འབྲོང་ངུར་ཆོས་རྗེ།
༡༽ ཁ་སང་ཁ་བརྡའི་སྟེང་རྩོམ་གྲོགས་བསོད་ནམས་ནོར་བུས། སྙིང་སྟོབས་མ་ཞུམ་སྲོང་བཙན་བུ་རྒྱུད་རྣམས། །སུམ་གཉིས་ས་ལ་མངའ་དབང་བསྒྱུར་དུ་འགྲོ། །ཞེས་བྲིས་འདུག་པས་ངའི་དྲན་འཆར་ཞིག་སད་དུ་བཅུག དེ་ཡང་། འཛམ་གླིང་ལོ་རྒྱུས་ཐོག་རྒྱལ་ཁབ་ཕན་ཚུན་བཙན་པོ་དབང་ཡོད་དང་དྲག་པོའི་དམག་འཁྲུག་ལན་མང་བྱུང་བ་ནི་སྤྱིར་བཏང་ཞིག་ཡིན་ཡང་། གནས་ཚུལ་དེ་དག་ཆོས་རྒྱལ་ཞིག་ལ་གཏན་ནས་མི་འཚམ་སྙམ། ད་དུང་གནས་ཚུལ་འདི་དག་མེས་དབོན་ཚོའི་ཁྱད་ཆོས་དང་བོད་ཀྱི་ལོ་རྒྱུས་ཀྱི་གཟི་བརྗིད་ཅིག་ཏུ་གླེང་བ་ནི། ཁོ་བོས་བལྟས་ན་ནོར་འཁྲུལ་ཞིག་ཏུ་འཁུམས། འཛམ་གླིང་སུམ་གཉིས་དབང་དུ་བསྡུས་པ་སོགས་དོན་མེད་བཙན་པོ་དབང་ཡོད་གནང་བ་དག་ནི་བཙན་པོ་སྲོང་བཙན་སོགས་ཀྱི་ནོར་འཁྲུལ་ཞིག་ཏུ་ངོས་འཛིན་བྱེད་འོས་པ་ལས་ཁྱད་ཆོས་སུ་བསྔགས་འོས་པ་ག་ལ་ཡིན། ད་ལྟ་ང་རང་ཚོའི་གནས་བབ་ལ་ཉེ་ལྟ་ཞིག་གྱིས་དང་། གཞན་གྱིས་བཙན་པོ་དབང་ཡོད་བྱས་ནས་རང་གི་རྒྱལ་ཁབ་བཙན་འཕྲོག་དང་དྲག་པོའི་བཙན་གནོན་བྱེད་དུས་གང་འདྲ་འདུག ང་ཚོས་དེ་ནི་མཐའ་གཅིག་ཏུ་མ་འགྲིགས་པར་ཐག་གཅོད་བྱེད་ཅིང་ཆེས་ཐ་ཤལ་གྱི་བྱ་སྤྱོད་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། བལ་ཡུལ་ནས་བལ་བཟའ་ཁྲི་བཙུན་དང་ཇོ་བོ་མི་སྐྱོད་རྡོ་རྗེ་གཉིས་ཀ་བཙན་པོ་དབང་ཡོད་བྱས་ནས་ཕྲོགས་པ་ཞིག་རང་རེད་འདུག བལ་བཟའ་དང་ཇོ་བོ་བོད་དུ་ཁྱེར་ཡོང་བས་བོད་འབངས་མི་སེར་ལ་ཧང་སང་བའི་ཕན་ཐོགས་ཤིག་བྱུང་ཡོད་ཚོད་མི་འདུག འཛམ་གླིང་སུམ་གཉིས་དབང་དུ་མ་བསྡུས་ཀ་མེད་དེ་འདྲ་ག་རེ་བྱུང་བ་ཡིན་ནམ། རང་གི་འབངས་མི་སེར་སྲུང་སྐྱོབ་ཀྱི་ཆེད་དུ་མཐའ་མཚམས་གཏན་སྲུང་དང་དགྲ་ཡི་དཔུང་འཇུག་འགོག་པ་སོགས་འོས་ཤིང་འཚམས་པ་ཞིག་ཡིན་ཡང་། ཧ་ཅང་ཐལ་དྲགས་པའི་འཛམ་གླིང་སུམ་གཉིས་དབང་དུ་བསྡུས་ཞེས་པ་སོགས་ནི་ཆོས་རྒྱལ་ཞིག་ལ་གཏན་ནས་མི་འཚམ་ལ། དམ་པའི་ཆོས་ཀྱི་སྲོལ་འཛུགས་པ་པོ་ཞིག་ལ་དེ་བས་ཀྱང་མི་འཚམ། དེས་ན་འཛམ་གླིང་སུམ་གཉིས་དབང་དུས་བསྡུས་སོ་ཞེས་པ་སོགས་ནི་བསྟོད་མི་ཤེས་པའི་བསྟོད་ར་ལས་སྨད་མི་ཤེས་པའི་སྨད་ར་དགའ་ཞེས་པ་ལྟ་བུར་གྱུར་འདུག་སྙམ། ཡང་ན་རྟོག་སྒྲུང་ཞིག་ཡིན་ནའང་ཆོག
