མཐོ་སྒང་གི་འབོད་སྒྲ
ད་སྐབས་ནི་དཔལ་འབྱོར་གྱི་དུས་རབས་ཤིག་ཡིན་སྟབས། སྐྱེ་བོ་ཕལ་མོ་ཆེ་སྒོར་མོས་དབང་བསྒྱུར་བྱས་ཏེ་ཡོད་ཚད་སྒོར་མོས་ཐག་གཅོད་བྱེད་བཞིན་ཡོད། དེར་བརྟེན་སྤྲུལ་སྐུ་ངོས་འཛིན་གནང་མཁན་གྱི་བླ་ཆེན་རྣམ་པ་ཡང་སྒོར་མོ་ལ་དགའ་ཞེན་ཡོད་པ་ནི་སྤྱི་ཚོགས་ཀྱིས་ཕུལ་བའི་ཁ་ཕྱོགས་ཤིག་རེད། འོན་ཏང་དཔལ་འབྱོར་སྒྲུབ་ལུགས་ཀྱི་ལམ་ཁ་མང་པོ་ཡོད་པས་སྟོན་པ་བཀའ་དྲིན་ཅན་གྱིས་བཞག་གནང་པའི་ལུང་རྟོགས་ཀྱི་བསྟན་པ་འདི་ལ་ཕན་པ་ཞིག་སྒྲུབ་མ་ཐུབ་ནའང་འདི་ཉིད་སྒོར་མོའི་དོན་དུ་མ་བརྗེ་རོགས་ཞུ། ཁྱེད་རྣམ་པས་མི་ངོ་དང་རྒྱུ་ངོ་ལ་ལྟ་ནས་སྤྲུལ་སྐུ་ངོས་འཛིན་མང་པོ་ཞིག་གནང་གི་འདུག་པ་འདི་ནི་བསྟན་པ་འཇིག་པའི་སྔ་རྟགས་རེད། འདི་ལྟར་སྟོན་པ་བཀའ་དྲིན་ཅན་གྱི་བསྟན་པ་འདི་ལ་ཕན་པ་ཞིག་སྒྲུབ་མ་ཐུབ་ཀྱང་གནོད་པ་བསྐྱལ་དགོས་དོན་མེད།
དེང་སང་མི་མང་ཁྲོད་ལ་སྤྲུལ་སྐུ་དགོས་དང་མི་དགོས་ཟེར་བའི་ས་མཚམས་ཞིག་སླེབས་འདུག་པ་དང་ནང་ཆོས་དགོས་མཁོ་མི་འདུག་ཟེར་ནས་སྐད་འབོད་རྒྱག་གནང་གི་འདུག་པ་འདི་གང་ལ་ཐུག་ཡོད་དེའི་སྐོར་ལ་བསམ་རྣོ་ཞིག་གཏོང་གནང་རོགས། ངོ་མ་ཚད་ལས་བརྒལ་བའི་བྱ་སྤྱོད་དང་སྐྱུགས་བྲོ་བའི་གནས་ཚུལ་མང་པོ་ཞིག་དབྱར་ཀའི་སྤང་ལ་ཤ་མོང་རྡོལ་བ་བཞིན་བྱུང་དང་འབྱུང་བཞིན་པ་འདི་ལ་སྐྱ་སེར་དབྱེ་བ་མེད་པར་ནང་བསྟན་ཆོས་ལུགས་ལ་དད་ཞེན་ཡོད་མཁན་ཚང་མས་ཐུགས་ཁུར་དང་བསམ་གཞིག་གནང་དགོས།
སྤྱིར་སྤྲུལ་སྐུ་ཡོད་མེད་ཙམ་གྱིས་བསྟན་པ་གནས་མིན་ལ་འབྲེལ་བ་དེ་ཙམ་མི་ཆེ་ཡང་། གལ་ཏེ་སྤྲུལ་སྐུ་ལམ་ལུགས་འདི་མུ་མཐུད་ནས་གནས་དགོས་ན། དང་པོ་སྤྲུལ་སྐུ་ངོས་འཛིན་གནང་སྐབས་དམ་པ་གོང་མའི་ཕྱག་སྲོལ་བཞིན་གནང་དགོས་པ་ལས། དེང་སང་ནང་བཞིན་སོ་སོའི་བུ་ཚ་དང་ཉེ་འབྲེལ། ཡང་ན་འབྱོར་ལྡན་དང་གོ་ས་ཅན་རྣམས་སྤྲུལ་སྐུར་ངོས་འཛིན་གནང་ནས་དེ་དག་མང་དྲག་སྟེ་སྤྲུལ་སྐུ་གཅིག་ལའང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སོགས་མིང་མང་པོ་བཏགས་པ་དང་། ད་དུང་མ་འདང་ནས་མི་ལོ་དགུ་བརྒྱའི་གོང་གི་བླ་མ་མཚན་གོ་མྱོང་བ་རྣམས་ཀྱི་ཡང་སྲིད་སྤྲུལ་སྐུ་ངོས་འཛིན་བྱས་པ་དེ་དག་ནི་སྤྲུལ་སྐུ་དང་བསྟན་པ་ཉམས་པའི་སྔ་ལྟས་རེད།
དེང་སང་སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ནི་ནུབ་ཕྱོགས་མགོ་སེར་པའི་གཉེན་སྒྲིག་དང་གཅིག་མཚུངས་རེད་འདུག། དཔེར་ན་ཉེ་ཆར་ང་བལ་ཡུལ་ལ་ཡོད་སྐབས་ཨ་དབྱངས་སྤྲུལ་སྐུའི་བུ་མཛོ་རྫི་དགོན་པས་ཁྲི་འདོན་བྱས་སོང་། དེ་ནི་ལོ་ཤས་གོང་ལ་ཨ་དབྱངས་དགོན་པའི་བླ་མཁྱེན་རབ་གསལ་ཞེས་པར་ངོས་འཛིན་གནང་ནས་ཁྲི་འདོན་བྱས་པ་རེད། ཡོངས་གྲགས་ལ་རབ་གསལ་སྤྲུལ་སྐུ་ཞེས་འབོད་བཞིན་འདུག། ཉེ་ཆར་དེ་ལ་འགྱུར་བ་ཐེབས་ནས་མི་ལོ་དགུ་བརྒྱའི་སྔོན་གྱི་ཀརྨ་པ་དུས་གསུམ་མཁྱེན་པའི་བླ་མ་དཔལ་ཆེན་རྒ་ལོའི་ཡང་སྲིད་ལ་ངོས་འཛིན་བྱས་སོང་། དེ་ཚོ་ངོས་འཛིན་བྱེད་མཁན་ཆོས་བརྒྱུད་ཁག་གི་བླ་ཆེན་གང་ཡིན་ཡང་ལུགས་དང་མཐུན་པ་རེད་དམ།
དེ་ཚོ་མཐོང་བའི་སྐབས་སུ་ངོ་མ་སྟོན་པ་བཀའ་དྲིན་ཅན་གྱི་ཞལ་ནས་ང་ཡི་བསྟན་པ་ནི་ང་ཡི་རྗེས་སུ་འཇུག་མཁན་གྱིས་བཤིག དེ་མིན་སུས་ཀྱང་བཤིག་མི་ནུས་གསུངས་པ་དེ་ངའི་སེམས་ལ་དྲན་སོང། གནས་སྟངས་དེ་ཚོ་མཐོང་བའི་སྐབས་སུ་ངོ་མ་སངས་རྒྱས་ཀྱི་བསྟན་པ་འདི་མི་ཆེན་དང་བླ་ཆེན་ཁག་གི་གོ་ས་དང་དཔལ་འབྱོར། སྒེར་ཕན་དང་ཆབ་སྲིད་ནག་པོའི་ལག་ཆར་འགྱུར་འདུག་སྙམ་པའི་སེམས་ཕམ་བྱུང་། དེ་ངོས་འཛིན་གནང་མཁན་གྱི་བླ་ཆེན་ཁྱེད་རང་ལ་རབ་གསལ་སྤྲུལ་སྐུ་དཔལ་ཆེན་རྒ་ལོའི་ཡང་སྲིད་ཡིན་པའི་ཡིད་ཆེས་ཡོད་དམ། གལ་སྲིད་ཡིད་ཆེས་མེད་བཞིན་དུ་དེ་ལྟར་གནང་བ་ཡིན་ན་མི་ཆོས་བླ་མའི་རྫུན་བཤད་པ་མ་རེད་དམ། ད་དུང་སྤྲུལ་སྐུ་ངོས་འཛིན་གནང་མཁན་གྱི་བླ་ཆེན་མང་ཆེ་བ་ལ་སྡོམ་པ་ཡོད་མེད་ཐེ་ཚོམ་གྱི་གནས་སོ། །
ད་དུང་ཨ་དབྱངས་རིན་པོ་ཆེའི་བུ་ཚ་ཉེ་བརྒྱུད་དང་བཅས་པ་མང་ཕལ་ཆེར་སྤྲུལ་སྐུ་རེད་འདུག། དེའི་ནང་ལ་ལོ་བརྒྱད་བརྒྱའི་ཡར་སྔོན་གྱི་གྲུབ་ཐོབ་ལོ་རས་པ་ཡང་ཚུད་འདུག།དེ་དག་མི་ཤུགས་དང་རྒྱུ་ཤུགས་ཀྱིས་བཞག་པ་རེད་དམ་ཡང་ན་གཞན་ཞིག་རེད་རྣོ་བསམ་བཏང་ན་ཤེས་ཐུབ། འདི་དག་དཔེ་མཚོན་ཙམ་ལས་ང་རང་སྒེར་ངོས་ནས་ཨ་དབྱངས་དང་བཟང་ངན་གྱི་འབྲེལ་བ་ཅི་ཡང་མེད། དེ་ཚོ་མཐོང་བའི་སྐབས་སུ་ངོ་མ་བོད་བརྒྱུད་ཀྱི་ནང་བསྟན་ཆོས་ལུགས་འདི་ཡུན་རིང་མི་གནས་པའི་རྟགས་མཚོན་རེད་འདུག་སྙམ།
འདི་ལྟར་སྐྱུགས་བྲོ་བའི་འཁྲབ་སྟོན་གྱི་ཟློས་གར་འདི་བོད་བརྒྱུད་ཀྱི་ཆོས་ལུགས་ཁྱབ་ཁོངས་ཡོངས་ལ་འདྲེས་ཡོད། དེང་སང་སྤྲུལ་སྐུ་ཡང་སྲིད་མི་དགོས་ཟེར་ནས་སྐད་བསྲང་མཐོན་པོས་འབོད་གི་འདུག་པ་ཡང་འདི་ལ་ཐུག་ཡོད། དང་པོ་ལས་འབྲས་ཀྱི་འབྲེལ་བའི་སྐོར་ལ་སློབ་སྦྱོང་ཅུང་ཟད་གནང་སྟེ་དེ་ནས་སྤྲུལ་སྐུ་རིམ་བྱོན་རྣམ་པའི་ལོ་རྒྱུས་ལ་བློ་ཁ་ཕྱོགས་པ་ཙམ་གྱིས་སྤྲུལ་སྐུ་ལམ་ལུགས་འདིའི་ངོ་གདོང་མཐོང་ཐུབ། སྐུ་ཕྲེང་གོང་མ་རྣམས་ལ་ཉམས་རྟོགས་ཀྱི་ཡོན་ཏན་ཇི་ཙམ་ཡོད་ཀྱང་ཡང་སྲིད་ཀྱི་མིང་ཅན་རྣམས་ནི་རིམ་བཞིན་ཇེ་སྡུག་དང་ཇེ་ངན་རེད། དཔེར་ན་ཀ་ལུ་རིན་པོ་ཆེ་སྐུ་གོང་མ་ནི་ཉམས་རྟོགས་ཀྱི་མངའ་བདག་ཆེན་མོ། ཀུན་གྱིས་མིག་དཔེར་ལྟ་འོས་པ་ཞིག་ཡིན་ཡང་ཡང་སྲིད་ལ་གང་འདྲ་འདུག་གཟིགས་ཙམ་གྱིས་དང་། འོན་ཏང་དེང་དུས་སྤྲུལ་སྐུ་དང་དེའི་ཡང་སྲིད་ནི་སྤོ་ཐོ་ཐུར་ལ་འགྲིལ་བ་དང་མཚུངས་པ་ནི་རྒྱུ་འབྲས་ཆོས་ཉིད་ཀྱི་རང་གཤིས་ཡིན་པ་ནི་ཞར་བྱུང་གི་གཏམ་མོ། །
གནས་སྟངས་དེ་ཚོ་མཐོང་ནས་དེང་སང་བོད་པའི་ནང་དུ་ནང་ཆོས་ལ་ངོ་ལོག་པ་དང་ཡེ་ཤུས་དང་ཁ་ཆེའི་ཆོས་ལུགས་ལ་ཞུགས་པ་སོགས་གནས་ཚུལ་མང་པོ་བྱུང་དང་འབྱུང་བཞིན་པ་འདི་གོང་གི་ཟློས་གར་འཁྲབ་སྟོན་པ་རྣམས་ཀྱིས་བཞག་པའི་བྱས་རྗེས་རེད། ད་ནི་ཁྱེད་རྣམ་པས་ཕྱག་ལས་དང་ལུགས་སྲོལ་འདི་ལ་འགྱུར་བ་ཞིག་མ་བཏང་ན་རྗེས་མ་ཁྱེད་རང་ཚོ་ལ་ཡང་སྔོན་ནས་ཕེབས་བསུ་དང་རྗེས་ནས་ཞབས་ཞུ་སོགས་གང་ཡང་མེད་པར་ཁེར་རྐྱང་ལ་ལུས་ངེས་རེད། དེ་ནི་མང་ཚོགས་ཀྱི་གོ་རྟོགས་དང་ཤེས་རབ་ཇེ་འཕེལ་སོང་བས་རེད། སངས་རྒྱས་ཀྱི་བསྟན་པར་བྱ་བ་བྱེད་ཀྱི་ཡོད་ཟེར་ནས་ཁང་ལས་མང་པོ་རྒྱག་བཞིན་པ་འདི་ནི་སྦྱིན་བདག་ལག་ནས་སྒོར་མོ་ཐོབ་ཐབས་དང་རང་ཉིད་ཀྱི་མཚན་སྙན་ཆེད་དུ་ཡིན་པ་ནི་ཟུར་བལྟས་ལེབ་མཐོང་རེད།
དོན་དམ་ཁྱོད་ཀྱིས་བསྟན་པ་བསམ་ན་སྒེར་གཅོད་རིང་ལུགས་ཀྱི་བསམ་པ་དོར་ནས་བསླབ་པ་སློབ་གཉེར་དང་ཐོས་བསམ་སྒོམ་གསུམ་ཡོད་སའི་སྡེ་འཛུགས་པ་དང་། ཡང་ན་དེ་ལྟར་ཡོད་སའི་དགེ་འདུན་གྱི་སྡེ་ལ་ཞབས་ཞུ་ལེགས་པོ་བསྒྲུབ་དགོས། ང་ཚོ་བོད་ཀྱི་དགོན་གཙོའི་ལམ་ལུགས་དང་རྒྱ་ནག་གི་ཆབ་སྲིད་གཉིས་འགྲོ་ལུགས་གཅིག་པ་ཡིན་པས་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་གཏོང་དགོས་ཤེས་སྐད་འབོད་རྒྱག་པ་བཞིན་བོད་ཀྱི་དགོན་གཙོའི་ལམ་ལུགས་ལ་ཡང་རེ་བ་དང་བསམ་འཆར་བཤད་དགོས། དེ་ནི་རྒྱ་ནག་དང་བོད་དགོན་རྣམས་མེད་པར་གཏོང་བའི་ཆེད་དུ་མ་ཡིན་པར་དེ་དག་ཡུན་གནས་དང་ཡར་རྒྱས་ཡོང་ཆེད་ཡིན། གལ་ཏེ་དེ་དག་ལ་འགྱུར་བ་མ་བཏང་བར་ཨུ་ཚུགས་རྒྱབ་ཀྱང་དུས་རབས་དང་སྤྱི་ཚོགས་ཀྱིས་ཡུན་རིང་དུ་གནས་མི་བཅུག་པའང་ཤེས་དགོས།
དེས་ན་ཁྱེད་རྣམས་གོ་ས་དང་སྒོར་མོ་ལ་ཇི་ཙམ་དགའ་ན་དེ་ལྟར་དུས་རབས་དང་སྤྱི་ཚོགས་ལའང་བསྟུན་དགོས། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ནང་བཞིན་མི་མང་གི་ཁྲོད་ལ་ཕེབས་ནས་མང་ཚོགས་ཤེས་ཡོན་དང་རོགས་སྐྱོར་གནང་ན་མང་ཚོགས་ཀྱིས་ཀྱང་ཁྱེད་ལ་མུ་མཐུད་ནས་རེ་བ་དང་དད་པ་བྱེད། དེ་མིན་མང་ཚོགས་ཤེས་རབ་གོང་འཕེལ་སོང་བར་བརྟེན། རང་ཉིད་ལ་ཁེ་ཕན་མེད་པ་མཐོང་ན་ད་ང་ལ་ཁྱེད་ཚོ་མི་དགོས་ཟེར་ན། དེ་དུས་ཕྱག་མཛུབ་ཞལ་ནང་དུ་བཞག་ནས་སྡོད་རྒྱུ་ལས་ཅི་ཡང་མེད། སྔོན་མ་རྨོངས་དད་ཀྱི་དུས་རབས་ལ་ཁྱེད་དང་ཁྱེད་འདྲ་བ་རྣམས་ཀྱིས་མི་མགོ་བསྐོར་ནས་རང་ཉིད་སྐྱིད་པོའི་ངང་བཞུགས་རྒྱུ་བྱུང་ཡོད་ཀྱང་ད་སྐབས་ཤེས་རབ་ཀྱི་དུས་རབས་ལ་དེ་འདྲ་ལས་སླ་མོ་ཡོད་མི་སྲིད།
མདོ་དོན་་བོད་མི་རིགས་སྒེར་གཅོད་གཉིས་ཀྱི་འོག་ཏུ་ཡོད། ཏང་གཙོ་དམར་ཕྱོགས་སྒེར་གཅོད་པ་དང་། བླ་གཙོ་ཆོས་ལུགས་སྒེར་གཅོད་པ་གཉིས་ཀྱི་འོག་ཏུ་སྡུག་བསྔལ་ཧང་ཅང་ཆེན་པོ་ཡོད། སྒེར་གཅོད་འདི་གཉིས་ཀྱི་འོག་ནས་ཐར་དགོས།
ཏང་གཙོ་དམར་ཕྱོགས་སྒེར་གཅོད་པ་ཚེ་ཐག་རིང་པོ་སྡོད་ཀྱི་མ་རེད། ག་ཚོད་སྡོད་ནའང་ལོ་ལྔ་བཅུ་ལས་ལྷག་སྡོད་མི་སྲིད་པ་རེད་འདོད།
བླ་གཙོ་ཆོས་ལུགས་སྒེར་པ་འདིས་བོད་མི་རིགས་ལ་མི་ལོ་སྟོང་གི་རིང་དུ་སྒེར་གཅོད་བྱས་པ་རེད། འདི་ཚེ་ཐག་རིང་པོ་རེད། མུ་མཐུད་ནས་ལོ་ལྔ་བཅུའི་ནང་དུ་འགྱུར་བ་ཏོག་ཙམ་རེ་འགྲོ་ན་མ་གཏོགས་ཤི་ཟེར་བ་མི་སྲིད་པ་རེད། དེ་འདྲ་ཡིན་དུས་ལེགས་བཅོས་ངེས་པ་ཏུ་གཏོང་དགོས་པར་འདོད།
བོད་མི་རིགས་ཀྱི་མགོ་ཐོག་ཏུ་བདེ་སྐྱིད་ཀྱི་ཉི་མ་ཤར་དགོས་ན་སྒེར་གཅོད་པ་འདི་གཉིས་ཀ་ལ་ངོ་རྒོལ་བྱེད་དགོས།
ཡག་པོ་བྲིས་འདུག
ཐེར་འདོན་དང་བཅས་བྲིས་འདུག་པས་ཡག་པོ་རེད་ལབ་པ་ཡིན།
ཡིན་ཡང་ད་དུང་གནད་དོན་ངོ་མ་དང་ཟབ་ས་ནས་གླེང་མི་འདུག
ངས་བལྟས་ན་སྤྲུལ་སྐུ་ཡིན་མིན་དེ་ང་ཚོར་ཤིན་ལྐོག་རེད།
དཀོན་མཆོག་གསོན་པོ་དེས་མཁྱེན་གྱིས་རེད།
སྤྲུལ་སྐུ་དགོས་མི་དགོས་ནི་སྦྱིན་བདག་གི་ལག་རེད།
ང་ཚོ་དང་འབྲེལ་བ་ཡོད་མ་རེད། རང་རང་གི་ངོས་ནས་བསམ་བློ་བཏང་ན་མ་རེད་པས།
རང་གི་བུ་དང་ཚ་བོ་སོགས་ལ་སྤྲུལ་སྐུ་བྱུང་ན་མཛད་སྒོ་ལ་མ་ཕེབས་རོགས།
ངེད་ནས་ངོ་མ་བཤད་པ་ཡིན།
འདི་སྒེར་བའི་གནད་དོན་དང་འབྲེལ་བ་ཡོད་རེད།
དམངས་ཚོགས་ཀྱི་དད་པ་ཉམས་ན་རང་བཞིན་གྱི་མེད་འགྲོ་གི་རེད།
དམངས་ཚོ་ལ་དགོས་ཀྱི་ཡོད་ན་དེ་ལ་ངོ་རྒོལ་བྱས་ཀྱང་ཕན་པ་མེད།
དེ་སྤྲུལ་སྐུ་ལ་ངོ་རྒོལ་བྱས་པ་མིན་པར་མི་དམངས་ལ་ངོ་རྒོལ་བྱས་པར་འགྱུར་འགྲོ་གི་རེད།
མ་གཞི་ནས་གཞུང་དང་ཚོགས་པ་སོགས་གང་གིས་ཀྱང་གྲོས་མོལ་བྱས་ཏེ་ཐག་གཅོད་བྱེད་རྒྱུ་ཞིག་གཏན་ནས་མིན། ཡིན་ན་ཡང་སྐྱོན་ཡོད་ན་སྐྱོན་ལམཛུབ་མོ་བཙུགས་ནས་ཐེར་འདོན་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་རེད་སྙམ།
སྤྲུལ་སྐུའི་ནོར་འཁྲུལ་དང་མཛད་པ་འཆོལ་བ། སྤྱི་ཚོགས་དང་མི་མཐུན་པ། སྤྱི་ཚོགས་དང་བསྟན་པ་ལ་གནོད་པ་ག་རེ་བྱུང་ན་འཐད་ཀར་གསུང་ཐུབ་ན་ཡག་པོ་ཡོད་རེད།
ངས་བསམ་ན་དེ་ཙམ་ཡང་ལས་སླ་བོ་ཞིག་མ་རེད། ཉེ་ཆར་ངའི་ངོ་ཤེས་པའི་སྤྲུལ་སྐུ་ཞིག་དང་ཕྱི་རྒྱལ་བུ་མོ་གཉིས་མགྲོན་ཁང་ཞིག་དུ་འཐམ་བསྡད་ཡོད་པའི་པར་ཞིག་འདུག
འགའ་ཤས་ཀྱིས་དེ་ནི་པར་རྫུན་མ་བཟོས་པ་རེད་ཟེར་ནས་ཁས་ལེན་བྱེད་ཀྱི་མི་འདུག ་དོན་ལ་ཡིན་པ་ནི་ཁོ་ཚོའི་ངོ་ཤེས་ཀྱིས་ཡོད་ཙང་སྐྱོན་འགེབས་ཐབས་བྱེད་ཀྱིན་ཡོད་རེད།
ད་དུང་པར་ཕྱི་ལ་བཀྲམ་ན་རྗེས་ནས་ལྟད་མོར་ལྟོས་ཟེར་ནས་འཇིགས་བསྐུལ་ཡང་བྱེད་ཀྱིན་འདུག
དེ་ནི་དངོས་གནས་དཀའ་ངལ་ཞིག་རེད།
སྐྱོན་ལ་སྐྱོན་དུ་ལྟ་ཉན་གྱི་ཡོད་མ་རེད།
སྤྱི་ཚོགས་ཆུང་ངུ་འདིར་དྲང་བདེན་གང་ནས་རྙེད།
ཆོས་པགས་གྱོན་པའི་མི་ཚོས་ཕྱི་རྒྱལ་བ་བདག་ཚོའི་ས་ནས་རྒྱུ་དངོས་ཟ་གྱི་རེག་ན་དགའ་བསུ་ཡོད། རྒྱོབ་བརྒྱབ་ཀྱི་ཡོད་ན་ཅི་འདོད་བྱོས། རང་དབང་རེད། བོད་མི་རིགས་ལ་གནོད་པ་ཅང་མི་འདུག གནོད་ངོ་མ་བོད་མི་མགོ་སྐོར་གཏོང་མཁན་དང་བོད་མི་རིགས་ཀྱི་ཤ་ཁྲག་འཇིབ་མཁན་ཚོ་ཡིན། འདི་སྤྲུལ་སྐུ་གཅིག་པོ་མིན། དགེ་བཤེས་དང་མཁན་པོ། སྔགས་པ་དང་ཨ་མཆོད། མོ་པ་དང་རྩིས་པ་སོགས་ཆོས་པགས་གྱོན་པའི་བཀོར་གཟན་ཡོངས་རྫོགས་ཡིན།།
གངས་ཅན་རི་ཡིས་བསྐོར་བའི་ཞིང་འདིར་ཐུབ་པའི་བསྟན་སྲོལ་གནས་མོད་ཀྱི།།ཆོས་བྱེད་ཕལ་ཆེར་ཚུལ་ཁྲིམས་གོས་བྲལ་གཅེར་བུར་ངོ་ཚ་སྤངས་ནས་ནི།།ཁྱིམ་པ་རྣམས་ལ་བསྙེན་ཅིང་ངོར་བལྟ་དམ་པས་སྨད་པའི་ལས་ལ་འཇུག།ཀྱེ་མ་དམ་ཆོས་ཉི་མའི་འོད་ཟེར་རི་བོའི་ཕག་ཏུ་ནུབ་ལ་ཉེ།།སྟོབས་དང་ལྡན་རྣམས་རང་འདོད་ལྷུར་ལེན་ཕན་ཚུན་རྩོད་ཅིང་དམའ་ལ་འཚེ།།དམན་པ་རྣམས་ནི་རྟག་ཏུ་འཁོལ་ཞིང་གྱི་ནའི་ཟས་ཀྱང་རྙེད་པར་དཀའ།།
རྩོམ་ཡིག་འདིའི་གནད་དོན་འདི་གླེང་རིང་ཡོད་པ་ཞིག་ཏུ་མཐོང་། གང་ཡིན་ཟེར་ན། གནད་དོན་དེ་བོད་མི་རིགས་ཀྱི་ཆོས་རིག་དང་འབྲེལ་བ་ཡོད་ལ་མཚན་སྙན་དང་ཡང་རང་བཞིན་གྱི་འབྲེལ་ནས་ཡོད། ལྷག་པར་དུ་ད་ལྟའི་དུས་ཚོད་འདི་བོད་རྒྱུད་ནང་བསྟན་ནུབ་གླིང་གཙོ་བོར་གྱུར་བའི་འཛམ་གླིང་གི་ས་ཕྱོགས་མི་ཉུང་བ་ཞིག་ལ་དར་ཁྱབ་འགྲོ་བཞིན་པའི་སྐབས་རེད། དེ་ལྟ་བུའི་འགྱུར་འགྲོས་ཁྲོད་དངུལ་ལོར་དོན་ཏུ་གཉེར་ནས་ཆོས་རྫུན་སྤེལ་མཁན་གྱི་རང་རིགས་བླ་སྤྲུལ་ཟོབ་ཏོ་རིགས་ལ་ཟབ་ཟབ་དང་འཐེར་འདོན་བྱེད་དགོས་པར་འདོད། ནུབ་ཕྱོགས་པའི་སྤྱི་ཚོགས་ལ་ཆ་མཚོན་ནས་བཤད་ན། དེང་གི་བོད་པའི་བླ་རྫུན་མི་ཉུང་བ་ཞིག་གིས་མགོ་སེར་སློབ་མ་ཚོར་སྒོམ་ཁོ་ན་དང་། ཆོས་ལུགས་ཀྱི་གྲུབ་མཐའ་དབྱེ་འབྱེད་ཀྱི་སློབ་གསོ་ལས་མགོ་གསེར་མི་ཉུང་བ་ཞིག་ནང་ཆོས་ཀྱི་དོན་སྙིང་རྟོགས་ཀྱི་མེད་པ་རེད། དེར་བརྟེན་ཁྱེད་རང་ལ་ནུབ་ཕྱོགས་པའི་ནང་པར་འཆེས་པ་ཞིག་ལ་ནང་ཆོས་སྐོར་ནས་སྐད་ཆ་དྲིས་ཚེ་ཕལ་མོ་ཆེས་ཐོག་མར་སྒོམ་དང་ཆོས་ལུགས་གྲུབ་གང་ཡིན་གཙོ་བོར་བརྗོད་པ་མ་གཏོགས་བྱམས་སྙིང་རྗེ་དང་། བྱང་ཆུབ་སེམས། བདེན་བཞི་སོགས་མདོར་ན་སངས་རྒྱས་པའི་ཆོས་ལུགས་ཀྱི་སྙིང་བཅུད་དེ་གླེང་མཁན་ཉུང་ཉུང་རེད། དེའི་རྐྱེན་གཙོ་བོ་དེ་བླ་རྫུན་དེ་རིགས་ཀྱིས་བཟོས་པ་མ་གཏོགས་གཞན་སུའང་བརྗོད་ས་མེད།
ཨ་དབྱངས་རིན་པོ་ཆེའི་སྲས་དཔལ་ཆེན་རྒ་ལོའི་སྤྲུལ་སྐུའི་ཡང་སྲིད་ཡིན་པ་ངོས་འཛིན་གནང་མཁན་༧དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་རེད། རང་གིས་བླ་མ་རང་གིས་ངོས་ཟིན་ཐུབ་ན་བསྟན་པ་ལ་ཞབས་ཞུ་ཡིན་པར་འདྲ། མཐོ་སྒང་པ་ཇུས་དོགས་དྲེགས་པ་རེད།
གོང་གི་རྩོམ་ཡིག་འདི་ལ་བསམ་བློ་ག་ནས་བཏང་ནའང་རྩོམ་པ་པོ་ཨོ་ཉི་རང་རེད་འདུག་ཅེས་ཐག་བཅད་ནས་ལབ་ཀྱི་ཡིན། གང་ཡིན་ཞེ་ན། སྤྲུལ་སྐུ་ལུགས་སྲོལ་དགོས་མཁན་ཞིག་རེད་འདུག ཡིན་ཀྱང་ཉམ་ཆུང་སྤྲུལ་ཆུང་ཕུང་གསུམ་པ་ལ་སྡང་མཁན་ཞིག་རེད་འདུག་པས་སོ།།
ཨོ་ཉི་ཁྱོད་ལ་ང་ཚ་ཡ་ཡོད་མ་རེད། མི་གཞན་གྱི་མིང་བཏོན་ནས་སྐྱོན་བརྗོད་བྱས་དུས་རང་མིང་བཀོད་མི་ནུས་པ་ག་རེ་བྱས་སོང་ངམ། ཡག་པོ་མ་རེད་བྱས་སྟངས་འདི་དག སྤྱི་དོན་བསམ་པ་མ་རེད་བསམས་ཀྱི་འདུག སྒེར་འཁོན་ཡིན་ས་རེད་བསམས་ཀྱི་འདུག་གོ དྲང་པོ་ལབ་དང་།་་ཧཧ
མ་གཞི་ཅུང་གནད་དུ་འཁེལ་བ་བྲིས་འདུག་ཀྱང་ཚུལ་བློ་གླེང་བས་དྲང་བདེན་གྱི་རྩོམ་པ་པོ་ཞིག་མིན་པ་དོགས་ནས་ཅུང་ཉོབ་སོང་།
