་། ད་ཐོན་ཡོང་གི་འདུག་ག ཧཧཧཧཧཧ
ང་བསམ་ཡས་གླིང་ལ་འབྲེལ་བ་མེད་ལ། ལས་རབ་གླིང་ལ་འབྲེལ་བ་མེད། ང་རང་གིས་སྐད་ཆ་བཤད་པ་ཡིན།
ཁ་བརྡ་ཚང་གིས་གོང་གི་116/117/118 གསུམ་བསུབ་མི་ཆོག བོད་པ་ཚང་མས་ཧ་གོ་དགོས་ཨ།
ངས་གནད་འགག་འདི་འདྲ་ཞིག་ལ་ཐུག་འདུག་དྲན་སོང་། མགོ་གསེར་སྐུས་བཅགས་དང་རྡོ་ཡིས་བཅགས། ཆོས་བྱིན་རླབས་མེད་པ་འདྲ་འདྲ་རེད། སོ་མ་ཐེབས་ན་ཡང་ཁ་ཨེ་དམ་ཞིག་ལྟ་དགོས་རེད། སྐབས་དེ་དུས་དགའ་ལྡན་ཕོ་བྲང་གིས་སྐད་ཤོར་ཡོང་གི་རེད། དེ་ལྟར་བྱ་མ་ནུས་ན་ནུབ་ཕྱོགས་ཁྲིམས་ཀྱི་ལུང་པར་མགོ་བཀྱག་ས་རག་གི་མ་རེད། གོང་ས་མཆོག་དང་། དགའ་ལྡན་ཕོ་བྲང་ཚང་གིས་དགོངས་དག་ཞུ་ན་འགྲིགས་སོང་བ་རེད།
ངས་འདི་ནས་འདྲ་མིན་བཤད་ནས་གོང་ས་མཆོག་དང་ཀརྨ་པའི་བར་གནོད་སྐྱོན་གང་ཡང་ཐེབས་ཀྱི་མ་རེད། རི་བོང་གནམ་རྡིབས་ཀྱི་སེམས་ཁྲལ་རེད།
བུད་མེད་ཀྱིས་རྒྱལ་ཁམས་ཕུང་ཟེར་བ་འདི་འདྲ་ཞིག་ལ་ཟེར་ལེ་རེད། བསོད་རྒྱལ་བུད་མེད་དང་ལུས་འབྲེལ་བས་ཕུང་། ནུབ་ཕྱོགས་པ་དང་། བོད་པ། གོང་ས་མཆོག དགའ་ལྡན་ཕོ་བྲང་བ་རྣམས་བུད་མེད་ཀྱི་ངག་ལ་ཡིད་ཆེས་པས་ཕུང་།
དེ་ལ་ཕུང་བ་རྣམ་ལྔ་ཟེར། ཨ་ཀྱང་མི་ཞུ་རྩེད་མོ་ཡིན།
སྔོན་མའི་རོགས་རམ་གནང་བ་དང་། ཁ་སང་བཀའ་བཀྱོན་གནང་བ་གཉིས་ཕན་ཐོགས་གང་ཆེ་སོང་། སྔོན་མའི་རོགས་རམ་དེ་མེད་ན། ཉེ་ཆར་གྱི་བཀའ་བཀྱོན་དེ་ཉོ་དགོས་མ་རེད། བཀའ་བཀྱོན་དེ་མ་རག་ན། བསོད་རྒྱལ་ལ་གང་ཡང་ཐུབ་ཀྱི་མ་རེད། སྔོན་མ་ནས་བུད་མེད་ཚོས་རྙོག་དྲ་བཟོ་བཞིན་པ་རེད་དེ། ལས་རབ་གླིང་ལ་ཆོས་ཐུན་རེ་འཛུགས་དུས་སློབ་མ་བརྒྱ་ཕྲག་ནས་སྟོང་ཕྲག་བར་ཡོང་གི་འདུག་ག དེ་ཚོས་རྙོག་དྲ་ཡོད་པ་གོ་བཞིན་ཡོང་གི་ཡོད་རེད།
དེ་རིང་ཀྲུང་གོ་ཉིན་རེའི་གསར་འགྱུར་དུ་ཐོན་པ་འདི་ལ། གཟབ་དགོས། ཁྲམ་པའི་ཚོགས་པ་འདིས། ཆགས་སྤྱོད་དང་། གཟུགས་ཚོང་། གཏམ་སྙན། གྲོགས་པོ་བཟོ་བ་སོགས་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས། མི་གྲགས་ཅན་དང་ཕྱུག་པོ། ལས་གནས་མཐོན་པོ་ཅན་རྣམས་སླུ་བའི་སྦྱོར་བ་རྩོམ་གྱི་འདུག བུད་མེད་མཛེས་མ་དང་། ཕོ་གསར་རྫིག་པོ། ཚོང་ལས་མཁས་པ། ཉམས་ཆུང་རོགས་སྐྱོར་སོགས་རྣམ་འགྱུར་སྣ་མང་ཅི་འདོད་དགོས་ན་ཡོད་པའི་ཟོལ་གྱིས་གཡོ་སྒྱུའི་འོག་ཏུ་འཇུག་པར་འགྱུར་རོ། །
中國時報【張妍溱╱台中報導】
以36歲黃男為首的「大陸女子愛情詐騙集團」,涉盜用網路帥哥照片,在交友網站註冊帳號,並偽造身分及服務證,假裝是「夏普」等國際知名企業中高階主管,誘騙女子匯款,約有50名女子遭鎖定,警方緝捕黃男等5人到案後依詐欺罪嫌送辦。
台中市刑大偵七隊日前於南屯區某大樓內破獲以黃男為首的愛情詐騙集團,並在集團租屋處起出犯案手機16支、筆電6台。
