—-ནམ་མཁའ།
དེ་རིང་སྲིད་སྐྱོང་བདམས་ཐོན་ཐེངས་དང་པོའི་དམ་འབུལ་གྱི་ཉིན་མོའི་མཛད་རིམ་དགུ་བ་སྟེ། ཆེས་མཐོའི་ཁྲིམས་ཞིབ་ལྷན་ཁང་གི་ཁྲིམས་དཔོན་དང་། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་སོགས་ཀྱིས་སྲིད་སྐྱོང་མཆོག་ལ། རྟེན་འབྲེལ་གྱི་འཚམས་འདྲིར་དྭངས་གཙང་གི་ཁ་བཏགས་དཀར་བོ་ཕུལ་བ་དེ་རེད། ཁྲིམས་དཔོན་མཆོག་གིས་སྲིད་སྐྱོང་ལ་ཁ་བཏགས་འབུལ་སྐབས་མི་དམངས་ཀྱི་ཁྲོད་ནས། དེ་ཙམ་གྱིས་དགའ་བསུའི་ཐལ་སྒྲ་དང་འུར་སྒྲ་ཆེན་པོ་མི་འདུག་མོད། འོན་ཀྱང་དཔལ་ལྡན་ཚོགས་གཙོ་མཆོག་གིས་དཔལ་ལྡན་སྲིད་སྐྱོང་ལ་ཁ་བཏགས་འབུལ་སྐབས། མི་དམངས་ཁྲོད་ནས་དགའ་བསུའི་ཐལ་སྒྲ་དང་འུར་སྒྲ་ཤུགས་ཆེན་བརྒྱབ་པ་མ་ཟད། དཔལ་ལྡན་སྲིད་སྐྱོང་དང་དཔལ་ལྡན་ཚོགས་གཙོ་རྣམ་པ་གཉིས་ཀྱི་ཞལ་རས་ལས་ཀྱང་མི་སེམས་འགུགས་ཐུབ་པའི་འཛུམ་མདངས་མངོན་གྱི་འདུག་པས། འདི་ནི་ཕྱིའི་རྣམ་པ་ལ་ལྟས་ནས་བཤད་ན་དགའ་སྤྲོ་སྐྱེས་འོས་པ་ཞིག་རེད།
དེ་བས་ཀྱང་ཡིད་སྤྲོ་ཞིང་སེམས་སྨྲེང་བ་ཞིག་ལ། ༧གོང་ས༧མཆོག་གཙོས་རྒྱ་གར་གྱི་སྐུ་མགྲོན་རྣམ་པ་དང་། བོད་ཀྱི་ཁྲིམས་དཔོན་ཟུར་བ་དང་བཀའ་ཟུར་བཀའ་བློན་ལས་ཐོག་རྣམ་པ་སོགས་འབྲེལ་ཡོད་ཀྱི་མི་སྣ་མང་པོ་ཞིག་གི་ཞལ་རས་ལས། ཞོགས་པའི་ཉི་འོད་རི་རྩེ་ནས་གསར་བ་འཆར་བ་ལྟར། སྤྲོ་ཉམས་ལྡན་པའི་འཛུམ་མདངས་ཀྱིས་ཁེངས་འདུག་པས།བདག་སེམས་དབང་མེད་དུ་འཕྲོག་པ་མ་ཟད། སེམས་གཏིང་ཞིག་ནས་ཡིད་སྨྲེངས་སུ་བཅུགས་སོང་། གལ་སྲིད་རྩོམ་ཐུང་འདི་ཀློག་མཁན་ཚོ་ཡིད་མི་ཆེས་ཚེ། རྩོམ་བྱང་འོག་ཏུ་བཞག་ཡོད་པའི་འདྲ་པར་འདིར་གསལ་བོར་གཟིགས་དང་ཤེས་ཐུབ།