ང་ཚོའི་དེང་རབས་ཀྱི་དཔྱད་བརྗོད་པ་རྣམས་ཀྱི་ཞན་ཆ་ཆེ་ཤོས་དེ་དཔྱད་གཞིའི་ཡིག་རིགས་མེད་པ། ཡོད་ཀྱིང་ཁུངས་དེ་ཙམ་མེད་པ། རྟག་དཔྱད་ཀྱི་རྒྱུད་རིམ་མེད་པ་སོགས་རེད། ནུབ་གླིང་གི་སློབ་མའི་དཔྱད་བརྩོམ་གཅིག་ལ་མཚོན་ནས་བཤད་ཀྱང་། ཁུངས་བཅོལ་ཡུལ་གྱི་ཡིག་ཆ་དགོས་པ་ཙམ་མ་ཟད་དཔྱད་གཞིའི་ཡིག་ཆ་དེ་ཡང་དེ་ཙམ་གྱི་མི་འགྲིག་པར་ཚད་ལྡན་གྱི་རྩོམ་པོ་དང་། མཁས་དབང་། ཚད་ལྡན་གྱི་ཚོགས་པ། ཚད་ལྡན་གྱི་ཚགས་པར་ཁང་། དེ་བཞིན་གཙུག་ལག་སློབ་གྲའི་འབུམ་རམས་པའི་དཔྱད་རྩོམ་སོགས་ཚད་ལྡན་གྱི་ཁུངས་དང་ལུང་འདྲེན་ཚང་མ་བྱེད་དགོས་པ་ལས་སྤྱི་ཚོགས་ཀྱི་སྐད་ཆ་བསྒྲུགས་ནས་རྩོམ་ཡིག་ནང་སྤེལ་ཚད་རྩོམ་ལ་ལྗིད་ཁོག་བརྩི་སྲོལ་ནམ་ཡང་མེད། འོན་ཀྱང་། ང་ཚཽའི་དཔྱད་བརྗོད་པ་ཕལ་མོ་ཆེས་ང་ཡིའི་གྲོགས་པོ་ག་རེ་མོ་ལསོགས་པའི་ཁུངས་མེད་པའི་སྐད་ཆ་སྣ་ཚོགས་བཤད་ནས་རྩོམ་ཡིག་སྤེལ་གྱི་ཡོད་པ་ནི་ཞན་ཆ་ཆེ་ཤོས་དེ་རེད།
ཅོ་རིས་་གསུངས་པ་ལྟར་རྩོམ་འདི་ཨོ་ཉི་ཟེར་བ་ཡིན་པར་དོག་གནས་ཆེན་པོ་འདུག
ཨ་ནུས་གསུངས་པ་ལྟར་དེ་ག་རང་རེད། རྩོམ་འདིས་ནུས་པ་ཡོངས་རྫོགས་དེས་མེད་པར་བྱས་སོང་འདུག
བསྟན་པ་ལ་ཤ་ཚ་ནས་གསུང་བ་ཡིན་ན་ཡག་པོ་འདུག །ཨ་ཕྱི་ལགས། ཨ་དབྱངས་སྤྲུལ་སྐུའི་བུ་ཀརྨ་པའི་ངོས་འཛིན་གནང་ཟེར་བ་དེ་གང་འདྲ་ཡིན་ནམ་གསལ་པོ་ཞིག་གསུང་རོགས། རྒྱལ་དབང་ཀརྨ་པ་ཁོང་རྒྱ་གར་ལ་ཕེབས་རྗེས་སྤྲུལ་སྐུ་ངོས་འཛིན་གནང་རབས་མིན་འདུག། མ་གཞི་སྤྲུལ་སྐུ་མང་བའི་སྐྱོན་ནམ་ཡང་ཡོད་མ་རེད་ཡིན་ཡང་སྤྲུལ་སྐུ་ཚོར་ཐོས་བསམ་སྒོམ་པ་མཐར་ཕྱིན་པ་བྱེད་རྒྱུ་དེ་དགོན་བདག་དང་ངོས་འཛིན་གནང་མཁན་ཚོར་རག་ལས་བསམ། སྤྲུལ་སྐུ་རྣམ་པ་དང་དེའི་བདག་པོ་རྣམ་པའི་གོང་གི་བསམ་ཚུལ་མཁྱེན་ན་ཡག་པོ་ཞེ་དྲག་ཡོང་བ། སྤྲུལ་སྐུ། མཁན་པོ། དགེ་བཤེས། བླ་མ། སྔགས་པ་རྣམས་ནི་བོད་ཀྱི་སྲོག་རྩ་ཡིན་ནོ། དེང་དུས་ཀྱི་གཞོན་སྐྱེས་རིག་གནས་ཅུང་ཟད་ཤེས་མཁན་ཚོས་ཀླད་པ་ཏང་གིས་དཀྲུས་ནས་ཆོས་དུག་བཞིན་རྩིས་ནས་གཡང་ལ་མཆོངས། དེང་དུས་ཀྱི་གཞོན་སྐྱེ་ཚོས་དཔལ་འབྱོར་དང་ཚན་རིག་གི་གཅིན་སྐྱག་ཐུང་ཟ་བྱེད་པ་ཡ་མ་རླ། ཆོས་དང་སྤྲུལ་སྐུ་ལ་དེ་ཙམ་འཁོན་དོན་མེད་ལ། ཚན་རིག་དང་དཔལ་འབྱོར་ལ་དེ་འདྲའི་ཡིད་སྨོན་ཤོར་ཞིང་སྨྱོ་མཆོངས་བྱེད་དགོས་པ་ཡང་མིན་འདུག། རང་གིས་རྣམ་དཔྱོད་སྤྱད་ནས་གནས་སྐབས་བདེ་བས་བདེ་གོ་མི་ཆོད་པ་ཤེས་ནས་མཐར་ཐུག་གི་བདེ་བ་ལ་བསམ་བློ་གཏོང་ན་མཁས་པ་རེད། རྒྱུ་དང་འབྲས་བུ་ནི་ཆོས་དང་བླ་མས་བསླུ་འཁྲིད་ནས་ཀླད་པ་དཀྲུས་པ་མིན་པ་རང་གི་མྱོང་ཆོས་ཀྱི་གྲུབ། སྤྲུལ་སྐུ་རྫུས་མ་བཟོ་མཁན་དང་སྤྲུལ་རྫུ་ཁྲབ་མཁན་ཚོ་ལའང་ལས་རྒྱུ་འབྲས་ཀྱི་རྣམ་སྨིན་མྱོང་དགོས་པ་ནི་ཆོས་ཉིད་རེད།
དུག་དང་སྨན་གྱི་མྱུ་གུ་ལས།
འབྲས་བུ་འཆོལ་བ་འགར་ཡང་མེད།
དགེ་དང་མི་དགེའི་ལས་ལས་ཀྱང་།
འབྲས་བུ་གཞན་འབྱུང་གནས་མ་ཡིན།
རྣམ་པ་ཚོར་པད་མ་འབུམ་གྱི་རྩོམ་ཡིག་དང་འཕྲུལ་དེབ་ཡོད་ན་ཡིག་སྒམ་xueyutiankong123@gmail.comནང་བསྐུར་རོགས།
རེད་ཤག དེང་སང་སྤྲུལ་སྐུ་རྣམས་ཀྱང་སྒོར་མོ་ལ་དུང་བ་ཆེན་པོ་འདུག
ད་དུང་སྤྲུལ་སྐུ་འགའ་ཤས་ཀྱིས་མང་ཚོགས་ཀྱི་ལག་ནས་བླངས་པའི་སྒོར་མོ་རྣམས་ཕན་པ་སྒྲུབ་བྱེད་མི་བྱེད་པར།
རང་གི་གཉེན་ཉེ་དང་སྤུན་ཆེད་ཚོར་ཁོ་ནར་སྤྲོད་ཀྱི་ཡོད། ཁོང་ཚོའི་སེམས་ན་ཉེ་རིང་འདུག
ཀ་མ་པ་ནས་སྔོན་མ་ཞིག་ལ་འདི་འདྲ་གསུང་བྱུང་། དྲི་བ་ཞིག་གི་ལན་དུ་ང་ལ་མངོན་ཤེས་ཟེར་བ་དེ་ག་བ་གར་བ་ཁ་སང་གང་བྱས་པ་དེ་རིང་དྲན་གྱི་མི་འདུག་་
དགའ་སྐུ་ལགས། ངས་འདི་ནས་མང་པོ་ཞུ་འདོད་མེད་མོད། ཀརྨ་པས་སྤྲུལ་སྐུ་ངོས་འཛིན་གནང་ཡོད་པ་གྲངས་འབོར་ཧ་ཅང་མཐོན་པོ་རེད། ཡིན་ན་དམིགས་བསལ་དཔལ་ཆེན་རྒ་ལོ་སང་། ཀརྨ་པ་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་སྐབས་སུ་ཕ་བུ་ངོ་འཕྲོད་ལྟ་བུས་བླ་སློབ་ངོས་ཟིན་པ་རེད་བཤད་སྲོལ་འདུག དེས་སྐབས་ཨ་དབྱངས་རིན་པོ་ཆེས་ཀརྨ་པ་ཕེབས་བསུས་ཆེད་དུ་ཧིན་སྒོར་ས་ཡ་གསུམ་གྱིས་འགྲོ་གྲོན་གནང་བ་དེ་ཡང་བླ་མ་མཆོད་པ་ཞིག་ལས་སྤྲུལ་སྐུ་བཟོ་ཐབས་སུ་བྱས་པ་མིན་པ་དེ་ཡོད་ཀུན་ལ་གསལ་ཐག་ཆོད་པ་རེད། དེ་ཙམ་ཡིན། མངོན་སུམ་ལ་མ་སྙོན་རོགས།
ཨ་ཕྱི་ཆོས་སྒྲོན་ལགས་ཁྱེད་རང་ལ་ཀརྨ་པས་ངོས་འཛིན་གནང་བའི་དཔང་རྟགས་ཁུངས་བཙན་གང་ཡོད་ལྟན་ཤོག།
་་་་་་ དེང་སང་སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ནི་ནུབ་ཕྱོགས་མགོ་སེར་པའི་གཉེན་སྒྲིག་དང་གཅིག་མཚུངས་རེད་འདུག། དཔེར་ན་ཉེ་ཆར་ང་བལ་ཡུལ་ལ་ཡོད་སྐབས་ཨ་དབྱངས་སྤྲུལ་སྐུའི་བུ་མཛོ་རྫི་དགོན་པས་ཁྲི་འདོན་བྱས་སོང་། དེ་ནི་ལོ་ཤས་གོང་ལ་ཨ་དབྱངས་དགོན་པའི་བླ་མཁྱེན་རབ་གསལ་ཞེས་པར་ངོས་འཛིན་གནང་ནས་ཁྲི་འདོན་བྱས་པ་རེད། ཡོངས་གྲགས་ལ་རབ་གསལ་སྤྲུལ་སྐུ་ཞེས་འབོད་བཞིན་འདུག། ཉེ་ཆར་དེ་ལ་འགྱུར་བ་ཐེབས་ནས་མི་ལོ་དགུ་བརྒྱའི་སྔོན་གྱི་ཀརྨ་པ་དུས་གསུམ་མཁྱེན་པའི་བླ་མ་དཔལ་ཆེན་རྒ་ལོའི་ཡང་སྲིད་ལ་ངོས་འཛིན་བྱས་སོང་། དེ་ཚོ་ངོས་འཛིན་བྱེད་མཁན་ཆོས་བརྒྱུད་ཁག་གི་བླ་ཆེན་གང་ཡིན་ཡང་ལུགས་དང་མཐུན་པ་རེད་དམ། ་་་་་ཟེར།
་་་་་དེ་ངོས་འཛིན་གནང་མཁན་གྱི་བླ་ཆེན་ཁྱེད་རང་ལ་རབ་གསལ་སྤྲུལ་སྐུ་དཔལ་ཆེན་རྒ་ལོའི་ཡང་སྲིད་ཡིན་པའི་ཡིད་ཆེས་ཡོད་དམ། གལ་སྲིད་ཡིད་ཆེས་མེད་བཞིན་དུ་དེ་ལྟར་གནང་བ་ཡིན་ན་མི་ཆོས་བླ་མའི་རྫུན་བཤད་པ་མ་རེད་དམ། ད་དུང་སྤྲུལ་སྐུ་ངོས་འཛིན་གནང་མཁན་གྱི་བླ་ཆེན་མང་ཆེ་བ་ལ་སྡོམ་པ་ཡོད་མེད་ཐེ་ཚོམ་གྱི་གནས་སོ། ། ་་་་་་་ཟེར།
་་་་་་་ ད་དུང་ཨ་དབྱངས་རིན་པོ་ཆེའི་བུ་ཚ་ཉེ་བརྒྱུད་དང་བཅས་པ་མང་ཕལ་ཆེར་སྤྲུལ་སྐུ་རེད་འདུག། དེའི་ནང་ལ་ལོ་བརྒྱད་བརྒྱའི་ཡར་སྔོན་གྱི་གྲུབ་ཐོབ་ལོ་རས་པ་ཡང་ཚུད་འདུག།དེ་དག་མི་ཤུགས་དང་རྒྱུ་ཤུགས་ཀྱིས་བཞག་པ་རེད་དམ་ཡང་ན་གཞན་ཞིག་རེད་རྣོ་བསམ་བཏང་ན་ཤེས་ཐུབ། ་་་་་་་་་་་ཟེར།
་་་་་་ སྐུ་ཕྲེང་གོང་མ་རྣམས་ལ་ཉམས་རྟོགས་ཀྱི་ཡོན་ཏན་ཇི་ཙམ་ཡོད་ཀྱང་ཡང་སྲིད་ཀྱི་མིང་ཅན་རྣམས་ནི་རིམ་བཞིན་ཇེ་སྡུག་དང་ཇེ་ངན་རེད། དཔེར་ན་ཀ་ལུ་རིན་པོ་ཆེ་སྐུ་གོང་མ་ནི་ཉམས་རྟོགས་ཀྱི་མངའ་བདག་ཆེན་མོ། ཀུན་གྱིས་མིག་དཔེར་ལྟ་འོས་པ་ཞིག་ཡིན་ཡང་ཡང་སྲིད་ལ་གང་འདྲ་འདུག་གཟིགས་ཙམ་གྱིས་དང་། ་་་་་ཟེར།
འཕགས་བསྟོད་ལས།
གངས་ཅན་རི་ཡིས་བསྐོར་བའི་ཞིང་འདིར་ཐུབ་པའི་བསྟན་སྲོལ་གནས་མོད་ཀྱི།།
ཆོས་བྱེད་ཕལ་ཆེར་ཚུལ་ཁྲིམས་གོས་བྲལ་གཅེར་བུར་ངོ་ཚ་སྤངས་ནས་ནི།།
ཁྱིམ་པ་རྣམས་ལ་བསྙེན་ཅིང་ངོར་བལྟ་དམ་པས་སྨད་པའི་ལས་ལ་འཇུག།
ཀྱེ་མ་དམ་ཆོས་ཉི་མའི་འོད་ཟེར་རི་བོའི་ཕག་ཏུ་ནུབ་ལ་ཉེ།།
སྟོབས་དང་ལྡན་རྣམས་རང་འདོད་ལྷུར་ལེན་ཕན་ཚུན་རྩོད་ཅིང་དམའ་ལ་འཚེ།།
དམན་པ་རྣམས་ནི་རྟག་ཏུ་འཁོལ་ཞིང་གྱི་ནའི་ཟས་ཀྱང་རྙེད་པར་དཀའ།།
ཡང་།
སྟོང་ཕྲག་ཕྱག་ན་སྤྱན་སྟོང་མངའ་བ་བཅུ་གཅིག་ཞལ་བཟང་ཡང་དག་སྟོན། །
ལ་ལར་གདུག་ཅན་ཀླུ་ཡི་དེད་དཔོན་སེང་གེའི་སྒྲ་དངགཞན་དུ་ནི། །
དོན་ཡོད་ཞགས་དང་མགྲིན་སྔོན་ལ་སོགས་རྣམ་པ་དུ་མའི་ཆོ་འཕྲུལ་འགྲྱེད། །
རེས་འགའ་བགེགས་འཇོམས་ཁྲོ་རྒྱལ་རྟ་མགྲིན་ལེགས་ལྡན་ནག་པོའི་ཚུལ་ལ་སོགས། །
དྲག་ཤུལ་ས་གསུམ་འགས་པ་སྟོན་ཡང་ཐུགས་ནི་བརྩེ་ལས་གཡོ་མི་མངའ། །ཚང་མས་འཕགས་གང་ཐུབ་གསོགས་རོགས་གནོངས་དང་།
དོན་ཡོད་ཞགས་དང་མགྲིན་༼ཕྱི་རོལ་པའི་ལྷ་དབང་ཕྱུག་རེད་༽སྔོན་ལ་སོགས་རྣམ་པ་དུ་མའི་ཆོ་འཕྲུལ་འགྱེད། །འདི་སྤོབས་མཐའི་ཆེད་དུའོ།།
ད་དུང་ཨ་ཡང་སྤྲུལ་སྐུའི་བུ་ཁྲི་འདོན་སྐབས་སུ་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་རྣམ་དང་། བོད་པའི་སྤྱི་འཐུས་རྣམ་གྲལ་གཡས་གཡོན་ནས་ཁ་སྤྲོད་ཀྱིས་སྡད་ཡོད་པའི་སྐད་ཆ་ཞིག བལ་ཡུལ་བོད་མི་ཚོས་ཡ་མཚན་མཚན་གྱིས་བཤད་བཞིན་འདུག
ཨ་ཕྱི་ཆོས་སྒྲོན་འདི་འབྲི་གུང་པའི་སྲུང་མ་ཡིན་པས་ཀརྨ་པར་གཏན་ནས་ཐུགས་རྒྱས་ལེ་མ་རེད། ཧཧཧ
ཨ་ཕྱི་ལགས་ཀྱིས་གསལ་ཁ་མེད་པའི་འགྲེལ་བཤད་གནང་བར་ཐུགས་རྗེ་ཆེ། བཅར་འདྲི་་་་མཐོ་སྒང་གིས་༼ དེ་ནི་ལོ་ཤས་གོང་ལ་ཨ་དབྱངས་དགོན་པའི་བླ་མཁྱེན་རབ་གསལ་ཞེས་པར་ངོས་འཛིན་གནང་ནས་ཁྲི་འདོན་བྱས་པ་རེད། ཡོངས་གྲགས་ལ་རབ་གསལ་སྤྲུལ་སྐུ་ཞེས་འབོད་བཞིན་འདུག། ཉེ་ཆར་དེ་ལ་འགྱུར་བ་ཐེབས་ནས་མི་ལོ་དགུ་བརྒྱའི་སྔོན་གྱི་ཀརྨ་པ་དུས་གསུམ་མཁྱེན་པའི་བླ་མ་དཔལ་ཆེན་རྒ་ལོའི་ཡང་སྲིད་ལ་ངོས་འཛིན་བྱས་སོང་།༽ འོ་ན་ དེ་གཉིས་ཀ་རྒྱལ་དབང་ཀརྨ་མཆོག་གིས་ངོས་འཛིན་གནང་བ་ཡིན་ནམ?
ཡ་མགོ་ལོག་ལུང་རྟོགས། འདི་འབྲི་གུང་དང་ཀརྨའི་རྩོད་པ་ཞིག་མ་རེད་ད། འབྲི་གུང་དང་ཀཾ་ཚང་ཆིག་སྒྲིལ་རེད། མགོ་ལོག་རབ་བརྟན་ཚང་གི་མཁན་པོ་འཇིགས་མེད་ཕུན་ཚོགས་སྤྲུལ་རྫུན་བཟོས་པ་ནང་བཞིན་མ་རེད་གདའ། ཧ ཧ ཧ ཧ
ལུང་རྟོགས་ལགས་རྒྱ་ནག་གཞུང་ཚབ་དང་བོད་མིའི་སྤྱི་འཐུས་ལྷན་དུ་གདན་ཞུས་བྱས་ནས་བོད་རྒྱ་གཉིས་ཞི་བའི་གྲོས་མོལ་གནང་གི་ཡོད་རེད།
བསྟན་པ་ཉམས་པའི་རྒྱུ་རྐྱེན་ནང་ལ། མཐོ་སྒང་གི་འབོད་སྒྲས། བཀའ་བརྒྱུད་ལ་མ་གཏོགས་རྙིང་ས་དགེ་གསུམ་ལ་དེང་གི་སྤྲུལ་སྐུའི་སྐོར་ལ་ནོར་འཁྲུལ་ཤོར་སྟངས་གསུང་རྒྱུ་གཞན་པ་ཅང་མེད་དམ། ལགས།
འདི་ཚོས་གནས་སྐབས་ཀྱི་བདེ་བ་དང་མཐར་ཐུག་གི་བདེ་བ་གཉིས་བཤད་ཀྱི་རེད། གནས་སྐབས་ཀྱི་བདེ་བ་ཟེར་དུས་མི་ཚེ་འདིའི་བདེ་བ་ལ་ཟེར་གྱི་ཡོད་རེད། མཐར་ཐུག་གི་བདེ་བ་ཟེར་དུས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་། ལྷ་ཡི་བདེ་སྐྱིད་སོགས་ལ་ཟེར་གྱི་ཡོད་རེད།
ཉོན་ཨ། ཁྱོད་ཚོས་བཤད་ཀྱི་རེད། མི་ཚེ་འདིའི་བདེ་སྐྱིད་དོན་གཉེར་བྱེད་མཁན་རྣམས་ལ་མཐོང་ཆུང་བྱེད་ཀྱི་རེད། ལྟོ་ཞིམ་པོ་དང་གོས་བཟང་པོ། སྡོད་ཁང་ཡག་པོ་དང་མོ་ཊ་གོང་ཆེན། བཟའ་ཟླ་མཛེས་མ་དང་གྲོགས་པོ་མཁས་པ། དངུལ་ཁང་ནང་དུ་སྒོར་མོ་བསགས་འཇོག་ཡོད་པ་དང་ཉིན་རེ་ཟླ་རེ་ལ་ཚུར་ཡོང་སྒོ་ཡག་པོ་ཡོད་ཐབས་སོགས་ལ་འབད་བརྩོན་བྱེད་མཁན་རྣམས་ནི་དུད་འགྲོ་དང་གཅིག་པ་ཡིན་མདོག་མདོག་ཁྱོད་ཚོས་བཤད་ཀྱི་རེད།
ལྟོ་འཚོལ་བ་དང་ཁང་པ་བཟོ་བ་སོགས་ཀྱི་བདེ་སྐྱིད་སྐྲུན་སྟངས་ནི་དུད་འགྲོས་ཀྱང་བྱེད་ཐུབ་པའི་བྱ་བ་ཡིན་པས་ང་ཚོ་འགྲོ་བ་མིས་དེ་ལས་ལྷག་གི་བདེ་སྐྱིད་ཀྱི་ཆེད་དུ་འབད་བརྩོད་བྱ་དགོས་ཟེར་གྱི་རེད། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་། ལྷ་ཡི་བདེ་སྐྱིད་སོགས་ལ་དོན་གཉེར་བྱེད་དུས་ཚེ་འདིའི་དངོས་ཡོད་འཚོ་བའི་བདེ་སྐྱིད་བརླག་འགྲོ་གི་རེད། དཔལ་འབྱོར་ཐུར་ཤོར་གཏོང་གི་རེད། ཆབ་སྲིད་ཐུར་ཤོར་གཏོང་གི་རེད། དམག་དོན་ཐུར་ཤོར་གཏོང་གི་རེད། མི་རིགས་གྲངས་ཉུང་ཆགས་བཅུག་གི་རེད། འཇིག་རྟེན་པའི་ཕ་གཞི་རྩ་མེད་གཏོང་གི་རེད།
ཚེ་འདིའི་བདེ་སྐྱིད་ཐུར་ཤོར་ཕྱིན་ན་ཕྱིན་མཐར་ཐུག་བདེ་སྐྱིད་རེག་ན་འགྲིག་པ་རེད། ཡིན་ཀྱང་ཐར་པ་དང་མཁྱེན་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པ་ཕར་ཞོག ལྷ་ཡི་བདེ་སྐྱིད་ཙམ་ཐོབ་ཀྱི་ཡོད་མེད་ཤེས་མཁན་མེད། སུས་ཀྱང་བདེ་ཆེན་དག་པའི་ཞིང་ཁམས་སྟོན་ཐུབ་ཀྱི་མེད། ཞིང་ཁམས་དེ་འདྲ་ཞིག་ག་པ་ཡོད་ཙམ་ཡང་སྟོན་མི་ཐུབ་དུས་ཡུལ་དེའི་བདེ་སྐྱིད་འཐོབ་འདོད་ནི་སྟོང་བསམ་དང་མགོ་སྐོར་ཁོ་ན་རེད།
མི་ལོ་སྟོང་གི་རིང་དུ་བོད་མི་རིགས་ལ་དངོས་མེད་མཐོང་མེད་ཀྱི་བདེ་སྐྱིད་བཤད། དངོས་མེད་མཐོང་མེད་ཀྱི་དམྱལ་བའི་ཁྲིམས་ལུགས་ཀྱི་འཇིགས་སྐུལ་བྱས་ནས་དབང་སྒྱུར་བྱས་པ་རེད། ད་ནི་རྫུན་གྱི་འཁོར་ལོ་སྐོར་ནས་དབང་སྒྱུར་བྱེད་མཁན་ཚོའི་མདུན་དུ་པུས་མོ་འཛུགས་ནས་མི་སྡོད་པར་སྒེར་གཅོད་པ་ངོ་རྒོལ་བྱེད་དགོས་པའི་དུས་ལ་བབ་ཀྱི་ཡོད་དོ། ཆོས་ལུགས་པའི་སྒེར་གཅོད་པ་ཁྱོད་ཚོ་ཚང་མ་རྫུན་བཤད་མཁན་ཤ་དག་ཡིན་པ།
ཁྱོད་ཚོས་ཕར་ཕྱིན་དྲུག་བཤད། སྦྱིན་པ་གཏོང་ན་ལོངས་སྤྱོད་ཆེན་པོ་ཆགས་ཀྱི་རེད་ཅེས་བཤད། ཁྱོད་རང་ཚོས་སྦྱིན་པ་བཏང་གི་མེད་པ། ལྟོས་དང་ཡར་བསགས་འཇོག་བྱས་བྱས་ཀྱིས་བཙན་བྱོལ་བོད་གཞུང་ལས་དགོན་སྡེ་དང་བླ་བྲང་ཁག་གི་རྒྱུ་ཆེན་བ་ཡོད་པ། ཨོ་ཡ་་་་མ་བྷན་ཚོ་དེ་ཙམ་ཡིན། བཤད་ན་མང་པོ་བཤད་ཀྱི་ཡོད། དེབ་ཆེན་ཞིག་བྲིས་ནའང་འདང་ངེས་ཡོད།་་་ཧཧ
ང་ནི་ད་ངོ་མ་སྤྲུལ་སྐུ་ལུགས་སྲོལ་ལ་ཡིད་ཆེས་མེད། སྔོན་མ་ངས་ལྷ་ནང་བཞིན་བརྩི་བཞིན་ཡོད། ད་ནི་སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་དང་སྤྲུལ་སྐུའི་བྱ་སྤྱོད་མཐོང་དུས་ཡིད་ཆེས་མེད་པ་ཆགས་བྱུང་། ལམ་ལུགས་འདིའི་ནས་བསྟན་པ་ལ་གནོད་པ་ལས་ཕན་པ་མི་འདུག
བླ་སྤྲུལ་ཚོ་ཆོས་ཅན། བོད་ཀྱི་སྲོག་རྩ་མ་ཡིན་པར་ཐལ། བོད་ཀྱི་སྲོག་གཅོད་ཡིན་པའི་ཕྱིར། དེར་ཐལ། ལོ་རྒྱུས་ཐོག་རྒྱ་དམག་སོག་དམག་ཁྲིད་ཡོང་ནས་བོད་མི་དམར་གསོད་གཏོང་མཁན་ཡིན་པའི་ཕྱིར།
མཁན་པོ་ཆོས་ཅན། བོད་ཀྱི་སྲོག་རྩ་མ་ཡིན་པར་ཐལ། དགོན་སྡེ་དང་དགོན་སྡེའི་བར་དུ་དམག་བརྒྱབ་མཁན་དང་བོད་མི་དམར་གསོད་གཏོང་མཁན་ཡིན་ཕྱིར། དཔེར་ན། བསམ་ཡས་མཁན་པོ་ལྷ་ལུང་དཔལ་རྡོ་བཞིན་ནོ།
སྔགས་པ་ཆོས་ཅན། བོད་ཀྱི་སྲོག་རྩ་མ་ཡིན་པར་ཐལ། བོད་མི་རིགས་ཀྱི་ཁ་ལ་གཅན་བླུག་མཁན་ཡིན་པའི་ཕྱིར།
བླ་སྤྲུལ་ཚོ་ཆོས་ཅན། བོད་ཀྱི་སྲོག་རྩ་ཡིན་པར་ཐལ། བོད་ཀྱི་ནང་བསྟན་གྱི་སྲོག་ཤིང་ཡིན་པའི་ཕྱིར། དེར་ཐལ། ལོ་རྒྱུས་ཐོག་ནང་ལ་རྗེ་འབངས་ཉེར་ལྔ་། མར་མི་དག་གསུམ། ཇོ་རྔོག་འབྲོམ་གསུམ། ས་སྐྱའི་རྣམ་ལྔ། རྒྱལ་བ་ཡབ་སྲས་གསུམ་སོགས་བསྟན་ཡུན་རིང་གསོ་སྤེལ་གཏོང་མཁན་ཡིན་པའི་ཕྱིར།
མཁན་པོ་ཆོས་ཅན། བོད་ཀྱི་སྲོག་རྩ་ཡིན་པར་ཐལ། དགོན་སྡེ་སློབ་སྟོ་དང་། མི་དམངས་ལ་ད་སྤེལ་བའི་ཕྱིར། དཔེར་ན། བསམ་ཡས་མཁན་པོ་གྲུབ་ཐོབ་ལྷ་ལུང་དཔལ་གྱི་རྡོ་རྗེ་བཞིན་ནོ།།
སྔགས་པ་ཆོས་ཅན། བོད་ཀྱི་སྲོག་རྩ་ཡིན་པར་ཐལ། བོད་མི་རིགས་ཀྱི་རབ་འབྱུང་ངུར་མིག་སྡེ་དང་། གོས་དཀར་ལྕང་ལོ་ཅན་གྱི་ཡ་རྒྱལ་ཅིག་ཡིན་པའི་ཕྱིར། དཔེར་ན། མར་པ་ཆོས་ཀྱི་བློ་གྲོས་དང་། དིལ་འགོ་མཁྱེན་བརྩེ་རིན་པོ་ཆེ་བཞིན་ནོ།། །།
་དང་པོ་དང་གསུམ་པ་ལ་ཁྱབ་མ་བྱུང་ཞེས་ལན་གྱི་དང་གཉིས་པ་ལ་རྟགས་མ་གྲུབ་ཅེས་ལན་འདེབས་ཀྱི་ཡིན།།
༡་་་་བོད་ཀྱི་ནང་བསྟན་གྱི་སྲོག་ཤིང་ཡིན་ན་བོད་ཀྱི་སྲོག་རྩ་ཡིན་པའི་མ་ཁྱབ། བོད་མི་དམར་གསོད་བཏང་ཞོར་མི་ཚེ་བཀོར་ལ་རོལ་བའི་བླ་སྤྲུལ་རྣམས་ཆོས་ཅན།
༢་་་་མཁན་པོ་་་་་དགོན་སྡེ་སློབ་སྟོ་དང་། མི་དམངས་ལ་ད་སྤེལ་བའི་ཕྱིར།་ཧཧཧ་་་་འདི་ག་རེ་རེད་དམ་་་ཨ། ་་་་རྟགས་མ་གྲུབ་ཟེར་ན་འགྲིག་ས་རེད།