警方調查,5名愛情騙徒在交友網站以「陳軍政」、「張志遠」假名認識大陸籍女子,誆稱在郭台銘收購的「夏普」工作,及「台塑」、「松下」等跨國企業擔任主管要職,要求被害人加盟旗下連鎖店,佯稱能獲取暴利。被害女子大多為年輕、面容姣好,甚至有雙胞胎姊妹花。
長相甜美的大陸籍女子Amy(化名)向警方表示,上月在網路交友軟體認識自稱「張志遠」的台灣人,每天以微信、臉書跟她聯繫,噓寒問暖;張男假藉因工作疏失導致公司營運受損,要求匯款10萬元人民幣,當警方逮捕黃嫌等人時,該女正透過微信問「老公怎不理我,已讀不回,錢都準備好了」。
警方表示,該集團於「珍愛網」、「愛真心」、「百合網」、「世紀佳緣」與「花田」等交友網站結交被害女子行騙,每當女方想約見面,總以「到國外出差」、「家中父母生病」或要求視訊藉口手機摔壞等理由婉拒。
ཨོ་རྒྱན་ཉི་མ་ཟེར་བ་འདི་མི་ཕྱོགས་ལྷུང་ཅན་ཞིག་ཡིན་པར་སྔར་ནས་ཤེས་ཡོད། ཁོང་རྒྱུ་དང་བུད་མེད་གཅིག་པུར་བསམ་མཁན་ཞིག་རེད། ཁོང་གི་གཉེན་སྟོན་གྱིས་བོད་མི་ཡོངས་ཀྱི་སེམས་ལ་ན་ཟུག་སྦྱིན་ཡོད། མཁས་གྲུབ་གཉིས་ལྡན་གྱི་བླ་མ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཚང་གིས་སྤྲུལ་སྐུའི་ལམ་ལུགས་མི་དགོས་པའི་བཀའ་སློབ་དུ་མར་ཕེབས་པའང་བསོད་རྒྱ་རིན་པོ་ཆེ་དང་ཨོ་རྒྱན་ཉི་མ་སོགས་ཀྱིས་མཚོན་པའི་ནང་པའི་བསྟན་པ་ལ་རྨ་འབྱིན་མཁན་གྱི་སྤྲུལ་སྐུ་ཚོའི་བྱས་ཉེས་ལས་བྱུང་བ་ཞིག་རེད། ༧གོང་ས་མཆོག་གིས་བསོད་རྒྱ་རིན་པོ་ཆེའི་ཉེས་སྐྱོན་དེ་མི་འགྲིག་པར་མི་གསུང་བར་སྦས་དགོས་སམ། ཡང་ན་ཅི་ཡང་མི་སྨྲ་བར་བཞུགས་སམ། རྒྱལ་བ་རིན་པོ་ཆེས་བསྟན་པའི་འགན་ཁུར་བའི་ཐོག་ནས་གསུངས་པ་དེ་ཤེས་དགོས། ལྷག་པར་རྙིང་མའི་ཕྱོགས་ཀྱི་བླ་ཆེན་ཚོས་འདིའི་སྐོར་སྐྱོན་བརྗོད་བྱེད་དགོས། དེ་ལྟ་མ་བྱེད་པར་སྦས་ཐབས་དང་འཇམ་ཐེང་ངེ་སྡད་ན་ཧ་ཅང་གི་ནོར་འཁྲུལ་རེད། ནུབ་ཕྱོགས་སུ་ཆོས་ཕྱོགས་ཁ་ཤས་བཙུགས་པ་དེ་གཟི་བརྗིད་གང་ཡང་མ་རེད། ལྷག་པར་དབྱིན་སྐད་ཐོག་དེབ་ཁ་ཤས་བྲིས་པ་དེར་ཡ་མཚན་རྒྱུ་ཅི་འདུག ཨོ་རྒྱན་ཉི་མ་ཁྱོད་ཤ་ཚ། རང་གི་སྐད་ཆ་དང་རང་གིས་བཀོད་པའི་རྒྱུ་མཚན་དག་ལ་ལན་ཅིག་ལྟོས་དང་ཁྱོད་ངོ་ཚ་གིན་མི་འདུག རང་གི་དེ་ཉིད་བསྟན མི་འདུག་གམ། ཆོས་ཚོགས་གཞན་ལ་ཤོར་ན་སྤྲོད་ཤོག བསྟན་པ་གཞན་ལ་ཤོར་གྱི་མ་རེད། བསོད་རྒྱ་བླ་མ་ཁྲིམས་ལ་འགྲོ་དགོས་བྱུང་ནའང་བཏང་ཤོག བསྟན་པ་ཁྲིམས་ལ་སྦྱར་གྱི་མ་རེད། དེ་བས་བསོད་རྒྱ་སྲུང་ཐབས་དང་ཆོས་ཚོགས་སྐྱོར་ཐབས་བྱོས་དང་བསྟན་པ་ལ་རྨ་འབྱིན་གྱི་རེད། བསྟན་པ་བརླག་གི་རེད། ཁྱོད་ཀྱིས་བསྟན་པ་མ་སྲུང་བསོད་རྒྱ་སྲུང་། བླ་སློབ་ཀྱི་དམ་ཚིགས་ཤོར་བ་ལ་མི་སྐྲག་ཆོས་ཚོགས་ཤོར་བ་ལ་སྐྲག ས་སྟེང་ཡོངས་རྫོགས་ཀྱི་བསྟན་པའི་མངའ་བདག་༧ གོང་ས་མཆོག་དང་། ས་སྐྱ་བདག་སྐྲུལ། ཀརྨ་པ། མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་མཁན་པོ་བསོད་དར་རྒྱས་སོགས་རེད། འདི་དག་ཅི་གསུང་སྒྲུབ་དང་ཁྱོད་གཡང་ལ་ཟག་གི་མ་རེད།