ཡིན་ན་ཡང་། ༧གོང་ས༧མཆོག་གཙོས་མཛད་གཙོ་རྣམ་པ་དང་། མི་དམངས་ཀྱི་དགའ་བའི་འཛུམ་མདངས་ཀྱིས་དྲངས་བའི་དགའ་བསུའི་ཐལ་སྒྲ་དང་འུར་སྒྲ་ཤུགས་ཆེན་ཞིག་ཡོང་དགོས་དོན་ཅི་ཡིན་ནམ། དྲི་བ་འདིའི་ཕྲན་བསམ་གཞིགས་ཀྱི་ཀློང་དུ་ཁྲིད་སོང་། འདི་ནི་སྲིད་སྐྱོང་བློ་སེང་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེ་མ་ཡིན་པར། སྲིད་སྐྱོང་བློ་སེང་དང་ཚོགས་གཙོ་སྤེན་ཚེ་གཉིས་ཀྱིས་༧གོང་ས་༧མཆོག་དང་མི་དམངས་ཀྱི་མིག་མདུན་དུ་འགྲིག་མཐུན་ནམ་ཆིག་སྒྲིལ་གྱི་རྣམ་པ་དེ་རེད།
ཟླ་བ་ཁ་ཤས་ཀྱི་ཡར་སྔོན་འོས་བསྡུ་ཆེན་མོའི་སྐབས། ཁོང་གཉིས་ཀྱིས་སྲིད་སྐྱོང་གི་རྐུབ་སྟེགས་འཕྲོག་རྩོད་ཀྱི་དབང་གིས། བོད་མི་ཆིག་འབུམ་ཕྱེད་ལྷག་གིས་གྲུབ་པའི་ཆོལ་གསུམ་ཆིག་སྒྲིལ་གྱི་ཁ་བཏགས་དཀར་བོའི་སྟེང་། རང་རྒྱལ་གཞན་ཕམ་གྱི་ཚིག་རྩུབ་ཀྱི་འདམ་རྙོག་བྱུགས་པས། བོད་གཞི་བྱེས་གཉིས་ཀྱི་མི་དམངས་མང་པོ་ཞིག་དང་༧གོང་ས༧མཆོག་ལ་ཐུགས་ཕམ་བཟོས་པ་དེ་རེད། ཁོ་རང་གཉིས་ཀྱི་ལག་ཏུ་འདམ་རྙོག་འཇོག་མཁན་གཙོ་བོ་དེ། གྲོས་ཚོགས་ར་བའི་ནང་གི་ཚོགས་གཙོ་གཞོན་མ་ཡིན་པར་སྤྱི་འཐུས་དཀྱུས་མ་ཚོ་རེད། གྲོས་ཚོགས་ར་བའི་ནང་གི་སྤྱི་འཐུས་དཀྱུས་མ་འདི་ཚོས་ཆོལ་ཁའི་འཐེན་ཁྱེར་གྱི་ན་ཚ་གྲོས་ཚོགས་ནང་ཁྱེར་འོང་སྟེ། འདམ་རྙོག་ཅི་ལྟར་གཡོ་དགོས་མིན་བསམ་བློ་གཏོང་རྒྱུ་མ་གཏོགས། བཀའ་ཤག་གི་འཛིན་སྐྱོང་གི་ལས་དོན་ཕྱོགས་ལ་དྲི་བ་གཏོང་ཤེས་མཁན་ཞིག་ཀྱང་མེད་ལ། དེའི་ཕྱོགས་ལ་བགྲོ་གླེང་གནང་ཤེས་མཁན་ཞིག་ཀྱང་མེད་པས། གྲོས་ཚོགས་ནང་གི་འཐུས་མི་ཕལ་བ་ཚོའི་ཆོལ་ཁའི་འཐེན་ཁྱེར་གྱི་འདམ་རྙོག་འདིས་ད་ཐེངས་ཀྱི་འོས་བསྡུ་ཆེན་མོའི་སྐབས། ཆིག་སྒྲིལ་གྱི་ཁ་བཏགས་དཀར་བོའི་སྟེང་། སྲིད་སྐྱོང་གི་འོས་མི་བློ་སེང་དང་སྤེན་ཚེ་གཉིས་ཀྱིས་ས་གཞི་ཆེན་མོ་ས་ཡོམ་བརྒྱབ་པ་ལྟ་བུའི་རི་མོ་དངོས་སུ་བྲིས་སྟབས། མི་དམངས་ཀླད་མེད་སྐོར་ཞིག་རི་བོང་ཅལ་འདྲོགས་ཀྱི་རྣམ་ཐར་བསྐྱངས་ཡོད།