༣་་་་ བོད་མི་རིགས་ཀྱི་རབ་འབྱུང་ངུར་མིག་སྡེ་དང་། གོས་དཀར་ལྕང་ལོ་ཅན་གྱི་ཡ་རྒྱལ་ཅིག་ཡིན་ན་བོད་ཀྱི་སྲོག་རྩ་ཡིན་པའི་མ་ཁྱབ། བོད་མི་རིགས་མགོ་སྐོར་བཏང་ནས་གཅན་འཐུང་བཅུག་མཁན་སྔགས་པ་རྣམས་ཆོས་ཅན།
༤་་་་ཀརྡོ་ལགས། གོ་གྱི་མེད་པའི་རྟགས་བཀོད་མ་འོང་་་ཨ། སློབ་སྟོ། ད་སྤེལ། ཡ་རྒྱལ། ཞེས་ཚིག་འདི་དག་ག་རེ་རེད་ཨ། འགྲེལ་བཤད་འདྲ་ཡོད་དམ། ་མ་ཤེས་ན་ཁ་བཙུམ་ནས་སྡོད་དང་ལྐུགས་པ་རེད་ལབ་མི་ཡོང་།
དུས་རབས་བདུན་པའི་ཡར་སྔོན་དུ་བོད་རྒྱལ་སོ་གཉིས་ཀྱི་རིང་ལ་བོད་བདེ་སྐྱིད་ཀྱི་དཔལ་ལ་འབྱོར་འདུག
ཕྱི་དགྲ་ནང་འདྲེན་མེད་ནས་རང་དབང་རང་བཙན་གྱི་རྒྱལ་ཁབ་རེད་འདུག
རིས་མེད་རིས་སུ་ཕྱེས་འདུག ཇོ་ནང། བོད་ཁ་ཆེ། བོད་པ་ཡེ་ཤུ། བོད་པ་བོན་པོ་་དེ་ཚོར་རིས་སུ་ཕྱེས་འདུག
འདི་འདྲ་བྱས་པས་ནང་བཀྲ་མི་ཤེས་ཤིང་གྲ་མ་འགྲིག་པ་རེད།
ཅོ་རིས་གསུངས་པ་དེ་ཚོར་ལོ་རྒྱུས་དང་བོད་རྒན་པོའི་ཉམས་མྱོངས་དང་ལྡན་པའི་སྐད་ཆ་རེད་འདུག
སོག་དམག་ཧོར་དམག་དང། རྒྱ་ནག། གོར་དམག ན་འདྲེན་བྱེད་མཁན་ཕལ་ཆེ་བ་མཐོ་རིམ་མི་སྣ་སེར་འཇོལ་ལེ་བ་སྨུག་རིལ་ལེ་བ་དཀར་རིལ་ལེ་བ་དེ་རིགས་རེད་འདུག
ནང་འདྲེན་བྱེད་མཁན་ཞེས་བཅོས་རོགས
དྲ་གྲོགས་བན་དེ་བ་ལགས་་འདིར་ཚར་གཅིག་ཀློག་དང་།་་་་ http://ti.gzznews.com/Html/LiShi/ShiLun/6310.html
དྲ་གྲོགས་ཅོ་རི་ལགས་ཐུགས་རྗེ་ཆེ་རྩོམ་དེ་ཆ་ཚང་བཀླགས་ཡིན། ལོ་རྒྱུས་རྒྱུ་མཚན་དང་ལྡན་པ་ཞིག་བྲིས་འདུག
མཐོ་སྒང་གི་འབོད་སྒྲས་དཔྱད་རྩོམ་གནད་ལ་འཁེལ་བ་དུས་དང་གནས་ཚུལ་མཐུན་པ་ཞིག་བྲིས་འདུག་ཀྱང་ཕྱོགས་རིས་དང་ཆགས་སྡང་གིས་སྨྱོས་པའི་ཨ་ཕྱི་སོགས་མཆན་མཁན་ཁ་ཤས་ནས་མ་ཤེས་ཤེས་མདོག་བྱས་ནས་ལོག་འགྲེལ་རྒྱབ་འདུག་པར་གདོང་ལ་མཆིལ་མ་འཕེན་རྒྱུ་ཡིན། ད་བར་རྒྱལ་དབང་ཀརྨ་པ་ལ་ཕྲག་དོག་གིས་སྨ་འབེབས་དང་སྒྲོ་སྐུར་རྐྱང་སྨྲ་ནས་མིང་རྫུའི་འོག་ཡིབ་ནས་སྡད་མཁན་ཨ་ཕྱི་ཟེར་བ་ཁྱོད་ལ་དེ་འདྲའི་ཕོ་རྒོད་པོ་ཞིག་ཡིན་ན་མིང་ངོ་མའི་ཐོག་ཐོན་དང་བུ་ཡིན། དེ་མིན་འགྲན་སེམས་ཕྲག་དོག་གིས་ཉི་ཤར་སྦར་མོས་འགེབ་ཐབས་བྱེད་པ་ནི་སྙིང་རྗེའི་ཡུལ་ལས་མ་འདས། དགའ་ཨ་དབྱངས་ཚང་དང་རྒྱལ་དབང་ཀརྨ་པའི་བར་དམ་གཙང་བླ་སློབ་ཀྱི་འབྲེལ་བ་དམ་གཟབ་ཡོད་པ་ལས། བུ་དང་ཚ་བོ་ངོས་འཛིན་བཟོ་མཁན་རྒྱལ་དབང་ཀརྨ་པ་རེད་ཟེར་བ་དེ་ཁྱོན་གདོན་གྱིས་གཙེས་པའི་འཆལ་གཏམ་རེད། རྒྱུ་མཚན་གང་ཡང་མེད་པའི་རྫུན་གཏམ་མ་བཤད་ན་ཡག་ཡོང་ངོ།།
ངོ་མ་ཨབ་ར་མིང་ཉེ་བའི་དྲ་འབུ་འདིས་མཆན་བུ་སྔ་ཕྱི་གང་ལ་བལྟས་ཀྱང་ཕྱོགས་རིས་ཆགས་སྡང་ཆོས་ལུགས་ཕན་ཚུན་བར་དཀྲུགས་ཤིང་བླ་ཆེན་རྣམ་པར་ཟུར་ཟ་སྐྱོན་བརྗོད་རྐྱང་རྐྱང་བཤད་མཁན་ཁྱོད་ལྟ་བུ་བསམ་ཡོད་སུས་ཡིད་རྟོན་་བྱེད་དེ་མི་རྡོག་གཅིག་ཀྱང་མེད།
མངས་རིས་པས་གནམ་ལ་མཆིལ་མ་འཕེན་རྒྱུ་ཡིན་ན་ཐ་མར་གདོང་ལ་བབས་ཟེར་རྒྱུ་བོ་རེད། རྒྱལ་དབང་ཀརྨ་པའི་སྐྱུག་མ་ཁྱོད་ཀྱིས་ཟ་བསམ་ན་རང་ལག་རེད། ཁྱོད་རྒྱུས་མེད་ལ་རྒྱུས་གཏམ་མ་བཤད་ལོ། འདིར་ཕྲག་དོག་སྨ་འབེབས་དང་སྒྲོ་སྐུར་གང་ཡང་བྱས་མེད། བདེན་པའི་གཏམ་ལ་དྲང་པོའི་རྒྱབ་སྐྱོར་བྱས་པ་རེད། རྟགས་དང་ཐེམ་ཀས་ཡང་སྲིད་དུ་ངོས་འཛིན་ཚར་དུས་ད་བཤད་མ་མྱོང་ཟེར་ན་རང་སྐྱོན་སྤྱི་ལ་ངོམས་པ་རེད། གཏམ་ཁ་ཤོར་ཁས། མདའ་ལི་མ་ལག་གི་ཤོར་ཚར་དུས། ད་མིན་འབྱིན་རུང་སྔ་ཕྱི་ནང་འགལ། བླ་སློབ་དམ་གཙང་ཡིན་ན་ནང་འགལ་རང་གིས་བཟོས་པ་ཡིན་པས་གཟབ་དགོས་པར་སྣང་ངོ་། །བུ་དང་ཚ་བོ་ངོས་འཛིན་བཟོ་མཁན་རྒྱལ་དབང་ཨ་དབྱངས་རེད་ཟེར་ཀི་ཡོད་དམ། ཀརྨ་པ་རེད་ཟེར་བ་དེ་ཁྱོན་གདོན་གྱིས་གཙེས་པའི་འཆལ་གཏམ་རེད། ཟེར་ན་རང་ཆགས་རོགས་ལ་ཞོགས་དང་། རྒྱུ་མཚན་གང་ཡང་མེད་པའི་རྫུན་གཏམ་མ་བཤད་ན་ཡག་ཡོང་ངོ།།ཞེས་འཆལ་གཏམ་གྱི་མཆིལ་མ་དེ་ཁྱོད་ཀྱི་གདོང་ལ་འབད་བཞིན་བབས་པར་སྙིང་རྗེ་མངའ་རིས་པ། ད་དུང་ཀརྨ་པས་བོད་ཀྱི་ཀོང་སྤྲུལ་དང་རྒྱའི་རྡོར་འཆང་གསུམ་པ། དབྱིན་ཇི་བ་ཇག་Dr.jack སོགས་སྤྲུལ་སྐུ་འམ་སྤྲུལ་རྫུན་ག་ཚོད་ངོས་འཛིན་ཡོད་མེད་ཤེས་ཀྱིན་ཡོད་དམ། མངའ་རིས་ཉི་མ་དྲོན་པོའི་ཁྱི་རྒྱུ་མ་གཡོས་ན་མི་བཟང་ངམ།
དྲ་གྲོགས་བན་དེ་བ་ལགས་་འདིར་ཚར་གཅིག་ཀློག་དང་།་་་་ http://ti.gzznews.com/Html/LiShi/ShiLun/6310.html
ཞེས་པའི་ནང་ལ། འུ་དུམ་བཙན་པོ་ནང་པས་ཁྲི་རལ་གྱི་གཅེན་པོ་རེད། བོན་པོས། ཁྲི་རལ་གྱི་གཅུང་པོ་རེད་ཟེར། ཧཧཧུཧུ།
ནང་པའི་རྒྱལ་རབས་མཁན་པོས། གླང་དར་བདུད་ཀྱི་སཔྲུལ་པ་ཡིན་པ་བསྟན་འདུག་ཟེར། བོདན་པོས། ཁྲི་དར་མ་འུ་དུམ་བཙན་ནི་མ་གཞིར་དམ་པའི་ཆོས་ལ་དགའ་ཞིང་ཡ་རབས་ཚུལ་ལྡན་གྱི་རྒྱལ་པོ་ཞིག་ཡིན་ལ། ་་་་ཟེར། ཧ་ཧ། ཧི་ཧི།། །།
འུ་དུམ་བཙན་པོ་ནང་པས་ཁྲི་རལ་གྱི་གཅེན་པོ་རེད།ཅེས་པའི་སྐད་ཆ་འདི་ལ་གོ་གྱི་ག་རེ་འདུག་གམ་་་་་ཨ། དཀོན་མཆོག་མཁྱེན། ཀརྡོ་འདིས་ཆང་འཐུང་གིན་འཐུང་གིན་འབྲི་ཡི་ཡོད་ས་རེད་ཡ། མ་ཤེས་ན་ཡིན་གཅིག་མིན་གཉིས་ཅིག་འབྲི་དགོས་ཀྱི་མ་རེད་ཅེས་ལབ་ཡོད་པ། ཁྱོད་ག་རེ་རེད་ཨ། དྲ་རྒྱ་འདིའི་ནང་གི་མི་སུ་གང་གིས་ཁྱོད་ཀྱི་ག་རེ་བཤད་ཡོད་མེད་ཧ་གོ་མི་ཐག་ཆོད་རེད། སྤྱིའི་ཆ་ནས་ནུབ་ཕྱོགས་སུ་བསྡད་ཡུན་རིང་སོང་ན་སྨྱོ་ཚུབ་ཚུབ་འདྲ་ཆགས་འོང་མཁན་མང་པོ་ཡོད་རེད། ཁྱོད་ངོ་མ་སྨྱོ་བཞིན་ཡོད་ས་རེད་ཡ། སང་ཉིན་སྨན་ཁང་ནང་སོང་། ཧཧཧུཧུ་རང་ཟེར་བ།
༤༤༽ ཅོ་རི་ཉི་མ་ལགས།
་་་་་ བཙན་པོ་གཉིས་ཀྱི་གཅེན་གཅུང་ཡང《སྦ་བཞེད་ཞབས་བཏགས་མ》དང《ལྡེའུ་ཆོས་འབྱུང》རྒྱས་བསྡུས་གཉིས།《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》སོགས་ཡིག་ཚང་རྙིང་བ་དག་ཏུ་བཀོད་པ་ལྟར་ལྷ་སྲས་བགྲེས་པ་རལ་བ་ཅན་དང་། ཆུང་བ་དར་མ་འུ་དུམ་བཙན་ཡིན་པར་བྱས་ན་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་རྒྱལ་སྲས་ཁྲིར་འགོད་ཀྱི་ལུགས་དང་མཐུན་ལ།《ཐང་ཡིག་གསར་རྙིང》དང《སྲིད་སྐྱོང་ཀུན་གསལ་མེ་ལོང》སོགས་རྒྱའི་ཡིག་ཚང་གི་གཅེན་གཅུང་ཐད་ཀྱི་ལྟ་བ་དང་ཡང་ཡོངས་སུ་མཐུན་ཏེ། དོན་གྱི་སྙིང་བོ་བསྡུས་ན། གོང་གསལ་གྱི་བཤད་ཡམས་དེ་དག་ཀྱང་སྤྱིར་བཙན་པོའི་རྒྱལ་རབས་འཇིག་ནས་ལོ་ངོ་བརྒྱ་ཕྲག་གཉིས་གསུམ་ལྷག་འདས་པའི་ཆབ་སྲིད་ཁྲིམས་ལུགས་བག་ལ་ཞ་བའི་དུས་དང་། སྒོས་སུ་བསྟན་པ་ཕྱི་དར་གྱི་མགོ་ཚུགས་པ་ནས་བྲིས་པའི་ཆོས་འབྱུང་དག་ལས་ཁྱབ་མགོ་བརྩམས་པས། དེར་ཡང་ཁུངས་ཐུབ་ཀྱི་རྒྱུ་མཚན་ཞིག་མ་མཆིས་སྙམ། ་་་འདི་བོན་རིགས་ཁྱོད་རང་དང་འདྲ་བ་ཅིག་གིས་བྲིས་་པརེད་དོ། འདི་ངས་བྲིས་པ་མ་རེད་དོ། ཨོ་ཉི་མ་རང་རྒྱལ་རབས་ཏོག་ཙམ་ཀློག་དེ་ནས་ང་དང་རྩོད་ན་མི་མཛེས་སམ། ལགས།
ཅོ་ཇི་མ་ལགས།
འདི།
༣༧༽ ཅོ་རི་ཉི་མ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༠ གི་ཆུ་ཚོད་ ༡༢ སྐར་མ་ ༤༣
དྲ་གྲོགས་བན་དེ་བ་ལགས་་འདིར་ཚར་གཅིག་ཀློག་དང་།་་་་ http://ti.gzznews.com/Html/LiShi/ShiLun/6310.html
སུས་འདིར་དྔས་པ་རེད། ཚར་གཅིག་ཀྱང་ཀློང་ལོང་མེད་པར་ནང་པའི་མཁས་པ་ཚོར་དགག་ཕྱིར་བཀོད་ན་ནོར་བ་རེད་དོ།།
ད་སུ་སྨྱོན་པའི་སྨན་ཁང་འགྲོ་རན་འདུག་གམ། ཅི་རི་ལགས།
ད་ཆང་འཐུང་ནས་མཆན་བུ་འབྲི་མཁན་ཅོ་རི་ཉི་མ་རེད་འདུག ཀརྡོ་རེད་འདུག ཁ་བརྡ་ཀློག་མཁན་བརྒྱ་ཕྲག་ཙམ་གྱིས་མཐོང་བཞིན་ཡོད་རེད་དོ།། །།
ཀརྡོ་ལགས། སང་ཉིན་ཤོག་ལོ། དེ་རིང་གཡུག་ཞོག བཟི་དྭངས་ཚར་དུས་ཤོད། ཉལ་ས་བདེ།
ཧ་ཧ་ཧ་ཧ་ཨ་ཕྱི་མིང་ཅན་ཁྱི་རྒན་མ་ཁྱོད་ཀཾ་ཚང་དང་འབྲི་གུང་བར་དཀྲུགས་ཐབས་ཡིན་ལས་ཆེ། མིང་རྫུ་འོག་ནས་ཡིག་རྫུ་བྲི་ཞིང་ད དུང་མ་ཤེས་ཤེས་མདོག་རྒྱུས་ལོན་ཆེ་མདོག་མང་པོ་མ་བཤད་གྲོགས་པོ། ཁྱོད་ཀྱི་ངོ་གདོང་དེ་དམར་རྗེན་ཕུད་མ་དགོས་པར་སྡད་ན་བཟང་། སྡུག་ཁྱོད་འདྲ་བོས་༧རྒྱལ་དབང་ཀརྨ་པའི་བ་སྤུ་ཙམ་གཡོ་བར་ག་ལ་ནུས། འགྲན་སེམས་ཕྲག་དོག་བྱས་ཚད་རང་སྡུག་རང་གིས་ཉོས་པ་རེད། བཤད་དང་མ་བཤད་གང་ཡང་ཡོད་མ་རེད་དེ་བས་ཁྱོད་རང་མ་ཤི་བར་ལྟོ་ཕོར་བ་གང་པོ་དེ་མ་ཆད་པར་རིན་མེད་ཐོབ་པར་ཤོག་ཟེར་ནས་སྨོན་ལམ་འདྲ་རྒྱོབ་ནས་སྡོད་ཤེས་པར་གྱིས་ཤིག གལ་སྲིད་ཁྱོད་གཟུགས་ཡོད་ཀྱི་གསོན་འདྲེ་ཞིག་ཡིན་ཚེ་མིང་ངོ་མའི་ཐོག་ནས་ཁོ་བོ་མངའ་རིས་པ་ལ་ཟློས་ཤིག
ད་སྐབས་ཁ་བརྡ་གང་བྱས་ཀྱང་སྣེ་ན་ཆོས་ལུགས་དང་ཆོལ་ཁའི་འཐེན་འཁྱེར་ཞིག་ཡོད་ཡོད་པ་འདྲ་ཞིག་ཆགས་འདུག ག་རེ་མ་ཉན་པ་རེད་དམ། ངས་བལྟས་ན་འདི་ལ་རྒྱུན་མཚན་ཆེན་པོ་གསུམ་མཐོང་གི་འདུག་སྟེ་་་ཆོས་ལུགས་དང་ཆོལ་ཁའི་བར་ལ་མཐུན་སྒྲིལ་གྱི་བསམ་བློ་མེད་པ་དང་གཅིག ཆོས་ལུགས་དང་ཆོལ་ཁའི་ཞེན་ཁོག་མེད་ན་ལ་རྒྱ་མེད་པ་ལྟ་བུའི་ལྐུགས་པའི་འདུན་ཤེས་དང་གཉིས། ཆོལ་ལུགས་དང་ཆོལ་ཁའི་བར་ལ་རྩོད་པ་བྱས་ན་འཇུག་འབྲས་ཅི་ཡོང་མི་ཤེས་པ་འདི་ཚོགས་གསུམ་གྱིས་རྟག་ཏུ་སྤྱི་ཚོགས་ཀྱི་བདེ་འཇགས་དཀྲོག་བཞིན་ཡོད་པ་རེད་དོ།
མངའ་རིས་ཕྲིན་ལས་ལགས། ངས་འདིར་ཨ་དབྱངས་དང་ཀརྨ་པ་གཉིས་དཀར་ན་དཀར་མཉམ་དང་ནག་ན་ནག་མཉམ་ཡིན་པ་བྲིས་པ་དེ་རེད། ཁྱོད་ཀྱིས་ཀརྨ་པའི་སྐྱག་པ་ཟ་བར་འདོད་ཀྱང་ཁྱོད་རང་དབང་རེད་མོད། ངས་ཕྱོགས་སུ་མ་ལྷང་པའི་ཚངས་ཐིག་ཅིག་བརྒྱབ་པ་དེ་ཡིན། ཁྱོད་འདྲ་བ་ཚོས་ཀཾ་ཚང་པའི་ལྟོ་དང་ཁ་ཕོར་ཆེ་ཆུང་གི་ཆེད་དུ་མི་ཚེ་གང་པོ་ནང་འཁོན་གྱིས་ངོ་ཚའི་དུག་རུལ་བ། ཀཾ་ཚང་གྲྭ་དམག་གི་འཁྲུགས་རྩོད་དེ་མཚམས་འཇོགས་ཀྱིས་དང་། གཟོད་ཨ་ཕྱི་རྒན་མོ་བསད་ནས་སྐེ་བཅད་ཀྱང་སྐེ་འཕྲོ་འོ་མ་དཀར་པོ་ཡིན་པས་ཀར་ཆོས་ལ་དེ་ཙམ་ཆགས་སྡང་རྨོངས་པའི་གཡུལ་ས་མ་འཕེན་ན་ལེགས་སོ། །
༥༡༽འདྲེ་རྐང་ཐོ་མཆོག་གིས།
་་་་་ ཆོལ་ལུགས་དང་ཆོལ་ཁའི་བར་ལ་རྩོད་པ་བྱས་ན་འཇུག་འབྲས་ཅི་ཡོང་མི་ཤེས་པ་འདི་ཚོགས་གསུམ་གྱིས་རྟག་ཏུ་སྤྱི་ཚོགས་ཀྱི་བདེ་འཇགས་དཀྲོག་བཞིན་ཡོད་པ་རེད་དོ། ་་་་་་གསུངས་འདུག
ཨ་ཕྱི་ཆོས་སྒྲོན་ཟེར་མཁན་འདི། འབྲི་གུང་ཚང་གི་ཆོས་བརྒྱུད་འཛིན་མཁན་ཞིག་གཏན་ནས་མིན། ཁོ་ནི་དུས་རྒྱུན་རྒྱལ་དབང་ཀརྨ་པའི་མཛད་འཕྲིན་ལ་ཕྲག་དོག་གིས་མ་བཟོད་པར་དོན་མེད་སྐྱོན་འཛུགས་རྐྱང་བྱེད་མཁན་ཞིག་རེད། འབྲི་གུང་ཨ་གཡང་སྤྲུལ་སྐུའི་བུ་དེ། རྒྱལ་དབང་ཀརྨ་པས་ངོས་འཛིན་གནང་མི་འདུག་པ་མ་ཟད། རྒྱལ་དབང་ཀརྨ་པ་དང་ཨ་གཡང་སྤྲུལ་སྐུའི་བུ་གཉིས་ཀྱི་བར་བཟང་ངན་གྱི་འབྲེལ་བ་གཏན་ནས་མི་འདུག་ངས་རྩད་གཅོད་བྱས་ཟིན། ཁྱོད་རང་ཀཾ་ཚང་ལ་མི་དགའ་ན་ཐབས་ཤེས་ཡོད་པ་མ་རེད། འཛམ་གླིང་གི་འདུན་དུ་ཆོས་ལུགས་ཐོབ་ཐང་འདྲ་མཉམ་རེད། ཁྱོད་ཚོ་ཆོས་བརྒྱུད་ཆུང་ཆུང་དང་། ང་ཚོ་ཆེན་པོ་ཞེས་པའི་དུས་ཚོད་ཡོལ་ཟིན་པར་རེད། སྤྱིར་སྟངས་འདི་འདྲ་ཟིན་བྲིས་མང་པོ་རྒྱག་ན་མི་རིགས་དང་། ཆོལ་ཁ། དེ་བཞིན་ཆོས་ལུགས་སོགས་ཀྱི་མཐུན་འབྲེལ་གཏོར་གཤིབ་མཁན་གྱིས་འབར་རྫས་དང་གཅིག་པ་ཡིན་པར་ཤེས་དགོས་སོ།།
བན་དེ་བའི་མཆན་འགའ་ཤས་བཀླགས་རྗེས་ང་ལ་བོན་པོ་ཚོར་ལྟ་ཚུལ་ཞིག་བྱུང་།
མིན་པའམ་བདེན་པ་མིན་པ་ཞིག་ཐེངས་བརྒྱ་ལ་བཤད་ཐུབ་ན་བདེན་པར་འགྱུར་ཟེར་བའིལྟ་བ་དེ་བོན་པོ་ཚོར་ཡོད་པ་འདྲ།
དེ་བན་དེ་བའི་མིང་གི་སྟེང་ནས་ཀྱང་མཚོན་ཐུབ
ཁོ་བོན་པོ་རེད།
མིང་ལ་བན་དེ་བ་རེད། བན་བོན་གཉིས་གཅིག་ཏུ་འགྱུར་སྲིད་ཀྱི་རེད་དམ།
རྫུན་པ་ཞིག་ཐེངས་བརྒྱ་ལ་བཤད་ན་བདེན་པར་འགྱུར་བའི་ལྟ་བ་ཅན་དེ་བོན་པོའི་མཚན་ཉིད།
མཚན་གཞི་ནི་བན་དེ་བ་ལྟ་བུའོ།
ས་སྒོ་བསམ་གཏན་སྒྲོལ་མ་ལགས་ག་རེ་བཤད་ཀྱང་བཤད། འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་བྱེད་མཁན་འདི ལས་ཁ་སྟབས་མེད་ན་དེ་གས་འགྲིག ཡིན་ནའང་ལོ་རྒྱུད་ནི་ལོ་རྒྱུས་རེད་དེ་ལ་ཁུངས་བསྐྱེལ་གྱིནདཔང་རྟགས་རྒྱུ་མཚན་དང་ལྡན་པ་ཞིག་དགོས་པ་ལས། རང་གི་ཁ་ནས་གར་ཐོན་སྨྲས་ན་མིས་ཆ་འཇོག་གི་མ་རེད།
བན་དེ་ཞེས་པ་ནི་ཆོས་རྒྱུད་བན་བོན་གཉིས་ཀྱི་སྐབས་ཀྱིབན་དེ་ཡིན་པས་ཁྱབ་པ་མེད་པར་ཤེས་པར་གྱིས། བན་དེ་ཞེས་པའི་གོ་དོན་ཚིག་འགྲེལ་ཅིག་ཞིག་འདུག་ཚིག་མཛོད་ས་ཁེབས་གནམ་ཁེབས་ཡོད་འདུག་པས་དེ་དག་ཏུ་གཟིགས།
མ་ཟད་ཡོངས་སུ་གྲགས་པའི་རྒྱ་བོད་ཚིག་མཛོད་དུ་་་་བན་དེ་བོན་དེ་ཞེས་པར་གཟིགས།
མང་པོ་ཁ་བརྡ་བྱེད་འདོད་མེད་མི་དེ་རིགས་ལ་་་་་ལུང་དང་རིགས་པ་རྒྱུ་མཚན་ཅན་ལ་མ་གཏོགས་
ཀརྡོ་ལགས། མདང་དགོང་ཁྱོད་ཀྱིས་ང་ལ་ཆང་བཟི་བྱས་ནས་མཆན་བུ་བཏབ་བསྡད་པ་རྣམས་ཀྱི་ནང་དུ་དེ་རིང་ཕྱི་བལྟས་ཞིག་བྱེད་ན་མ་རེད་དམ།
ཁྱོད་ཀྱིས་ངའི་མིང་འབྲི་སྟངས་འདི་དག་རེད།
༡་་་ཅོ་ཇི་མ་ལགས། ༢་་་་ཅི་རི་ལགས། ཅོ་རི་ཉི་མ་སོགས་མིང་འབྲི་སྟངས་གསུམ་གྱི་ཐོག་ནས་བྲིས་པ་རེད། ་ད་དུང་ཡིག་ནོར་དང་བཏགས་ནོར། ཀློག་མི་ཤེས་པའི་ཡི་གེ་བྲིས་པ་རེད།
ཁྱོད་ཀྱིས་་་་སུས་འདིར་དྔས་པ་རེད། ཚར་གཅིག་ཀྱང་ཀློང་ལོང་མེད་པར་ནང་པའི་མཁས་པ་ཚོར་དགག་ཕྱིར་བཀོད་ན་ནོར་བ་རེད་དོ།།ཅེས་བྲིས་འདུག ༡་་་་དྔས ༢་་་ཀློང་ལོང་། འདི་དང་འདི་འདྲ་ཤ་དག་བྲིས་སོང་།
ད་གང་ཡིན་ན་ཡིན། ཁྱོད་ཀྱི་བརྩོན་འགྲུབ་དེ་ལ་ངས་དགའ་གུས་ཡོད། གཅིག་རེད། གཉིས་པ། སྔོན་མ་ཞིག་ལ་མ་སིང་རིའི་སློབ་གྲྭ་ནང་དུ་ཕྲུ་གུ་ཚོས་རྒྱོབ་བརྒྱབ་སོང་ཟེར་ནས་ཕྲུ་གུ་ཁ་ཤས་རྒྱང་ཕུད་བཏང་པ་རེད། བལ་ཡུལ་དུ་རྒྱང་ཕུད་བཏང་བ་རེད། བོད་ལ་ཕར་རྒྱང་ཕུད་གཏོང་བརྩི་རེད།
སྐབས་དེ་དུས་དྲ་ཐོག་ཏུ་དྲ་གྲོགས་ཚང་མ་ཁོང་ཁྲོ་ཟ་ནས་ཟམ་གདོང་བླ་མ་དང་མ་སིང་རིའི་སློབ་གྲྭ་ལས་བྱེད་རྣམས་ལ་ཁ་རྡུང་བཏང་མྱངས་བ་རེད། དེ་དུས་ཁྱོད་ཀརྡོ་རབ་འབྱམས་པས་ཕྲུ་གུ་དེ་ཚོའི་ཆེད་དུ་སྒོར་མོ་གཏོང་གི་ཡིན་ཞེས་བཤད་པ་རེད། སེར་སྨད་བློ་དགའ་ཕྱིན་ནས་ཕྱིར་རྡ་སར་ཕྱིར་ཁྲིད་ནས་བསླེབས་པ་རེད། ཁྱོད་ཀྱིས་སྒོར་མོ་འགྲོ་སོང་བཏང་ཡོད་མེད་མ་ཤེས་ཀྱང་ལབ་ཙམ་གྱིས་དགའ་པོ་བྱུང་། ད་ལྟའི་བར་དུ་བརྗེད་མེད། སེར་སྨད་བློ་དགའ་ཁྱོད་གཉིས་ལ་སྐབས་དེ་དུས་དགའ་པོ་བྱུང་།
གཉིས་པ། ཁྱོད་ཀྱི་བརྩོན་འགྲུས་འདིར་རེད། ཁྱོད་ཀྱི་བརྩོན་འགྲུས་ལ་ང་ཧང་ཅང་དགའ་པོ་ཡོད། ཁྱོད་ཀྱིས་བརྩོན་འགྲུས་གནང་བ་ལྟར་དྲ་གྲོགས་ཁང་གསར་རྡོ་རྗེ་དང་ལུང་རིག་རྒྱལ་གཉིས་ཀྱིས་བྱེད་ན་བོད་པའི་སྤྱི་ཚོགས་འདི་ལ་ཕན་ཐོགས་ཤིག་ཡོང་གི་ཡིན་པར་གསལ་པོ་རེད། ཁོང་གཉིས་ཁྱོད་ལྟ་བུ་མ་རེད། སྤྱང་པོ་རེད།
ཡིན་ཀྱང་བློ་ཕམ་པ་ཞིག་ལ་ཁོང་གཉིས་ཀྱིས་བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་མཐུད་ནས་ཡོང་ཐུབ་ཀྱི་མི་འདུག བརྩོན་འགྲུས་མེད་པའི་མི་ཡིས་ཕན་མི་ཐོག་པ་གསལ་པོ་རེད། ཁོང་གཉིས་ཀྱིས་ཆབ་སྲིད་དཔྱད་རྩོམ་ཡག་པོ་འབྲི་གི་རེད། བཙན་བྱོལ་བའི་ཆབ་སྲིད་དང་ཆབ་སྲིད་པ་ལ་རྒྱུས་མངའ་ཆེན་པོ་རེད། ཨོ་དེ་འདྲ་རེད། ཀརྡོ་ལགས།
གསུམ་པ། ང་ཁྱོད་ལ་མི་དགའ་བའི་ཕྱོགས་ནི་ཁྱོད་ཀྱིས་རྒྱ་རྐུབ་ཏོག་ཙམ་རེ་ལྡག་གི་རེད། འདི་ལ་རྩ་བ་ནས་མི་དགའ། གཞན་དག་ཀརྡོ་ཁྱོད་ཡག་པོ་ཡོད། སེམས་ཤུགས་ཡོད། བསམ་ཤེས་ཡོད།