འཛམ་གླིང་ཟླུམ་པོས་སྐོར་ཞིང་ཁམས་སུ།།
འཚེ་མེད་ཞི་བདེ་མ་ལུས་འབྱུང་བའི་གཏམ།།
རིས་མེད་སྐྱེས་ཆེན་ཏཱ་ལི་བླ་མ་མཆོག །
གུ་རུའི་ལུང་བསྟན་ལྟ་བུར་སྐུ་ཚེ་བརྟན།།
ཧཧཧཧ བླ་སློབ་ཀྱི་དམ་ཚིག་ཨེ
བསོད་རྒྱལ་གྱིས་བསྟན་པ་ག་རུ་བཤིགས་འདུག མི་སྐྱས་བུད་མེད་འཛེགས་མི་ཆོག་ཨེ། གང་ལྟར་ཡང་ད་ཐེངས་བསོད་རྒྱལ་ལ་མ་ཉེས་ཁ་ཡོག་གིས་བཀའ་བཀྱོན་འདིས་བསྟན་པ་སྤྱི་ལ་རྨ་འབྱིན་ཚར་རེད། བསོད་རྒྱལ་ཁོ་ན་མ་གཏོགས་གཞན་གཅིག་ལ་གནོད་མེད་ན་ཨའུ་ཙི་རེད། ཨེ་བདེན་ཁྱེད་ཅག་གི་མཆོག་འཛིན་གྱི་མིག་ཤེལ་ནག་པོ་དེ་ཕུད་ལ། ནུབ་ཕྱོགས་པའི་སྤྱི་ཚོགས་སུ་སོང་ལ་གཅིག་ལྟོས་དང་། གོང་ས་མཆོག་གིས་ནོར་འདུག་ཅེས་བསོད་རྒྱལ་ལ་དགོངས་དག་ཞུས་ན། གོང་ས་མཆོག་ལ་གང་ཡང་གནོད་ཀྱི་མ་རེད། བསོད་རྒྱལ་དང་རྙིང་བསྟན་གཙོས་པའི་བསྟན་པ་སྤྱི་ལ་ཕན་ངེས་རེད།
ང་གཡང་ལ་ཟག་གི་རེད་སྔར་ཡང་བསམ་མེད། ད་ལྟ་ཡང་མེད། མ་འོངས་པ་ལ་མེད། མྱི་ཆེན་དཔོན་ཆེན་ལད་མོས་ཁྲི་ཆེན་གོང་དུ་འཛེགས་ཏེ། དུང་ཆེན་འབུད་འདོད་གཏན་ནས་མེད། ༼ངས་གང་བཤད་པ་དེ་དགའ་ལྡན་ཕོ་བྲང་ལ་ངོ་སྤྲོད་བྱས་པ་ཡིན། ད་ལྟ་ཅུང་ཟད་བཤད་མ་ཐུབ་ན་འདི་ཚོས་ཡང་སྔོན་མ་ནང་བཞིན་ནང་མགོ་བརྡུང་བའི་འཆར་གཞི་འདྲ་མིན་འདིང་ཡོང་གི་འདུག་ཨ། ༽ད་ནི་བོད་པ་ཚོས་རྒྱལ་སྤྱིའི་ཁྲིམས་ཧ་གོ་ཡོད་རེད། དམ་པའི་ཆོས་དང་། གྲྭ་བཙུན། དགེ་འདུན་སྡེ་གཉིས་ཟེར་བ་དེ་གང་འདྲ་དགོས་མིན་ཆ་ཚང་གི་མཁྱེན་ཡོད་རྒྱུ་རེད། དེ་ཕྱིར་དགའ་ལྡན་ཕོ་བྲང་བའི་གཡོ་འོག་ཏུ་མི་ལྷུང་བར་བོད་པ་སྤྱིའི་བདེ་སྡུག་དང་། སྐྱེ་འགྲོ་སྤྱིའི་ཕན་བདེ་ལ་བརྩོན་པར་ཞུ་ཞེས་གསོལ་བ་འདེབས་རྒྱུ་ཡིན།
བཀྲ་ཤིས་ཉི་མ་ལགས། ངས་རྒྱུ་མཚན་དང་གནས་ལུགས་མེད་པར་སྐད་ཆ་བཤད་ལེ་མ་རེད།
ཕྱོགས་སུ་ལྷུང་མཁན་སུ་རེད་འདུག་སྔོན་གྱི་ལོ་རྒྱུས་ལ་ལྟོས། ད་གནས་སྟངས་ལ་ལྟོས། འབྱུང་འགྱུར་གྱི་འཆར་གཞི་ལ་ལྟོས། ད་གཟོད་ཧ་གོ་ལེ་རེད།
གང་ལྟར་ཡང་དགའ་ལྡན་ཕོ་བྲང་པས་དངོས་སམ་བརྒྱུད་ནས་རྒྱལ་བ་ཞ་སེར་བའི་བརྒྱུད་པ་ལ་ཕན་ཐོགས་མེད་ན་གཞན་ལ་མི་ལྟ་བ་དེ་ཁོ་ཐག་ནང་ནས་ཆོད་སོང་།
རྗེ་རིན་པོ་ཆེའི་གསུང་རབ་ལ་ཁྱད་ཆོས་ཡོད་པ་ངས་ཀྱང་ང་གོ་ཡོད། དགེ་ལྡན་པ་ལ་ཤེས་ཡོན་ཡོད་པ་ལའང་ཡིད་ཆེས་ཡོད། དགེ་ལྡན་པའི་སྤྱི་ཚོགས་སུ་ཆེས་ཕུལ་དུ་བྱུང་བའི་མི་ཆོས་བསླབ་བྱ་ཞིག་ཡོད་པའང་དོན་རྟོགས་ཡོད། ཁྱེད་ཅག་ལ་སྔོན་ནས་བྱུང་མ་མྱོང་བ་དང་། ད་ལྟ་ཡང་གི་འབྱུང་གི་མེད་པ་དེ་རང་གི་ཆོས་བརྒྱུད་ལས་འདས་པའི་གཞན་ཕན་དེ་རེད། དགེ་ལྡན་པ་ལས་གཞན་པའི་ཆོས་བརྒྱུད་དང་། མི་རིགས་ཁག་ལ་གཞན་ཕན་གྱི་བསམ་སྦྱོར་ཐུན་མིན་བྱུང་ན། ང་ཡང་དགེ་ལྡན་པའི་རྗེས་སུ་འགྲོ་ངེས་སོ།།