རྒྱུ་མཚན་འདི་འདྲ་ལ་བརྟེན་དེ་རིང་༧གོང་ས་༧མཆོག་གིས་བསྟན་པ་མགོ་ནས་བཤིགས་ཟེར་བ་ལྟར། ཆོལ་ཁའི་འཐེན་ཁྱེར་མགོ་ཁྲིད་མཁན་ཚོས་བྱེད་ཀྱི་འདུག་ཅེས་གསུངས་པས། དེ་རིང་གི་མཛད་སྒོའི་སྟེང་གི་སྲིད་སྐྱོང་བློ་སེང་དང་ཚོགས་གཙོ་གཉིས་གཙོས་ལས་ཀྱི་སྣེ་མོ་བ་ཚོས། དཀར་གཙང་གི་ཤོག་བུ་དཀར་བོའི་སྟེང་ཆིག་སྒྲིལ་གྱི་རི་མོ་གསར་བ་འབྲི་ཐབས་ཅིས་ཀྱང་འབད་དགོས་ལ། དེ་ཡང་ཕྱིའི་རྣམ་པ་ཁོ་ནས་སྟེང་ནས་མ་ཡིན་པར། སེམས་གཏིང་ནས་སྨྱུག་གུ་གསར་བ་བཟུང་སྟེ་འབྲི་དགོས་པ་དེ་རེད།
ཁོང་ཚོས་མིག་དཔེ་བལྟ་འོས་བའི་དཔེ་མཚོན་ཞིག་ལ། བོད་ནང་གི་མཚོ་སྔོན་བརྙན་འཕྲིན་ཁང་གིས་སྣེ་ཁྲིད་དེ། བོད་ཆོལ་གསུམ་གྱི་གླུ་བ་གླུ་མ་ཚོ་དང་མདོ་འཛིན་པ་ཡོངས་ཀྱིས་ཆིག་སྒྲིལ་དང་མཉམ་རུབ་ཀྱིས་སྤྲོ་ཚོགས་བསྡུ་བཞིན་པ་འདི་མིག་དཔེ་བལྟ་ས་ཞིག་ཡིན་པས། དེ་རིང་གི་མཛད་སྒོའི་ཐོག་སྲིད་སྐྱོང་དང་ཚོགས་གཙོ་གཉིས་ཀྱིས་ཕན་ཚུན་ལག་པ་བཏང་སྟེ། འཛུམ་མདངས་ཕྱི་རུ་མངོན་པ་དེ་ཡང་སེམས་པ་ཕན་ཚུན་འདྲེས་ནས་ལག་པ་བཏང་ཡོད་པའི་རེ་བ་ཡོད།
རི་མཐོ་ས་གཙང་མི་བུའི། །སྐྱེ་སྔོན་ལས་དབང་བཙན་པོས། །ཆབ་སྲིད་དམངས་པ་འཕོས་པས། །འཕར་འབུབ་ནམ་མཁར་ཤོང་ཚད། །
ཁ་བཟོ་འཕེར་འདུག་ཟེར་ནས། ། ཨམ་དབུས་མི་བུ་རྣམས་ཀྱིས། །མིག་བཙུམ་གསོལ་རས་བཞིན་དུ། །འོས་ཤོག་སེངྒེར་འཕངས་སོང་། །
ཕོ་མགོ་ཡག་འདུག་ཟེར་ནས། །ཨམ་དབུས་མོ་བཙུན་རྣམས་དང་། །ཕ་ཡུལ་ཞེན་ཅན་རྣམས་ཀྱིས། །མཐོན་པོའི་ཁྲི་ལ་བསྐྱལ་སོང་། །