མི་ལོ་བརྒྱ་ཕྲག་མང་པོའི་དུས་ཡུན་ནང་།
ཆོས་པས་ཆོས་པ་བསད་པའི་ཤ་འཁོན་ཡོད།
དགོན་པས་དགོན་པར་གཏོར་བའི་ལོ་རྒྱུས་ཡོད།
བླ་མས་བླ་མར་བཅོམ་པའི་ཁ་མཆུ་ཡོད།
སྲིད་དབང་འཕྲོག་རེའི་བྱས་པའི་གྱོད་དོན་ཡོད།
རྒྱུ་བདག་འཕྲོག་རེའི་བྱས་པའི་སྙིང་ནད་ཡོད།
གྲྭ་རྒྱུན་འཕྲོད་རྩོད་བྱས་པའི་འཁོན་འགྲན་ཡོད།
རང་ཆེ་རང་མཐོ་བྱས་པའི་འགྲན་སེམས་ཡོད།
བལྟས་ན་མིག་ལ་སུན་པའི་ལོ་རྒྱུས་རེད།
གོ་ན་ཡིད་ཐང་ཆད་པའི་ལོ་རྒྱུས་རེད།
བསམ་ན་འགྱོད་པ་སྐྱེས་བའི་ལོ་རྒྱུས་རེད།
གངས་ཅན་བོད་ཀྱི་བླ་མའི་དེང་རབས་འདིར།
གླེང་ན་སྐྱག་དྲི་ཁ་བའི་དེང་རབས་རེད།
མ་གླེང་བཞག་ཐབས་མེད་པའི་རི་མོ་རེད།
སེམས་དཀར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི།
དེབ་དཀར་ཕྱེད་ཀ་ཡིན་དོན་ག་རེ་རེད།
བླ་མའི་དེང་རབས་མ་བྲིས་ཨེ་རེད་དམ།
བྲིས་ཀྱང་ཇག་པས་བཅོམ་པ་ཨེ་ཡིན་ནམ།
བྲིས་ཀྱང་རྐུ་མས་ཁྱེར་བ་ཨེ་ཡིན་ནམ།
བྲིས་པས་ཉེས་ཅན་ཆགས་པ་ཨེ་ཡིན་ནམ།
ཉེས་ཅན་བཙོན་དུ་ཚུད་པ་ཨེ་ཡིན་ནམ།
བསམ་ཞིང་བསམས་ན་དྲི་རྟགས་ཇེ་མང་རེད།
བརྟག་ཤིང་དཔྱད་ན་དོགས་གནས་ཇེ་ཆེ་རེད།
ཀརྡོ་འདི་འདྲེ་མགོ་རྡུང་ཞིག་ཡིན་ས་རེད་བསམ་ཡོད། ད་དུང་མཆན་པ་གཡོ་རྐྱལ་ཟིག་རེད་ཡང་བསམ་ཡོད། ཟེར་ན་ཟེར་ཟེར་ནས་མཆན་ས་འཕྲོ་བརློག་ལ་མང་པོ་གཏོང་གི་རེད།
ད་བྱས་ན་ཁོ་མྱི་རྒན་སེམས་དཀར་ཅན་ཞིག་ཡིན་པ་འདྲ། དེའི་ག་བར་ཚད། གཉེར་རྒན་ཀླུ་འདྲ་ཞིག་ཡང་ཡོད་ཚོད་རེད། ཧ་ཧ།
༥༨༽ ཅོ་རི་ཉི་མ་ལགས།
༡་་་ཅོ་ཇི་མ་ལགས། ༢་་་་ཅི་རི་ལགས། ཅོ་རི་ཉི་མ་སོགས་མིང་འབྲི་སྟངས་ནོར་བ་གསུམ་གྱི་ཐོག་ལ་དགོངས་དག་གྲངས་མེད་ཞུའོ།། །།ང་མི་འགྱིད་ལུགས་ཅན་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། ངས་མཆན་བུ་བྲིས་ཚད་ཡང་བསྐྱར་ཅིག་ཀློག་འདོད་རྩ་བ་ནས་མི་འདུག ང་མི་ལེ་ལོ་ཅན་ཞིན་ཡིན། འོནད་ཀྱང་། བརྡ་སྤྲོད་དང་སུམ་རྟགས་སྐོར་ལ་རྩོད་དུས་དག་ཆ་ཡང་། གང་གཟབ་གཟབ་བྱེད་བགྱིད་ཡོད། དེ་དུས་ནོར་ན་ངའི་ནོར་འཁྲུལ་དངོས་གནས་དེ་ཚོ་རེད་དོ། །དགོངས་དག དགོངས་དག དགོངས་དག་གོ།། །།
ཨ་ཕྱི་མ། ད་འུར་རྒྱག་གི་མ་འདུག ཁྱེད་རང་དགའ་ན་འདྲ་ལ་མ་དགའ་ན་འདྲ། གང་ལྟར་བོད་ཀྱི་ན་གཞོན་བླ་ཆེན་ཁྲོད་ནས་མི་གཞི་དང་ཤེས་ཡོན་འཇོན་ཐང་གང་ཐད་ནས་ཀརྨ་པ་ཚང་ཨང་ཀི་དང་པོ་རེད།
ཁྱེད་རྣམ་པ་བདེན་པའི་ཚིག་ལ་ཡིད་ཆེས་མེད་ན་བརྫུན་དང་འཇིགས་བསྐུལ་ཅི་འདོད་ཀྱིས། །
ཧཧཧཧ
ད་མང་པོ་མ་བཤད། ངས་གོ་བ་ལ་མཛོ་རྫི་རྗེ་དྲུང་བླ་མ་བརྟེན་པོ་དེ་འདྲ་མི་བྱེད་མཁན་ཡོད་པ་གོ་བྱུང་། ད་དུས་ངན་མི་ལ་ཡིད་ྖེས་ཡོད་ས་མ་རེད།
དཀོན་མཆོག་བསྟན་པའི་སྒྲོན་མེ།
༄༅། །རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །དུས་མཐར་ཐུབ་བསྟན་རྒྱལ་མཚན་བསྒྲེང་བའི་ཕྱིར།།
གསུམ་ལྡན་ངུར་སྨྲིག་འཆང་བའི་རྣམ་རོལ་པ། །ཡབ་རྗེ་འཇིགས་མེད་དབང་པོའི་ཞབས་ལ་འདུལ།།
དམ་པའི་སྐྱེས་བུ་འགའ་ཞིག་མདོ་སྔགས་ཀྱི། །ལམ་བཟང་སྒྲུབ་ཚུལ་བསླབ་བྱ་དགོས་སོ་ཟེར།།
གཞན་ལ་ཕན་པའི་བསླབ་བྱ་བྱེད་པ་པོ། །རང་ཉིད་བསམ་ཞིང་རང་ལ་ཡི་མུག་སྐྱེས།།
འདི་ཕྱིའི་སྐྱབས་སུ་བླ་མ་བསྟེན་ན་ཡང་། །བདེན་ཁ་རང་གིས་བཟུང་བ་ཡིད་རེ་མུག །
དལ་འབྱོར་དོན་ཆེ་རྙེད་དཀའ་ཟེར་བཞིནདུ། །དོན་མེད་སྟོང་པར་གཟད་པ་ཡིད་རེ་མུག །
ནོར་རྐུན་མཐོང་ནས་ཤིན་ཏུ་ཟོན་བྱེད་ཀྱང་། །མི་རྐུན་གཤིན་རྗེའི་ཟོན་མེད་ཡིད་རེ་མུག །
ལྐོག་གྱུར་གནས་ལུགས་འཚོལ་བའི་ཁུལ་བྱེད་ཀྱང་། །མངོན་འགྱུར་འཆི་བ་མི་མཐོང་ཡིད་རེ་མུག །
ཉེས་སྤྱོད་ཆུ་བོ་ཐུར་དུ་རྒྱུག་བཞིན་དུ། །བདེ་འགྲོའི་རི་རྩེར་ཕྱིནའདོད་ཡིད་རེ་མུག །
བདེ་འགྲོར་མ་ཟད་བདེ་བ་ཅན་འདོད་ཀྱང་། །དམྱལ་བའི་གཏིང་རྡོ་བྱེད་བ་ཡིད་རེ་མུག །
སྐྱིད་སྡུག་འདམ་དབང་ཡོད་ཅིང་ཤེས་བཞིནདུ། །ཐར་མེད་བཙོན་རར་འཇུག་པ་ཡིད་རེ་མུག །
གཞན་ལ་འདི་ཕྱིའི་སྐྱབས་འཇུག་ཁས་ལེན་ཡང་། །རང་ཉིད་གར་འགྲོ་མེད་པ་ཡིད་རེ་མུག །
བསྟན་འཛིན་གོང་མའི་གྲལ་དུ་འཚང་ན་ཡང་། །བསྟན་པའི་སྒོ་རུ་མ་ཆུད་ཡིད་རེ་མུག །
སྡོམ་གསུམ་ནོར་བུའི་གཏེར་ཁ་ཕྱེ་བ་ལས། །ཉེས་ལྟུང་རྙོག་ཆུ་རྡོལ་བ་ཡིད་རེ་མུག །
གྲོལ་བ་ཐར་བ་དོན་གཉེར་ཟེར་བཞིན་དུ། །སྲེད་མཁོས་ཕྱི་ཕྱིར་འཆིང་བ་ཡིད་རེ་མུག །
ཐར་འདོད་སྐྱེས་བུ་ཡིན་པ་གཞིར་བཞག་ལ། །ཅི་བྱས་འཁོར་བའི་རྒྱུར་སོང་ཡིད་རེ་མུག །
མིག་རྩ་ཁོར་ལ་གཏད་དེ་ཆོག་ཤེས་ཀྱི། །གདམས་ངག་བྲོ་བའི་ཆོས་བཤད་ཡིད་རེ་མུག །
དཀའ་ཚེགས་ཆེ་ལ་འདི་ཕྱི་གང་དུ་ཡང་། །ཕན་མེད་ཤྭ་སྡུག་ཁྱི་སྡུག་ཡིད་རེ་མུག །
རྩེ་གཅིག་དད་པའི་རྒྱུ་ནོར་བསགས་བསགས་ཀྱང་། །འཆི་ཚེ་ཅམ་གྱིས་བསྐྱུར་དགོས་ཡིད་རེ་མུག །
འདི་བས་འདི་དགོས་མང་སྟེ་བཤོལ་བའི་འོས། །དམ་ཆོས་གཅིག་པུར་བབ་པ་ཡིད་རེ་མུག །
བསྟན་པའི་བྱ་བར་བཏགས་ནས་སྡེ་དགོན་བསྐྱངས། །ཆགས་སྡང་རུ་མར་སོང་པ་ཡིད་རེ་མུག །
གྲྭ་སློབ་སྦྱིན་བདག་ངན་པ་ཡར་ཐེན་པས། །རང་ཉིད་ཐུར་དུ་ལྷུང་བ་ཡིད་རེ་མུག །
རྒྱ་ཆེན་གཞུང་ལུགས་ལྟ་བའི་མིག་བགྲད་ནས། །བླང་དོར་ལག་ནོམ་དགོས་བ་ཡིད་རེ་མུག །
འགྲིག་འགྲིག་ཆོས་གཏམ་བཤད་ཀྱང་སྤྱོད་ཚུལ་ལ། །བལྟས་ཀྱིན་གྲོགས་ཀྱི་ཞེ་ཁྲེལ་ཡིད་རེ་མུག །
གཡོ་སྒྱུ་འཕྲལ་ལ་གཞན་གྱི་མ་ཤེས་ཀྱང་། །མཆོག་གསུམ་ཐུགས་ཁྲེལ་འབྱུང་བ་ཡིད་རེ་མུག །
སྙིང་རྗེའི་ཉམས་བཏོད་རང་མཁོ་ཕུགས་སུ་བཅུག །བྱི་ལའི་འཇམ་སྐད་འདོན་པ་ཡིད་རེ་མུག །
དགེ་སྦྱོར་བྱས་ཀྱིན་སེམས་དང་རྨི་ལྟས་ཚུན། །ཇེ་ཐུར་ཇེ་ཐུར་འགྲོ་བ་ཡིད་རེ་མུག །
མི་ཚེ་ཆོས་ལ་བསྐྱལ་བའི་མལ་ས་ནས། །དུད་འགྲོའི་བེམ་པོ་བྱུང་ན་ཡིད་རེ་མུག །
ད་ལྟ་གདེང་ཡོད་ཁུལ་གྱིས་སོས་བདེར་བསྡད། །འཆི་ཁ་སྡུག་སྨྲས་ཤོར་ན་ཡིད་རེ་མུག །
མདོར་ན་འཁྲུལ་པ་མེད་པ་རྒྱལ་བའི་བཀའ། །སྔོན་བྱོན་དམ་པའི་གསུང་དང་རྣམ་པར་ཐར། །
འཁོར་འདས་སྐྱོན་ཡོན་གང་གི་སྒོ་ནས་ཀྱང་། །རང་གི་སེམས་ལ་བལྟས་ན་ཡིད་རེ་མུག །
འོན་ཀྱང་ཁོ་བོ་ད་ལྟ་མི་རྣམས་ཀྱིས། །དམ་པར་བཀུར་བས་རང་རྒྱུས་ཤེས་བཞིན་དུ། །
སྟོང་འུར་ལང་བས་དམ་པའི་ཁུར་འཛིན་ཅིང་། །དེ་ཡི་རྫུན་འགེབས་གཡོ་སྒྱུ་ཅི་ཡང་བྱས། །
རང་གི་ངང་ཚུལ་འདི་ཡིས་རྗེས་དཔག་ན། །སྙིགས་དུས་བླ་སྤྲུལ་དགེ་བའི་བཤེས་གཉེན་དུ། །
གྲགས་པའི་ཁྲོད་ནའང་ཕྱི་ནང་གོ་འཛོལ་བ། །ང་འདྲ་ཡོད་དམ་སྙམ་དུ་དོགས་པ་སྐྱེས། །
མཆོད་གྲལ་ལྡེར་བཟོ་ལྟ་བུའི་བླ་ཆེན་དང་། །བཅོས་མའི་མེ་ཏོག་འདྲ་བའི་སྐུ་སྐྱེའི་རིགས། །
མཁས་དང་གྲུབ་པའི་འབག་གྱོན་གར་མཁན་རྣམས། །གཞན་མགོ་འདོན་པའི་སྔོན་ལ་རང་མགོ་ཐོན།།
ངང་ཚུལ་དྲང་པོར་སྨྲས་པའི་བདེན་གཏམ་འདིས། །མི་རྣམས་རང་སེམས་ལྟ་བའི་མིག་འདྲེན་དུ། །
སོང་སྟེ་སྐྱོན་ཡོན་བླང་དོར་ངོས་ཟིན་ནས། །ཆོས་ལ་ཆོས་བཞིན་སྤྱོང་པའི་རྒྱུར་གྱུར་ཅིག །
ཅེས་པ་འདི་ནི་མཁྱེན་རབ་ཀྱི་དབང་ཕྱུག་རྩེ་དབུ་སྤྲུལ་སྐུ་འཇམས་དབྱངས་བཤེས་གཉེན་གྱིས་བསླབ་བྱ་ཞིག་དགོས་ཚུལ་བྱུང་བ་ལྟར་བྲི་བར་བརྩམས་པའི་ཚེ། གཞན་ལ་སློབ་པ་ལ་རང་ཇི་འདྲར་སོང་འདུག་སྙམ་དུ་རྣམ་རྟོག་གི་རྒྱུ་ཚུལ་འདི་འདྲ་ཞིག་བྱུང་པ་ལྟར་སྐོ་ཀླུའི་ཚུལ་དུ། ༑ བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་སྨྲས་པའོ།།
བསྟན་པའི་མགོ་འདྲེན་སྤྲུལ་སྐུ་དགོས་མོད་ཀྱང་།།
སྤྲ་མོའི་རྐུབ་ལྡེག་ཆོས་མགོ་མི་ཐོན་པའི།།
རྟོགས་ལྡན་རྒན་པོར་རློམ་པའི་ཁེངས་དྲེགས་ཀྱིས།།
རང་བསྟན་རང་གིས་བཤིགས་པ་དགོས་དོན་མེད།།
བསྟན་པ་མི་ཤེས་ཁྱབ་སྲིད་མགོ་འདྲེན་གྱི།།
མི་ཆེན་རྐུབ་ལྡེག་ཆོས་བརྒྱད་སྤྲེལ་ལད་མཁན།།
ལམ་རིམ་ཁ་ཁྱེར་རློམ་པའི་ཁེངས་དྲེགས་ཀྱིས།།
རང་བསྟན་རང་གིས་བཤིགས་པ་དགོས་དོན་མེད།།
རང་ལ་འདི་ཡིན་ཞེས་པའི་བྱས་རྗེས་མེད། །མ་དགའ་དབང་གིས་མཐོ་རིམ་མི་རྣམས་ལ། །ཞིབ་མར་མ་བརྟགས་དོན་མེད་སྒྲོ་བསྐུར་མཁན། །ཡ་རབས་བོད་མི་རྣམས་ལ་དགོས་དོན་མེད། །
ཡ་རབས་མ་རབས་སྤྱོད་པས་ཤེས།
ས་ཆ་གང་ཡོད་སྐད་ཀྱིས་ཤེས།
ཞེས་པའི་གཏམ་དཔེ་འདི་དིང་ས་བེད་སྤྱོད་མེད་པ་ཆགས་གྲབས་འདུག
མཆོད་གྲལ་ལྡེར་བཟོ་ལྟ་བུའི་བླ་ཆེན་དང་། །བཅོས་མའི་མེ་ཏོག་འདྲ་བའི་སྐུ་སྐྱེའི་རིགས། །
མཁས་དང་གྲུབ་པའི་འབག་གྱོན་གར་མཁན་རྣམས། །གཞན་མགོ་འདོན་པའི་སྔོན་ལ་རང་མགོ་ཐོན།།
མ་རབས་མགོ་བོར་བཀུར་ན་སྲོལ་རྒྱུན་བརྫེད། །
རྫུན་མ་ངོ་སོ་བསྟོད་ན་རྐུན་ཇག་མོད། །
རང་གིས་མ་རིག་གཞན་ལ་གཡམ་རྒྱུགས་ཚོ། །
བསྟན་པ་འདི་ལས་ཕྱི་རོལ་གྱུར་པ་ལགས། །། །
རྩོམ་ཡིག་འདི་དངོས་གནས་ཀློག་ཡོང་དུས་ཧ་ལས་དགོས་པ་ཞིག་རེད་འདུག། མ་ཟད་རྩོམ་འབྲི་མཁན་འདི་ཡང་མི་ག་འདྲ་ཞིག་ཡིན་ནམ། རྒྱ་ནག་མའོ་རྩེ་དུང་གི་ལྟ་སྤྱོད་གནང་མཁན་ཞིག་ཏན་ཏན་རེད་འདོད་ན་ཆོས་ལུགས་འགག་པ་འདོད་མཁན་རང་རེད་འདུག
ཞབས་འདྲེ་རང་རེད་འདུག
ཕྱོགས་རིས་དབང་གིས་མིང་རྫུན་འོག་ཏུ་གབ། །ཤེས་ཀྱང་མ་ཤེས་ཁུལ་གྱིས་སྐྱེས་བུ་འགར། །
ཕྲག་དོག་བཟི་སྟེ་ཉེས་པ་འདྲ་མིན་གཡོགས། །
དེ་ནི་ཡང་དག་ལམ་དུ་ཨེ་འགྲོ་འམ། །
ཆོས་ལུགས་གང་ལ་དད་དང་མི་དད་ནི།།
འདོད་པ་རང་གི་ལག་ཡིན་ཤེས་ལྡན་ཚོ།།
སྐྱེ་བ་སྔ་ཕྱི་ལས་འབྲས་སོགས་མེད་ན།།
འཇིག་རྟེན་འདི་ནས་སྣང་བ་གང་དྲན་བྱོས།།
ཁྱེད་ཀྱིས་མཁན་པོ་ཚུལ་བློ་ལ་བསྟོད་པ་ཕུལ་འདོད་ན་ལེགས་སྙམ། ཡིན་ཡང་ཚུལ་བློའི་ལོ་རྒྱུས་དང་ཤེས་ཡོན་སོགས་ངེས་པར་མཁྱེན་དགོས་གལ་ཆེ། ཚུལ་བློ་ནི་བླ་མ་ཚད་ལྡན་ཞིག་ཡིན་པ་གཏིང་ནས་ངོ་ལེན་མེད། མ་ཟད་ཆོས་ལུགས་དང་གྲུབ་མཐའ་པར་ལ་བསྐྲུག་ཤིང་གནང་མཁན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ད་དུང་ཁྱེད་རང་གི་གསུངས་ཚུལ་ཞིག་ལ་དེང་སང་སྤྲུལ་སྐུ་དེ་ཚོས་ཆབ་སྲིད་ནག་པོ་འདུག་ཟེར་གྱི་འདུག་ཚུལ་བློའི་ཆབ་སྲིད་ནག་པོ་དེ་ནག་པོ་མ་རེད་དམ། བསམ་བློ་གཏོང་རོགས་གནང་ཞུ།
ཆོས་ཀྱི་རིན་ཐང་རིག་པས་མ་དཔོག་ན།།
མི་ཡི་ལུས་ལ་རིན་ཐང་ཡོད་དོན་ཅི།།
རྐུ་འཕྲོག་ལ་སོགས་ཚུལ་མིན་བྱ་སྤྱོད་ལ།།
ཞུགས་ཀྱང་ཉེས་བ་སུ་ཡིས་གླེང་བ་ཟད།།
མི་ཡི་ལུས་ལ་རིན་ཐང་ཡོད་པ་འདི།
ཆོས་ཀྱི་རིན་ཐང་རིག་པའི་དཔག་ཆེད་མིན།
མི་ཡི་ལུས་ལ་རྣམ་དཔྱོད་ཡོད་པ་འདི།
ཆོས་ལུགས་མཁན་པོའི་བྲན་གཡོག་བྱེད་ཆེད་མིན།
མི་ལུས་ལ་ལག་རྩལ་ཡོད་པ་འདི།
རྩམ་པའི་གཟན་གྱི་གཏོར་མ་བཟོ་ཆེད་མིན།
མི་ཡི་ལུས་ལ་འཇོན་སྟངས་ཡོད་པ་འདི།
བྲག་ཕུག་སྐམ་པོའི་མི་ཚེ་གཏོང་རྐྱེན་མིན།།
སྐྱེ་བ་སྔ་ཕྱི་ལས་འབྲས་བཤད་བཤད་ཀྱིས།
གངས་ཅན་བོད་ཡུལ་དམྱལ་བའི་ཡུལ་དུ་སྒྱུར།
ལས་དང་རྒྱུ་འབྲས་ཁ་ནས་བཤད་བཤད་ཀྱིས།
བཙན་བྱོལ་སྒྲིག་འཛུགས་ལྐོག་ཟའི་ཚང་ཞིག་སྒྱུར།
་དུ་དང་་་་་ཁྱོད་ཚོ་ཆོས་པ་ཡིན་ཟེར་མཁན་དང་ལས་རྒྱུ་འབྲས་ཕར་ཕྱིན་དྲུག་སོགས་ཉམས་ལེན་པ་ཡིན་ཟེར་བསྡད་མཁན་ཚོས་ངོས་ནས་སྤྱིན་པའི་ཕར་རོལ་དུ་ཕྱིན་ཚུལ་གྱི་ཐོག་ཏུ་རྩོད་འདོད་ཡོད་ན་ཤོག་དང་། རྒྱུ་འབྲས་དང་དྲང་བདེན་སྲང་ལ་འཇལ་ནས་རྩོད་ཆོག སུ་ཡིས་སུ་མགོ་སྐོར་བཏང་གི་ཡོད་མེད་ཤེས་འོང་། མ་བྷན་སུ་ཡིན་ཤེས་འོང་གི་རེད། ལག་ལེན་མེད་མཁན་སུ་ཡིན་ཤེས་འོང་གི་རེད། ཁ་མཁས་སུ་ཡིས་བཤད་བསྡད་ཀྱི་ཡོད་པར་ཤེས་འོང་གི་རེད་དོ། ཤཀྱ་ཐུབ་པའི་རྐང་འདྲེན་སུ་ཡིན་ཤེས་འོང་གི་རེད་དོ་་་་་་་་་་་་་་་་་་་་་་་་་།
ཤ་ཁྲག་དམར་པོ་ལགས། ཚུལ་བློ་བླ་མ་ཚད་ལྡན་མ་ཡིན་པའི་དཔང་རྟགས་གང་ཡོད་དམ། ད་དུང་ཆོས་ལུགས་བར་དུ་དཀྲུགས་མཁན་རེད་ཟེར། སྐད་ཆ་དེ་འདྲ་ད་རིང་བར་དུ་གོ་མྱོང་མེད། དངོས་གནས་ཡིན་ནམ་དྲང་མོ་གསུང་རོགས། དངོས་གནས་མིན་ན་དེ་འདྲ་མ་ཟེར་རོགས།
རེད་རེད་དངོས་གནས་རྙིང་རྒན་ཚུལ་བློ་ནི་ཤཀྱ་ཐུབ་པའི་རྐང་འདྲེན་རང་རེད། མ་ཟད་བསྟན་བཤིག་ཡང་རེད་འདུག
ང་ཅོ་རིའི་རིགས་པའི་དགག་བྱ་ལ་རྙིང་མ་དང་གསར་མ། ས་སྐྱ་དང་བཀའ་རྒྱུད་སོགས་ཁྱད་པ་མེད། མ་ཚད་་་མི་ཆེན་དང་ཉམ་ཆུང་གི་ཁྱད་པ་ལ་མེད། སྤྲང་པོ་དང་ཕྱུག་པོའི་ཁྱད་པ་མེད་པར་རིགས་པ་དང་འགལ་ན་དགག་རྐྱང་དང་མ་འགལ་ན་སྒྲུབ་བྱེད་བཀོད་རྐྱང་ཡིན་ད་་་་་་ཧཧཧཧ འདིར་ཤེས་པ་བྱོས།
ལགས་སོ་ཚེ་རིང་ལགས། བདེན་པའི་དཔང་རྟགས་ཡོད་དང་ཡོད། ༼ཆོས་སྲིད་ཟུང་འཇུག་ལ་དཔྱད་པ༽ རྩོམ་པ་པོ་མཁན་པོ་ཚུལ་བློ། དེབ་འདི་བའི་ནང་ལ་གཟིགས་རོགས་གནང་ཞུ་འདོད་བྱུང་ལགས།
ཧཧཧཧཧཧཧཧ
ཡི་གེ་དག་མོ་འབྲི་མི་ཤེས་མཁན་ཞིག་གི་མཁས་དབང་ཚུལ་བློ་ལ་སྐྱོན་བརྗོད་འདྲ་ཞིག་བྱེད་ཁུལ་བྱེད། དེང་སང་མི་འདི་ཚོ་ལ་ངོ་ཚ་རྒྱུ་གཏན་ནས་མི་འདུག
རྙིང་རྒན་ཚུལ་བློ་ལ་སྐྱོན་བརྗོད་དགོས་པར་ཡི་གེ་དག་དགོས་པ་ཁྱེད་ལ་རྒྱུ་མཚན་ཅི་ཡོད། མ་ཟད་དངོས་ཡུལ་གནས་ཚུལ་རེད་ཁོ་རེ། ལུང་རྟོགས་ལགས། ཁྱེད་རང་ཡང་དེའི་རྗེས་འཇུག་ཡིན་སྲིད་ལགས།
ཤ་ཁྲག་དམར་པོའི་སྲོལ་རྒྱུན་གཅོད་པ་ལ། །
ཚུལ་ཁྲིམས་རྣམ་དག་ཁོང་འདྲ་བྱུང་མྱོང་མེད། །
བློ་གྲོས་མཚུངས་མེད་ཆོས་མཐུན་བླ་མ་ཞིག །
སངས་རྒྱས་གཉིས་པ་དེ་ཉིད་སྲིད་ན་དཀོན། །
ཤ་ཁྲག་དམར་པོ་ལགས་ ཁྱེད་ནས་བྲིས་པའི་རྩོམ་དེ་གློག་མགོ་ཙམ་པ་ནས་མི་ཁྱེད་ཀྱིས་རྒྱུད་ལ་ཁྲུས་ཀྱང་མ་དག་པའི་ཕྱོགས་རིགས་ཀྱི་དྲི་མ་ཐུལ་ལེ་འདུག་ གང་ཡིན་ཟེར་ན་རྙིང་རྒན་ལབ་པ་ཙམ་གྱིས་ཁྱེད་རང་ཡང་ཆོས་ལུགས་གྲུབ་མཐའི་བསྐྲུག་ཤིང་པ་ཞིག་ཡིན་པ་གསལ་པོ་རྟོགས་འཐུབ་ དེ་ལས་ཁྱེད་རང་གི་འཇོན་ཚད་ལ་དཔག་པའི་བྱ་བ་ཞིག་སྒྲུབ་པ་ལས་ མཁན་ཆེན་ལ་སྨ་འབེབས་བྱས་ན་ངོ་རེ་མི་ཚ་འམ། མཁན་ཆེན་ཁོང་ནས་ གནོད་ལ་འཁེལ་བའི་ཆོས་ཞིག་གསུང་ཡོང་དུས་མི་ངན་ཁྱེད་ཚོའི་ཚང་ཕོགས་ཀྱང་སྡུགས་གྱོང་རེད་ལོ་ལོ།
ཚུལ་ཆོས་སྤྱོད་མཁན་ཆོས་གཟུགས་པ་དག་གི་སྙིང་ན་བ་ནི་ཆོས་མིན་ཆོས་རྫུན་འགོག་པའི་སྐྱེ་བོ་དག་གིས་རིན་ཐང་བྲལ་བའི་མིའི་སློབ་བྱ་དག་ལ་ཤིན་ཏུ་མི་འཛའ།
སྟོན་པའི་ཆོས་དེ་འཚོ་བའི་ཁ་གསོ་ཡིན།
ཁ་གསོ་རྒྱས་པའི་ཐབས་ཤེས་ཆོས་འཚོང་བགྱིད།
ཆོས་འཚོང་བགྱིས་པའི་ཁེ་བཟང་དགོན་པ་བརྩིགས།
དགོན་པ་བརྩིག་པའི་ཆེད་དུ་ཆོས་འཚོང་བ།
རྟེན་འབྲེལ་མ་ཚང་མེད་པའི་ཆོས་འདི་ཟབ།
སུས་ཀྱང་སྦར་མོས་མ་ཁེབས་འོད་པོ་ཆེ།།
གླིང་བཞིའི་མུན་པ་སེལ་བའི་གཤེད་དུ་བབས།།
བྲག་སྐམ་ཁུ་བུར་ཡིབ་པའི་འབྱུང་བྱ་ཚོས།།
རྣ་ལ་གཟན་པའི་མུ་ཅོར་སུ་ཡིས།།
སུས་ཀྱང་སྦར་མོས་མ་ཁེབས་འོད་པོ་ཆེ།།
གླིང་བཞིའི་མུན་པ་སེལ་བའི་གཤེད་དུ་བབས།།
བྲག་སྐམ་ཁུ་བུར་ཡིབ་པའི་འབྱུང་བྱ་ཚོས།།
རྣ་ལ་གཟན་པའི་མུ་ཅོར་སུ་ཡིས།།
ཆོས་དད་རང་མོས་རྒྱལ་སྤྱིའི་ཁྲིམས་ལུགས་ཡིན།།
ནང་བསྟན་ཟབ་མོ་བོད་ཀྱི་རིགས་མཛོད་ཡིན།།
འཐད་དང་མི་འཐད་རང་གི་རྣམ་དཔྱོད་ཡིན།།