དེང་སང་བཀའ་རྙིང་གཉིས་ཀས་ཀྱང་དགེ་ལྡན་པའི་ཤེས་ཡོན་འདི་ཆ་ཚང་ཞིག་རྙེད་མི་འདུག་མོད། རང་གི་ཐུན་མིན་གྱི་ཕྱག་རྫོགས་ཉམས་ལེན་བག་ལ་ཞ་ཞིང་། རང་མགོ་བརྡུང་བའི་ཐོ་བ་འདི་ཉམས་ལེན་བྱེད་མཁན་ཡང་ཡོད་པ་འདྲ་བོ་འདུག
༼རྒྱལ་སྤྱིའི་ཁྲོད་དུ་བོད་ཆོས་སྲིད་གཉིས་ཀྱི་སྣེ་ཁྲིད་པ་ཡིན་ཟེར་གྱི་ཡོད་རེད། བོད་རང་ལ་བཤད་ནའང་བོད་སྤྱི་བའི་མགོན་ཡིན་ཟེར་གྱི་ཡོད་རེད། བོད་མི་ཚོས་རེ་བའི་འདུན་པ་ཁྱེད་ཅག་ལ་ཕུལ་ཡོད་ཡོད་རེད།༽ ད་དགའ་ལྡན་ཕོ་བྲང་བའི་ལས་བྱེད་ཚང་མས་དེ་ཉིད་ཐུགས་ལ་འཆང་སྟེ་བྱ་བ་སྒྲུབ་དགོས་ལེ་རེད།
བསོད་རྒྱལ་ས་ལ་བརྡབ་པ་འདིས་མཁན་ཆེན་ཚུལ་བློ་ཚང་དང་། མཁན་པོ་བསོད་དར་རྒྱས་གཉིས་ཀྱི་འགྲོ་དོན་ལོ་བཅུ་ལ་ཕྱིར་འཐེན་བྱས་པ་རེད། ཁོང་གཉིས་གཅིག་དཀའ་ཁི། མར་སོང་ན་རྒྱ་རེད། ཡར་ཡོང་ན་དགའ་གཞུང་རེད། ནམ་ཡང་ཐུགས་ལ་འཆང་བ་ནི་ཆེས་ཉམས་ཐག་པའི་བོད་ཀྱི་རིག་གཞུང་དང་། སྐད་ཡིག་རེད། ཁོང་གཉིས་ལ་བཅོས་མིན་གྱི་ལྷག་བསམ་ཞིག་ཡོད་པ་ནི་ས་གསུམ་ན་འགྲན་ཟླ་བྲལ་བའི་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཁོ་ནས་དྲིན་ནོ། །ཁོང་འདྲ་བའི་བླ་མ་གང་དུའང་མཇལ་རྒྱུ་མེད།
ཨ་ཙི་་་་ཡང་ཨོ་རྒྱན་ཉི་མ་ཟེར་བ་དེ་རེད་འདུག་་་་སེམས་ལ་ན་ཚ་ཡོད་བདེན་པ་རེད་འདུག་་་་
ད་དུང་ནམ་མཁའ་བླ་མས་མཁན་ཆེན་བསོད་དར་རྒྱས་གདན་འདྲེན་ཞུ་རྒྱུའི་གྲ་བསྒྲིག་ཆ་ཚང་བྱས་ཚར་དུས། ཕེབས་ཐུབ་མ་སོང་ཨ། xxxxx
སེམས་ལ་ན་ཚ་མེད་མཁན་གྱི་མི་ཡོད་མ་རེད། དུག་ལྔས་རྟག་ཏུ་མནར་བས་སོ།།
མཁན་པོ་བསོད་དར་རྒྱས་ཕེབས་མ་ཐུབ་པའི་ཉིན་ཤས་རྗེས་སུ། ནམ་མཁའ་རལ་པ་ཅན་གྱིས་ངོ་དེབ་ཐོག་མྱི་འདི་ཚོས་ཕྲགདོག་ཨ་ཞེས་ཤུགས་རིང་ཤོར་བ་མཐོང་། ཧཧཧཧཧ
བསོད་རྒྱལ་ལ་གང་ཡང་བཤད་རྒྱུ་མེད་བཟང་ན་ཁོ་དང་ངན་ན་ཁོ་རེད། ཡིན་ཡང་ཨོ་ཉི་ཟེར་བ་འདི་དང་བསོད་རྒྱལ་ལ་ངན་སྨོད་བྱེད་མཁན་འདི་ཚོ་ལ་གཟབ་དགོས་བོད་མི་ཚོ། འདི་ཚོས་ལས་ཀ་བོད་མི་ནང་ཁུལ་དཀྲུག་རྒྱུ་དེ་རེད་བོད་མི་ཚོས་འདི་ཤེས་ན་བཟང་།
བློ་བཟང་ལགས་ཀྱིས་གསུངས་པ་བདེན་པར་སྣང། བསོད་རྒྱལ་ཡག་ནས་སྡུག་ནས་ཁོ་རང་རང་རེད། ཨོ་རྒྱན་ཉི་མ་ཟེར་བ་དེ་ཡང་སྙིང་སྤྱི་ཚོགས་དཀྲུགས་མཁན་གྱི་བྱེད་གཏེ་ཞིག་མིན་ནམ་སྙམ་པ་བྱུང།