༢༽ མ་ཟད་། ང་ཚོའི་བཙན་པོ་དག་ལ་དྲག་ཤུགས་ཙམ་ལས་བློ་གྲོས་ཞེ་དྲག་མེད་པའི་ཚོར་སྣང་བྱུང་། ཐ་ན་རང་གི་བཟའ་མི་ཉེ་འཁོར་བུ་ཕྲུག་རྣམས་ལའང་བསླབ་བྱའམ་སློབ་གསོ་སྤུས་དག་ཅིག་ཀྱང་སྤྲོད་ཐུབ་མི་འདུག ད་དུང་བློན་པོ་ཚོའི་ཡིད་སེམས་འགུགས་མ་ཐུབ་པ་ནི། རྒྱལ་པོ་ཞིག་ལ་མཚོན་ན་ངོ་ཚ་དགོས་པའི་གནས་ཤིག་རེད། འབངས་མི་སེར་གྱི་བདེ་སྐྱིད་ལ་བསམས་ན་བློན་པོ་ཚོའི་ཡིད་སེམས་ལྷོད་ལ་འབབ་ཐུབ་པ་ཞིག་བཟོ་དགོས་པ་ནི་གལ་གནད་ཆེ་ཤོས་ཤིག་ཡིན་པ་མ་མཁྱེན་པའམ་ཐབས་ཇུས་ལ་རྨོངས་སོང་བ་འདྲ། དེ་ཡང་ཧོར་ཇིང་གིར་རྒྱལ་པོ་ལྟ་བུར་མཚོན་ན། ཕྱི་ལ་ཧ་ཅང་བཙན་ཞིང་རྩུབ་པ་མཐའ་མཚམས་རྒྱལ་ཁབ་མང་པོ་དབང་དུ་བསྡུས་པ་དེ་འདྲ་ཡིན་ཡང་། ནང་དུ་ཉེ་འཁོར་ལྟོས་བཅས་ཐམས་ཅད་སྐྱོང་ལ་མཁས་པས་རྒྱལ་བློན་དཔོན་འབངས་ཀུན་གཅིག་སེམས་གཅིག་ལ་དཀར་ཞིང་འདུན་པ་ཞིག་བྱུང་འདུག་ལ། ཁོང་ལ་གྱེན་ལངས་ངོ་རྒོལ་བྱེད་མཁན་ཞིག་རྩ་ནས་བྱུང་མི་འདུག བློན་པོ་དམག་སྤྱི་ནས་མི་དམངས་དཀྱུས་མ་ཚུན་ཆད་ཀྱིས་ཁོང་ལ་ལྷག་བསམ་དཀར་ཞིང་བརྩི་བཀུར་ཤིན་ཏུ་ཆེ་བ་དེ་འདྲ་ང་ཚོའི་བཙན་པོ་དག་ལ་བྱུང་ཚོད་མི་འདུག ཁོང་ཅག་གི་མཛད་རྗེས་ཆེ་ཤོས་ནང་ཆོས་གདན་དྲངས་པ་དེ་ཉིད་གཅིག་པུ་ཡིན་མོད། དེ་ཡང་སྤྱི་ཚོགས་རྒྱ་ཁྱབ་ཐོག་གོ་དོན་རྟོགས་ཐུབ་པ་དང་སློབ་སྦྱོང་རྒྱ་སྐྱེད་ཐུབ་པ་ཞིག་མ་གནང་བའམ་གནང་ཐུབ་མི་འདུག དེར་བརྟེན་བོད་མི་སྐྱ་སེར་ཕལ་མོ་ཆེ་ནང་ཆོས་ལ་དད་མཁན་ཞིག་ཡིན་ཡང་ནང་ཆོས་ཀྱི་གོ་རྟོགས་ཤིན་ཏུ་ཞན་པའི་རྗེས་ལུས་ཀྱི་གནས་ཚུལ་འདི་བྱུང་བར་སྙམ་མོ།། གྲོགས་པོ་དག་གིས་ལེགས་པར་དཔྱོད་ཅིག
ད་ངོ་མ་ཅི་བཤད་འདི་བཤད་མེད་ཐག་ཆོད་ནས་ཧ་ཧ་་ཧ། ཁྱེད་ཚོའི་སྐད་ཆ་འདི་དག་ནི་ཉི་མ་ཕུད་ཐབས་ཙམ་དུ་ཟད།
ལོ་རྒྱུས་ནི་ལོ་རྒྱུས་རེད། བཙན་པོས་འཛམ་གླིང་སུམ་གཉིས་དབང་དུ་བསྡུས་ཡོད་ན་ཡོད་རེད་ཟེར་དགོས་རེད། ལྷག་པར་ལོ་ངོ་སྟོང་ཕྲག་སྔོན་དང་ད་ལྟ་འདྲ་ཡི་མ་རེད། སྔོན་ཡིན་ན་སོ་སོ་ལ་སྟོབས་ཡོད་ན་གཞན་དབང་དུ་བསྡུ་ཡ་དང་སོ་སོ་ལ་ནུས་པ་མེད་ན་གཞན་གྱི་གཉའ་གནོན་འོག་གནས་དགོས་ཀྱི་ཡོད་པ་རེད་དཔེར་ན་ང་ཚོ་རྒྱ་ནག་པོའི་གཉའ་གནོན་འོག་གནས་དགོས་པ་ནང་བཞིན་རེད། དེས་ན་བཙན་པོའི་བཀའ་དྲིན་ལ་བརྟེན་ནས་བོད་དེ་རྒྱ་ནག་སོགས་ཕྱོགས་ཀྱི་རྒྱལ་ཁབ་གང་གི་གཉའ་གནོན་འོག་གནས་མི་དགོས་པར་བྱུང་བ་ཡིན་ཙང་བཙན་པོའི་ཁྱད་ཆོད་དང་ཡོན་ཏན་ལོས་ཡིན། དེས་ན་ཆོས་ཀྱི་རྒྱལ་པོ་ཡིན་མིན་དེ་རང་གི་མངའ་འོག་ཆོས་ཀྱི་སྐྱོང་མིན་ལ་བལྟ་དགོས་པ་ལས་ནུས་མེད་མཉམ་ཆུང་ཡིན་མིན་དགོས། ཆོས་གཞུང་རྣམས་ལས་ཀྱང་འཁོར་ལོས་བསྒྱར་བའི་རྒྱལ་པོའི་ཡོན་ཏན་བཤད་དུས་གླིང་བཞི་སོགས་དབང་དུ་བསྡུ་ཚུལ་གསུངས་ཀྱི་ཡོད་པ་རེད། དེས་ན་སྔར་གྱི་བཙན་པོ་རྣམས་ནི་བཙན་པོའི་གཉའ་ནས་གནོན་པའི་དཔོན་པོ་དང་། ཉམས་ཆུང་མཐའ་ནས་སྐྱོང་བའི་ཕ་མ། མངའ་འབངས་བདེ་ལ་བཀོད་པའི་རྒྱལ་པོ་ཡིན་ཟེར་བ་རེད།