དུས་ཡུན་གང་ཙམ་རིང་ལ། །སྐུ་དྲག་གསར་པ་འཁྲབ་སོང་། །ཕྱི་རྒྱལ་ཡོད་ཚད་བསྐོར་སོང་། །འགྲོ་སོང་ཕངས་མེད་བཏང་སོང། །
མ་རབས་ཆེ་རང་དྲགས་ནས། །ཡ་རབས་ཅན་རྣམས་མ་དགྱེས། །གངས་སྐྱིད་ལས་བྱེད་རྣམས་ཀྱིས། །ལྐོག་ལབ་ཤུབ་ཤུབ་སྨྲས་སོང་། །
བདེ་ཆོས་འུ་རང་ཐུག་སྟེ། །ཆ་རྐྱེན་དགུ་མ་བསྒྲགས་སོང་། །བསྒྲགས་དང་མ་བསྒྲགས་མི་འདུག །རང་དམའ་རང་གིས་ཕབ་སོང་། །
དབུས་གཙང་ཀླད་སྟོང་རྣམས་ཀྱིས། །སྤེན་ཚེ་གནམ་ལ་བཀྱགས་སོང་ ། །བཀྱགས་དང་མ་བཀྱགས་མི་འདུག །སུམ་སྟོང་ཧེ་བག་ཤོར་སོང་། །
འཁྲུག་པའི་རུ་གླིང་འཛིངས་སོང་། །སྤྱི་འཐུས་ནང་ལ་འཛིངས་སོང་། འདམ་རྙོག་བྱུགས་རེས་མ་ཚད། རྟུག་པ་བྱུགས་གྲབས་བྱས་སོང་། །
ཁེངས་གཏམ་གནམ་ས་འབིར་བས། །རྒྱལ་བའི་དགོངས་པར་མ་འབབ། །གནས་ཆུང་ཆོས་རྒྱལ་ཆེན་པོས་མནའ་ཆུ་བླུད་དགོས་བྱུང་སོང་། །
ཚེ་རིང་མཆེད་སྔ་བཞེངས་ཏེ། །གདོན་སྒྲོལ་དྲག་པོ་མཛད་པས། །འབྲོང་ཆུང་ར་རྩེར་ཕོག་ཅེས། །བཟང་སྤྱོད་བསྣམས་ཏེ་ཕེབས་སོང་། །
དཔལ་འབྱོར་བཀའ་བློན་རྒད་པོ། གཞུང་དྲང་སྙིང་ལ་བཅངས་ཤིང་། །ལས་རོགས་སྤྲེལ་ལད་མ་བཟོད། །སྐབས་ཤིག་རྙི་ལ་ཐེབས་སོང་། །
དེ་མཚམས་དཔའ་འཁུམ་གཉའ་ཆག །ངན་འཆར་ཡོད་རྒུ་འཁྲུགས་སོང་། །
ཨ་རི་དོན་གཅོད་འཁྲུགས་སོང་། །རྒྱ་རིགས་འབྲེལ་མཐུད་འཁྲུགས་སོང་། །
དོན་གཅོད་གནས་སྤོས་འཁྲུགས་སོང་། །རང་ཤོག་ཡར་འཐེན་འཁྲུགས་སོང་། །ལྡི་ལི་དོན་གཅོད་འཁྲུགས་སོང་། །བཀའ་བློན་གསར་འདེམས་འཁྲུགས་སོང་། །
བརླག་སོང་མ་ལ་བརླག་སོང་། །གཏམ་བཟང་གཏམ་བཟང་བརླག་སོང་། །སྟོར་སོང་ཡ་ལ་སྟོར་སོང་། །ལྷིང་འཇགས་པོ་ལགས་སྟོར་སོང་། །
མ་འོངས་ལོ་ལྔའི་གནས་ཚུལ། །ད་ནས་རིམ་དགོད་ཞུས་ཆོག །
བབ་བརླིང་བརྟན་གསུམ་དགོས་སོ། །མི་དབང་སྲིད་སྐྱོང་ཆེན་མོ། །