དཔྱད་པ་ལྷུར་ལེན་མཛོད་ཅིག་རིག་པའི་བུ།།
ཆོས་སྲིད་དཔལ་འབྱོར་མི་རིགས་ཡོ་ལངས་ཀྱིས།།
མི་ཡི་སེམས་ཁམས་མཉེན་མོ་བསླུ་ཉམས་བྱེད།།
གཅིག་དོར་གཉིས་ལེན་མི་ཡི་གཤིས་ལུགས་ལ།།
ཆོས་ཀྱི་བསླབ་བྱ་འཆི་མེད་བདུད་རྩི་དངོས།།
རྒྱ་ཡིས་ཅི་བཤད་བག་ཆགས་ཟབ་དུ་ཕྱིན།།
དཔྱད་མེད་སྙམ་བློས་གང་ལ་ཆོ་ངེ་སྒྲོག།
རང་གིས་མ་མཐོང་མེད་པར་རློམ་པ་འདིས།།
བྱིས་བློའི་ཆར་རྟོག་ཅན་ལ་སྙིང་རྗེ་སྒོམས།།
ཟེར་སྒྲོས་ཙམ་དང་གཞན་གྱི་ཚིག་སྤྱི་ལ།།
ཆུ་སྣ་གར་ཁྲིད་སྙིང་བོ་མེད་མཐོང་ནས།།
མཐར་ཐུག་རིགས་པའི་སྟོབས་ཀྱིས་ངེས་རྙེད་ནས།།
སྨྲ་ལ་སྤོབས་པའི་གདེང་ཞིག་འབྱུང་བར་འབད།།
ཆོས་ལུགས་དད་མོས་རྒྱལ་སྤྱིའི་ཁྲིམས་ལུགས་རེད།
ཆོས་བྱེད་མི་བྱེད་རང་གི་རང་དབང་རེད།
ཤ་ཟ་མི་ཟ་རང་གི་འདོད་མོས་རེད།
མི་ཆོག་ཆོས་སྒོ་བརྒྱབ་ན་སྒེར་གཅོད་རེད།།
བྲག་ཕུག་སྐམ་པོའི་ནང་གི་འབྱུང་བྱ་དེ།
གངས་རིའི་མུན་ནག་ནང་གི་མིག་གསལ།
དུས་ངན་མུན་ནག་ནང་གི་སྡུག་བསྔལ་འདིར།
མཐོང་མཁན་སློབ་དཔོན་འུག་རྒན་མིག་སེར་ཙམ།།
རྒྱ་ཡིས་ཅི་བཤད་ཐམས་ཅད་རྫུན་པ་མིན།
བླ་མས་ཅི་གསུངས་ཐམས་ཅད་བདེན་པ་མིན།
བདེན་རྫུན་དབྱེ་བ་འབྱེད་པའི་རྣམ་དཔྱོད་ཤིག
མེད་ན་མི་ལུས་ལེན་ཀྱང་ཕུང་འདྲེ་ཙམ།།།
ཆོས་སྲིད་ཟུང་འཇུག་ཅེས་པའི་དེབ་སྐམ་ཞིག
མདང་དགོང་ཅོ་རིས་དེབ་དེར་ཀློག་ཙམ་བྱས།
ཁ་སྤྱི་ཁོག་སྒེར་ཅན་གྱི་དེབ་སྐམ་དེས།
རྙིང་ཞེན་ཆོས་སྲིད་ཟུང་འཇུག་བསྟན་ནས་འདུག
ཆོས་སྲིད་གཉིས་ཀྱི་བོད་ཀྱི་རྒྱལ་པོ་ཞིག
བྱ་འདོད་ཡོད་པར་ཤུགས་ལ་བསྟན་ནས་འདུག
ཨ་ཙི་ཉིན་མོའི་རྨི་ལམ་མ་གཏོང་རོགས།
འཛམ་གླིང་གོ་ལ་ཟླུམ་པོ་འདི་ཡི་སྟེང་།
རང་དབང་དམངས་གཙོའི་ཉི་མ་ཤར་ནས་ཡོད།
ཁང་ཆུང་མར་མེ་ཆོས་སྲིད་ཟུང་འཇུག་འདིས།
སྡུག་གི་མུན་པ་སེལ་མདོག་ཨ་དགོས་ཆུང་།་་་ཧཧཧཧ
རྙིང་རྒན་རྙིང་རྒན། སྐད་ཆ་འདིའི་སྟེང་ནས་ཁྱེད་རང་ཆོས་ལུགས་ཕྱོགས་རིས་ཀྱིས་ཡོངས་སུ་བཟི་ཚར་བའི་སྨྱོན་པ་ཞིག་ཡིན་པ་གསལ་བཤད་བྱས་འདུག དེང་སང་མི་ཁྱོད་ལྟ་བུའི་སྐད་ཆ་ལ་ཆ་འཇོག་བྱེད་མཁན་རྩ་མ་ཚང་མཁན་རེ་ཟུང་ཡིད་ན་ལས་གཞན་ཁག་པོ་རེད་དོ། ཁོ་རེ་ཤ་ཁྲག་དམར་པོ།
ལག་ནས་ལས་ཀ་ཏིལ་ཙམ་མ་བྱས་པར།།
ཁ་ཡིས་རྟག་ཏུ་གཞན་སྐྱོན་ཁོ་ན་བརྗོད།།
ལས་མེད་ཁ་མང་ཅན་གྱི་མི་བུ་དག།
མཚན་མོའི་ཁྱི་སྤྱང་ཟུག་དང་ཁྱད་པར་ཅི།།
དེང་སང་བླ་ཆེན་ཁག་ཅིག་གི་དགོས་པའི་ཐོས་བསམ་སྒོམ་གསུམ་འབད་སྩོལ་མེད་པར། མ་དགོས་པའི་ཆབ་སྲིད་ཁྲབ་པ་དང་། གཞན་གྱི་གྲུབ་མཐའ་ལ་ཟུར་ཟ་བྱས་པ། དེབ་རིགས་འདྲ་མིན་བྲིས་པ་སོགས་ནི་ཕན་པ་ལས་གནོད་ཚབས་ཆེ་བ་འདུག ཆབ་སྲིད་ཀྱི་དགོས་མཁོ་ལ་བརྟེན་ནས་སོ་སོའི་ཉེ་འཁོར་དང་སྤུན་མཆེད་སོགས་སྤྲུལ་སྐུ་བཟོ་བ་སོགས་ནི་དེང་སང་མི་རྣམས་བླ་མར་དད་པ་ལོག་པའི་རྒྱུ་ལས་མ་འདས། ཡང་བླ་མ་ཁ་ཤས་ཚད་ལྡན་ཡོད་ནའང་དེའི་ཞབས་གྲས་དང་སྤུན་མཆེད་སོགས་ཀྱིས་བླ་མ་ཡིན་ཁུལ་གྱིས། བསྟན་པ་དང་བླ་མ་ལ་བསམ་མནོ་ཡེ་ནས་མ་གཏོང་བར། སོ་སོར་ཕན་པའི་བྱ་བ་བསྒྲུབས་ཏེ་མཐའ་མར་ཉེས་པ་ཡོངས་རྫོགས་བླ་མར་ཟག་གི་འདུག བྱ་བ་དེ་འདྲ་ཡག་པོ་ཁྱོན་ནས་མ་རེད་དོ། མ་རབས་དེ་རྣམས་ཆོས་ལུགས་ཚང་མ་ལ་བྱུང་བ་ཞིག་ལས་ཆོས་ལུགས་ག་གེ་བ་་་་་གཅིག་པུ་ལ་བྱུང་བ་ཞིག་མིན།
མི་རེ་ཟུང་ཞིག་གིས་རང་གི་ཆོས་ལུགས་དང་བླ་མ་ལ་སྐྱོན་བརྗོད་བྱེད་དུས་དེ་རིགས་མི་ལེགས་རབས་ཤོད་ཀྱི། གཞན་གྱི་ཆོས་ལུགས་དང་བླ་མ་བསྟན་པའི་གཙོ་བོར་སྐྱོན་བརྗོད་པ་ལ་དགའ་བའི་གླུ་ལེན་སྐྱིད་པའི་བྲོ་འཁྲབ་ཡོང་གི་འདུག
རང་གི་ཀུས་ལ་དཔེ་ལ་ལོང་ལ། གཞན་ལ་གནོད་པ་མ་བྱེད་ཅིག ཅེས་སྟོན་པས་གསུངས་པ་ལྟར་རེད།
མ་གཞི་ནས་ཚེ་རིང་ནས་བཤད་པ་བཞིན་རེད།
ཅོ་རིས་གསུངས་པ་བཞིན་ཆོས་སྲིད་ཟུང་འབྲེལ་ཁ་ལ་འཁྱེར་ནས་རང་རྒྱལ་གཞན་ཕམ་གྱི་བྱ་བར་བརྩོན་ཏེ་ཆོས་ལུགས་དབར་ལ་ཁྲག་ལྟར་དཀྲུགས་མཁན་མང་པོ་འདུག བླ་ཆེན་རེད་སྤྲུལ་སྐུ་རེད་དགེ་བཤེས་རེད་མཁན་པོ་རེད་མང་པོའི་ནང་དུ་ཡོད་དེ་ཡང་ཆོས་ལུགས་བྱེ་བྲག་གཅིག་པོ་ཞིག་གི་ནང་ནས་མ་རེད། ང་ཚོས་དྲང་པོར་ཤོད་དགོས། ཁ་སངས་ན་གོ་བདེ། ནམ་ལངས་ན་འགྲོ་བདེ་ཟེར་བ་རེད།
བན་བོན་གཉིས་ཀ་ནང་ལ་ཡོད། ཨེ་རེད་གྲོགས་པོ། ཧཧཧ
ཚུལ་བློའི་གསུངས་རྩོམ་ཕྱོགས་ལ་ཡག་པོ་གཟིགས་ད་མཐའ་དགེ་ལུགས་དང་བོན་པོ་གཉིས་ལ་དགག་ཡོད་རེད། བདེན་པའི་དཔང་རྟགས་མེད་ན་གཏམ་བཤད་གནང་མི་སྲིད་དོ།
རྙིང་མའི་མདོ་ཕྱོགས་ཇི་བཞིན་འཆད་ན་དགེ་ལུགས་ལ་ཕོག་འགྲོ། རྙིང་མའི་སྔགས་ཕྱོགས་ཇི་བཞིན་འཆད་ན་བོན་པོ་ལ་ཕོག་འགྲོ། དེས་ན་ཚུལ་བློས་རྙིང་མའི་མདོ་སྔགས་གཉིས་ཇི་བཞིན་བཤད་ཡོད་རྒྱུ་རེད། ཧ་ཧ་་་་་་་་་་་
བོད་མིའི་སྤྱི་ཚོགས་ནང་ལ་མཚོན་ན། ཆོས་ལུགས་ཕྱོགས་ཞེན་པ་ཚོས་ཕྱོགས་སྒྲིག་བྱས་ཏེ་ཆོས་ལུགས་སྒེར་གཅོད་ཀྱི་སྟ་རེ་གནམ་ལ་འཕྱར་ནས་དམོད་མོ་དང་འཇིགས་སྐུལ་སྣ་ཚོགས་ཀྱི་ཁ་དམག་བརྒྱབ་ཡོང་དུས། མི་དེ་ནི་བདེན་པ་བདེན་ཐུབ་དང་དྲང་གཏམ་ངོ་མ་བཤད་མཁན་ཞིག་ཡིན་པ་ར་སྤྲོད་བྱས་པ་ཡིན།།
དེ་རིང་འབྲ་གུང་ཨ་ཕྱིས་མི་སྐད་ངོ་མ་ཞིག་བཤད་ཡོད་ཀི
འབྲི་གུང་ཡིན་ད་
ལུང་རྟོགས། བདེན་པ་བདེན་ཁ་སྟེར་དགོས་རེད། འབྲི་གུང་གཡག་གུང་ཅི་མི་ཤེས། ང་ཨ་ཡེས་ཤིག་གི་བསམ་ཆ་རེད། ཚུལ་བློ་དང་ཏྰ་ལས་ལ་ཆིག་ཆིག་མུག་མུག་ཟེར་ཡོང་དུས་ཅི་མི་དགའ་ཁི་ཨ་རོ། ཁ་སང་ཡང་ཚ་སྨྱུག་ཟེར་བ་ཞིག་གིས་འདི་མོས་ལབ་ཡོད་ཀི་མོ། མི་ངན་ཤི་རུང་མིང་ངན་མི་ཤི་ཟེར་བ་ཅི་མ་བདེན་བསམས།
༄། རྣམ་ཐར་ཐད་བརྗོད་མ།
དང་པོ་གུང་ཁྲན་ཏང་ནང་འཛུལ་ཞུགས་བྱས།།
བར་དུ་གུང་ཁྲན་ཏང་ལ་ངོ་ལོག་བྱས།
ཐ་མ་གུང་ཁྲན་ཏང་ལ་སྤྲེལ་ལད་འཁྲབ།།
ཏཱ་ལའི་བླ་མའི་སྲིད་ཀྱི་རྣམ་ཐར་ཡིན།།
ཆོས་ལུགས་ཡོངས་རྫོཊ་དགེ་ལུགས་བསྒྱུར་ཐབས་བྱས།།
བསམ་དོན་མ་འགྲུབ་རིས་མེད་བཤད་དགོས་ཐུག།
ཤུགས་ལྡན་བཀག་ནས་དགེ་ལུགས་ཁག་གཉིས་བཟོས།།
ཏཱ་ལའི་བླ་མའི་ཆོས་ཀྱི་རྣམ་ཐར་ཡིན།།
པཎ་ཆེན་བླ་མ་རྒྱ་ནག་བཙོན་ལ་བརྫངས།།
ཀརྨ་བླ་མ་རྒྱ་གར་བཟང་བཙོན་བྱས།
མདོ་ཁམས་ཆུ་སྒང་ཤོག་ཁག་གཉིས་སུ་བགོས།།
ཏཱ་ལའི་བླ་མའི་ཆགས་སྡང་རྣམ་ཐར་ཡིན།།
ཚེ་སྟོད་སྐད་ཤུགས་ཆེན་པོས་རང་བཙན་བསྒྲགས།།
ཚེ་སྨད་རང་བཙན་དགྲ་ཡི་དྭངས་མར་བསྒོམ།།
དབུ་ལམ་སྤྱང་ཁྱུ་ཚོགས་པ་གསར་འཛུགས་བྱས།།
ཏཱ་ལའི་བླ་མའི་ནང་དཀྲུག་རྣམ་ཐར་ཡིན།།
འཆི་ཁ་བོད་ལ་ལོག་འདོད་རེ་བ་བརྒྱབ།།
མགོ་བཏགས་ཡིག་ཆ་རྒྱ་ནག་ཕྱག་ཏུ་ཕུལ།
རྒྱ་ནག་དགོད་བྲོ་བསླངས་ནས་འབྲེལ་ལམ་བཅད།།
ཏཱ་ལའི་བླ་མའི་བྱུས་ཉེས་རྣམ་ཐར་ཡིན།།
མཚམས་རེར་ལུང་བསྟན་ཡིད་ཆེས་མེད་རབས་བཤད།།
མཚམས་རེར་ཚེ་རིང་རྫུན་མར་ལུང་རྫུན་ཞུས།།
མགོ་མཇུག་མི་མཚུངས་སྐད་ཆར་རྣམ་གྲངས་མང་།།
ཏཱ་ལའི་བླ་མའི་མགོ་བསྐོར་རྣམ་ཐར་ཡིན།
ཞེས་མི་རིགས་འདིའི་སྤྲང་བོ་རྣམས་ཀྱི་བདེན་དོན་གྱི་ཆེད་དུ་རང་གི་ཡོད་ཚད་དོར་བའི་རྟོག་སད་པ། ཚ་བ་མདའ་སྨྱུག་གིས། ཏྰ་ལའི་འཁྲུངས་སྐར་ལ།
(ཨ་སྤེན་ཝེ་འཕྲིན་ལས་བཤུས། )
7 July 2013
གཅེས་པར་བསྐྱངས་ཀྱང་ནད་དང་གཅོང་གི་གཞི།།རྒྱན་གྱིས་མཛེས་ཀྱང་མི་གཙང་རང་བཞིན་ཉིད།།མི་རྟག་ལུས་ལ་སྙིང་པོ་མི་འདུག་པས།།ད་ནི་སྙིང་པོའི་ལྷ་ཆོས་བྱེད་པར་བྱ།།
འཇམ་མགོན་འཇུ་མི་ཕམ་པས།
སྲས་བཅས་རྒྱལ་བའི་དགོངས་དོན་མ་ནོར་བ།།སྟོང་དང་རྟེན་འབྱུང་ཟབ་མོའི་དེ་ཉིད་ལ།།ཡིད་ཆེས་གཏིང་ནས་བརྙེད་པའི་སྒོ་གཅིག་བུ།།ཁྱོད་ཀྱི་ལེགས་བཤད་རྣམས་ལས་གཞན་པ་གང་།།
ཨ་ཕྱི་ཆོས་སྒྲོན་ཟེར་བ་འདིས་ལོ་རྒྱུས་ངས་ཀྱང་མཐོང་མྱོང་།
མོ་ནི་ངའི་ཕ་ཡུལ་གཅིག་པ་རེད། ཁྱིམ་ཚང་ཆེན་པོ་ཞིག་གི་བུ་མོ་ཡིན་ཡང་རྣམ་པ་ཡག་པོ་མེད་པས་ཡུན་རིང་བར་ཆང་ས་རྒྱག་མ་ཏུབ་པར་ལུས། མཚམས་ཞིག་ལ་ཁམས་ཕྱོགས་ནས་ཡོང་བའི་ཚོང་བ་འགའ་བསླེབས་པས་མོ་དེ་ཚོའི་རྗེས་དེད་ནས་ཁམས་ལ་བྲོས། ཁྱོ་ག་ལོ་ན་བགྲེས་པོ་ཡིན་པས་ཡུན་རིང་མ་འགོར་བར་གྲོངས། ཕྲུ་གུ་འགའ་ཡོད་པ་ཁྲིད་ནས་གང་སར་འཁྱམས་ཉུལ་བྱས་ནས་འཚོ་བ་སྐྱེལ། སྐབས་ཞིག་ནས་མོ་འི་སེམས་པ་ཐང་ཐང་མེད་པ་དང་སྨྱོ་རྟགས་ཐོན། མོའི་ཁ་ནས་ཆོས་བཤད་འདྲ་དེ་འདྲའི་ཚིག་འགའ་རེ་ཐོན་པས་མོ་འགའ་ཤས་ཀྱི་མོ་ཁ་འགྲོ་མ་རེད་ལབ་པ་རེད། མོ་ཤི་བའི་རྗེས་སུ་འགྲོ་འདྲེ་མོ་ཞིག་གི་སྐྱེས་ནས་ཕྱིར་ཁ་ཡུལ་དུ་སླེབས་མིའི་ཁོག་ལ་ཞུགས་ནས་གང་བྱུང་བཤད། འགའ་ཤས་ཀྱིས་ལྷ་རེད་ཟེར་། འགའ་ཤས་ཀྱིས་འདྲེ་རེད་ཟེར། གང་ལྟར་དགོན་པ་ཞིག་གིས་ཆོས་སྲུང་དུ་བསྟེན། གནས་སྐབས་དེ་ཙམ་ཡིན། བཤད་དགོས་ན་ཚང་མ་བཤད་ཆོག
༡༡༢༽ ས་སྒོ་བསམ་གཏན་སྒྲོལ་མ་ནས།
ཨ་ཕྱི་ཆོས་སྒྲོན་ཟེར་བ་འདིས་ལོ་རྒྱུས་ངས་ཀྱང་མཐོང་མྱོང་། ་་་་་་མོ་ཤི་བའི་རྗེས་སུ་འགྲོ་འདྲེ་མོ་ཞིག་གི་སྐྱེས་ནས་ཕྱིར་ཁ་ཡུལ་དུ་སླེབས་མིའི་ཁོག་ལ་ཞུགས་ནས་གང་བྱུང་བཤད། འགའ་ཤས་ཀྱིས་ལྷ་རེད་ཟེར་། འགའ་ཤས་ཀྱིས་འདྲེ་རེད་ཟེར། གང་ལྟར་དགོན་པ་ཞིག་གིས་ཆོས་སྲུང་དུ་བསྟེན། གནས་སྐབས་དེ་ཙམ་ཡིན། བཤད་དགོས་ན་ཚང་མ་བཤད་ཆོག ་་་་ཟེར་བ་ལྟར་ད་དུང་མང་ཙམ་གསུང་རོགས་གནོངས་། བསམ་སྒྲོལ་ལགས།
བསམ་གཏན་སྒྲོལ་མ་ལགས། ངས་སྨན་བུ་མོའི་ལ་རྒྱའི་ཆེད་དུ་སངས་རྒྱས་ཡོད་པར་བཤད་ན་ཁྱོས་དེ་ལས་ལྡོག་ནས་སྐྱོ་འཛིང་ལ་བརྩོན་མ་འོང་ཨ། མ་བཟང་གི་བུ་མོ། ཨ་ཕྱི་ལ་རྣམ་གྲངས་མང་པོ་ཡོད། དེ་སྐབས་སུ་མ་བབས་པ་རེད། གཙོ་བོ་ང་ཚོའི་བསྟན་པ་ཉམས་པའི་རྒྱུ་དེ་གང་ལ་ཐུག་ཡོད་མེད་དེ་རྩོད་ཀྱི་ཡོད་པས།
ཨ་ཕྱི་མ། མིའི་སྐད་ཆ་ཚང་མ་འདིར་ཁྱེར་མ་ཡོང་ཨ། ཚ་བ་མདའ་སྨྱུག་ལ་ང་རྒྱུས་མངའ་ཡོད། ངེད་གཉིས་ལོ་ཤས་རིང་ཆོས་གྲྭ་གཅིག་ནང་ལ་སྡད་མྱོང་། ཁོང་གིས་གོང་ས་མཆོག་ལ་ངན་སྨོད་འདི་འདྲ་མི་བྱེད་པ་བརྒྱ་ཆ་བརྒྱ་ཡིད་ཆེས་ཡོད། ཁོང་ནི་བོོད་ཞེན་ཧ་ཅང་ཆེ་ཞིང་བཟང་ངན་རྟོགས་མཁན་གྱི་ཕོ་རབ་རྣམ་དཔྱོད་ཅན་ཞིག་རེད། གོང་གི་རྩོམ་ངན་འདི་ནི་རྒྱ་ཁྱི་དང་དོལ་ཚོགས་གང་རུང་གི་མི་ཞིག་ནས། རྩོམ་པ་པོ་ཁོང་གི་མིང་གཡར་ནས་གང་བྱུང་བཤད་བཞག་པ་ཞིག་ཡིན་ཐག་ཆོད་རེད་ལ། ད་དུང་འདིས་རྒྱབ་ལ་མདའ་སྨྱུག་ནག་པོ་བཟོ་འདོད་ཀྱི་དམིགས་ཡུལ་ངན་པ་ཞིག་ཀྱང་ཡོད་པ་འདྲ།
ཨ་ཕྱི་ཆོས་སྒྲོན་ཟེར་བའི་མིང་རྫུན་དེའི་འོག་ནས་ཆགས་སྡང་གིས་རྫུན་གཏམ་ཞིག་མ་གཏོག་བཤད་རྒྱུ་མི་འདུག། དྲ་གྲོགས་ཚོས་འདི་ལ་གཅིག་གཟིགས་དང་། སྤྱོད་ངན་རྫུན་བཟོ་འདིའི་རིགས་ལ་ཞེན་པ་མི་ལོག་པའི་རྣམ་དཔྱོད་ལྡན་པའི་མི་བུ་སུ་ཞིག་ཡོད།
༼ རྣམ་ཐར་ཐད་བརྗོད་མ།
དང་པོ་གུང་ཁྲན་ཏང་ནང་འཛུལ་ཞུགས་བྱས།།
བར་དུ་གུང་ཁྲན་ཏང་ལ་ངོ་ལོག་བྱས།
ཐ་མ་གུང་ཁྲན་ཏང་ལ་སྤྲེལ་ལད་འཁྲབ།།
ཏཱ་ལའི་བླ་མའི་སྲིད་ཀྱི་རྣམ་ཐར་ཡིན།།
ཆོས་ལུགས་ཡོངས་རྫོཊ་དགེ་ལུགས་བསྒྱུར་ཐབས་བྱས།།
བསམ་དོན་མ་འགྲུབ་རིས་མེད་བཤད་དགོས་ཐུག།
ཤུགས་ལྡན་བཀག་ནས་དགེ་ལུགས་ཁག་གཉིས་བཟོས།།
ཏཱ་ལའི་བླ་མའི་ཆོས་ཀྱི་རྣམ་ཐར་ཡིན།།
པཎ་ཆེན་བླ་མ་རྒྱ་ནག་བཙོན་ལ་བརྫངས།།
ཀརྨ་བླ་མ་རྒྱ་གར་བཟང་བཙོན་བྱས།
མདོ་ཁམས་ཆུ་སྒང་ཤོག་ཁག་གཉིས་སུ་བགོས།།
ཏཱ་ལའི་བླ་མའི་ཆགས་སྡང་རྣམ་ཐར་ཡིན།།
ཚེ་སྟོད་སྐད་ཤུགས་ཆེན་པོས་རང་བཙན་བསྒྲགས།།
ཚེ་སྨད་རང་བཙན་དགྲ་ཡི་དྭངས་མར་བསྒོམ།།
དབུ་ལམ་སྤྱང་ཁྱུ་ཚོགས་པ་གསར་འཛུགས་བྱས།།
ཏཱ་ལའི་བླ་མའི་ནང་དཀྲུག་རྣམ་ཐར་ཡིན།།
འཆི་ཁ་བོད་ལ་ལོག་འདོད་རེ་བ་བརྒྱབ།།
མགོ་བཏགས་ཡིག་ཆ་རྒྱ་ནག་ཕྱག་ཏུ་ཕུལ།
རྒྱ་ནག་དགོད་བྲོ་བསླངས་ནས་འབྲེལ་ལམ་བཅད།།
ཏཱ་ལའི་བླ་མའི་བྱུས་ཉེས་རྣམ་ཐར་ཡིན།།
མཚམས་རེར་ལུང་བསྟན་ཡིད་ཆེས་མེད་རབས་བཤད།།
མཚམས་རེར་ཚེ་རིང་རྫུན་མར་ལུང་རྫུན་ཞུས།།
མགོ་མཇུག་མི་མཚུངས་སྐད་ཆར་རྣམ་གྲངས་མང་།།
ཏཱ་ལའི་བླ་མའི་མགོ་བསྐོར་རྣམ་ཐར་ཡིན།
ཞེས་མི་རིགས་འདིའི་སྤྲང་བོ་རྣམས་ཀྱི་བདེན་དོན་གྱི་ཆེད་དུ་རང་གི་ཡོད་ཚད་དོར་བའི་རྟོག་སད་པ། ཚ་བ་མདའ་སྨྱུག་གིས། ཏྰ་ལའི་འཁྲུངས་སྐར་ལ།
(ཨ་སྤེན་ཝེ་འཕྲིན་ལས་བཤུས། )
7 July 2013༽ ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ། ཁོ་སེམས་ཁམས་ཐང་ཐང་མེད་པའི་མི་ཞིག་ཡིན་པར་གསལ་འདི་ནས་གསལ་འདུག།
གསལ་དང་པོ་ལྷག་ནོ་སོང་འདུག། དགོངས་དག་ཞུ།
ཁོ་མ་རེད་མོ་རེད་སྔོན་ནས་འདི་འདྲ་རང་བཤད་ཟིན་པ་རེད།
རྒྱལ་དབང་ཀརྨ་པ་འདི་ནི་བོད་ཀྱི་བླ་ཆེན་ནང་ནས་དེངས་རབ་ཀྱི་བླ་ཆེན་ཞིག་དང་ཆོས་ལུགས་ཆོས་རྒྱུད་བཅས་པར་འདྲ་མཉམ་གཟིགས་མཁན་ཞིག་ཡིན་ཅིང་མ་ཟད་་་་གོང་ས་མཆོག་ནས་བརྩིགས་མཐོང་ཆེན་པོ་གནང་སའི་བླ་ཆེན་ཞིག་ཡིན། ད་ལྟ་བོད་པ་དང་ཕྱི་མི་ནང་ཆོས་ལ་དད་ལྡན་པའི་ནང་ནས་་་་་གོང་ས་མཆོག་གི་འོག་ནས་དད་གུས་བྱེད་མཁན་ཨང་གཉིས་པར་གྱུར་ཡོད།
ལྷ་མི་སྲུང་སྐྱོབས་སྒྲོགས་ནས་རྡ་སར་འདུར།
མི་གསོད་གཤེད་མས་སྟ་གྲི་གནམ་ལ་འཕྱར།
སྡོམ་འགོ་མ་ཐོན་དཀོར་ཡང་ཟད་པ་ན།
འབད་མེད་རང་བྱུང་འདྲེ་ཡི་དངོས་གྲུབ་རྙེད།
སྲོལ་དགག་རྫུས་ནས་ཏང་ཕྲུག་བསླུ་བ་པོ།
རིགས་པ་རྫོགས་ནས་རིགས་ཞེན་སྟོན་པ་པོ།
ཆོས་དང་སྲིད་ཀྱི་ཟང་ཟང་ཆད་པ་པོ།
དམངས་ཁྲོད་འདྲེ་ལ་ཆོས་སྒྲོན་འདོགས་པོས།
གཞི་བྱེས་ལྷན་འཛོམས་སྲོག་གི་གཤེད་དུ་རྟོག
དེའི་ཕྱིར་ཆོས་རྒྱུད་འདྲ་མཉམ་དུག་དུ་ཤེས།
ལོག་པའི་ལམ་ལ་ལོག་འགྲོས་མཐའ་མེད་པས།
དྲན་དཀར་དྲན་པས་བགྲང་གིས་ག་ལ་ཆོད།
བོད་ཀྱི་རྒྱལ་མཚན་བྱོན་ལེགས།
རྣམ་ཐར་ཐད་བརྗོད་མ།
དང་པོ་གུང་ཁྲན་ཏང་ནང་འཛུལ་ཞུགས་བྱས།།
བར་དུ་གུང་ཁྲན་ཏང་ལ་ངོ་ལོག་བྱས།
ཐ་མ་གུང་ཁྲན་ཏང་ལ་སྤྲེལ་ལད་འཁྲབ།།
ཏཱ་ལའི་བླ་མའི་སྲིད་ཀྱི་རྣམ་ཐར་ཡིན།།
ཆོས་ལུགས་ཡོངས་རྫོཊ་དགེ་ལུགས་བསྒྱུར་ཐབས་བྱས།།
བསམ་དོན་མ་འགྲུབ་རིས་མེད་བཤད་དགོས་ཐུག།
ཤུགས་ལྡན་བཀག་ནས་དགེ་ལུགས་ཁག་གཉིས་བཟོས།།
ཏཱ་ལའི་བླ་མའི་ཆོས་ཀྱི་རྣམ་ཐར་ཡིན།།
པཎ་ཆེན་བླ་མ་རྒྱ་ནག་བཙོན་ལ་བརྫངས།།
ཀརྨ་བླ་མ་རྒྱ་གར་བཟང་བཙོན་བྱས།
མདོ་ཁམས་ཆུ་སྒང་ཤོག་ཁག་གཉིས་སུ་བགོས།།
ཏཱ་ལའི་བླ་མའི་ཆགས་སྡང་རྣམ་ཐར་ཡིན།།
ཚེ་སྟོད་སྐད་ཤུགས་ཆེན་པོས་རང་བཙན་བསྒྲགས།།
ཚེ་སྨད་རང་བཙན་དགྲ་ཡི་དྭངས་མར་བསྒོམ།།
དབུ་ལམ་སྤྱང་ཁྱུ་ཚོགས་པ་གསར་འཛུགས་བྱས།།
ཏཱ་ལའི་བླ་མའི་ནང་དཀྲུག་རྣམ་ཐར་ཡིན།།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཞེས་ལན་དུ་རྣམ་ཐད་བརྗོད་མའི་ལན་འདེབ་ཐད་བརྗོད་མ་བཞུགས་སོ།། །།
དང་པོ་གུང་ཁྲན་ཏང་ཐུགས་རེ་མཛད། །༼ང་ཕོད་དང་སྦ་ཕུན་ཡང་ཡོད་པས་༽
བར་དུ་གུང་ཁྲན་ཏང་གིས་དབུ་སྐོར་བཏང་། །
ཐ་མ་གུང་ཁྲན་ཏང་ཚོར་མང་གཙོར་འཁྲིད། །
ཏཱ་ལའི་བླ་མའི་སྲིད་ཀྱི་རྣམ་ཐར་ལགས། །
ཆོས་ལུགས་ཡོངས་རྫོགས་དད་གུས་གསན་བསམ་མཛད། །
འཕྲིནལས་རྒྱས་ཕྱིར་རིས་མེད་གཙང་མ་གནང་། །
ཤི་འདྲེ་ཤུགས་ལྡན་བཀག་ཞོར་དུ། །