འབྲོག་ངུར་བླུན་གཏམ་པ་ལགས། ལོ་རྒྱུས་ཀྱི་དུས་སྐབས་རེ་རེར་ལོ་རྒྱུས་ཀྱིས་གདེང་འཇོག་བྱེད་དགོས་པ་ལས། རང་མགོ་མི་ཐོན་པའི་བྲོས་བྱོལ་གཉའ་ཞུམ་གྱི་བསམ་བློ་ཡ་མ་བླ་ཞིག་གིས་ཚད་མཇལ་ཐུབ་གི་མ་རེད། འོན་ན། འཛམ་གླིང་རིལ་མོ་འདིའི་སྒང་གི་ཐ་དད་སོ་སོར་སྣང་པའི་མི་རིགས་དང་སྐད་ཡིག རིག་གཞུང་སོགས་འཐབ་རྩོད་དང་ངལ་རྩོལ་ལས་གྲུབ་པ་མ་ཡིན་ནམ། དེ་དག་སོན་རྩ་ནའང་འཐབ་རྩོད་རྔུལ་ཁྲག་དང་རིགས་དབྱེ་ཡི་འདུ་ཤེས་སྐུང་ཡོད་པ་མ་ཡིན། ཁྱོད་བསམ་ཚུལ་ལྟར། འདི་དག་ཡོད་ཚད་ཀྱང་ཅི་མི་སྙམ་པར་གད་སྙིགས་ཀྱི་ཁྲོད་དུ་གཡུགས་དགོས་པ་ཨེ་རེད།
གསུམ་གཉིས་ལ་དབང་སྒྱུར་བ་བཙན་པོ་སྲོང་བཙན་གྱི་སྐྱོན་དུ་འཁུམས་ན། ས་ཡ་དྲུག་གི་རང་དབང་ཤོར་བ་ནང་བསྟན་ཆོས་ལུགས་ཀྱི་རྒྱུ་བརྩི་དགོས་པ་ཨེ་རེད།
རྣམ་པ་ལྷན་རྒྱས་ཀྱིས་ངས་ཉི་མ་ཕུད་ཐབས་སུ་བྲིས་པའི་རྩོམ་ཡིག་བཀླགས་པར་ཐུགས་རྗེ་ཆེ་ཞུ། འོན་ཀྱང་ཁྱེད་རྣམས་ཀྱིས་རྒྱུ་མཚན་ལ་དཔྱད་ཞིབ་གནང་རྒྱུའི་ཚབ་ཏུ་རྩེད་མཚར་ཙམ་དང་ཚོར་མཚར་ཙམ་ཞིག་བྲིས་འདུག སྤྱིར་དེང་དྲ་རྒྱའི་ལམ་བུ་འདི་ཁྱབ་རྒྱ་ཧ་ཅང་ཆེ་བས། ཕན་ཚུན་གོ་རྟོགས་སྤེལ་རེས་སུ་བེད་སྤྱོད་གནང་ན་ཤིན་ཏུ་ལེགས། སྐྱོ་བ་ཞིག་ལ་ཕལ་མོ་ཆེས་དྲ་ཐོག་ཏུ་ཡི་གེ་ཞིག་བྲིས་ཀྱང་བརྒྱ་ཆ་བརྒྱད་ཅུ་དགུ་བཅུ་ཡན་རྩེད་མཚར་འདྲ་ཞིག་དང་གཞན་ལ་སྙད་བསྐོ་བའི་ཚིག་འདྲ་ཞིག་འབྲི་བཞིན་འདུག བསམ་བློ་ཡག་པོ་ཞིག་བཏང་ནས་རང་གཞན་ལ་བློ་སྐྱེད་གོང་འཕེལ་ཡོང་ན་སེམས་མཁན་ཞིག་ཁག་པོ་ཡིན་པ་འདྲ། དེང་སང་ཁྱབ་རྒྱ་ཆེ་བའི་ང་ཚོའི་ངོ་དེབ་ལ་ལྟོས་དང་ཤེས་ངེས་རེད། དེས་ན་ང་ཚོས་མཆན་འབྲི་དུས་བསམ་གཞིག་མང་ཙམ་བཏང་ནས། སོ་སོའི་བྲིས་པ་དེ་དོན་དང་ལྡན་པ་ཞིག་ཡོང་ཐབས་ལ་བརྩོན་ན་དགེ་མཚན་མི་ཆེའམ།
སྲོང་བཙན་སྐབས། འཛམ་གླིང་གི་སུམ་གཉིས་དབང་དུ་བསྡུ་རྒྱུ་ཕར་ཞོག་ཐ་ན་ཨེ་ཤ་ཡའི་སུམ་ཉིས་ཀྱང་དབང་དུ་བསྡུས་མེད་གི ད་ལྟའི་ཀྲུང་གོའི་སུམ་ཆ་གཉིས་ཙམ་ཡང་དབང་དུ་བསྡུས་མེད་གི
སྲོང་བཙན་གྱིས་ཁ་ཐོར་གྱི་བོད་ཚང་མ་གཅིག་གྱུར་བྱས་ཡོད་མེད་ཙམ་རེད། ཁོང་སྔ་པོ་༦༤༩ མ་རེདམ། དེ་དུས་ནས་གྲོངས་པ་རེད། དེ་ནས་བློན་ཆེན་པོ་མགར་གྱིས་ ༦༥༥ ཡིན་བསམ་སོང་ཁྲིམས་ཡིག་བཟོས། ཕར་བྱང་གི་ཕྱོགས་སུ་བཙན་འཛུལ་གྱི་མགོ་བཙུགས་པ་རེད། དྲུ་གུ་དང་འ་ཞ་ཡང་བློན་པོ་མགར་བུ་རྒྱུད་ཀྱིས་དབང་དུ་བསྡུས་པ་རེད།