གཟི་བརྗིད་ཕྱི་ཤུན་ཅན་གྱི།།
བཀའ་ཤག་ཁོག་པ་སྟོང་པས།།
འཐུས་ཤོར་མང་པོ་བཏང་བར།།
རྒྱལ་བས་བཀའ་བཀྱོན་གནང་སོང་།།
གནས་ཆུང་ཆོས་སྐྱོང་ཁྲོས་ནས།།
རྡོ་རྗེའི་མནའ་ཆུ་བླུད་སོང་།།
སྲིད་སྐྱོང་བློ་བཟང་སེང་གེ།
ད་ནི་བསྟན་པ་མ་བཤིག།
གྲུབ་འབྲས་རེ་བ་བཟུང་མེད།།
འཐུས་ཤོར་མ་བཏང་ཆོག་པ།།
བྱས་རྗེས་འཇོག་པའི་རེ་བ།།
ན་ནིང་སེམས་ནས་ཤི་སོང་།།
རང་ལུས་མེར་སྲེག་བཏང་བའི།།
དཔའ་བོའི་པུར་གྱི་སྟེང་ནས།།
གཞས་བཏང་ཞབས་བྲོ་འཁྲབ་པར།།
ད་དུང་ཡིད་ཐང་ཆད་ཡོད།།
༅༅། སྲིད་སྐྱོང་དམ་འབུལ་མཛད་སྒོའི་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་
ཕེབས་ནས་བཀའ་སློབ་གནང་བའི་ནང་སྐབས་བསྟན་པ་མགོ་ནས་བཤིགས་པ་དང། ཡ་རབས་བཟང་སྤྱོད་ཉམས་ཀྱི་ཡོད་པ།
ཐུགས་ཕམ་བྱུང་བ་། ཆོལ་གསུམ་བོད་མི་རྣམས་སྐྱིད་ན་སྐྱིད་མཉམ་དང། སྡུག་ན་སྡུག་མཉམ་གྱི་ཆིག་སྒྲིལ་གོང་བུ་གཅིག་ཏུ་སྒྲིལ་དགོས་སྐོར་གསུངས་པར་སེམས་གཏིང་ནས་སྐྱོ་སོང།
བསོད་ནམས་མེད་པའི་བོད་པ་ཚོར་ག་ཚོད་བསླབ་བྱ་བརྒྱབ་ཀྱང་སེམས་ནང་ནས་ཡལ་འགྲོ་བ་ནི།
བསོད་ནམས་མེད་པའི་རྟགས་རེད་མ་གཏོགས་གཞན་ཅི།
སྤེན་ཚེ་ལོ་ཉི་ཤུ་ལས་ཀ་བྱེད་ཡིན་སྐོར་མ་ཎི་བགྲང་བགྲང་བཤད་སོང་བ་མཐའ་མ་དེ་ལ་གོང་ས་མཆོག་ཐུགས་ཕམ་བཟོས་སོང་བ་ཤིན་ཏུ་བློ་ཕམ། རྐང་རྗེས་ལག་བསུབ་ཟེར་བ་དེ་འདི་ལ་ཟེར།
ད་འཕགས་ཡ་ཅི་ཡོད་ས་མ་རེད།
འཕགས་དང་མ་ཕགས་མི་འདུག། རྒྱལ་བའི་དགོངས་པ་དཀྲུགས་སོང།
བཟང་སྤྱོད་ཀུན་སྤྱོད་མི་འདུག། གདོང་ལ་པགས་པ་མི་འདུག།
གཟབ་དགོས་བློ་སེང་གཟབ་དགོས། རྒྱུན་དུ་བློ་ལ་འཛིན་དགོས།།
རྒྱལ་བའི་གསུངས་པའི་བསླབ་བྱ།། ནམ་ཡང་སེམས་ནང་འཇགས་དགོས།།