གསོན་འདྲེ་ཚ་སྨྱུག་དམ་ལ་བཏགས། །༼ཀརྡོ་ངས་ཀྱང་༽
༸པཎ་ཆེན་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་གནང་། །
ཀརྨ་པ་དངོས་གསེར་ཁྲིར་བཀོད། །
མདོ་དབུས་ཁམས་སོགས་བདེ་ལ་བཀོད། །
ཏཱ་ལའི་བླ་མའི་ཆོས་ཀྱི་རྣམ་ཐར་རེད། །
དེ་མན་ཆད་སྨྱོ་ལབ་ལ་ཡ་བྱ་རིན་མི་འདུག
༸སྐུ་ཚེའི་་སྟོད་ལ་རང་བཙན་ཐོབ་ཐབས་འབད། །
༸སྐུ་ཚེའི་སྨད་ལ་གཉིས་སྨན་དབུས་ལམ་འཁྲིད། །
ཛམ་གླིང་ཞི་བདེའི་དེད་དཔོན་ཁྱོད་ཉིད་ཙམ། །
ཏཱ་ལའི་བླ་མའི་ཆོས་སྲིད་རྣམ་ཐར་བཟང་། །
ཀརྡོ་་་་་གྲྭ་པ་སྟོང་ཕྲག་དང་མི་དམངས་ཁྲི་ཕྲག་དམར་གསོད་བཏང་མཁན་ཏྭ་ལའི་བླ་མ་སྐུ་ཕྲེང་ལྔ་པ་རེད་འདུག་མ་གཏོགས་སྤྲུལ་སྐུ་གྲགས་པ་མཚན་ཡིན་པའི་ལོ་རྒྱུས་གང་གི་ནང་དུའང་མི་འདུག དོན་མེད་དགོས་མེད་ཤུགས་ལྡན་ཐོག་ཏུ་ཉེས་ཞྭ་ཀོན་མ་བསྡད། རྒྱུ་འབྲས་ལ་རུང་གི་མ་རེད། ཉམ་ཆུང་རྡུང་དགོས་པ་མ་རེད།
ལགས་འ་རྒྱལ་སེ་རེད། རང་གི་བུ་རྒྱལ་དབང་ལྔ་བ་ཡིན་པར་རྫུན་བཟོ་བྱེད་མཁན་བུ་ཤི་ཁར་འདྲེ་རུ་སྐྱེས་བཅུག་མཁན། གཅིག་སྤྱོད་པའི་ལག་རྟེན་ཆག་པོ་བུའི་ལག་ཏུ་འཇོག་མཁན་བུད་མེད་སྒེར་སེམས་ཚ་བོ་ཅན་དེ་མོ་རང་རེད། སྤྲུལ་རྫུན་བཟོས་ན་འདི་འདྲ་རེད། གོང་ས་ལྔ་བ་ཆེན་པོ་ཟེར་བ་རེད་དོ། འདི་བོད་མི་ཡོངས་གྲགས་རེད།
ཁྱི་ཕྲུག་ཅོ་རི་ལོ་གསར་སྐབས། ཁྱེད་ཚོས་རྒྱལ་དར་གཅིག་གྱང་བཤམ་མི་འདུག་ག་རེ་བྱས་པ་རེད། རང་བཙན་ལ་དགའ་སྟོན་གྱིན་ཡོད་པ་མ་རེད་དམ།
ཕག་ཕྲུག་དྲན་དཀར་ཁྱོད་རང་ཁ་བཙུམ་ནས་སྡོད། ཁྱོད་འདྲ་སྐྱག་ཁུ་འཐུང་མཁན་ཚོ་ལ་ཅོ་རི་མིག་མདུན་དུ་ཁྱི་ཞིག་གི་རིན་ཐང་ཡང་མེད་གོ་བྱུང་ངམ་། ངས་ཁྱོད་ལ་སྔོན་མ་ནས་གདོང་དང་གདོང་ཞིག་ཨེ་ཐུག་ལབ་ཡོད། དེ་འདྲ་ནུས་མཁན་ཞིག་རེད་མི་འདུག་ག སྐྱག་ཁུ་འཐུང་ཞོར་སྐྱག་ཁ་བཙུམ།་་་ཕག་ཕྲུག་ཁྱོད།
ཁྱི་ཕྲུག་ཅོ་རི་རིགས་པས་ཕངས་པ་ན།
ཁྱི་སྐད་ལྷང་ལྷང་ངོ་ཐུག་རེ་བར་བྱེད།
ངོ་ཐུག་མཚན་ཉིད་དགེ་ལ་འདྲ་ཙམ་སྲིད།
འདྲེ་ལ་ངོ་ཐུག་མི་ཡིས་ག་ལ་བྱེད།
ཡང་ན་འདྲེ་ཡིས་སྤྱོད་པས་བོད་ཕངས་ཕྱིར།
དྲན་དཀར་སེམས་ཀྱིས་བདེན་པ་བསྟན་ཙམ་ལས།
ལྷ་དཔང་བཙུགས་ནས་ཟིང་ཟིང་འགོག་པས་ན།
ཅོ་ངོར་ཐུག་པ་རྨི་ལམ་ཙམ་དུའང་དཀའ།
ལྔ་བ་ཆེན་པོ་གནམ་ལ་ཉི་མ་བཞིན།
རྙིང་དགེ་ལུགས་གཉིས་བོད་ལ་གསལ་བ་ན།
ལུགས་ངན་གཅིག་སྤྱོད་པ་ནི་འདྲེ་རུ་གྱུར།
འཇམ་བཞད་དགྱེས་བཞིན་འདྲེ་དེ་རྒྱང་དུ་སྤངས།
ཕག་ཚང་ལྷ་ཁང་སྒོམ་མཁན་ཕག་ཕྲུག་ཁྱོད།
སྐྱག་པ་ཟས་སུ་སྤྱོད་པའི་ཕག་ཕྲུག་ཁྱོད།
གཏི་མུག་མགོ་བོ་ཅན་གྱི་ཕག་ཕྲུག་ཁྱོད།
ཅོ་རིའི་གཏན་ཚིགས་རིགས་པའི་དགག་ཡུལ་མིན།།
གཏི་མུག་མགོ་བོ་ཅན་གྱི་ཕག་ཕྲུག་དང་།
ཤེས་མེད་གླང་པོ་འདྲ་བའི་དྲན་དཀར་ལ།
གཏན་ཚིགས་རིགས་པའི་ཤེས་རབ་འཕྱར་བ་ལས།
ལག་དམར་ཤན་པའི་བཤས་གྲི་འཕྱར་ན་ལེགས།།
ཁ་ལ་དྲང་གཏམ་མེད་པའི་ཕག་ཕྲུག་ཁྱོད།
ཁོག་ན་སྙིང་སྟོབས་མེད་པའི་སྤྲང་ཕྲུག་ཁྱོད།
འདྲེ་ལ་སྐྲག་པའི་སྡར་མ་དྲན་དཀར་ཁྱོད།
འགྲོ་བ་མི་ཡི་རིགས་ཀྱི་གད་རྙིགས་རེད།།
གཅིག་སྤྱོད་པ་ནི་ཤིན་ཏུ་ལུགས་ངན་ཕྱིར།
རིས་མེད་འཆི་གསོན་མཚམས་ཡང་དེ་ཙམ་ཟད།
གང་དུ་རིས་མེད་དུས་མིན་འཆི་བ་ཡོད།
དེ་རུ་གཅིག་སྤྱོད་པ་ཡིས་འཇུག་པ་ཡོད།
མི་ཚེ་ཐོས་པས་བསྐྱལ་བའི་ཉམས་ཆུང་དང་།
ལྷག་པར་བདེན་པ་སྲོག་གིས་བསྲུང་བ་རྣམས།
དགེ་ཆོས་འཆི་བའི་རྐྱེན་དང་མཚུངས་སོ་སྐད།
རིགས་དཔྱད་ན་མ་རིག་ག་ལ་སྲིད།
གཅིག་སྤྱོད་པ་ནི་ཤིན་ཏུ་ལུགས་ངན་ཕྱིར།
རིས་མེད་འཆི་གསོན་མཚམས་ཡང་དེ་ཙམ་ཟད།
གང་དུ་རིས་མེད་དུས་མིན་འཆི་བ་ཡོད།
དེ་རུ་གཅིག་སྤྱོད་པ་ཡིས་འཇུག་པ་ཡོད།
མི་ཚེ་ཐོས་པས་བསྐྱལ་བའི་ཉམས་ཆུང་དང་།
ལྷག་པར་བདེན་པ་སྲོག་གིས་བསྲུང་བ་རྣམས།
དགེ་ཆོས་འཆི་བའི་རྐྱེན་དང་མཚུངས་སོ་སྐད།
རིགས་པས་དཔྱད་ན་མ་རིག་ག་ལ་སྲིད།
པུས་མོ་ས་ལ་བཙུགས་ནས་གསོན་པ་ལས།
འདྲ་མཉམ་སྤོབས་པ་ཁུར་ནས་ཤི་པར་དགའ།
རྫུན་གཏམ་དགའ་ངོ་བཤད་ནས་གསོན་པ་ལས།
དྲང་བདེན་གཏན་ཚིགས་འགོད་ནས་ཤི་པར་དགའ།
མི་ཚེ་ཐོས་བསམ་བྱས་པའི་ཉམ་ཆུང་དང་།
ལྷག་བསམ་བོད་ལ་དཀར་བའི་དགེ་ཆོས་ཀྱི།
ལ་རྒྱའི་རྣམ་ཐར་སྐྱོང་གྱི་བྱུང་སོང་ན།
སྲོག་དམར་དེ་རིང་ཆད་ཀྱང་འགྱོད་པ་མེད།།
ལྷ་མི་སྲུང་སྐྱོབས་སྒྲོགས་ནས་རྡ་སར་འདུར།
མི་གསོད་གཤེད་མས་སྟ་གྲི་གནམ་ལ་འཕྱར།
སྡོམ་འགོ་མ་ཐོན་དཀོར་ཡང་ཟད་པ་ན།
འབད་མེད་རང་བྱུང་འདྲེ་ཡི་དངོས་གྲུབ་རྙེད།
སྲོལ་དགག་རྫུས་ནས་ཏང་ཕྲུག་བསླུ་བ་པོ།
རིགས་པ་རྫོགས་ནས་རིགས་ཞེན་སྟོན་པ་པོ།
ཆོས་དང་སྲིད་ཀྱི་ཟང་ཟིང་ཆད་པ་པོ།
དམངས་ཁྲོད་འདྲེ་ལ་ཨ་ཅོ་འདོགས་པོས།
གཞི་བྱེས་ལྷན་འཛོམས་སྲོག་གི་གཤེད་དུ་རྟོག
དེའི་ཕྱིར་ཆོས་རྒྱུད་འདྲ་མཉམ་དུག་དུ་ཤེས།
ལོག་པའི་ལམ་ལ་ལོག་འགྲོས་མཐའ་མེད་པས།
དྲན་དཀར་དྲན་པས་བགྲང་གིས་ག་ལ་ཆོད།
དེ་ལྟ་ན་ཡང་རིགས་ནི་ཐ་དད་ཕྱིར།
དངུལ་ལས་ལྷག་པའི་དཀོན་མཆོག་མེད་པ།
དོལ་ཚོགས་ཨ་ཅོའི་རེ་བ་བསྐང་བའི་ཕྱིར།
བློ་བཟང་གྲགས་པ་ཌོ་ལར་ད་གྱུར་ཅིག
ལོ་གསར་གཏོང་སྐབས། རྒྱལ་དར་གཅིག་གྱང་བཤམ་མེད་པ་ཅི་རེད། རང་བཙན་གླེང་མཁན་ཡིན་པ། ཁྱི་ཕྲུག་ཨེ་རེད
ལྷ་མི་སྲུང་སྐྱོབ་ཟེར་བ་གོ་མྱོང་མེད།
དགྲ་སྟ་གནམ་ཕྱར་མཁན་ཅོ་རི་མིན།
ཉམ་ཆུང་བོད་མི་བསད་མཁན་ཤུགས་ལྡན་མིན།
རང་ཡུལ་དགྲ་ལག་གཡུག་མཁན་དོལ་ཚོགས་མིན།
ཉམ་ཆུང་བོད་མིའི་སྲོག་གི་གཤེད་མ་ལ།
བཙུན་པ་དྲན་དཀས་སྟ་གྲི་མ་འཕྱར་དང་།
དགྲ་བོ་དམར་པོའི་ལྕགས་ཀྱི་མདའ་མོ་དེས།
ཉམ་ཆུང་བོད་མི་ར་གསོད་ལུག་གསོད་རེད།།
དོལ་རྒྱལ་ཚོགས་པ་དགྲ་ལ་བརྩི་གྱི་མིན།
མི་རིགས་ལ་རྒྱ་ཆུ་ལ་གཡུག་གྱི་མིན།
སྤྱི་ཚོགས་ཆུང་ཆུང་ཁྲག་བཞིན་དཀྲུག་གྱི་མིན།
ཉམ་ཆུང་མགོ་གནོན་ཅོ་རིས་བྱེད་ལེ་མིན།།
དཀོར་གཟན་ཚོའི་སྐྱག་ཁུ་འཐུང་མཁན་ཕག་ཕྲུག་ཁྱོད་རང་ཁ་བཙུམ། ག་རེའི་ལོ་གསར་ཟེར་གྱི་ཡོད་དམ། ག་རེའི་རྒྱལ་དར་མི་འདུག་ཟེར་གྱི་ཡོད་དམ། ཉམ་ཆུང་བོད་མི་ལ་གཉའ་གནོན་བྱེད་མཁན་ཁྱོད་ཚོ་ལ་རྒྱལ་དར་དང་མི་དར་ཁྱད་པ་འདྲ་ག་རེ་ཡོད་དམ། ཁ་བཙུམ། རྒྱ་རྐུབ་ལྡག་མཁན་ཁྱོད། རྒྱལ་བཙོང་ཁྱོད་ཚོས་སྐྱག་པ་ཟོ
ངས་ཁྱོད་ལ་ལབ་ཡོད་ད། གསོད་ཀྱི་ཡིན་དང་རྡུང་གྱི་ཡིན་ཟེར་ནས་འཇིགས་སྐུལ་དྲག་སྤྱོད་པའི་ལུགས་སྲོལ་དེ་མཚམས་ཞོག མིན་ལག་ལེན་ཡོད་ན་ཤོག་དང་། ང་ཅོ་རི་ཕྱི་གསལ་ནང་གསལ་ཡིན། སུད་སི་ལུང་ནང་དུ་བསྡད་ཡོད། ཡང་བསྐྱར་གླེང་མི་དགོས་པ་བྱོས། གོ་བྱུང་ངམ་་་ཕག་ཕྲུག་ཁྱོད།། སྐད་ཆ་འདི་དེ་རིང་མཐའ་མ་ཡིན། གླད་རྫས་འདྲ་བའི་མི་ལུས་ཅན་ཁྱོད།།
འདྲེ་བཤད་རང་རེད། གསོད་ཀྱིན་ཡིན་ཟེར་མཁན་ཁྱེད་རང་ཚོ་རེད། བསད་མཁན་ཡང་ཁྱེད་རང་ཚོ་རེད། དགེ་ཆོས་གསོད་མཁན་གྱི་རྒྱུད་འཛིན་པ་ཡང་ཁྱེད་རང་ཚོ་རེད།
༡༢༡༽ ཅོ་རི་ཉི་མ་ལགས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༤ གི་ཆུ་ཚོད་ ༡༥ སྐར་མ་ ༠༨
ཀརྡོ་་་་་གྲྭ་པ་སྟོང་ཕྲག་དང་མི་དམངས་ཁྲི་ཕྲག་དམར་གསོད་བཏང་མཁན་ཏྭ་ལའི་བླ་མ་སྐུ་ཕྲེང་ལྔ་པ་རེད་འདུག་མ་གཏོགས་སྤྲུལ་སྐུ་གྲགས་པ་མཚན་ཡིན་པའི་ལོ་རྒྱུས་གང་གི་ནང་དུའང་མི་འདུག དོན་མེད་དགོས་མེད་ཤུགས་ལྡན་ཐོག་ཏུ་ཉེས་ཞྭ་ཀོན་མ་བསྡད། རྒྱུ་འབྲས་ལ་རུང་གི་མ་རེད། ཉམ་ཆུང་རྡུང་དགོས་པ་མ་རེད། ་་་་་་་་ཟེར། ངའི་པ་དང་ཡབ་དང་དགེ་རྒན་དྲིན་ཆེན་དམར་གསོད་གཏོང་མཁན་དཽལ་རྒྱལ་གསར་འབྱོར་བ་གདན་སའི་སྤྲང་ཕྲུག་དྲུག་པོ་རེད། ད་ང་ག་རེ་བྱེད་དགོས་ཅོ་རི་ཉི་མ་ལགས།
ཁྱོད་རྒྱལ་དབང་ལྔ་པ་ཆེན་པོ་མི་དགའ་ཡང་ང་ཧང་མི་སང་། གང་ཡིན་ཟེར་ན་མི་གང་ཞིག་ཆབ་སྲིད་ལ་མི་དགའ་ཚར་དུས། འཁོར་བའི་ཉེས་དམིགས་ལྟར་གཞན་གྱི་ཡོན་ཏན་མཐོང་བ་དཀའ་བ་དེ་ངས་ཀྱང་ཧ་གོ དོ་རྒྱལ་རྗེས་འབྲངས་པས་ངའི་ཕ་དང་བླ་མ་དེ་བསད་ན་། ད་ངས་ཤ་ལེན་བླངས་དགོས་་རེད་དང་། དོལ་ཚོགས་ཁོང་ཚོ་ཉམ་ཆུང་རེད་ཅེས་་་་་་་
ཅོར་ཉི་ལགས། རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་ནི་ང་ཚོའི་ལོ་རྒྱུས་སྟེང་གི་སྤོབས་པ་ཅུང་སྐྱེད་པར་བྱེད་པའི་མི་སྣ་རེ་ཡིན་པའི་ཆ་ནས་ཁྱེད་ཀྱིས་དེ་ལྟར་གཞི་མེད་སྐུར་འདེབས་བྱས་པ་ནི་ལ་རྒྱ་ཅན་ཞིག་གི་བྱེད་སྟངས་ལ་འགྲིགས་ཨེ་ཡོད་སྙམ། མ་གཞི་མ་འགྲིགས་པ་ཚང་མའི་ངན་ཁག་མི་རབས་གོང་མའི་སྟེང་དུ་གཡོགས་རྐྱང་བྱེད་པ་དེ་ཡང་མི་ཐེབས་ཆག་གི་བྱེད་སྟངས་རེད། གླེང་འདོད་ཡོད་ན་ང་ཚོས་དལ་བུར་གླེང་ཆོག ཁྱེད་ཚོས་བོན་ཀྱི་ལྷ་སྒྲུང་ཚུན་སྤེལ་ནས་བོད་ཀྱི་ལ་རྒྱ་ཡིན་ཚུལ་སྒྲོགས་པ་དང་མི་མཚུངས་པར་ཉེ་རབས་ཀྱི་ལོ་རྒྱུས་གསོན་པོའི་ཤིག་གི་ནང་ན་བོད་མི་འཇོན་པོ་རེ་བརྩི་དགོས་ན་རྒྱལ་བ་ལྔ་པ་དང་སྡེ་སྲིད་སངས་རྒྱམ་སོགས་ལས་ལྷག་འཇོག་ཁག་པོ་རེད་བསམ།
དོལ་རྒྱལ་ཚོགས་པས་ལམ་ནོར་ལྡོག་ཤེས་མ་བྱས་ན་ང་ཚོའི་ཆོས་སྲིད་གཉིས་ཀའི་ཕྱོགས་ནས་དགྲ་ཡིན། དེ་ལ་འགྱུར་བ་གང་ཡང་མེད། ཆོས་ཕྱོགས་ནས་བོད་ཀྱི་གདོད་མའི་སྲོལ་རྒྱུན་གྱི་ཕ་མེས་ཤི་ཟིན་པ་ལ་ལྷ་རུ་བཀུར་བའི་སྲོལ་རྒྱུན་ངན་པ་ལས་དོལ་རྒྱལ་ལ་གསོལ་མཆོད་བྱེད་སྲོལ་བྱུང་བས་རྨོངས་དད་ཁོ་ནའི་གྲུབ་འབྲས་ཡིན།
སྲིད་ཕྱོགས་ནས་དོལ་རྒྱལ་ཚོགས་པས་བོད་མིའི་ཆོས་རྒྱུད་ནང་ཁུལ་ལ་གཏོར་བཤིགས་བཏང་ཡོད། ཉེ་སྔོན་ང་ཕྱི་རྒྱལ་གྱི་སངས་རྒྱས་ཆོས་ལུགས་ལ་དོ་སྣང་ཡོད་མཁན་ཁ་ཤས་་ཤིག་དང་དེའི་སྐོར་སྐད་ཆ་ཤོད་རྒྱུ་བྱུང་། ཕྱི་རྒྱལ་བ་ཁ་ཤས་ཤིག་ཧ་ལས་མདོག་གིས་འདི་ལྟར་ཟེར། བོད་མི་དག་ནང་པ་སངས་རྒྱས་པ་ཡིན་ན་ཡང་ནང་ཁུལ་ལ་རྙོགས་ཟིང་མི་དགོས་པ་འདུག དཔེར་ན་དོལ་རྒྱལ་ཤུགས་ལྡན་གྱི་རྙོག་དྲ་ལྟ་བུ་རེད་འདུག དེ་ཁྱད་མཚར་རེད་ཟེར། དེར་ངས། “བོད་མི་ནི་སངས་རྒྱས་ཆོས་ལུགས་དད་ལྡན་པ་ཡིན་ན་ཡངའཛམ་གླིང་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ལས་མ་འདས་པས་དད་མོས་ཡིད་ཆེས་བྱེད་སྟངས་ཀྱི་ཆ་ནས་ནང་ཁུལ་ལ་རྙོགས་དྲ་ཡོད་པ་དེ་སྤྱི་ཚོགས་ཤིག་གི་སྤྱིར་བཏང་གནས་སྟངས་ཤིག་ལས་ངས་ཁྱད་མཚར་གང་ཡང་མཐོང་གིན་མེད། ཡིན་ན་ཡང་ང་ཁྱད་མཚར་དགོས་པ་ངོ་མ་དེ་ནི་ནུབ་ཕྱོགས་ཀྱི་མི་རིགས་རྒྱུ་མཚན་དང་དངོས་ཡོད་མ་གཏོགས་ཁས་མི་ལེན་ཟེར་མཁན་གྱི་སྤྱི་ཚོགས་ཁྲོད་དུ་ཡར་སྐྱེས་ནས་མར་རྒུར་མཁན་གྱི་མི་ཁ་ཤས་རེས་དོལ་རྒྱལ་ཚོགས་པའི་ཁྲོད་དུ་ཞུགས་ནས་བོད་མིའི་སྤྱི་ཚོགས་གཏོར་བཤིག་གཏོང་མཁན་གྱི་ཆ་ཤས་ལེན་གྱིིན་འདུག དེ་ལ་ངས་ཁྱད་ཧ་ཅང་མཚར་པོར་མཐོང་གིན་འདུག་” ལབ་པ་ཡིན། དེར་ཁོ་ཚོས་མགོ་བོ་ནང་དུ་ལྡེམས་བཞིན་ཁུ་སིམ་མེར་བསྡད་སོང་།
སྤོབས་མཐས་མཁྱེན་དགོས་པ་ལ། དྲ་གྲོགས་ཅོ་རི་ལགས་ནི་བོན་པོ་མ་རེད་འོན་ཀྱང་ཁོང་དྲང་བདེན་ལ་ལྕགས་ཀྱིས་རྒྱབ་བསྐྱོར་གནང་མཁན་ཞིག་དང་ཉམ་ཆུང་ལ་བཙན་གནོན་བྱེད་མཁན་ཚོའི་ཐོག་ཁ་གཏད་དུ་ལངས་ཏེ་ཞུམ་མེད་ཀྱིས་དཔའ་བོ་ཞིག་རེད།
དཔེར་ན། སྤོབས་མཐས་ནང་བསྟན་ལས་བཤད་པའི་གསང་སྔགས་དང་ཐེག་ཆེན་སོགས་ནང་པའི་མ་ཡིན་པར་སྒྲུབ་སྟེ་ཧིན་དྷུའི་ཡིན་རབས་ཀྱིས་ཧིན་དྷུ་བར་རྒྱབ་སྐྱོར་བྱེད་པ་དང། ཐེག་ཆེན་སངས་རྒྱས་ཀྱིས་མ་གསུངས་པར་བསྒྲུབ་ནས་ཐེག་དམན་པ་ལ་རྒྱབ་བསྐྱོར་བྱས་པ་ནང་བཞིན་རེད། དེས་ན་ཁྱེད་ཀྱིས་ཧིན་དྷུ་བར་རྒྱབ་བསྐྱོར་བྱེད་པ་འདིས་ཁྱེད་ཧིན་དྷུ་བ་ཡིན་པའི་རྒྱུ་མཚན་མ་ཡིན་པ་ནང་བཞིན་རེད། དེ་ཐུགས་ལ་བདོག་རོགས། ཤུགས་ལྡན་སྐོར་ནི་ང་ལ་ཇུས་གཏོགས་མེད། དེའི་སྐོར་ལ་ཤེས་རྟོགས་གང་ཡང་མེད།
ཁྱེད་རང་ལ་སྨྱུག་རྩལ་འདུག་ལོ་རྒྱུས་ལའང་གང་འཚམས་རྒྱུས་མངའ་འདུག དེས་ན་མ་འོངས་པར་ཐེག་ཆེན་དང་གསང་སྔགས་ཀྱི་སྐོར་ལ་དཔྱད་རྩོམ་གནང་ཐུབ་ན་ཤིན་ཏུ་ལེགས། མ་ཟད་བོན་གྱི་སྐོར་ལའང་ཞིབ་འཇུག་དང་དཔྱད་རྩོམ་གནང་རྒྱུར་གལ་འགང་ཆེ་འོན་ཀྱང་བོན་གྱི་སྐོར་ལ་ཞིབ་འཇུག་གྱིས་དུས་དེང་དུས་ཀྱིས་དཔྱད་ཞིབ་བྱེད་སྲོལ་ལྟར་ཕ་རོལ་གྱི་ལོ་རྒྱུས་དང་གཞུང་ལུགས་གང་ལྟར་ཁྱེད་ཀྱིས་བཤད་པ་ལྟར་ལྷ་སྒྲུང་དེ་ཚོའི་སྐོར་ལ་རྒྱུས་མངའ་ཡོད་པར་བྱས་ན་དཔྱད་རྩོམ་དེའང་ཡག་པོ་ཞིག་ཡོང་རྒྱུར་ངེས།
བན་དེ་ལགས། དྲ་གྲོགས་ཅི་རི་ལགས་ནི་ཁ་རི་ཁ་ཐུག་དང་འུ་ཐུག་ཀྱང་གཉའ་མི་ཞུམ་པའི་ཁམས་པའི་མི་ཡི་གཤིས་ཀ་བཅོས་མིན་ཡོད་མཁན་ཞིག་ཡིན་པར་ཡིད་ཆེས་ཡོད། ཁྱེད་བན་དེ་ལགས་དང་ང་ཡ་གཉིས་ཀྱང་ཁོང་ལ་ཡིད་ཆེས་གུས་བཀུར་ཡོད། ཡིན་ན་ཡང་ནམ་ཡིན་ཡང་མི་འདིའི་ཁ་ན་བཀའ་བཀྱོན་མ་གཏོགས་ཡོང་རྒྱུ་མེད་པ་ལྟ་བུ་དང་། བཀའ་བཀྱོན་སྟངས་དེ་ཡང་ཕལ་ཆེར་གཅིག་མཚུངས་འདྲ་བོ། ལོ་ནས་ལོ་མཐུད་ན་ཡང་བཤད་རྒྱུ་གཅིག་དང་བཤད་སྟངས་གཅིག་ལས་མེད་པ་འདྲ་བོ། ལམ་ཁའི་ཁྱི་ཡོད་ཚད་ལ་རྡོ་རྡུང་བྱེད་པའི་གོམས་གཤིས་འདི་ཅུང་ཟད་རེ་བསྒྱུར་ན་ཁོང་གི་ཕྱག་ལས་དང་ཕྱག་རྩོམ་ཚོར་ས་ཆོད་ཅུང་ཆེ་བ་ལྟ་བུ་རེ་ཡོང་བའི་རེ་བས་ཁོང་ལ་འདི་ཚོ་ལབ་གྱིན་ཡོད།
སྤོབས་པ་ལགས། གཞི་མེད་སྐུར་འདེབས་ཟེར་ན་མིན་པ་ཡིན་པ་ཞིག་ལབ་ཀྱི་འདུག་ཟེར་གྱི་ཡོད་རེད། ཁྱོད་ཀྱིས་གསལ་བཤད་ཤིག་བྱོས་དང་། ག་ལུས་བཤད་ཆོག་གི་རེད།
གཉིས་པ། ཤུགས་ལྡན་ཆོས་སྲིད་གཉིས་ཀྱི་དགྲ་བོ་ཡིན་ཟེར་ན་ཁས་ལེན་གྱི་མིན། ཉམ་ཆུང་ལ་བསྙས་བཅོས་བྱེད་ན་འགྲིག་གི་མ་རེད། རང་ངོ་ལ་འབྲོང་བ་མི་མཐོང་པར་གཞན་ངོ་ལ་ཤིག་འགྲོ་གི་འདུག་ཟེར་ན་ཅང་རྒྱུ་འབྲས་དང་མཐུན་གྱི་མ་རེད།
གསུམ་པ། གསང་ལམ་ནང་གི་ཁྱི་ཡན་ཆད་རྡོ་བརྒྱབ་ཀྱི་འདུག་གསུངས་པ་ནི་ཏོག་ཙམ་བདེན་པ་འདྲ་རེད།་་ཧཧཧ
ཨོ་རེད། ཁྱོད་ཚོས་ང་ལ་བོན་པོ་རེད་ལབ་ཀྱི་རེད། དོལ་ཚོགས་རེད་ལབ་ཀྱི་རེད། ཆོས་མེད་སྨྲ་བ་རེད་ལབ་ཀྱི་རེད། ཁ་ཆེ་རེད་ལབ་ན་ལབ། ཁྱོད་རང་ཚོས་ག་རེ་ལབ་འདོད་ཡོད་ན་ལབ་རོགས་བྱོས། བོད་པའི་སྤྱི་ཚོགས་ནང་ཉམ་ཆུང་ཤོས་སུ་ཡིན་ནའང་ང་ཅོ་རི་ཁོ་ཚོའི་ཁུངས་གཏོགས་རེད་ལབ་ན་འགྲིག ངའི་ལྷག་མཇུག་གི་མི་ཚེ་འདི་བོད་མི་ཉམ་ཆུང་ཚོའི་མཉམ་དུ་སྐྱིད་སྡུག་མཉམ་འཁུར་བྱེད་འདོད་ཡོད། མ་གཏོགས་མི་ཆེན་བླ་ཆེན་ཚོའི་མདུན་དུ་པུས་མོ་ས་ལ་བཙུགས་ནས་མི་ཚེ་སྐྱེལ་འདོད་མེད།།
ང་ཅོ་རི་་་་སྤོབས་པ་མཐལ་ཡས་ཁྱོད་ཀྱི་མི་གཤིས་ལ་དགའ་བའི་ཆ་གཅིག་ཞིག་ཡོད་པ་ནི་ཉམ་ཆུང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་རེད་བསམས་པས་ཡིན། ད་ཉམ་ཆུང་དོལ་རྒྱལ་ཚོགས་པ་ཆོས་སྲིད་གཉིས་ཀྱི་དགྲ་བོ་ཡིན་ཟེར་འོང་དུས་ང་ཅོ་རི་ཧང་སང་བྱུང་།