བཙན་པོའི་སྙིང་སྟོབས་ལ་བསྔགས་མི་འོས་པ་ཞིག་ཡིན་ན། དགའ་ལྡན་ཕོ་བྲང་གིས་བོད་ཀྱི་སྲིད་སྐྱོང་མཇུག་བསྡུ་བའི་མཛད་སྒོའི་གཏམ་བཤད་ནང་། བོད་ཀྱི་ཐོག་མའི་བཙན་པོ་་་གཉའ་ཁྲི་བཙན་པོའི་་་གཟི་བརྗིད་འོད་སྟོང་འབར་བའི་མཚན་གཞུང་དེ་མ་བོས་རང་བོས་ཆགས་སོང་བ། གཞན་དུས་རྒྱུན་ཁྱེད་ཚོས་་་ཆོས་རྒྱལ་མེས་དབོན་རྣམ་གསུམ་་་མ་གཏོགས་དེ་ལས་གཞན་པའི་་་བོད་ཀྱི་བཙན་པོ་ཡོངས་རྫོགས་་་སྣང་མེད་དུ་གཏོང་རྐྱང་བྱེད་ཀྱི་ཡོད་བ། དེ་ཅིས་ཕྱིར་ཡིན་ནམ། འུ་ཐུགས་དུས་་་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་་་དེ་བོད་མའི་ཁྲིམས་མཐུན་གྱི་སྲིད་གཞུང་ཞིག་ཡིན་པ་ཡང་དག་པར་བསྒྲུབ་བྱེད་དུ་་་གཉའ་ཁྲི་བཙན་པོ་་་་ཤིན་ཏུ་གནད་འགག་ཆེན་པོར་ཆགས་པ་དེ་ཤེས་པར་གྱིས་ཤིག། རྒྱུ་མཚན་འདི་འདྲ་བརྟེན་ནས་བོད་ཀྱི་བཙན་པོའི་ལམ་ལུགས་འདི་གལ་འགང་ཆེ་ལ་མེད་ན་མི་རུང་བར་གྱུར་བ་རེད། འདི་ཐོག་མར་གཏན་ལ་འབེབས་མཁན་སུ་ཡིན་པ་དང་དེ་དག་གི་བཀའ་དྲིན་ཀྱང་མ་བརྗེད་པ་བྱེད་རྒྱུ་ནི། རྗེས་འཇུག་གི་གཞུང་དམངས་ཚང་མའི་རང་འཁྲིས་ལས་འགན་ཞིག་ཡིན་པར་སེམས་སོ།
འབྲོང་ངུར་ཆོས་རྗེ་ལགས་ཀྱིས་གསུངས་པ་དེ་ཡང་རྟོགས་ལྡན་ལ་སྐྱེ་བའི་དོགས་སློང་རེད། དགོངས་ཚུལ་བཟང་། སྔོན་དུས་དེ་ལྟར་ལས་པ་དང་བཤད་ན། རང་ཕྱོགས་དཔའ་སྟོབས་འཕེལ་བའི་རྐྱེན་དུ་འགྲོ་བས་རྒྱན་དུ་འགྲོ། གང་ལྟར་ཡང་། དེང་སྐབས་རིག་གཞུང་དང་སྐད་ཡིག གོམས་གཤིས་སོགས་གཅིག་མཚུངས་ཡིན་པའི་མི་རིགས་མ་གིའི་རྒྱ་ནག་པོའི་མཚམས་ནས་ཡ་གིའི་པ་ཀི་སི་ཐན་དང་། ཨབ་གན། འབར་མ་དང་ཏུ་ཀི་སི་ཐན། རྒྱ་གར། བལ་ཡུལ་བཅས་ཀྱི་མཚམས་སོ་སོར་ཡང་འཚོ་བཞིན་པ་འདིས་བོད་བཙན་པོའི་སྐབས་མངའ་ཐང་གུང་དང་མཉམ་པར་ཡོད་ངེས། བཙན་པོའི་སྐབས་ཀྱི་ཤེས་རིག་རྣམས་དུས་ཀྱི་དབང་གིས་འཐོར་བཤིག་ཏུ་སོང་ཡང་། མི་རྣམས་ཡིད་འགུལ་ཐུབ་པའི་སློབ་གསོ་མེད་པ་མ་ཡིན་ཏེ། ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ཅེས་པ་མི་རིགས་གཞན་ལ་མཐོང་དཀོན། རྒྱལ་རབས་ལོ་རྒྱུས་ནང་། བོད་ཀྱི་བཙན་པོས་རང་གི་འབངས་ཡིད་འགུག་ཐུབ་པ་མ་ཟད། བོད་ཀྱི་བློན་པོས་ཀྱང་ཐང་གི་རྒྱལ་པོ་ཡིད་འགུལ་བཅུག་པའི་ལོ་རྒྱུས་ཡོད།
ཡང་ཅིག་མ་ལབ་ནས་སྡོད་ཐབས་མ་བྱུང་། མེས་དབོན་རྣམ་གསུམ་གྱིས་འཛམ་གླིང་གསུམ་གཉིས་དབང་འདུས་ཞེས་པ་འདི་སྒྲོ་བཏགས་རྒྱན་ཞིག་ཡིན་ན་ཡང་། དེའི་སྐབས་ཀྱི་འཛམ་གླིང་ནི། མཐའ་སྐོར་རྒྱལ་བརྒྱུད་ཧོར་གླིང་གཉིས་དང་རྒྱ་དཀར་ནག་གཉིས་ལས་ཨ་རི་སོགས་ནི་དེ་རི་བོང་རྭའི་སྤུ་མཆེ་ད་ཡིན་པ་ཀུན་གྱིས་མཁྱེན་དགོས།