དམིགས་བསལ་སྲིད་སྐྱོང་གིས་དམ་འབུལ་སྐབས་༧གོང་ས་མཆོག་གི་སྲིད་སྐྱོང་གི་སྐོར་ལ་བཀའ་སློབ་གང་ཡང་གསུང་མ་སོང་བ་རྒྱུ་མཚན་མེད་པ་ག་ལ་ཡིན། སྐྱིད་སྐྱོང་བློ་བཟང་སེང་གེའི་མིང་ཙམ་ཡང་གསུང་མ་སོང་།
སྐུ་ཞབས་སློབ་བཟང་སངས་རྒྱས།།
སྲིད་སྐྱོང་ཁྲི་ལ་ཕེབས་ཁར།།
༧རྒྱལ་བ་དོན་གྱི་བདག་པོ།།
བོད་ལ་གདན་འདྲེན་ཞུ་ཟེར།།
ཕྱི་ལ་བསྒྲུབ་རྒྱུ་མེད་པར།།
ནང་ལ་འུར་སྒྲོག་བྱས་པས།།
སྐྱ་སེར་ཕོ་མོ་མང་པོས།།
སྐུ་སྲོག་མེ་ལ་བསྒྲོན་སོང་།།
ཤེས་ཡོན་གལ་ཆེན་ཡིན་ཟེར།།
སྲིད་སྐྱོང་སློབ་ཡོན་བཟོས་སོང་།།
དུས་ཡུན་ལོ་ལྔ་མ་འགོར།།
བོད་ཡིག་རིན་ཐང་བཅག་སོང་།།
བོད་སློབ་འཛིན་ཚོགས་ཁོངས་ནས།།
སློབ་གྲྭ་རྩིས་ལེན་བྱ་ཚུལ།།
འགྲུབ་རྒྱུ་མེད་པར་བསྒྲགས་པས།།
དགེ་སློབ་མང་པོའི་གནས་སྟངས།།
ཡ་ང་ཡིད་ཆད་ཆགས་ཡོད།
༧རྒྱལ་བ་བོད་ལ་ཕེབས་པའི།།
ལམ་ཀ་འཚོལ་རྒྱུ་ཕར་ཞོག།།
རྒྱ་བོད་འབྲེལ་མོལ་བྱེད་པར།།
ངོ་ཚབ་གཅིག་ཀྱང་མེད་སོང་།།
རིས་མེད་འགྲོ་བའི་དོན་དུ།།
དུས་འཁོར་དབང་ཆེན་ཞུས་སོང་།།
ཡར་མར་མང་པོ་བཤད་ནས།།
དུས་དབང་ཕྱིར་བསྡུ་གནང་སོང་།།
ཉེ་རིང་ཆགས་སྡང་དབང་གིས།།
གཉེན་ཉེ་བཀའ་བློན་བསྐོས་སོང་།།
ལོ་ལྔ་མ་འགོར་གོང་ལ།།
བཀའ་ཆད་གནམ་ནས་ཕབ་སོང་།།
དམ་སྲི་དོལ་རྒྱལ་ཚོགས་པའི།།
ཚབ་བྱེད་ཕྱི་རྒྱལ་རྒན་མོར།།
༧རྒྱལ་བའི་མདུན་ལ་བཅར་ནས།།
ངོ་རྒོལ་བྱེད་སྐལ་ལྡན་སོང་།།
ཕྱི་འབྲེལ་བཀའ་བློན་ཡོད་ཀྱང་།།
ཕྱི་འབྲེལ་དབང་ཚད་མེད་པས།།
ཨ་ཆད་ཨུ་ཐུག་ངང་ནས།།
དགོངས་པ་ཞུ་དགོས་བྱུང་སོང་།།
བོད་ལྗོངས་ལྷ་མི་གཉིས་ཀ།།
ཐུགས་ཕམ་བྱུང་སོང་བསམ་ནས།།
དམ་གཙང་ལྷགས་བསམ་ལྡན་པ།།
འབྲོང་ཆུང་དགོངས་ཞུ་གནང་སོང་།།
ནང་སྲིད་རྒྱ་རི་སྒྲོལ་མ།།
རྡི་ལི་དོན་གཅོད་ཆགས་ཆེད།།