ཅི་རི་བུ། ཨུ་ཚུག་ཅིག་པུས་གང་དུ་ཡང་སླེབས་ཀྱི་མ་རེད། ཕྱུགས་རྫི་ཚོའི་བྱེད་སྟངས་ལྟ་བུའི་གླེན་བཤད་དེ་འདྲ་བྱས་ན་དགོས་པ་ཅི་ཡང་མེད་པ་རེད། ཁྱོད་རང་སློབ་སྦྱོང་བྱེད་མྱོང་མཁན། རིག་པ་དང་རྒྱུ་མཚན་ཁས་ལེན་མཁན་ཞིག་ཡིན་ན། གོང་ས་སྐྱབས་མགོན་ཆེན་པོས་ཤུགས་ལྡན་བཀག་དགོས་པའི་གནས་ལུགས་རྒྱུ་མཚན་དེ་ཚོ་ལ་ཡག་པོ་ཞིག་ལྟ་ཉན་གྱིས་དང་། གལ་སྲིད་ཁོང་གིས་གསུང་པ་ལ་གནས་ལུགས་མི་འདུག་ན་རིག་པའི་ལམ་ནས་དགའ་པ་ཞིག་རྒྱོབས་དང་། གཞི་ནས་ཁྱོད་ལ་རྒྱབ་སྐྱོར་བཅམང་པོ་ཞིག་ཐོབ་སྲིད། དེ་མིན་ཨུ་ཚུག་ཅིག་པུས་རང་ཉིད་ངལ་བའི་རྒྱུ་ཙམ་ལས་གང་དུ་སླེབས་ཀྱི་མ་རེད། ཤུགས་ལྡན་ཚོགས་པ་ཉམ་ཆུང་ནམ་ཡང་མ་རེད། ཁོང་ཚོ་སྟོབས་ཆེན་རྒྱ་ནག་གཞུང་གིས་མི་རྒྱུ་གང་ཐད་ནས་རོག་རམ་བྱེད་ཀྱི་ཡོད་པ་རེད། དྲང་པོ་བཤད་ན་ཁྱེད་རང་མི་ཁ་རི་ཁ་ཐུག་ཡག་པོ་ཞིག་འདུག་ཀྱང་། ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དེ་ཙམ་མི་འདུག ཁྱེད་རང་ཤུགས་ལྡན་རྟེན་མཁན་ཡིན་ན་གང་བཤད་ཁྱོད་རང་གི་འདོད་པ་རེད། དེ་འདྲ་མིན་ན་འདིས་སྐོར་ལ་སྐད་ཆ་མ་བཤད་ན་ཡག་པོ་འདུག ཁྱོད་རང་བོད་མི་ཞིག་གིས་བོད་མི་མང་ཆེ་བའི་སེམས་ལ་ཕོག་ཐུག་བཏང་དགོས་དོན་ཅང་མེད་པ་རེད།
སྤོབས་མཐའ་ལགས་་་གོང་ས་ལྔ་པར་དགག་པ་རྒྱབ་མཁན་ཞིག་ཡོད་ན་ཁོང་ལམ་སང་ཐུགས་ཁྲོས་ཡོང་གི་རེད་དེ་ཡང་ཐུགས་ཁག་གང་ནས་ཡོད་རང་རང་སོ་སོའི་དགའ་ཞེན་ཡོད་པ་དེ་ལ་སྐྱོན་བརྗོད་བྱེད་མཁན་ལ་སུ་ཡིན་ནའང་ཁོང་ཁྲོ་ལངས་སྲིད། འོན་ཀྱང་ངས་ལྟས་ན་གོང་ས་ལྔ་པ་ཆེན་པོ་ལས་གོང་ས་བཅུ་བཞི་པ་འདི་བོད་མི་རིགས་ལ་བཀའ་དྲིན་ཆེ་བ་དང་བྱས་རྗེས་ཆེ་བ་ཡིན་པར་བསམ་བཞིན་ཡོད། འོན་ཀྱང་ཁྱེད་ནས་དེ་ལྟར་བསམ་གྱི་ཡོད་མེད་མི་ཤེས།
ལུང་རྟོགས་ལགས། ཀརྡོ་ཁྱོད་གཉིས་ཀྱིས་ཡར་འགྲོ་དུས་དོལ་ཚོགས་ཟེར་ནས་ཁ་རྡུང་རེ་དང་། མར་ཡོང་དུས་དོལ་འདྲེ་ཟེར་ནས་སྨ་འབེབ་རེ་བྱས་ནས་འགྲོ་གི་རེད། རྒྱ་གུན་ཁྲན་ཏང་ལ་ཚིག་གཅིག་བཤད་ཀྱི་མ་རེད། མ་ཟད་་་ཀརྡོས་རྒྱ་བོད་མི་རིགས་མཐུན་སྒྲིལ་དགོས་ཟེར་ནས་མཆན་བུ་ག་ཚོད་བཏབ་མེད་དམ། ཚེ་བརྟན་སྒྲོལ་མའི་གླུ་འདྲ་པོ་ག་ཚོད་ལེན་མེད་དམ།
ཤུགས་ལྡན་ལྷ་ཡིན་དང་འདྲེ་ཡིན་པར་ངས་ཁས་ལེན་གྱི་མིན། བོད་པའི་ལྷ་འདྲེ་ཐམས་ཅད་རྟོག་བཏགས་ཁ་ན་ཙམ་ཡིན་པར་ངོས་འཛིན་བྱས་ཀྱི་ཡོད། བོད་པ་ཚོས་སུ་ལ་དད་དང་མི་དད་ཁོ་རང་ཚོས་རང་དབང་རེད། འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ལུགས་རེད།
ཏྭ་ལའི་བླ་མའི་གསུངས་ཚོད་ཐམས་ཅད་ཚད་མ་ཡིན་པར་ཁས་ལེན་གྱི་མིན། མྱི་ལོ་མང་པོ་རིང་དུ་ཁོང་གི་བཀའ་སློབ་ཉན་ནས་བསླེབས་པ་ཡིན།
ཁྱོད་ཚོས་གསལ་པོ་ཤེས་པ་དགོས་ཤིག་ལ་་་ང་ཅོ་རི་ལྷ་འདྲེ་གང་ལ་དད་པ་བྱེད་མཁན་ཞིག་མིན། མི་གཅིག་ལྷ་གཅིག་གི་མདུན་དུ་པུས་མོ་བཙུགས་ནས་ཕྱག་མི་འཚལ་བའི་དམ་བཅའ་བརྟན་པོ་ཡོད། ཁྱོད་ཚོས་བོད་མི་རིགས་ལ་ལྷ་འདྲེ་བཤད་ནས་མགོ་སྐོར་བཏང་ཐལ་སོང་ནས་ང་ཅོ་རི་སྐྱུག་མེར་ལངས་བྱུང་། དངོས་ཡོད་འཚོ་བ་ཞིག་སྐྱེལ་བཅུག་རོགས་བྱས་ན་བསམས་ཀྱི་འདུག དེ་མ་བཅུག་ན་ཤི་ན་འགྱོད་པ་སྐྱེས་མི་འོང་།
དྲ་གྲོགས་བན་དེ་བ་ལགས། ཁྱོད་ཚོ་བོན་པོ་ཚང་ནི་མི་ལོ་བརྒྱ་ཕྲག་གི་རིང་་དུ་གཞན་གྱི་རྩ་ནས་མནར་གཅོད་དང་མཐོང་ཆུང་བསྙས་བཅོས་མྱོང་བའི་ཉམས་མྱོང་ཅན་གྱི་ཆོས་རྒྱུད་ཤིག་རེད། དིང་སང་མཐོང་ཆུང་དང་ཁྱད་གསོད་བྱེད་བཞིན་པའི་ཉམ་ཆུང་དོལ་རྒྱལ་ཚོགས་པའི་ཐོག་ཏུ་མིག་ལོག་མི་བལྟ་བའི་རེ་བ་དང་ཡིད་ཆེས་ཡོད།།
དྲ་གྲོགས་ཅོ་རི་ལགས་ཁྱེད་བདེན། བོན་པོ་ནི་ལམ་འཕྲང་དོག་པོ་བརྒྱ་ཕྲག་དང་བརྒྱ་ཕྲག་བརྒལ་ནས་སླེབས་པའི་ཆོས་ལུགས་ཀྱི་རྗེས་འབྲེངས་ཞིག་ཡིན་པས་ནམ་ཡང་དྲང་བདེན་དང་མཁོས་ཆུང་དག་ལ་མ་དག་པར་ལྟས་མེད་ལ་བལྟ་ཡང་མི་སྲིད། དེ་ལ་ཁྱེད་ཐུགས་དྭོགས་ནམ་ཡང་གནང་མི་དགོས། དོལ་རྒྱལ་གྱི་སྐོར་ལ་ང་དང་ང་འདྲ་བའི་བོན་པོ་ཚོར་རྒྱུས་མངའ་ཅི་ཡང་མེད་དུས་གང་བཟང་གང་ངན་གྱིས་སྐད་ཆ་ཤོད་པའི་སྤོབས་པ་མི་འདུག་ཞུ་རྒྱུ་ཡིན། ཁྱེད་ཀྱིས་དྲང་བདེན་ལ་རྒྱབ་བསྐྱོར་དང་སྙོམ་ཆུང་ལ་དཔུང་རོགས་སོགས་གང་ལྟར་མི་བུ་དྲང་པོ་མདའ་ལྟར་གྱི་ལྷག་བསམ་དེར་རྟག་ཏུ་གུས་བརྩིས་དང་རྒྱབ་སྐྱོར་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།
སེམས་མ་ཤེས་དུས། ཡིག་གེ་ཤེས་བ་འདི་ཆོད་མེད་རེད་འདུག། ཡིད་སྐྱོ་བ་ལ། ཁ་བརྡའི་འཇིག་རྟེན་ན་ལེན་རྒྱུ་ལྡག་རྒྱུ་ཡོད་ནིའི་ཨ་ཕོ་མྱི་ཞིག་མི་འདུག།
ཨ་ཧངས་པོ། ཨ་ཧངས་པོ། ད་འདི་ཅི་རེད།
ཅི་རི་ལགས། ངས་དོལ་ཚོགས་ལ་ངོ་རྒོལ་བྱེད་དོན་ཡང་བོད་ཀྱི་བསྟན་སྲིད་ཆེད་དུ་ཡིན་མ་གཏོགས། ང་སྒེར་ལ་དོལ་ཚོགས་ཀྱིས་གནོད་བསྐྱལ་བཞག་པ་ལ་གང་ཡང་མེད། ངས་གོང་ས་མཆོག་གི་བཀའ་ལ་སྲུང་བརྩི་ཞུ་བ་ཡང་ཁོང་གི་གསུང་ལ་གནས་ལུགས་རྒྱུ་མཚན་ཡོད་པས་ཡིན་མ་གཏོགས་ཁོང་བོད་ཀྱི་དབུ་ཁྲིད་དང་བླ་ཆེན་ཡིན་པའི་རྒྱུ་མཚན་གྱིས་མིན། ཁྱེད་རང་གིས་ལྷ་འདྲེ་ཚང་མ་རྟོག་བཏགས་ཁོ་ན་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ན་ཐང་། འོན་ཀྱང་མི་ཚང་མ་ཁྱེད་རང་ནང་བཞིན་ལྷ་མེད་འདྲེ་མེད་འདོད་མཁན་དེ་འདྲ་མ་རེད། བོད་མི་ཕལ་མོ་ཆེ་ལྷ་འདྲེ་ཁས་ལེན་མཁན་རེད་ལ། ཤུགས་ལྡ་འདྲེ་ཡིན་པར་འདོད་མཁན་རེད། ཤུགས་ལྡན་གྱིས་བོད་ཀྱི་བསྟན་སྲིད་ལགནོད་པར་འདོད་མཁན་རེད། གོང་ས་མཆོག་ལ་ཡིད་ཆེས་བྱེད་མཁན་རེད། སྲིད་ཕྱོགས་ནས་བཤད་ན་དོལ་རྒྱལ་ཚོགས་པས་གོང་ས་མཆོག་ལ་ངོ་རྒོལ་དང་རྒྱ་གཞུང་ལ་རྒྱབ་རྟེན་གཅོལ་བ་སོགས་ལས་ངན་མང་པ་བྱས་ཡོད་པ་རེད། དེས་ན་ཁྱེད་རང་ལྷ་འདྲེ་ཁས་མི་ལན་མཁན་ཞིག་གིས། ལྷ་འདྲེའི་ཚོགས་པ་ཞིག་གི་རྒྱབ་ལང་བྱེད་ནས་བོད་མི་མང་ཆེ་བའི་སེམས་ལ་རྨ་ཁ་བཟོ་དོན་མེད་པ་རེད། རྒྱལ་སྤྱིའི་ཁྲིམས་ལུགས་ཞེས་པ་འདི་ཡང་རྣ་ལ་སྙན་པ་ཙམ་ལས་དོན་ལ་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་ག་བ་ཁྲིད་ཁྲིད་རེད། ཏ་ལིའི་བླ་མས་གསུངས་པ་ཁས་མི་ལེན་ན་མི་ལེན་པའི་རྒྱུ་མཚན་ཞིག་དགོས་པ་རེད་མ་གཏོགས་ཨ་ཕོ་ཁམས་པའི་དཔུང་པ་ཕྱིར་གཡུག་དེ་ལུང་པ་ཁུག་དཀྱོགས་ཁ་ཤས་ནང་ལ་འགྲོ་ན་ལས་རྣམ་དཔྱོད་ཅན་གྱི་སྤྱི་ཚོགས་ནང་ལ་འགྲོ་ལེ་མ་རེད། མི་གཅིག་ལྷ་གཅིག་གི་མདུན་ལ་པུས་མོ་བཙུགས་ནས་ཕྱག་མི་འཚལ་ཞེས་པའི་སྐད་ཆ་དེ་ཡང་གླེན་རྟགས་ཞིག་དཔའ་རྟགས་ཞིག་ཅང་ཨེ་ཡིན། འདི་ནི་ཁམས་ཕྱོགས་ཀྱི་ཨ་ཁུ་འབྲོག་པ་ཁ་ཤས་ཀྱིས། གནམ་ལེབ་ལེབ་གི་འོག་འདིར་མི་འདུག་ཀ་མེད་རེད་མ་གཏོགས་བྲང་ལེབ་ལེབ་ཀྱི་འོག་ལ་ཉལ་གྱི་མིན་ཞེས་པའི་གླེན་གཏམ་དེ་ཅིས་མི་མཚུངས།
དམ་པ་དགེ་ཆོས་མཆོག་གིས།
བླུན་པོ་རང་གི་རྗེས་སུ་མི་འབྲངས་ཀྱང་།
རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ།
འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ།
སྲོག་ལ་བབ་ཀྱང་འབད་པས་སྲུང་བར་ངེས།།་་་་ཅེས་བཅའ་ཚིག་བཀོད།
མཁས་དབང་ཚ་བ་མདའ་སྨྱུག་གིས།
དྲང་པོའི་གཏམ་གྱི་གཉའ་ནས་མི་གནོན་ཞིང༌། །
ལོག་པར་སྨྲ་བ་ཡལ་བར་མི་འདོར་བ། །
མདའ་སྨྱུག་རང་གི་དམ་ཚིག་དང་པོ་སྟེ། །
སྲོག་ལ་བབ་ཀྱང་འབད་པས་སྲུང་བར་ངེས། །་་་་་ཅེས་བཅའ་ཚིག་བཀོད།
བླུན་པོ་ཅོ་རི་ཡིས།
ཉམ་ཆུང་མི་ཡི་གཉའ་ནས་མི་གནོན་ཞིང་།
སྒེར་གཅོད་མདུན་དུ་པུས་མོ་མི་འཛུགས་པ།
འདི་ནི་ཅོ་རིའི་དམ་ཚིག་དང་པོ་སྟེ།
སྲོག་ལ་བབ་ཀྱང་འབད་པས་སྲུང་བར་ངེས།།་་་་་ཅེས་དམ་བཅའ་ཡོད།།
༡༣༩༽ སྤོབས་པ་མཐའ་ཡས་ལགས་ཀྱིས། བྲིས་པའི་མཆན་བུ་༼༢༣༨༽པ། འདི་ཡི་ནང་དོན་བྱས་རྗེས་ལ། རྗེས་སུ་ཡི་རང་སྐྱེས་བྱུང་།
ཁྱོད་ཚོས་བཤད་ཀྱི་རེད།
༡་་་བོད་ཀྱི་རྒྱལ་པོ་འུ་དུམ་བཙན་པོ་དམར་གསོད་བྱས་དགོས་པའི་རྒྱུ་མཚན་ཡང་བོད་བསྟན་སྲིད་ཀྱི་ཆེད་དུ་ཡིན་ཟེར་གི་རེད།
༢་་་རྩིས་དཔོན་ལུང་ཤར་གྱི་མིག་རིལ་འདོན་པ་ཡང་བོད་བསྟན་སྲིད་ཀྱི་ཆེད་དུ་ཡིན་ཟེར་གྱི་རེད།
༣་་་དམ་པ་དགེ་ཆོས་མཆོག་བཙོན་དུ་བཅུག་དགོས་པའི་རྒྱུ་མཚན་ཡང་བོད་སྲིད་ཀྱི་ཆེད་དུ་ཡིན་གྱི་ཟེར་གྱི་རེད།
༤་་་ཀློ་དམག་སྒར་ནང་འཐབ་བྱས་བཅུག་པ་དེ་ཡང་བོད་བསྟན་སྲིད་ཀྱི་ཆེད་དུ་ཡིན་ཟེར་གྱི་རེད།
༥་་་ཐད་ཝན་ཕོག་གཟན་པ་རེད་ཟེར་ནས་སྤྱི་ཚོགས་ནང་ནས་རྒྱང་ཕུད་བྱས་པ་ཡང་བོད་བསྟན་སྲིད་ཀྱི་ཆེད་དུ་ཡིན་ཟེར་གྱི་རེད།
༦་་་བཀའ་རྒྱུད་པ་ཁ་བྲལ་དང་ཞྭ་དམར་པ་རྒྱའི་རྒྱུགས་ཁྱི་རེད་ཟེར་བ་ཡང་བོད་བསྟན་སྲིད་ཀྱི་ཆེད་དུ་ཡིན་ཟེར་གྱི་རེད།
༧་་་མདོ་ཁམས་ཆུ་བཞི་སྒང་དྲུག་དུམ་བུ་ཁ་བྲལ་བཟོས་པ་དེ་ཡང་བོད་བསྟན་སྲིད་ཀྱི་ཆེད་དུ་ཡིན་ཟེར་གྱི་རེད།
ཤུགས་ལྡན་འདྲེ་རེད་ཟེར་ནས་བོད་མི་མང་པོ་སྤྱི་ཚོགས་ནང་ནས་རྒྱང་ཕུད་བྱས་པ་ཡང་བོད་བསྟན་སྲིད་ཀྱི་ཆེད་དུ་ཡིན་ཟེར་གྱི་རེད།
༨་་་དགྲ་བོ་གུན་ཁྲན་ཏང་ལ་མགོ་བཏགས་བྱས་པ་འདི་ཡང་བོད་བསྟན་སྲིད་ཀྱི་ཆེད་དུ་ཡིན་ཟེར་གྱི་རེད།
༩་་་བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཙམ་མེད་པ་བཟོས་པ་འདི་ཡང་བོད་བསྟན་སྲིད་ཀྱི་ཆེད་དུ་ཡིན་ཟེར་གྱི་རེད།
༡༠་་་་གཞོན་ནུ་ཚོགས་པ་དུམ་བུ་ཁ་བྲལ་བཟོས་པ་འདི་ཡང་བོད་བསྟན་སྲིད་ཀྱི་ཆེད་དུ་ཡིན་ཟེར་གྱི་རེད།
༡༡་་་་ཀརྨ་ཆོས་འཕེལ་མཆོག་མ་བྷིན་ཟེར་བ་ཡང་བོད་བསྟན་སྲིད་ཀྱི་ཆེད་དུ་ཡིན་ཟེར་གྱི་རེད།
༡༢་་་་ལྷ་བཟང་ཚེ་རིང་གསོད་ཀྱི་ཡིན་ཟེར་ཡང་བོད་བསྟན་སྲིད་ཀྱི་ཆེད་དུ་ཡིན་ཟེར་གྱི་རེད།
༡༣་་་་འཇམ་དབྱངས་ནོར་བུ་ལ་དོལ་ཚོགས་རེད་ཟེར་བསྡད་པ་ཡང་བོད་བསྟན་གྱི་ཆེད་དུ་ཡིན་ཟེར་གྱི་རེད།
༡༤་་་་བོད་རང་བཙན་འཐབ་རྩོད་པ་རྣམས་ལ་འདྲེ་མཐོང་མཐོང་བྱས་བསྡད་འདི་ཡང་བོད་བསྟན་སྲིད་ཀྱི་ཆེད་དུ་ཡིན་ཟེར་གྱི་རེད
༡༥་་་་ཕྱི་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་འགྲོ་མཁན་ཚོ་ལ་སྨ་འབེབ་བྱས་བསྡད་པ་འདི་ཡང་བོད་བསྟན་སྲིད་ཀྱི་ཆེད་དུ་ཡིན་ཟེར་གྱི་རེད།
ཁྱོད་ཚོས་བྱས་ཚོད་དང་བཤད་ཚོད་ཐམས་ཅད་བོད་བསྟན་སྲིད་ཆེད་དུ་མ་གཏོགས་སྒེར་དོན་བ་སྤུ་ཙམ་ཡང་མེད་པར་འཛམ་གླིང་གི་མདུན་དུ་ཡོད་རེད། མགོ་སྐོར་ས་ལྷག་ཡོད་པ་མ་རེད།།་་་ཧཧཧ
་་་་ མགོ་སྐོར་ས་ལྷག་ཡོད་པ་མ་རེད།།་་་ཧཧཧ ་་་་་ཟེར་བ་མི་བདེན་ཏེ། ཅོ་རི་ཉི་མ་ཁྱོད་རང་ཅིག་ལྷག་མི་འདུ་གམ། ལགས། སྐུ་རྩེད་ཡིན།
དེབ་དཀར་ཕྱེད་ལྷག་དུས་མིན་འཆི་ལ་འབྲེལ།
བཟི་བོའི་སྤྱོད་པ་སྤྱིར་ན་དཔོག་དཀའི་གནས།
རྩ་ཆེན་བོར་བའི་བཤུལ་གྱི་མི་འཁོ་མོད།
དྲན་པའི་ཡུལ་གྱི་དོན་རྣམས་འདི་ལྟར་དཔྱོད།
ལྷ་མའི་རྣམ་འདྲེན་གོང་ས་མཆོག་གིས་ནི།
རིས་མེད་བླ་མས་གནང་བ་ཐོབ་གསུངས་དང་།
ཁྲི་བྱང་གཤེགས་ཁར་རྒྱལ་བའི་བཀའ་སྒྲུབ་ཅེས།
ནན་ཏན་ཚུལ་ཏུ་གསུངས་པར་ཟམ་གདོང་གསུངས།
དོལ་ཚོགས་དེ་ལས་ལྡོག་པར་སྨྲ་བའི་ནང་།
རིས་མེད་འཆི་རྐྱེན་ཉུང་ཉུང་ག་ལ་ཡིན།
རང་དབང་ཡུལ་དུ་རང་དགར་རྒྱུ་བའི་བུ།
གློ་བུར་འབོད་འགུགས་པ་ནི་ཁྲི་བྱང་ཡིན།
ཅིའི་ཕྱིར་འགུགས་དང་ཅི་ཡི་དགོས་གལ་གྱུར།
འབོད་པ་པོ་ལ་ཤེས་ལྡན་སུས་མི་འདྲི།
སེང་གེ་ཁྱི་ཡི་འོག་ཏུ་འགྱུར་ཚུལ་ཅི།
སེང་གེ་གང་རེད་ཁྱི་ནི་སུ་རེ་དམ།
ཅོ་རི་དོལ་རྗེས་འབྲང་ངམ་ངོ་ཚབ་པས།
དེབ་དཀར་ཕྱེད་དུ་ལྷག་པ་སུ་ལ་འདྲི།
ཀྱོག་ཀྱོག་ལམ་ལས་ཚིག་ཀྱོག་མ་འདྲི་རོགས།
ཏང་ཕྲུག་དག་ལ་མགོ་བསྐོར་མ་ཞུ་རོགས།
དྲག་སྤྱོད་པ་ལ་ཉམ་ཆུང་མ་འབོད་རོགས།
འོན་གྱང་གངས་ཅན་པ་ནི་ངུ་དཀའ་ལ།
སྡུག་ཐེགས་སྐྱིད་ཐེགས་ཅིག་ཏུ་བདག་གིས་འདོད།
ནོར་བུ་བོར་ཤུལ་ཡང་ཡང་མ་གླེང་རོགས།
དེབ་དཀར་ཕྱེད་ལྷག་དོན་ཁྱེད་ཚོ་དོལ་ལུགས་གཅིག་སྤྱོད་པ་ལས་གཞན་ཤེས་མཁན་ཁག་པོ་ཡོད། ང་ཚོ་བོད་མི་ཚོས་ལས་རེད་ཟེར་གྱིན་ཡོད། ཞེ་པུ་ཅིག་ཡིན་མདོག་མ་སྟོན་ཨ། སྐྱག་པའི་མིང་མི་ཤེས་པའི་བོད་པ་ཡོད་མ་རེད། གཞོན་སྐྱེས་ཚོར་མགོ་སྐོར་མ་གཏོང་ཨ།
གཞོན་སྐྱེས་ཤེས་ཡོན་ཅན་ཚོས་དྲང་བདེན་གྱི་རྒྱབ་ལང་བྱེད་ཡང་བསམས་ནས་ཨེ་སྐྲག་འདུག སྐྲག་ནའང་ཐབས་ཤེས་ཡོད་མ་རེད། དྲང་བདེན་ཟེར་བ་འདི་ལ་སྟོབས་ཤུགས་ངེས་ཅན་ཞིག་ཡོད་རེད་དོ།། ཕག་ཕྲུག་ཁྱོད་རང་ཁ་བཙུམ་ནས་སྡོད།
ཤུགས་ལྡན་ཚོགས་པའི་སྒྲིག་འཛུགས་དེ་འཇིགས་སྐུལ་དྲག་སྤྱོད་པ་ཡིན་ན་འཛམ་གླིང་གི་འཇིགས་སྐུལ་དྲག་སྤྱོད་པའི་ཁ་གཏད་སྟོབས་ཆེན་ཨ་རིའི་རྒྱལ་ཁབ་ཀྱི་ནང་དུ་དེབ་སྐྱེལ་བྱས་ནས་ཅང་བསྡད་ས་མི་རེག་པ་རིགས་པས་གྲུབ། གལ་སྲིད་དོལ་ཚོགས་འཇིགས་སྐུལ་དྲག་སྤྱོད་པ་ཡིན་ན་ཨ་རི་གཞུང་ལ་ལབ་དང་རྩ་མེད་བཟོ་གི་རེད།་་་་ཕག་ཕྲུག་ ཤེས་སོང་ངམ།
ཤུགས་ལྡན་འདྲེ་རེད་ཟེར་ནས་བོད་མི་མང་པོ་སྤྱི་ཚོགས་ནང་ནས་རྒྱང་ཕུད་བྱས་པ་ཡང་བོད་བསྟན་སྲིད་ཀྱི་ཆེད་དུ་ཡིན་ཟེར་གྱི་རེད། ་་་་་་ཟེར།
དོལ་ལུགས་པར་བསླབ་པར་བྱ་བའི་གནས་སྟོན་འདོད་པ་ལས་རྩ་མེད་བཟོ་འདོད་ག་བ་ག་བ།
ཤེས་མེད་ཅོ་རི་དེབ་བཞི་བརྒྱ་ལྔ་བརྒྱ་བཀློག དེ་ནས་སྐད་ཆ་ཤོད་ཨ། ཨ་རིའི་འཇིགས་སྐུལ་བ་དང་བོད་ཀྱི་འཇིགས་འདྲ་གི་མ་རེད། ཁྱི་ཕྲུག་ཤེས་མེད་རང་རེད། ཁྱི་རྩེད་སྦྱོང་ཨ།
དོལ་ལུགས་པར་བསླབ་པར་བྱ་བའི་གནས་སྟོན་འདོད་པ་ལས་རྩ་མེད་བཟོ་འདོད་ག་བ་ག་བ།
ཤེས་མེད་ཅོ་རི་དེབ་བཞི་བརྒྱ་ལྔ་བརྒྱ་བཀློག དེ་ནས་སྐད་ཆ་ཤོད་ཨ། ཨ་རིའི་འཇིགས་སྐུལ་བ་དང་བོད་ཀྱི་འཇིགས་སྐུལ་བ་འདྲ་གི་མ་རེད། ཁྱི་ཕྲུག་ཤེས་མེད་རང་རེད། ཁྱི་རྩེད་སྦྱོང་ཨ།
ལོ་རྒྱུས་ཀྱི་དེབ་མང་ཙམ་ཀློག་དང་། གྲྭ་པ་སྟོང་ཕྲག་དང་མི་དམངས་ཁྲི་ཕྲག་གསོད་མཁན་སུ་ཡིན་ཤེས་འོང་གི་རེད། ་་ཕག་མགོ་ཅན་ཁྱོད། སྐྱག་པ་གཅིག་པོར་ཟ་ནས་མ་སྡོད། གཞན་དག་ཚར་རེ་གཉིས་ཟོ
ད་ལྟ་ངས་ཏྭ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་རྣམ་ཐར་ཀློག་བཞིན་པའི་སྒང་ཡིན། བེ་རི་རྒྱལ་པོ་བྲོས་པའི་ཐར་ཀྱང་ལས་དབང་གིས་ཕྱེ་མ་ལེབ་དང་མར་མེའི་དཔེ་བཞིན་ཕྱག་ཏུ་འབྱོར་་་་ཞེས་པའི་ཁ་ཐུག་ཀློག་བཞིན་པའི་སྒང་ཡིན།
ལོ་རྒྱུས་ནང་རང་བཞིན་མིན་པའི་བྱུང་བ་འགོད་ཀྱིན་རེད། དེ་ཅོ་ཁྱི་ཕྲུག་གིས་ཀློག་པ་རེད། དེ་ཡང་དྲ་ཐོག་ཏུ་སྤེལ་གྱིས་རེད།
ཁྱིས་རུས་པ་འཚོལ་གྱིན་རེད། དེ་ཡང་ནང་ལ་ཁུར་ཡོང་གི་རེད། སྦྱིན་བདག་གིས་རྡོག་ཐོས་རྒྱག་གིན་རེད། སྐད་ཅོར་རྒྱབ་ནས་ཨ་ཞང་ཚང་ལ་འགྲོ་གིན་རེད། ཡིན་དང་ཡིན་རུས་པ་ཨ་ཞང་ཚང་གི་སྤྲད་པ་རེད། དྲན་དཀར་གྱིས་ཁྱིའི་མིང་གིས་འབོད་ཀྱིན་རེད།
ཅོ་རིས་མི་དགའ་བ་བྱེད་ཀྱིན་རེད། ཁྱིའི་མཚན་ཉིད་ཚང་འདུག་ལབ་ཀྱིན་རེད། ཅོ་རི་འཐོམ་ཞོར་དུ་འུར་རྒྱག་གིན་རེད། ཡང་རུས་པ་འཚོལ་ཀྱིན་རེད།
དེབ་དང་དཔེ་ཆ་མ་ནོར་བ་གྱིས་ཟེར་གྱིན་རེད། ཅོ་རིའི་ནམ་ཡང་ཤེས་མ་ཐུབ་པ་རེད།
སོ་སོས་རྐང་ལག་བཞི་ཀ་ས་བཙུགས་ནས་ཁྱི་བཞིན་ཆགས་བསྡད་ཡོད་མེད་མི་ཤེས་པ་མི་གཞན་ལ་ཁྱི་འབོད་བྱས་བསྡད་པ་འདི་ལ་ང་ཅོ་རི་ཧང་སང་གི་མེད། ཁྱོད་རང་སེམས་འཁྲུལ་མི་དགོས། ཨ་ཞང་ཚང་ཟེར་ན་སུ་རེད་དམ། རྒྱ་དམར་ལ་ལབ་ཀྱི་ཡོད་ན་རྒྱ་རྐུབ་ལྡག་མཁན་གྱི་ཁྱི་དེ་ང་ཅོ་རི་མིན། སུག་བཞི་ས་བཙུགས་མཁན་ཁྱོད་རང་གིས་དེར་ཤེས་པ་བྱོས།།
ཨོ་རེད་་་་མཆོད་ཡོན་རྒྱུ་བདག་གིས་ཁ་ལ་རྡོག་ཐོ་ཞིག་བརྒྱབ་ནས་ཁྱི་ཚང་ཕྲོགས་སོང་བའི་ཁྱི་རྒན་དེ་ང་ཅོ་རི་མ་རེད། ་་་་་དེར་ཤེས་པ་བྱོས།