འབྲོང་ངུར་གིས་རྒྱལ་པོས་བློན་པོ་བློ་མ་བསྒུགས་པ་གསུངས་པ་དང་། བོད་པོའི་༧པར་གཉའ་ཁྲི་གལ་ཆེ་མདོག་བཤད་གཉིས་ནི། རང་གི་རང་ཁུངས་བཤང་སྟོན་ཁུལ་ཙམ་ལས་སྙིང་པོ་ཅང་མཐོང་མ་སོང་ལགས།
ཀ་རྡོ་ལགས་གསན་ཨ། སྔར་འཛམ་གླིང་སུམ་གཉིས་དབང་དུ་བསྡུས་ཟེར་བ་ནི་དེ་སང་གི་འཛམ་གླིང་གི་སུམ་གཉིས་ཡོད་མེད་མི་ཤེས་ཏེ་ཁུངས་རྩ་བ་ནས་མེད་པའི་སྒྲོ་བཏགས་ཁོ་ན་ཞིག་དང་སྔར་གྱི་འཛམ་གླིང་རྒྱ་དཀར་ནག་གཉིས་དང་ཧོར་གླིང་གཉིས་ཁོ་ན་ག་ལ་ཡིན་ཏེ། དང་པོ། སྤྱིར་སྔར་བཙན་པོས་དབང་བསྒྱུར་སྟངས་ལ་ཐད་ཀར་སྟངས་འཛིན་འོག་ཡོད་པ་བོད་དང་ཐད་ཀར་སྟངས་འཛིན་འོག་མེད་ཀྱང་ཁྲལ་སོགས་དུས་ཐོག་འཇལ་བ་དགོས་པ་རྒྱལ་ཕྲན་བཅས་ཡོད་པ་རེད་མ་གཏོགས་འཛམ་གླིང་གི་སུམ་གཉིས་བཙན་པོའི་ཐད་ཀར་སྟངས་འཛིན་འོག་ཡོད་ཟེར་བ་མིན། གཉིས་པ། དེའི་ནང་ཧོར་གླིང་གཉིས་ནི་བཙན་པོའི་ཐད་ཀར་སྟངས་འཛིན་འོག་ཡོད་པའི་བོད་ཡིན་པ་ལས་རྒྱལ་ཁབ་ཐ་དད་ཞིག་མ་རེད། གསུམ་པ། དེ་ནས་རྒྱ་ནག་ལ་མཚོན་ན་རྒྱའི་ས་མཚམས་ཀྱི་ཡུལ་ལུང་མང་པོ་བོད་ཀྱི་དབང་འོག་ཏུ་བསྡུས་ཡོད་པ་བོད་ཀྱི་རྒྱལ་རབས་ཙམ་མིན་པ་རྒྱའི་ཐང་ཡིག་གསར་རྙིང་གཉིས་ཀ་ན་ཡོད་པ་རེད། བཞི་པ། རྒྱ་གར་ལ་མཚོན་ན་ད་ལྟ་ནང་བཞིན་གཅིག་འགྱུར་གྱི་རྒྱལ་ཁབ་ཆེན་པོ་དེ་འདྲ་མ་ཡིནཔར་རྒྱལ་ཁབ་ཆུང་ཆུང་མང་པོའི་ཚུལ་དུ་གནས་ཡོད་པ་རྣམས་ལས་ད་ལྟ་རྒྱ་གར་གྱི་མངའ་འོག་རྩིས་བཞིན་པའི་མོན་དང་། ལ་དྭགས། འབྲས་ལྗོངས་སོགས་བོད་རང་ཡིན་པས་མ་ཚད་སྣ་ཆེན་པོའི་རིགས་ཀྱི་རྒྱ་གར་གྱི་ས་ཆ་ཡང་མང་པོ་ཞིག་བོད་ཀྱི་རྒྱལ་ཕྲན་དུ་བསྡུས་ཡོད་པ་རེད། ལྔ་པ། ད་དུང་བོད་ཀྱི་རྒྱལ་ཕྲན་ལ་བསམ་ན་གྲུ་གུ་སྟེ་དེ་སང་གི་ཡུ་གུར་དང་། ལི་ཡུལ་ཏེ་བལ་ཡུལ། འཇང་སྟེ་འབར་མ། སོག་པོ། ཨུ་རུ་སུ། དེ་བཞིན་པར་ཁེ་སི་ཏན། ཨབ་གྷ་ནི་སི་ཏན། དེ་བཞིན་དེ་སང་བོད་དང་ཉེ་བའི་ཁ་ཆེའི་རྒྱལ་ཁབ་ཆུང་ཆུང་དེ་ཚོ་རེད། དེ་ལ་བསམ་ན་འཛམ་གླིས་སུམ་གཉིས་བཤད་ཀྱང་མི་འཚམས་པ་ག་ལ་ཡོད།
གཉའ་ཁྲིའི་མཛད་རྗེས་གཙོ་ཁག་གང་ཡོད་འདིར་ཁོད་དང་གལ་ཆེན་ཡིན་མིན་རྟོགས་ཡོང་དེ་མིན་ཕྱོགས་ཞེན་གྱི་སྐད་ཆའི་ཕན་ཐོག་ཡོང་དཀའ། སྲོང་བཙན་བླུན་པོ་ཟེར་ཡང་ཆེར་མི་འཐད། འཛམ་གླིང་སུམ་གཉིས་དབང་དུ་མ་བསྡུས་པའི་རྒྱུ་མཚན་ཡང་དག་གང་ཡོད།