ད་ཡིན་ན་ཁ་བརྡ་འདིར་ཡོང་རྒྱུ་ཉོབ་སོང་། དྲ་རྒྱ་འདི་ལ་མི་སྨྱོན་པ་ཚོས་རྒྱལ་བ་རིན་པོ་ཆེ་དང་ཁོང་གི་བླ་བྲང་ལ་གནད་ལུགས་དང་རྒྱུ་མཚན་ཅི་ཡང་མེད་པར་སྨྱོ་ལབ་བརྒྱབ་ཡུལ་ཞིག་ལ་གྱུར་སོང་།
སྔོན་མ་རབ་གསལ་དང་པད་མ་འབུམ་ལགས་ཀྱིས་དོ་དམ་གནང་དུས་ཐབས་སྡུག་འདི་འདྲ་མེད། ད་ལྟ་ཁ་བརྡའི་དོ་དམ་པ་ལོ་ཆུང་དེ་ཚོ་རྒྱལ་བ་རིན་པོ་ཆེར་ཁ་གཏད་འདོན་མཁན་ཞིག་བྱུང་ན། དངོས་ཤུགས་རྒྱུད་གསུམ་ནས་གློད་ཀྱི་འདུག སེམས་སྡུག་རེད།
ཨོ་ཉི་ཡིན་ན་འདིས་དམིགས་ཡུལ་ག་རེ་ཡིན་ནམ། སྲང་ལམ་གྱི་སྐད་ཆ་ལྡོམ་པོ་མང་པོ་ཞིག་འཁྱེར་ཡོང་ནས་ཁ་བརྡ་དྲྭ་བ་རྫོབ་ཀྱིན་འདུག མི་འདིའི་བྱེད་སྟངས་ལ་བལྟས་ན་སྔོན་མ་བོན་པོ་མང་པོ་ཞིག་གསོན་བསྲེགས་བྱས་ནས་བསད་པ་རེད་ཟེར་བའི་ལག་དམར་མི་དེའི་གྲལ་གྱི་གཅིག་གི་རྣམ་ཤེས་ལོས་ཡིན་འདོད་ཐལ།
མདོར་ན་ཉམས་ཆུང་ཞིག་ལ་ཐུག་དུས་སྟག་འདྲ་བོ། ཆེན་པོ་ཞིག་དུས་ཝ་འདྲ་བོ་དེ་འདྲ་བྱེད་ན་འགྲིགས་ལེ་མ་རེད། སྐྱོན་ཡོད་ན་ཆེ་ཆུང་གཉིས་ལ་བཤད་དགོས་རེད། ཡོན་ཏན་ཡོད་ན་ཆེ་ཆུང་གཉིས་ཀ་ལ་བཀུར་དགོས་རེད། ད་གཟོད་འཇིག་རྟེན་ཡང་དག་པའི་ལྟ་བ་དང་། དམ་པའི་ཆོས་ཟེར་བ་དེ་འགྲོ་ཐུབ་ལེ་རེད། དེ་ལྟར་མ་བྱུང་ཕྱིན་ལུགས་གཉིས་ཟེར་ཡང་ངག་གི་དབྱངས་ལྟ་ཙམ་མོ།།
ཁ་བརྡ་ཟེར་དུས་གཏམ་བཟང་ངན་བར་གསུམ་ཆ་ཚང་བཤད་ཆོག་ས་ཞིག་དང་། དེ་ལ་བརྟེན་ནས་བདེན་རྫུན་དང་། བཟང་ངན་ཐག་ཆོད་རུང་མ་ཆོད་རུང་། དེ་ཡིན་ས་རེད་སྙམ་པའི་ངེས་ཤེས་ཤིག་སྦྱིན་ཐུབ་ན་ཁ་བརྡའི་གྲུབ་འབྲས་རེད། དེ་མིན་ལེགས་སོ་ཤ་སྟག་གིས་ཁ་བརྡ་ཡོང་གི་མ་རེད་ལ། དོན་འགྱུར་གྱི་ཐེ་ཚོམ་ཙམ་ཡང་སྦྱིན་མ་ཐུབ་ན་ཁ་བརྡའི་དགོས་པ་མ་བྱུང་བ་རེད།
འདྲེ་དཀར་རྙིང་ཡང་། བཤད་པ་གསར་ཐོན།
https://www.facebook.com/lob.choedak.3/posts/1204752716287069
ཨོ་ཉི་ལགས་དང་ཁ་བརྡ་ལགས་ཕོ་ཁྱོ་ཀ་ཡིན་ན། འདི་ལ་གཟིགས་ནས་ཁ་གཏད་ཅོག འདི་ཐད་ཀར་ཨོ་ཉི་ཁྱེད་དང་འབྲེལ་བ་འདུག
http://www.scmp.com/news/china/society/article/2108308/tibetan-buddhist-heartland-communist-party-takeover-threatens?utm_source=facebook.com&utm_medium=referral
དགག་ཡིག་འབྲི་མཁན་དེས་ཏེ་ལོ་པ། མར་པ་ལོ་ཙ་དང་། མདོ་མཁྱེན་བརྩེ། བྱ་བྲལ་སངས་རྒྱས་རྡོ་རྗེ། རྡོ་གྲུབ་ཆེན། གདུང་སྲས་འཕྲིན་ལས་ནོར་བུ་སོགས་བླ་མ་བཀའ་བཀྱོན་ཚ་བོ་ཚང་མ་མི་དགོས་ཟེར་ས་རེད།