དོལ་རྒྱལ་བས་དངུལ་འདོད་ཆེད་དུ་བོས་པ་དང་མི་མཚུངས། ཅོ་རིའི་ག་ནས་ཤེས། འདིར་ལྟོས་དང་། དབོན་ཞང་གཉིས། ཆབ་སྲིད་གཅིག་ཏུ་མོལ་ནས། ཅེས་གུག་གུ་ཤི་ལོག་བཏགས་མ་ཤེས་པ་མ་གཏོགས་གཙུག་ལག་ཁང་གི་སྒོ་ཁར་ཡོད། འདི་འཕྲུལ་ལྷ་བཙན་པོའི་རིང་བཙན་རིང་བཙུགས་པས་ང་དང་བོད་མི་དགའ་བོ་བྱེད་ཀྱིན་ཡོད།
དོལ་རྒྱལ་བས་དངུལ་འདོད་ཆེད་དུ་བོས་པ་དང་མི་མཚུངས། ཅོ་རིའི་ག་ནས་ཤེས། འདིར་ལྟོས་དང་། དབོན་ཞང་གཉིས། ཆབ་སྲིད་གཅིག་ཏུ་མོལ་ནས། ཅེས་གུག་གུ་ཤི་ལོག་བཏགས་མ་ཤེས་པ་མ་གཏོགས་གཙུག་ལག་ཁང་གི་སྒོ་ཁར་ཡོད། འདི་འཕྲུལ་གྱི་ལྷ་བཙན་པོ་ཾཁྲི་གཙུག་ལྡེ་བརྩན་གྱི་ཞལ་སྔ་ནས་ཀྱི་རིང་བཙུགས་པས་ང་དང་བོད་མིས་དགའ་བོ་བྱེད་ཀྱིན་ཡོད།
ཆབ་སྲིད་གཅྀག་དུ་མོལ་ཏེ་མཇལ་དུམ་མཛད་ཅེས་དོན་ནི་་་་ཆབ་སྲིད་གཅིག་ལ་གྲོས་སྡུར་བྱས་ཏེ་བར་འདུམ་མཛད་པ་རེད་ཅེས་པའི་དོན་རེད། ཆབ་སྲིད་གཅྀག་དུ་་་ཅེས་པའི་དོན་ནི་ཆབ་སྲིད་གཅིག་ལ་ཞེས་པའི་གོ་དོན་རེད། མོལ་ཞེས་པའི་དོན་ནི་གྲོས་སྡུར་རེད། མཇལ་དུམ་ཞེས་པའི་དོན་ནི་བར་འདུམ་རེད།
གོ་བྱུང་ངམ་ཕག་ཕྲུག་ཁྱོད་་་མ་མཁས་མདོག་བྱེད་ནས་ག་པ་འགྲེལ་བཤད་རྒྱབ་དགོས་བསམས་བསྡད་ཡོད་ཨ། སྤྲང་ཕྲུག་ཁྱོད་ཚོས་དྲང་བདེན་ཡོད་པའི་འགྲེལ་མི་ཤེས་པྭ། ང་ཅོ་རིའི་རྩ་ནས་སློབ་སྦྱོང་བྱོས།
ཧཧཧ་་་་ད་བྱས་དུས་ཅོ་རི་ཁོ་རང་མ་གཏོགས་ཚང་མ་སྒེར་གཅོད་པ་ཡིན་ས་རེད།
མཆན་༡༥༤ པ་དེས་ཅོ་རིའི་ཞེ་འདོད་ཚང་མ་ཁྲོམ་བསྒྲགས་བྱས་འདུག ཅོ་རིའི་རྩོད་རྒྱུ་ནི་ནང་ཁུལ་གྱི་རྙོག་འདྲ་དེ་དག་ཡིན་པ་ལས་བོད་རང་བཙན་མ་ཡིན་པ་གསལ་བཤད་བྱས་སོང་། ཅོ་རི་ཡ་ཅོ་རི་་་ཁྱོད་ཀྱིས་མ་ཎི་བཞིན་སྒྲང་བའི་བོད་རང་བཙན་ཞེས་པ་དེ་ཡང་སྐྱག་རྫུན་ཡིན་པ་མ་ཟད། བླ་མ་ལ་ཁ་གཏད་བཅོག་བྱེད་ཀྱི་ལག་ཆ་ཡིན་པ་གཞི་ནས་ཤེས་སོང་།
ལུང་རྟོགས་ཁྱོད་དང་ཀརྡོ་གཉིས་ལ་དེ་ཙམ་བཤད་འདོད་དང་འགྲེལ་འདོད་མི་འདུག མི་ཁྱོད་ཚོའི་གྲལ་དེ་ཆོས་ལུགས་ཀྱིས་བཟི་ཚར་དུས་ནམ་ཤི་བར་དུ་བཟི་དྭངས་གི་་མ་རེད། ཁྱོད་ཚོའི་ངོས་ལ་བླ་མའི་གསུངས་ཚོད་ཐམས་ཅད་ཚད་མ་རེད། བླ་མའི་གཅན་སྐྱ་ཡན་ཆད་བདུད་རྩི་རེད། གནད་ལུགས་བརྒྱ་ཕྲག་དང་རིགས་པ་ཁྲི་ཕྲག་གྱིས་སྒྲུབ་ནའང་ཁས་ལེན་གྱི་མ་རེད། རྨོངས་དད་ཀྱི་ཀླད་པ་སྲ་མོ་ཡོད་མཁན་ཚོ་ཤི་སྒུག་བྱེད་ཀྱི་ལས་འགྱུར་བ་གཏོང་ཐུབ་པའི་རེ་བ་རྒྱབ་བཞིན་མེད།། སྐད་ཆ་མཐའ་མ་ཡིན། གལ་སྲིད་བོད་མི་རིགས་རྨོངས་དད་འོོག་ནས་མ་ཐར་ན་རང་དབང་དམངས་གཙོ་ལ་ལོངས་སྤྱོད་ཐུབ་པའི་རེ་བ་མེད། བདེ་སྐྱིད་ཀྱི་ཉི་མ་ནི་རྨོངས་དད་སྤྲིན་ནག་གིས་བཀག་ནས་འོད་ཟེར་གྱི་དྲོད་འཇམ་ལ་ལོངས་སྤྱོད་ཐུབ་པའི་རེ་བ་མེད་པར་འདོད་བཞིན་ཡོད་དོ།།
ཁྱི་ཕྲུག་ཨ་ཞང་ཟེར་ན་སུ་རེད་ཤེས་ཨེ་བྱུང་།
ཁྱི་ཕྲུག་ལ་ཨ་ཞང་ཡོད་ལེ་མ་རེད་་་་་་ཕག་ཕྲུག་གི་ཨ་ཞང་སུ་རེད་དམ།
ཁྱི་ཕྲུག་གི་ཨ་ཞང་ལི་ཐང་རྒྱ་མཚོ་རེད། ངའི་ཨ་ཞང་གླང་དར་གྱི་ཨ་ཞང་དེ་རེད།
ཨ་ལས་་་་་་་ལི་ཐང་རྒྱ་མཚོའི་ཨ་ཞང་སུ་རེད་དམ། ཁྱོད་ཕག་ཕྲུག་ཞིག་ལ་ཨ་ཞང་གླང་ཁོག་ཞིག་ག་ནས་བསླེབས་པ་རེད་ཨ་་་་་་་ཧཧཧཧཧཧ་་་་ལྟད་མོ་འདུག
དེབ་དཀར་ཕྱེད་ལྷག་དུས་མིན་འཆི་ལ་འབྲེལ།
བཟི་བོའི་སྤྱོད་པ་སྤྱིར་ན་དཔོག་དཀའི་གནས།
རྩ་ཆེན་བོར་བའི་བཤུལ་གྱི་མི་འཁོ་མོད།
དྲན་པའི་ཡུལ་གྱི་དོན་རྣམས་འདི་ལྟར་དཔྱོད།
ལྷ་མའི་རྣམ་འདྲེན་གོང་ས་མཆོག་གིས་ནི།
རིས་མེད་བླ་མས་གནང་བ་ཐོབ་གསུངས་དང་།
ཁྲི་བྱང་གཤེགས་ཁར་རྒྱལ་བའི་བཀའ་སྒྲུབ་ཅེས།
ནན་ཏན་ཚུལ་ཏུ་གསུངས་པར་ཟམ་གདོང་གསུངས།
དོལ་ཚོགས་དེ་ལས་ལྡོག་པར་སྨྲ་བའི་ནང་།
རིས་མེད་འཆི་རྐྱེན་ཉུང་ཉུང་ག་ལ་ཡིན།
རང་དབང་ཡུལ་དུ་རང་དགར་རྒྱུ་བའི་བུ།
གློ་བུར་འབོད་འགུགས་པ་ནི་ཁྲི་བྱང་ཡིན།
ཅིའི་ཕྱིར་འགུགས་དང་ཅི་ཡི་དགོས་གལ་གྱུར།
འབོད་པ་པོ་ལ་ཤེས་ལྡན་སུས་མི་འདྲི།
སེང་གེ་ཁྱི་ཡི་འོག་ཏུ་འགྱུར་ཚུལ་ཅི།
སེང་གེ་གང་རེད་ཁྱི་ནི་སུ་རེ་དམ།
ཅོ་རི་དོལ་རྗེས་འབྲང་ངམ་ངོ་ཚབ་པས།
དེབ་དཀར་ཕྱེད་དུ་ལྷག་པ་སུ་ལ་འདྲི།
ཀྱོག་ཀྱོག་ལམ་ལས་ཚིག་ཀྱོག་མ་འདྲི་རོགས།
ཏང་ཕྲུག་དག་ལ་མགོ་བསྐོར་མ་ཞུ་རོགས།
དྲག་སྤྱོད་པ་ལ་ཉམ་ཆུང་མ་འབོད་རོགས།
འོན་གྱང་གངས་ཅན་པ་ནི་ངུ་དཀའ་ལ།
སྡུག་ཐེགས་སྐྱིད་ཐེགས་ཅིག་ཏུ་བདག་གིས་འདོད།
ནོར་བུ་བོར་ཤུལ་ཡང་ཡང་མ་གླེང་རོགས།
དེབ་དཀར་ཕྱེད་ལྷག་དོན་ཁྱེད་ཚོ་དོལ་ལུགས་གཅིག་སྤྱོད་པ་ལས་གཞན་ཤེས་མཁན་ཁག་པོ་ཡོད། ང་ཚོ་བོད་མི་ཚོས་ལས་རེད་ཟེར་གྱིན་ཡོད། ཞེ་པུ་ཅིག་ཡིན་མདོག་མ་སྟོན་ཨ། སྐྱག་པའི་མིང་མི་ཤེས་པའི་བོད་པ་ཡོད་མ་རེད། གཞོན་སྐྱེས་ཚོར་མགོ་སྐོར་མ་གཏོང་ཨ།
ཨོ་་་་ཧཧཧཧཧཧ ་ཕག་ཕྲུག་ཁྱོད་རང་མཆན་བུ་གཅིག་ཡང་བསྐྱར་དུ་ཐེངས་གསུམ་འདེམས་པ་དོན་མེད། མྱི་ངན་གཏམ་དེ་ཨ་བཤད་ཡང་བཤད་ཟེར་ལེ་རེད་དོ།
དེ་ལས་ཉོན་ཨ་་་་ལོ་རྒྱུས་ཐོག་གི་ཨ་ཞང་ངོས་ཤེས་ཀྱི་ཡོད་ས་མ་རེད། བོད་ལ་ལོ་རྒྱུས་ཐོག་གི་ཨ་ཞང་གཉིས་ཡོད་རེད། གཅིག་ནི་རྒྱ་ཡི་ཐང་གོང་མ་རེད། གཅིག་ནི་བལ་པོ་རྒྱལ་པོ་བྷི་རི་ཁེང་ཁྲན་གཉིས་རེད། ག་རེ་བྱེད་ཡ་ཡོད་ཨ། ཨ་ཞང་སུ་རེད་དམ་སུ་རེད་ཟེར་ནས་ཐེངས་ལྔ་དྲུག་ཞིག་དྲིས་བྱུང་། ཨ་ཞང་གཉིས་ངོ་ཤེས་པ་བྱོས་ལོ། ཅོ་རིའི་རྩ་ནས་སློབ་སྦྱོང་བྱོས་ལོ།
སྤྲང་ཕྲུག་ཁྱོད་ཚོས་བསམས་པར་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱ་བཟའ་བལ་བཟའ་མནའ་མ་ལེན་པས་རྒྱ་ལབ་གཉིས་ཀྱི་རྒྱལ་པོ་ཨ་ཞང་ངོ་མ་རེད་བསམས་ཀྱི་ཡོད་ས་རེད་ད། ལོ་རྒྱུས་ལྟོས་ཤོག་ཨ། སྲོང་བཙན་སྒམ་པོ་ལ་བུ་ཡོད་པ་མ་རེད་ད། བཙན་མོ་དེ་གཉིས་ལ་ཕྲུ་གུ་སྐྱེས་མྱངས་མེད་པ། ་་་་ཧཧཧཧ་་་་ཕག་ཕྲུག་སྐྱག་པ་ཟ་མཁན་ཚོས་ཅོ་རིའི་རྩ་ནས་སློབ་སྦྱོང་བྱོས་ཨ།
རྒྱ་བལ་གཉིས་ཅེས་བཅོས་རོགས་བྱོས་་་་ཕག་ཕྲུག་
ཕག་ཕྲུག་སྐྱག་པ་ཟ་མཁན་ཁྱོད་ཚོས་ཨ་ཞང་ཡིན་མདོག་མདོག་བྱས་ན་ཨེ་དགའ། རྒྱུ་བདག་ཡིན་མདོག་མདོག་བྱས་ན་ཨེ་དགའ། ཡར་རྒྱས་དང་འཛུགས་བསྐྲུན་བྱེད་མཁན་ཡིན་མདོག་མདོག་བྱས་ནས་ཨེ་དགའ། རྫུན་གྱི་ཁྲོམ་སྟོན་འདི་དག་གིས་སུ་མགོ་སྐོར་ཐུབ་བམ། ཤོག་ཡ་་་་ཕག་ཕྲུག་ཚོ་་་་ལོ་རྒྱུས་ཀྱི་བདེན་དཔང་དང་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡོད་ན་་་་ཤོག་ཡ།
ཅོ་རི་ཕག་ཕྲུག་ལ་དགའ་པོ་མེད་པ་འདྲ། ཕག་ཕྲུག་སེམས་ཅན་ཐམས་ཅད་ནང་ལ་ཚུད་མེད་པ་ཡིན་ནམ། ལགས།
ཅོ་རི་ཉི་མའི་ཆན་༡༥༤པ་དེ་ལ་དྲ་གྲོགས་ཚོས་གློག་པ་ཙམ་མ་ཡིན་པ་གནོད་དོན་རེ་རེ་བཞིན་ཕྱོགས་སུ་གཅིག་པོར་མ་ལྷུང་བའི་སྒོ་ནས་ཞིབ་འཇུག་རེ་བྱེད་ཐུབ་ན་དེ་ཚོ་ཚང་མ་བདེན་པ་ཡིན། མ་ཟད་ཙན་བྱོལ་དུ་སླེབ་ནས་མི་ལོ་ལྔ་བཅུ་ང་གྲངས་ཀྱི་རིང་ལ་གཙོ་བོ་༧ གོང་ས་མཆོག་དང་རྒན་རབས་པ་རྣམས་ཀྱིས་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ང་ཚོའི་ཆོས་དང་རིགས་གཞུང་མི་རིགས་སྐད་ཡིག་གང་གིས་ཆ་ནས་མི་ཉམས་རྒྱུད་འཛིན་དང་ཉམས་པར་སླར་གསོ་བྱེད་ནས་འཛམ་གླིང་ཡོངས་ཀྱི་ནང་ནས་སྐྱབ་གཅོལ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡིན་གསུང་གི་ཡོད་རེད་ལག་གསུང་རིམ་ཀྱང་ཡོད་རེད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་ང་ཚོས་ནོར་འཕྲུལ་ཡང་མོང་པོ་བྱུང་ཡོད་རེད་ད་ལྟ་འང་འབྱུང་བཞིན་པ་ཡིན་ ཡིན་ན་འང་ང་ཚོས་ནོར་འཕྲུལ་ལ་ཡོ་གསང་ནམ་ཡང་བྱེད་ཀྱི་མེད་པ་དེ་རེད་ ད་དུང་ཆབ་སྲིད་ཐོག་སྐྱོན་བརྗོད་བྱེད་མཁན་རེ་བྱུང་ཚེ་ལམ་སེང་རྒྱལ་བའི་བཀའ་དང་འགལ་འགྲོ་ཟེར་ནས་མི་དེ་ནག་པོ་གཟོ་གང་ཐུབ་བྱེད་ཀྱི་ཡོད་ དེ་གཟོ་དགོས་ཡ་རྒྱལ་བ་རིན་པོ་ཆེ་ལ་དད་པ་ཆེ་དྲག་ནས་མ་རེད་ཆོལ་ཁ་དང་ཆོས་ལུགས་ཀྱིས་ཕྱོགས་ཞེན་ཁོ་ནས་རེད་བསམ་གྱི་འདུག་ མཐའ་མ་དེ་ད་བར་དུ་ཁོང་གིས་ནོར་བ་གཅིག་ཀྱང་བྱུང་ཡོད་མ་རེད་པས་ཟེར་དྲི་བ་ཞིག་འདྲི་འདོད་བྱུང།
ཉེ་ཆར་སོག་ཡུལ་གྱི་རྒྱལ་ས་ཨུ་ལན་སྦར་ཐར་རུ། རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་ཐོག་ལ། བོད་ཀྱི་ལོ་རྒྱུས་སྨྲ་བའི་དབང་པོ་ཨ་མྱེས་རྨ་ཆེན་ཞིབ་འཇུག་ཁང་གི་དབུ་འཛིན་རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱིས། བཀའ་བརྒྱུད་པ་དང་དགའ་ལྡན་ཕོ་བྲང་པའི་དབར་གྱི་འབྲེལ་བའི་སྐོར་ལ་ལོ་རྒྱུས་ཀྱི་ཞིབ་འཇུག་སྤུས་ལེགས་མཛད་པའི་རྩོམ་ཡིག་གཅིག་སྒྲོག་བྱང་མཛད་པ་དེ་ལ་འཛམ་གླིང་ཤར་ནུབ་ཀུན་གྱི་མཁས་དབང་རྣམ་པའི་གདེང་འཇོག་ཆེན་པོ་ཐོབ་སོང་།
རྩོམ་དེའི་ནང་ལ་དམིགས་བསལ་དོ་སྣང་བྱ་ཡུལ་གཅིག་ནི་ཤུགས་ལྡན་གྱི་སྐོར་རེད། མཁས་དབང་ཁོང་གིས་ཉམས་ཞིབ་བྱས་པ་ལྟར་ན། ཤུགས་ལྡན་དེ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་རྣམ་ཤེས་འཕོ་བ་མིན་པར། བཀའ་བརྒྱུད་པའི་སྲུང་མ་ཞིག་ཡིན་པ་དང་། དེ་ཆེད་དུ་རྒྱལ་དབང་ལྔ་པའི་སྲོག་ལ་འཚེ་བར་ཡོང་བ་དང་། དེ་རྙིང་མའི་གཏེར་སྟོན་འགས་ཤེས་རྟོག་བྱུང་བ་དང་རྒྱལ་དབང་ལྔ་པར་སྙན་གསེང་ཞུས་པའི་སྐོར་གསུངས་སོང་། བཀའ་བརྒྱུད་པའི་སྲུང་མ་ག་གེ་མོ་ཞིག་གིས་དགའ་ལྡན་ཕོ་བྲང་པས་བཀའ་བརྒྱུད་པའི་བླ་ཆེན་རྣམས་ལ་བསུན་བཙེར་དང་ཐུབ་ཚོད་གཏོང་བར་དགྲ་ལན་ལེན་པར་ཡོང་བ་ཡིན་པའི་སྐོར་གསུངས་སོང་།
གལ་ཏེ་དེ་བདེན་པ་ཡིན་ན། དགེ་ལྡན་པའི་བླ་ཆེན་ཤུགས་ལྡན་གསོལ་མཁན་རྣམས་ངོ་མ་མགོ་སྐོར་ལ་ཚུད་འདུག ངོ་མཚར་ཆེ་བ་ཞིག་ལ། དགེ་ལྡན་པའི་ཤུགས་ལྡན་གསོལ་མཁན་གཙོ་བོ་ཁྲི་བྱང་རིན་པོ་ཆེ་ནི། བཤད་སྲོལ་ལ་བཀའ་བརྒྱུད་པའི་ཁྱིམ་གཞིས་ནས་འཁྲུངས་པ་དང་། ཁོང་དང་ཀརྨ་པ་སྐུ་གོང་མ་གཉིས་དབར་ལ་འབྲེལ་བ་ཤིན་དུ་ནས་ལེགས་པ་ཚང་མས་ཤེས་གསལ་རེད། དེ་བཞིན་ཁོང་རྣམ་པ་གཉིས་སྐུ་གཤེགས་དུས་དུས་ཚོད་འདྲ་བོ་ཡིན་པ་བཅས་ངོ་མཚར་གྱི་གནས་ཚུལ་འདི་འདྲ་འདུག་གོ
དེ་བཞིན་གོང་ས་མཆོག་གིས་ཤུགས་ལྡན་དེ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་རྣམ་ཤེས་ཡིན་པ་ཞལ་གྱིས་མི་བཞེས་པ་གསལ་པོ་རེད། དགེ་ལུགས་པ་རྣམས་ལ་འདིའི་སྐོར་ལ་གསུང་རྒྱུ་འདྲ་ཨེ་ཡོད།
་་་་ རྩོམ་དེའི་ནང་ལ་དམིགས་བསལ་དོ་སྣང་བྱ་ཡུལ་གཅིག་ནི་ཤུགས་ལྡན་གྱི་སྐོར་རེད། མཁས་དབང་ཁོང་གིས་ཉམས་ཞིབ་བྱས་པ་ལྟར་ན། ཤུགས་ལྡན་དེ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་རྣམ་ཤེས་འཕོ་བ་མིན་པར། བཀའ་བརྒྱུད་པའི་སྲུང་མ་ཞིག་ཡིན་པ་དང་། དེ་ཆེད་དུ་རྒྱལ་དབང་ལྔ་པའི་སྲོག་ལ་འཚེ་བར་ཡོང་བ་དང་། དེ་རྙིང་མའི་གཏེར་སྟོན་འགས་ཤེས་རྟོག་བྱུང་བ་དང་རྒྱལ་དབང་ལྔ་པར་སྙན་གསེང་ཞུས་པའི་སྐོར་གསུངས་སོང་། བཀའ་བརྒྱུད་པའི་སྲུང་མ་ག་གེ་མོ་ཞིག་གིས་དགའ་ལྡན་ཕོ་བྲང་པས་བཀའ་བརྒྱུད་པའི་བླ་ཆེན་རྣམས་ལ་བསུན་བཙེར་དང་ཐུབ་ཚོད་གཏོང་བར་དགྲ་ལན་ལེན་པར་ཡོང་བ་ཡིན་པའི་སྐོར་གསུངས་སོང་། ་་་་་་་ཟེར་བ་འདི་ནི། ཧཧཧཧཧཧཧཧཧཧཧཧཧ།
འོ་རེད་རེད། ཅོ་རི་ཁྱེད་རང་མི་རིག་པ་མེད་མཁན་རྒྱུ་མཚན་བཤད་མི་ཤེས་མཁན་དང་ལྷན་དུ་བགྲོ་གླེང་བྱས་ན་ཏག་ཏག་རེད། གཞན་གནས་ལུགས་ཤེས་པའི་མི་དང་ལྷན་དུ་བགྲོ་གླེང་བྱས་ཀྱང་ངོ་ཚ་སྐྱེད་ཙམ་ལས་ཅི་མི་འདུག ངོ་མ་བཤད་ན་ཁྱེད་རང་དམར་ཤོག་ཡིན་ཁུལ་བྱས་པ་ཙམ་ལས་དམར་ཤོག་གི་ལྟ་བ་ནི་ཤེས་མི་འདུག དམར་ཤོག་པས་དུས་རྟག་ཏུ་དངོས་ཐོག་བདེན་འཚོལ་བཤད་ཀྱི་ཡོད་པ་རེད། འོན་ཀྱང་ཁྱེད་རང་གིས་བླ་མས་གསུང་པ་ཞིག་ཡིན་ན་རྒྱུ་མཚན་ཡོད་རུང་མེད་རུང་ཁས་མི་ལེན་ཟེར་གྱི་འདུག འདི་ནི་དམར་ཤོག་པའི་ཞབས་འདྲེན་རེད།
རྩོམ་ཡིག་དང་མཆན་བུའི་ཞེན་ཆ་ཆེ་ཤོས་ནི། བཤད་རྒྱུ་ཡོད་ནས་བཤད་པ་མ་ཡིན་པར་བཤད་འདོད་ཡོད་ནས་བཤད་པ་དེ་རེད། མ་གཞི་སྨྲ་བརྗོད་རང་དབང་ཡིན་ཡང་ཁུངས་བསྐྱལ་ར་འཕྲོད་ཀྱི་དན་རྟགས་ཁ་གསལ་མེད་པའི་རྩོམ་ཡིག་གམ་མཆན་བུའི་རིགས་རྣམས་སྨྲ་བརྗོད་ཀྱི་ཁེ་དབང་ལོངས་སུ་སྤྱད་པ་མ་ཡིན་པར། བཤད་འདོད་ཡོད་དྲགས་ནས་བཤད་པའི་འཆལ་རྩོམ་མམ་མཆན་འཆལ་ལ་ངོས་འཛིན་དགོས་རྒྱུ་གལ་ཆེན་པོ་རེད།
གཞི་རྩ་དེའི་ཐོག་སྒྲོ་གླེང་བྱེད་འདོད་པ་ནི། སྤྲུལ་སྐུའི་ལམ་ལུགས་འདི་སོ་སོའི་འདོད་བློར་བབས་མ་བབས་ཇི་ལྟར་ཡང་། དུས་ཡུན་རིང་པོ་ཞིག་ནས་ཡག་གཙོག་གི་གནས་ཚུལ་གཉིས་ཀ་འབྲེལ་ནས་ཡོད་པའི་བོད་ཀྱི་ཆོས་ལུགས་པའི་ལུགས་སྲོལ་ཞིག་རེད། ལུགས་སྲོལ་འདི་གནས་མ་གནས་ཇི་ལྟར་ཡང་འདིའི་བོད་ཀྱི་ནང་བསྟན་ལ་ཕན་གནོད་དེ་ཙམ་དེ་ཙམ་མེད་པ་ཞིག་ཡིན། མཁས་པ་ཚོས་ནང་བསྟན་ཆོས་ལུགས་བློ་གྲོས་ཀྱི་འཇལ་བ་དང་། བླུན་པོ་ཚོས་དད་པས་འཇལ་བ་དེ་མུ་འཐུད་མི་རབས་མང་པོར་གནས་རྒྱུ་རེད།
གལ་གནད་ཆེ་ཤོས་དེ་ཆོས་ལུགས་པ་ཞིག་ལ་མཚོན་ན་སོ་སོའི་སྒོམ་ཉམས་ལེན་བྱས་པའི་འབྲས་བུར་མྱོང་བ་འདྲ་མིན་བྱུང་བ་དེ་ཚོ་བླ་མས་བསྟན་ཐུབ་པ་དང་སློབ་མས་དོན་རྟོགས་པ་དགོས་རྒྱུ་དེ་དང་། བོད་ཀྱི་སྐད་ཡིག་ནང་གནས་པའི་ཆོས་ལུགས་པའི་གནད་དོན་འདི་ཚོ་བོད་མའི་རིགས་གཞུང་ངམ་བོད་ཡིག་གི་ཁྱད་ཆོས་ཞིག་ལ་ངོས་འཛིན་དགོས་པ་ལས། རང་ཉིད་ཆོས་ལུགས་པ་ཡིན་མིན་དང་དད་པ་ཡོད་མེད་ལ་གཞི་བཅོལ་བ་མ་ཡིན་པའི་ཡར་ཐོན་གྱི་བསམ་བློ་དགོས་རྒྱུ་དེ་གལ་ཆེན་པོ་རེད།
ཆོས་ལུགས་པ་དང་ཆབ་སྲིད་པ་སོགས་མདོར་ན་འཇིག་རྟེན་གྱི་ཁམས་འདིར་མི་ཡག་སྡུག་གཉིས་ཀ་གནའ་ནས་ཡོད་ལ་མུ་འཐུད་ཡོང་རྒྱུ་ཡིན་པས། ཡོངས་ཁྱབ་ཀྱི་ལྟ་ཚུལ་དེ་ནས་བལྟས་ན་ཆོས་སམ་ཆབ་སྲིད་གང་དུའང་ཡག་སྡུག་གི་གནས་ཚུལ་གང་ལ་ཡང་ཧང་སང་རྒྱུ་ཡེ་མེད་པ་དེ་རེད། ཧང་སང་རྒྱུ་ངོ་མ་དེ་བོད་མི་རིགས་འདི་ད་དུང་སྐད་ཆ་ཆུང་ཆུང་འདི་འདྲ་བ་རེ་བཤད་ནས་ང་ཡག་ཁོ་གཙོག་གི་འཇུག་སྒྲིལ་རྒྱུ་མེད་པའི་ཀླད་པ་ཆུང་དྲག་ནས་གཉོག་དྲ་ཆ་ཚང་ཆེན་པོ་མཐོང་རྒྱུ་འདི་རེད།
གྲོགས་པོ་ཚོ་ཇི་སྲིད་མིའི་སྤྱི་ཚོགས་འདི་སྤྱི་ཚོགས་ཀྱི་ངོ་བོར་གནས་པ་དེ་སྲིད་དུ་དེ་ཡི་ནང་བཟང་ངན་གྱི་གནས་ཚུལ་མུ་འཐུད་བྱུང་བར་ངེས་པ་དང་། དེ་ཡང་བཟོད་གསན་དང་གྲོས་མོལ་ཁྲིམས་ལུགས་དང་དྲང་བདེན་ཁོ་ན་ལས་ལམ་གཞན་མེད་པར་ཡིད་ཆེས་དགོས་པ་དེ་སྒྲོ་གླེང་ཐམས་ཅད་ཀྱི་སྨང་གཞི་ཡིན།
ནོར། བཅོས།
ཁོ་གཅོག ཁ་བཙོག
གཉོག་དྲ། རྙོག་གྲ
བཟོད་གསན། བཟོད་བསྲན།
སྒྲོ་གླེང་། བགྲོ་གྲེང་།
རྨང་གཞི།
ཨ་དབྱངས་རིན་པོ་ཆེའི་སྲས་དཔལ་ཆེན་རྒ་ལོའི་སྤྲུལ་སྐུའི་ཡང་སྲིད་ཡིན་པ་ངོས་འཛིན་གནང་མཁན་༧དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་རེད་ཞེས་དྲི་མཁན་འདི་ཨ་དབྱངས་རིན་པོ་ཆེན་གྱི་རྒྱུགས་ཁྱི་ཞིག་ཡིན་པར་བསམས། ཨ་དབྱངས་རིན་པོ་ཆེ་ཁོ་རང་གི་ནང་མི་དང་འབྲེལ་འགྲིས་ཆེ་བ་རྣམས་ལ་ལྷ་སྲུང་རྩི་མ་རིས་ལུང་བསྟན་
གནང་ཚུལ་གསུངས་པ་ལས་ཁྱོད་ཀྱི་བཤད་པ་བཞིན་མ་ཐོས།