དེང་གི་ཨ་ཤི་ཡ་ཚང་ནང་ལ་འཇམ་གླིང་གསུམ་གཉིས་མེད་པ་ལ་ད་ག་རེ་ཤོད་འདོད་པ་ཡིན་ནམ། གཉའ་ཁྲི་བོད་རྒྱལ་ཐོག་མ་ཡིན་སྲིད་ཀྱང་། བྱས་རྗེས་ཧ་ཅང་མི་ཆེ་བས། བོན་པོས་གནམ་རིམ་བདུན་པའམ་བཅུ་གསུམ་ནས་ཡོངས་སྟངས་དང་། རྒྱ་གར་བས་རྒྱ་ནག་རིལ་སྣ་རིང་གི་བརྒྱུད་པ་ཡིན་པ་ཤོད་སྟངས་དང་། བོད་ཀྱི་ནང་པས། སངས་རྒྱས་ཤཱཀྱ་ཐུབ་རིགས་དང་ཉེ་བའི་ལི་ཙྰ་བི་རིགས་རེད་སོགས་བཤད་ཡུལ་འདི་ཆགས་པ་རེད་པེ་ལགས།
སྲོངབཙན་མེས་དབོན་རྣམ་གསུམ་ག་ཚོད་སྐྱོ་ན་ཡང་། དམག་འཐབ་ཡག་ཐག་གཅོད་བརྒྱབ་རྗེས། རྒྱ་རྒྱ་ཡུལ་དུ་སྐྱིད་པ་དང་། བོད་ཡུལ་དུ་སྐྱིད་པའི་རྡོ་རིང་ད་ལྟ་ཡང་གསོན་པོ་ཁྱོད་ཀྱི་མིག་ལམ་དུ་ཀྲོང་ངེར་ཡོད་པ་མི་མཐོང་ངམ། མིག་ལོང་ངམ། རྣ་བ་འོན་ཏམ། སྤྱོད་པ་ལོག་གམ། ད་ག་རེག་བྱས་སོང་དྲ་གཽགས་ཚོ། ཧ་ཧ་ཕྱེད་ཀུ་རེ་ཡིན་ནོ། །
སུམ་གཉིས་དབང་དུ་བསྒྱུར་མེད་པའི་རྒྱུ་མཚན་གང་ཡོད་ཟེར། འཛམ་གླིང་འདི་སུམ་ཆ་གཉིས་སུ་བགོས་ན་རྒྱ་ཆེ་ཆུང་ག་ཚོད་རེད། བསམ་བློ་ཞིག་ཐོངས། ཁྱིམ་མཚེས་མཐའ་མཚམས་རྒྱལ་ཁབ་དག་ལ་དམག་འཁྲུག་བརྒྱབས་པ་ཙམ་གྱིས་སུམ་གཉིས་དབང་བསྒྱུར་དུ་ག་ལ་འགྲོ་སྟེ། དེ་འདྲ་ཡིན་ན་སུམ་གཉིས་དབང་དུ་བསྒྱུར་མ་མྱོང་བའི་རྒྱལ་ཁབ་དཀོན་པོ་ཆགས་པ་མིན་ནམ། དུས་སྐབས་དེར་འཛམ་གླིང་ཐོག་རྒྱལ་ཁབ་ག་ཚོད་ཡོད་མེད་བོད་ཀྱི་རྒྱལ་རབས་རྣམས་སུ་དཔྱད་ཞིབ་ཙམ་ཡང་བྱས་ཡོད་དམ། དེར་བརྟེན་ངས་གོང་དུ། ཡང་ན་རྟོག་སྒྲུང་ཞིག་ཡིན་ནའང་ཆོག ཅེས་བྲིས་པ་ཡིན། འོན་ཀྱང་མཐའ་མཚམས་རྒྱལ་ཁབ་རྣམས་སུ་དམག་འཁྲུག་བརྒྱབས་ཏེ་བཙན་པོ་དབང་ཡོད་བྱས་ཡོད་རབས་འདུག་པས་ཆོས་དང་འཇིག་རྟེན་གང་དང་ཡང་མི་མཐུན་པའི་བཙན་པོ་དབང་ཡོད་བྱས་པ་དག་ནི་ནམ་ཡང་ལོ་རྒྱུས་ནག་པོ་ཞིག་ཡིན་པ་ལས། ངོམ་རིན་ཡོད་པ་ཞིག་གཏན་ནས་མིན་ཞེས་རྗོད་འདོད་པའི་སྙིང་པོ་དེ་ཡིན།
རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཅེས་པའི་རྡོ་རིང་ཞིག་བསླངས་ཡོད་པ་དངོས་བདེན་པ་ཡིན་པ་འདྲ་ཡང་། རྡོ་རིང་དེས་ཕན་ཐོགས་ག་རེ་བྱུང་འདུག་གམ། རྡོ་རིང་ནི་རྡོ་རིང་རང་རེད། རྡོ་རིང་དེ་བསླངས་ནས་རིང་པོར་མ་ལོན་པར་རྒྱ་རྒྱ་ཡུལ་ན་སྐྱིད་པ་དང་བོད་བོད་ཡུལ་ན་སྐྱིད་པ་རང་བྱུང་འདུག་གམ།
བསྔགས་འོས་པའི་བཙན་པོའི་སྙིང་སྟོབས་རེད་འདུག་ག ལགས། ལགས་མ་རེད་པེ།
བཙན་པོ་ཟེར་ནས་སྤྱི་བཤད་བྱས་ན་མགོ་རྦད་དེ་འཐོམས་འགྲོ་གི བཙན་པོ་སུའི་སྐབས། དུས་ཚོད་ནམ་ནས་ནམ་ཅུང་ཞིབ་ཚགས་ཤོད་དང་དེ་ནས་ང་ཚོས་བགྲོ་གླེང་བྱེད།