ངས་མཆན་གང་བྲིས་མཐའ་དག་ཁ་བརྡས་བསུབ་འགྲོ་གི་འདུག་མོད། མཐའ་དོན་བོད་བརྒྱུད་ནང་བསྟན་དང་། མི་རིགས། རིག་གཞུང་། བསོད་རྒྱལ་དང་བཅས་པར་ལྷག་བསམ་ཡོད་ན། ཤེས་ཡོན་པའི་སྡེ་ཚན་གྱིས་མྱི་ངོ་སྲུང་ནས་མི་འདུག་པར། ངོ་དེབ་སོགས་དྲ་རྒྱའི་གོང་དུ་རྒྱ་ཡིག་དང་དབྱིན་ཡི་ལམ་ནས་དཔྱད་བསྡུར་བྱས་པ་ཡིན་ན། གྲུབ་འབྲས་ཤིག་ཐོན་ངེས་རེད། ཉིན་ཤས་སྔོན་ངས་ཉིན་ཕྱེད་རིང་སྐད་ཆ་བཤད་པ་ཡིན་ཏེ། བསོད་རྒྱལ་དགག་པ་རྒྱག་མཁན་མང་ཆེ་བ་རྙིང་མ་ལས་གཞན་པའི་ནུབ་ཕྱོགས་ཚོ་རེད་འདུག དེའི་ནུབ་ཕྱོགས་པའི་བུད་མེད་ཅིག་གིས༼མཛེས་མ་ཚོས་རིན་པོ་ཆེ་ལོ་དང་ཟླ་བ་དེད་ནས་མཐའ་མ་འདི་ལ་གཏུག་སོང་ཟེར། མོའི་སྙིང་གས་གྲབ་བྱས་སོང་ཟེར༽ དེ་ལ་རྒྱབ་བསྐྱོར་བྱེད་མཁན་ཡང་འདུག ངས་བགྲོ་གླེང་དེ་རྒྱུན་རིང་ཙམ་བཞག་དགོས་དྲན་སོང་སྟེ། གནས་སྟངས་གཞན་ཞིག་གིས་མཚམས་བཞག་པ་ཡིན། ཨོ་རྒྱན་ཉི་མས།
རྩོད་པ་ཆོས་ཕྱོགས་སུ་ཞི་ནས་འགྲོ་དགོས་པ་དེ། ནང་པ་ཕྱོགས་གཉིས་ཀའི་སེམས་ལ་འཇོག་དགོས་པ་དེ་གནད་ཀྱི་དམ་པའོ།། །།
ཆོས་ཕྱོགས་སྲིད་ཕྱོགས་གང་ཡང་ཁོམ་མ་སོང་། མགོ་སེར་ཚོས་ནུབ་ཕྱོགས་སུ་ཡོད་པའི་བོད་ཀྱི་བླ་རྒན་ཚོའི་བར་གྱི་སྐད་ཆ་འདྲ་མིན་བཤད་ཡོང་ཁི། དེ་ནས་བསུབ་བཞག་ཡིན།
བོད་བརྒྱུད་ནང་བསྟན་་དང་ན་ལེན་དྲ། གུ་རུ་རིན་པོ་ཆེ་དང་སྟོན་པ་་བཅོམ་ལྡན་འདས་ལ་ཡང་དམོད་ཚིག་དང་མཚན་སྨད་ཞུ་མཁན་རབ་དང་རིམ་པ་མང་པོ་བྱུང་བ་འདི་ཁ་བརྡ་དྲ་བའི་རྩ་འཁྲིམས་དང་འགལ་ཀྱང་ཆོག་གི་ཡོད་འདུག། དམངས་གཙོ་ཚད་ལྡན་དང་མཐུན་པའི་བསམ་འཆར་རམ་སྐྱོན་བརྗོད་ཞིག་དགའ་ལྡན་ཕོ་བྲང་དང་༧གོང་ས་མཆོག་ལ་བྱུང་ན་ཁ་བརྡ་དྲ་བའི་རྩ་ཁྲིམས་དང་འགལ་མེད་ཀྱང་མཆན་དེ་ཚོ་བསུབ་གནང་གིས་འདུག། དེ་རིགས་ནི་ཁ་དམངས་གཙོ་ཡིན་ཀྱང་ལག་ལེན་དམར་པོའི་ལྟ་བ་འདྲ་གིས་འདུག་ཞུ་རྒྱུ་ཡིན།
བསོད་རྒྱལ་ནུབ་ཕྱོགས་ལ་ཕེབས་ཏེ་མི་ལོ་བཞི་བཅུ་ཞེ་བདུན་རྗེས་སུ་མགོ་སེར་ཚོས་གཞི་ནས་བསོད་རྒྱལ་བུད་མེད་ལ་དགའ་བ་དང་། བཀའ་བཀྱོན་ཚ་བོ་ཡིན་པ་ཤེས་པ་འདྲ། དེ་ནི་ཆེས་གསང་བ་ཞིག་མ་རེད་དམ། དཔྱད་ན་ཧ་ཅང་གི་གནས་ཚུལ་མང་པོ་ཞིག་ཡོད་ངེས། ངས་ནི་སྔོན་མ་ནས་གོ་སོང་།
བསོད་རྒྱལ་རིན་པོ་ཆེའི་སྐུ་ཚེ་ལ་ཞིབ་འཇུག་དཔྱད་རྩོམ་བསྡུ་བའི་གསལ་བསྒྲགས།
ཨོ་རྒྱན་ཉི་མ།
བོད་གཞིས་བྱེས་གཉིས་སུ་བཞུགས་པའི་ཆེ་བ་བླ་ཆེན་ཁག་ཆོས་བརྒྱུད་ཀྱི་དབུ་འཁྲིད་དང་། མི་ཆེན་བཀའ་བློན་རྣམ་པ་ནས་བཟུང་ཆུང་བ་སྨྱུ་གུ་རྟོག་དཔྱོད་ཀྱི་རྗེས་སུ་འགྲོ་ལྡོག་ཐུབ་པའི་གང་ཟག་མཆོག་དམན་ཡོངས་ལ་ཞུ་གསོལ།