ལི་ཡུལ་དང་དྲུ་གུ བྲུ་ཤ སོ་བྱི། སོག་དགུ ཧོར་སོགས་བོད་ཀྱི་སྟོབས་ཤུགས་ཆེ་བའི་སྐབས་སུའང་རྒྱལ་ཁབ་འདིའི་ཁོངས་ཟེར་ནས་ངེས་གཏན་ཞིག་བྱུང་མི་འདུག དེ་ཁུལ་དུ་སྐབས་རེར་རྒྱ་ཡི་དབང་ཤུགས་རྒྱས། སྐབས་རེར་དྲུ་གུ་རང་གི་དབང་ཤུགས་རྒྱས། སྐབས་རེ་བོད་ཀྱི་དབང་ཤུགས་རྒྱས། སྐབས་རེར་ཨ་རབ་དང་སྟག་གཟིག་གི་དབང་ཤུགས་རྒྱས། ལོ་འཁོར་འགའ་རེའི་ནང་ལའང་གཅིག་ཏུ་མི་གནས་ཤིང་རྟའི་འཁོར་ལོ་བཞིན་བར་མེད་དུ་འཁོར།
སྔར་ཡིན་ན་རྒྱ་ནག་གི་ཁྱིམ་མཚེས་ལ་བོད་ལས་སྟོབས་ཆེ་བ་སུ་ཡང་མེད་པ་ཐང་ཡིག་ལས་བཤད་འདུག སྤྱིར་རྒྱལ་ཁབ་ཚང་མ་ལ་དར་རྒུད་ལོས་ཡོད།
་
བཙན་པོ་སྲོང་བཙན་སྐབས་སུ།
དེབ་དཀར་ལས། ་་་་ བཙན་པོ་དགུང་ལོ་བཅུ་གསུམ་པར་ཁྲི་ལ་ཕེབས་ཚེ། དབུས་གཙང་གཉིས་ཙམ་གྱི་བདག་པོ་བདག་པོ་ཡིན་པ་ལ། ཞང་ཞུང་། བལ་ཡུལ། རྒྱ་གར་བྱང་ནས་བཟུང་སྟེ ཤར་དུ་རྒྱའི་ཟོང་ཅོ་ལ་ཐུག་གི་བར་དབང་དུ་བསྡུས་པ་་་་
བོད་ཀྱི་བཙན་པོས་ཁོ་ལ་གོ་གནས་སྤྲད། དེ་ནས་བོད་དམག་དྲངས་ཏེ་གྲུ་གུ་བཅོམ། ་་་་་་་བོད་དམག་གིས་ད་དུང་། མུ་ཡོན་བཅོམ་ཞིང་། ངེད་ཅག་གི་ལན་ཇོ་ཡང་བཅོམ་་་་་་་
་་་ ལོ་དེའི་རྗེས་མར། བོད་དམག་གིས། ཤ་ཇོ། ཀོ་ཇོ། ཧེ་ཇོ། ཕྰན་ཇོ་རྣམས་བཅོམ་་་་་་་
ཁྲི་སྲོང་སཽར་ལ། དེབ་དཀར་ལས། ་་་་ སྤྱིར་ཁྲི་སཽང་ལྟ་བུ་མངའ་ཐང་འདི༼སྲོང་བཙན་་༽དུས་ལས་རྒྱ་ཆེ་ཡང་། ་་ཞེས་སོགས་ཀྱིས་བསྔགས་འོས་པའི་བཙན་པོའི་སྙིང་སྟོབས་རེད་འདུག་གོ །
མཁར་སྐྱ་མོའི་རྨིང་གཞི་མ་བཞག་བར། རྫ་ཨ་མགོའི་ཕོར་རུ་འཇོག་ས་མེད། ཟེར་བའི་བོད་མིའི་ཁ་དཔེ་ལྟར། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་བཀའ་དྲིན་ཉག་གཅིག་ལས། མེས་དབོན་རྣམ་གསུམ་ཀྱང་བློ་བདེ་མོའི་ངང་ནས་བོད་མི་རྣམས་ཀྱི་རྗེ་བོར་རང་བཞིན་གྱིས་བཀུར་འོས་པ་ཞིག་བྱུང་བ་རེད། དེ་ལྟར་མ་ཡིན་ན་མེས་དབོན་རྣམས་གསུམ་ཆེ་འགྱིངས་བྱེད་སའི་གསེར་ཁྲི་མངོན་པར་མཐོ་བ་དེ། རྒྱ་གར་གྱི་ལུང་པ་ཆེ་གེ་མོ་ཞིག་ནས་གསར་དུ་འཁྱེར་ཡོང་བ་དེ་འདྲ་ཡིན་ནམ། བོད་རྒྱལ་བཙན་པོ་རིམ་བྱོན་གྱི་གསེར་ཁྲི་མངའ་གསོལ་ཞུས་ཟེར་བ་དེ་གོ་རྒྱུ་ཡོད་རེད་ད་གྲོགས་པོ་ཚོ། ང་ཚོ་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་འདི་ཁུངས་དང་ལུང་མེད་པ་དེ་འདྲ་མ་རེད། མི་རིགས་གཞན་གྱི་བསམ་འཆར་ལས་བྱུང་བའི་ཆོས་ལུགས་ཤིག་གིས་རྐྱེན་བྱས་ནས། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་རྗེས་འཇུག། གངས་ཅན་བོད་མའི་ལོ་རྒྱུས་ཡོངས་རྫོགས་ལ་བསྒྱུར་བ་གཏོང་དགོས་ན་ཁག་པོ་ཡིན་འགྲོ། འུ་ཐུགས་དུས་གཉའ་ཁྲི་བཙན་པོ་