དེང་སང་བསོད་རྒྱལ་རིན་པོ་ཆེའི་སྐོར་གྱི་དཔྱད་གླེང་སྣ་ཚོགས་ཤིག་བོད་དང་། དབྱིན་ཇི། རྒྱ་ནག་སོགས་ཡིག་རིགས་སྣ་ཚོགས་ཤིག་ཏུ་ཁྱབ་བཞིན་པ་འདིས་བོད་ཀྱི་ཆོས་རིག་དང་། མི་རིགས་དང་བཅས་པར་གནོད་སྐྱོན་ཧ་ཅང་གི་ཆེན་པོ་ཞིག་འཐེབ་བཞིན་འདུག དེ་ཕྱིར་ང་ཚོས་རང་དགར་མི་འདུག་པར་ཁོང་གི་སྐུ་ཚེའི་མཛད་འཕྲིན་ཁག་གཞིར་བཟུང་གིས་དཔྱད་ཞིབ་ཅིག་གནང་དགོས་པར་སེམས། ཁོང་ལ་གཏམ་གླིང་སྣ་ཚོགས་བྱེད་བཞིན་པ་དག་མ་ཉེས་ཁག་གཡོག་གཅིག་པུ་ལས། གནས་ལུགས་དང་མཐུན་པའི་སྐད་ཆ་གཅིག་ཀྱང་མི་འདུག མགོ་སེར་ཚོས་གཙོ་ཆེ་བ་དེ་བླ་མའི་བཀའ་བཀྱོན་གནང་བ་དེ་འགྲིགས་ཀྱི་མི་འདུག་ཟེར་གྱི་འདུག དེ་ལས་བུད་མེད་དང་འབྲེལ་བའི་སྐོར་དེ་ལོག་གཡེམ་རྩ་བ་ནས་མ་རེད། དང་པོ་གཉེན་དཔུང་མེད་པར་གཉིས་མོས་ཀྱིས་ལུས་འབྲེལ་གྱིས་མཉམ་དུ་བསྡད་པ་རེད། ནུབ་ཕྱོགས་ལ་ཆུང་ས་རྒྱག་པ་དང་། དགའ་བོ་བསྒྲིགས་ཏེ་མཉམ་དུ་བསྡད་པ་གཉིས་སུ་མཆིས་པ་ལས། གཉིས་པ་དེ་ཞག་དང་ལོ་ཟླ་འགའ་རེའི་མཚམས་སུ་རང་སོར་གྱེས་པ་མི་ཆེ་ཆུང་སུ་ཡིན་ན་ཡང་གྲངས་མེད་རེད། བསོད་རྒྱལ་སྐད་གྲགས་ཆེ་བ་དང་། འབྱོར་བ་ཆེ་བ་སོགས་ཀྱིས་བུད་མེད་ཚོས་བློས་མི་ཐོང་སྟེ་སྐད་ངན་འབྱིན་པ་དང་། རིག་པ་ཆོས་ཚོགས་བརྒྱ་ལྷག་གི་གོ་སའི་གནས་སྟངས་ཛ་དྲག་ཅིག་ཀྱང་ཡོད་པར་ངེས་པས། དགེ་ལྡན་པ་དང་། བོན་པོ། རྙིང་མ། བཀའ་བརྒྱུད། ས་སྐྱ། ཁྱིམ་པ་སོགས་མདོར་ན་ཆོས་ལུགས་ཁས་ལེན་མིན་ལ་མ་ལྟོས་པར་རང་གི་ཕྱོགས་སུ་ཞེན་པ་དང་བྲལ་བས་དཔྱད་ཞིབ་གནང་རོགས་ཞུ་རྒྱུ་ཡིན། དེའི་སྐོར་ཁོ་བོས་བྲིས་པའི་༼བསོད་རྒྱལ་རིན་པོ་ཆེ་གླེང་བ༽་ཞེས་པའི་རྩོམ་ཐུང་དང་། དེའི་དཔྱད་མཆན་༼བསོད་རྒྱལ་ཞབས་བཏགས་མ།༽ནང་དུ་བྲིས་ཡོད། ཁོང་གི་ལོ་རྒྱུས་སྣ་ཚོགས་དབྱིན་ཡིག་སོགས་ཡུལ་ལུང་བྱེ་བྲག་པའི་སྐད་ཡིག་འདྲ་མིན་དུ་མཆིས་པས་དང་པོ་དེའི་ནང་དུ་གཟིགས། དེ་ནས་དཔྱད་རྩོམ་སྐོར་དགག་སྒྲུབ་གཉིས་ཀའི་ཐོག་ནས་ཡོད་ན་ཡག་པོ་འདུག དེ་ཡང་ཚིག་ལྷུག་དང་ལྡེབ་བཞི་ལས་མི་ཉུང་བ་བྱུང་ན་ལྷ་རབ་རེད།
དཔྱད་རྩོམ་བསྐུར་ཡུལ། tulkuogyen@gmail.com
ཁོ་བོར་མཚོན་ན་བསོད་རྒྱལ་ལ་སྔོན་ནས་འབྲེལ་བ་མེད་ལ་མ་འོངས་པར་ཡང་བྱ་འདོད་མེད། ཡིན་ན་ཡང་བོད་ཀྱི་ཆོས་རིག་གི་ཆེད་དུ་བོད་གཞིས་བྱེས་གཉིས་ཀྱི་རྩོམ་པ་པོ་ཡོངས་ལ་གཞེན་བསྐུལ་གྱི་ཚུལ་དུ་ཕུལ།
ང་རྙིང་མ་ཡིན་པའི་རྒྱུ་མཚན་གཅིག་པུས་རྙོག་གཏམ་བཤད་པ་གང་ཡང་མིན། ཨ་དཀོན་རིན་པོ་ཆེ་དང་། བསོད་རྒྱལ་རིན་པོ་ཆེ་འདི་ཚོས་མིའི་གཡོག་པོ་རྒྱུག གསང་སྤྱོད་ཁྲུས་ཏེ་མི་ཆེན་གྱི་གོ་སར་བསླེབ་པ་ཞིག་ལས། སྟབས་ལས་ཀྱི་དབང་གིས་མཐོན་པོ་ཆགས་སོང་བ་ཞིག་གཏན་ནས་མ་རེད། དེ་ཕྱིར་བོད་པ་ཚོས་ངེས་པར་མཁྱེན་དགོས་པ་ལས། ཁ་བདག་མེད་ནང་ནས་གཏམ་གང་འདོད་བཤད་བསྡད་ན་ཕན་ཐོགས་ཡོད་མ་རེད། བསམ་བློ་སྔོན་དུ་སོང་བ་དང་། དཔྱད་པ་སྔོན་དུ་སོང་བའི་ལས་ལ་འཇུག་པར་ཞུ་རྒྱུ་བཅས།
རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར། རང་གི་འོག་ལ་རྒུར་ནས་འདུག་ན་ལེགས་སོ་བརྗོད་པ་དང། མངའ་འོག་ནས་ཤོར་ས་རེད་བསམ་དུས་མགོ་ལྕག་གཞུ་བ་དེ་ཆབ་སྲིད་པ་སྤྱིའི་འགྲོ་སྟངས་རེད།
ནུབ་བསྡོད་བོད་ཕྲུག་གཅིག་གིས་བསམ་ཚུལ་འདི་འདྲ་ཞིག་སྤེལ་འདུག ཨོ་རྒྱན་ལགས། རྩོམ་ཡིག་འདིར་ཁྱོད་ཀྱིས་ངེས་པར་དུ་གཟིགས་རོགས། https://yarlungwarrior.wordpress.com/2017/08/31/abuse-is-abuse-we-live-in-the-world-of-conventional-reality/
བོད་ཕྲུག་གླེན་པ་འདིས་ཅང་ཤེས་མེད་ཁི། ཚིག་བེད་ཆོད་བཏང་སྟངས་ལ་ལྟོས་དང་། དབྱིན་ཇིའི་སྲིད་བློན་གྱི་ལད་མོ་བྱེད་ཁུལ།
རྩ་ཁྲིམས་ཞིག་གི་འགྲོ་སྟངས་གཞིར་བཞག་བྱས་པ་ཡིན་ན། དད་པ་དང་། གོ་ས་ཆེ་ཆུང་ཡོད་མ་རེད།
ཨིན་སྐད་ནང་གི་ buse ཟེར་བ་དེ་ལ་དྲག་ཤུལ། བརྙས་བཅོས། ལོག་སྤྱོད། ཚིག་རྩུབ་སོགས་མང་པོ་ཞིག་ལ་གོ་བ་ལས། དངོས་སུ་ལོག་གཡེམ་གྱི་ཚིག་ཅིག་མ་རེད། བོད་པ་དང་། རྒྱ་མི་ཚོས་བསམ་གཟས་ན་ལོག་གཡེམ་ལ་འགྲེལ་གྱིན་འདུག ནུབ་ཕྱོགས་ཚོས་ child abused ་ཕྲུ་གུ་ལ་བརྙས་བཅོས་བྱས་སོང་ཟེར་བ་ལས། དངོས་སུ་ལོག་གཡེམ་བྱས་པ་ཟེར་གྱིན་མེད་པ་འདྲ།
འདི་དག་ཚང་མ་བསོད་རྒྱལ་ལྟ་བུ་ཆུང་ཆུང་སྐབས་དགའ་ལུགས་པས་དགེ་བཤེས་ཡིན་མདོག་པ་དག་གིས་གླ་ཤའི་བར་དུ་ཁ་ཆུ་བླུག་ནས་བྱི་བྱས་པས་ལན་པ་རེད་འདུག དེས་ན་སྐྱོན་གྱི་རྩ་བ་དེ་དགོན་པའི་ནང་ལ་གྲྭ་ཕྲུག་ཉལ་དུ་མི་བཅུག་ས་གདན་ས་ཡིན་ཟེར་བ་དེ་ཚོར་མཚན་གཅིག་འཁྲིག་སྤྱོད་བྱེད་མཁན་མང་དག་གཅིག་ཡོད་པ་འདི་ཚོ་རེད། དགའ་ལྡན་ཕོ་བྲང་ནས་ཧ་མ་གོ་མདོག་མདོག་བྱས་ནས་གཡུག་མ་བཞག་པར་དགོན་པའི་ནང་གཙང་སེལ་བྱེད་མ་ཐུབ་པས་ལན་པ་རེད། འདི་ལྟ་བུ་ནི་རྩེ་རྣམ་རྒྱ་གྲྭ་ཚང་ནས་འོག་དགོན་པ་ཆུང་ཤོས་ནང་གི་ནང་སྡོམ་པ་མི་བསྲུང་མཁན་ཡོད་པ་འདི་དག་གཙང་སེལ་མ་བཟོས་པས་ལན་པ་རེད། སྙིང་མ་བ་ཚོས་སྐྱས་དམན་ཉར་བ་འདི་ཚུལ་མཐུན་དང་མིའི་རང་བཞིན་རེད།དགོན་པར་གྲྭ་པ་འཛུལ་མཁན་ཉུང་དུ་འགྲོ་དགོས་པའི་རྒྱ་མཚནདགོན་པར་ཚུལ་ཁྲིམས་གཙང་མ་མ་བསྲུང་བར་གྲ་ཆུང་ཉལ་དུ་མ་བཅུག་མཁན་ཚོས་བཟོས་པ་ཤ་སྟག་རེད། སྐྱོན་གྱི་རྩ་་བ་འདི་ལ་ངོས་ལེན་མ་བྱས་པར་བསོད་རྒྱལ་ལྟ་བུའི་མིང་བཙོག་པ་བཟོ་དགོསཟེར་ནས་བཀའ་གནང་བ་འདི་སེམས་པ་སྐྱོ་དགོས་་ཞིག་ལས་མ་མཐོང་།