ལ་ཁུངས་བཏུགས་དགོས་པ་བྱུང་སོང་བ། ཡིན་ནའང་བཀའ་ཤག་དང་སྤྱི་འཐུས་ཟེར་བའི་ཚོགས་ཁང་དེ་ཚོའི་ནང་ལ་ལྟོས་དང་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ལ་གུས་བཀུར་དང་རྗེས་དྲན་མཚོན་བྱེད་གཉའ་ཁྲིའི་སྐུ་འདྲ་དང་རི་མོ་སོགས་མཐོང་རྒྱུ་རྩ་བ་ནས་མེད་པ་ཅིས་དོན་ཡིན་ནམ། ད་དུང་གཉའ་ཁྲི་བཙན་པོ་ལ་བྱས་རྗེས་ག་རེ་ཡོད་ཟེར་འདྲི་གི་འདུག་བ། བྱས་རྗེས་དགོས་ན་འདིར་གཟིགས། མི་རྗེ་ལྷ་ཡིས་མཛད་པས་མགོན་སྐྱབས་ཆེ། ཚེ་སྲོག་གཤེན་གྱིས་བཙས་པས་སྐུ་ཚེ་རིང༌། ལས་སྤྱོད་དགེ་བར་སྤྱོད་པས་ལམ་རྒྱུད་གཙང༌། བློན་པོ་གྲོས་ལ་མཁས་པས་རྒྱལ་སྲིད་གཞི་བརྟན་ཏེ་བཞུགས་སོ། ཞེས་པའི་ཚིག་འདི་དག་བྱུང་བ་རེད། དེའི་ནང་ནས་་་་རྒྱལ་སྲིད་གཞི་བརྟན་་་་ཞེས་པ་འདི་ལ་གོ་རྒྱུ་ཆེན་པོ་འདུག། སྐབས་དེ་དུས་བོད་ཡུལ་དུ་གཡུང་དྲུང་བོན་ཀྱི་བསྟན་པ་མཁའ་ལ་ཉི་མ་ཤར་བ་ལྟ་བུར། དར་རྒྱས་བྱུང་ཡོད་པའི་བཀའ་དྲིན་གྱི་ཐོག་མ་དེ་བོད་རྒྱལ་གཉའ་ཁྲི་བཙན་པོ་ལ་ཐུགས་ཡོད། དེ་ཁོང་གི་བྱས་རྗེས་ཤིག་ཡིན། དེ་ནི་བོད་གངས་ཅན་པ་ཡོངས་ཀྱིས་རྗེས་སུ་ཡིད་རངས་ཞུ་འོས་པ་དང་ཞུ་དགོས་པ་ཞིག་ཀྱང་ཡིན། དེར་མ་ཚད་བོད་ཡུལ་འདི་རང་བཙན་གྱི་རྒྱལ་ཁབ་ཅིག་བྱུང་བའི་ཐོག་མའི་བཀའ་དྲིན་དེ་བོད་རྒྱལ་གཉའ་ཁྲི་བཙན་པོ་ལ་ཐུགས་ཡོད། རྒྱ་མི་ཚོས་ཀྱང་ཁུངས་ལུང་ཡོད་ལ་མེད་ལ་ཞིག་གིས་དུས་རབས་བཅུ་གསུམ་མན་ཆོད་ནས་ཟེར་བའི་སྡུག་སྐད་ཤོར་དགོས་པ་དེ་ཡང་གཉའ་ཁྲི་བཙན་པོའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། འདི་དག་ནི་ལོ་རྒྱུས་ཤིག་ཡིན་པས་རང་གིས་གང་ཤེས་པ་དེ་དྲང་པོ་བྱས་ནས་ཤོད་དགོས་པ་རེད། ཆོས་ལུགས་ཁོག་བཅང་གིས་རྒྱ་ཆེ་ལ་རྒྱུན་རིང་བའི་མི་རིགས་ཤིག་གི་ལོ་རྒྱུས་ནག་ནོག་བཟོས་པ་ཡིན་ན། དེ་ནི་རང་མགོ་ཆུ་བླུགས་ཡིན་པ་ཤེས་པར་གྱིས་ཤིག།
བོད་ལ་ཞེན་ལགས་ནས་ཡག་པོ་བྲིས་གནང་འདུག། རྒྱ་ཡི་ཐང་ཡིག་གི་ལོ་རྒྱུས་བོད་ཡིག་ཐོག་བསྒྱུར་བ་ཞིག་གི་ནང་དེ་དུས་སྲོང་བཙན་སྒམ་པོས་གྲུ་གུ་ལ་དམག་འཐབ་བྱེད་སྐབས་རྒྱབ་རྩ་དང་དཔུང་རོགས་ངོ་མ་དེ་་ཞང་ཞུང་་གི་དམག་མི་ཡིན་པ་ཁ་གསལ་པོ་བྱས་ནས་བྲིས་འདུག། དེར་མ་ཚད་་ཞང་ཞུང་་ལ་དམག་མི་ཕོན་ཆེན་ཡོད་པ་ཡང་དེབ་ཐེར་དེར་འཁོད་འདུག། ཞང་ཞུང་་གི་ལོ་རྒྱུས་འདི་རིགས་སྔ་རབས་རྒྱ་མའི་ལོ་རྒྱུས་ནང་དུ་ཡང་འཁོད་ཡོད་པ་ནི་ངོ་མཚར་ཆེན་པོ་རེད་དྲན་སོང་།
གཉའ་ཁྲིའི་སྐབས་ཀྱི་བོད་ཀ་གཡག་དྲུག་ཟེར་ན་གང་རེད། ཅིག་གསུངས་རོག་གནོངས་དང་།