སྲིད་སྐྱོང་སློབ་བཟང་སངས་རྒྱས།།
ཡག་པོ་ཡོད་རབས་བསྒྲགས་སོང་། །
ཤེས་རིག་དངོས་གྲུབ་ཚེ་རིང་།།
ཨ་རིའི་དོན་གཅོད་ཆགས་ཆེད།།
སྲིད་སྐྱོང་སློབ་བཟང་སངས་རྒྱས།།
ཡག་པོ་ཡོད་རབས་བསྒྲགས་སོང་།།
རྒྱ་རིགས་འབྲེལ་མཐུད་དྲུང་འཕར།།
ཀུན་དགའ་བཀའ་འགུགས་གནང་ནས།།
འབའ་བ་སྐལ་བཟང་རྒྱལ་མཚན།།
ཚབ་ལ་བསྐོ་འཆར་ཡོད་ཀྱང་།།
གོ་སྐབས་ལས་ཀྱིས་འཕྲོག་སོང་།།
རང་ཁ་རང་གསོ་དགོས་ཞེས།།
འབྲུག་སྒྲ་ཡང་ཡང་བསྒྲགས་ཀྱང་།།
ལོ་ལྔའི་དུས་ཡུན་ནང་ལ།།
གཞན་གྱི་སྐྱོབ་གསོ་སློང་རྒྱུ།།
སྔར་ལས་མང་བ་ཆགས་སོང་།།
ཁྲི་ལ་དང་པོར་འཁོད་སྐབས།།
༧རྒྱལ་བའི་དགྱེས་ཞལ་བསྟན་སོང་།།
ཁྲི་ལ་གཉིས་པ་འཁོད་སྐབས།།
༧རྒྱལ་བར་ཐུགས་ཕམ་བྱུང་འདུག། །
བོད་སྐྱོང་ལྷ་སྲུང་རྣམས་ཀྱིས།།
ཁྲོས་བའི་ལུང་བསྟན་གནང་བྱུང་།།
བསམ་ཤེས་བོད་མི་ཡོངས་ཀྱིས།།
ཡིད་སྐྱོའི་དབུངས་རིང་འབྱིན་བྱུང་།།
དཀར་སྐྱོང་ལ་སྲུང་རྣམས་ཀྱིས།།
དཔུང་རོགས་གཡེལ་མེད་མཛད་རོགས།།
བོད་མི་བསམ་ཡོད་རྣམས་ཀྱིས།།
ཐུགས་བསམ་རྒྱ་ཆེ་བཞེས་རོགས།།
མི་མང་གིས་འོས་འདེམས་ཐོག་ནས་སླེབས་པའི་སྲིད་སྐྱོང་བློ་སེང་ལ་མཚམས་འདྲི་བཀྲིས་བདེ་ལེགས་ཞུ་དགོས་དང་དགོས། དམངས་གཙོ་ལམ་བུ་ཐོག་ནས་བསྐྱོད་ན་འདི་འདྲ་དགོས། ཕྲག་དྭོགས་ཅན་ཚོ་འདི་འདྲ་ལ་ཕྲག་དྭོགས་མི་ཟ་ཅི་ལ་ཟ། སུ་མ་དགའ་ན་སྡུག་གྱོང་རེད། བློ་སེང་མཆོག་གིས་མཛད་རྗེས་རྣམས་ཟླ་བ་ཡར་ངོ་བཞིན་གོང་འཕེལ་འགྲོ་དང་འགྲོ། དཀོན་མཆོག་མཁྱེན། བོད་མིའི་ལས་དབང་ད་དུང་རྫོགས་མི་འདུག་གོ། །།
དེ་རིང་༧ གོང་ས་མཆོག་གི་བཀའ་སློབ་ནང་འགོ་དང་པོར་སྲིད་སྐྱོང་ལ་མཚམས་དྲི་མི་འདུག མཐའ་མ་ཐུགས་རྗེ་ཆེ་མི་འདུག ༢༠༡༡ ལོའི་དམ་འབུལ་སྐབས་ཀྱི་དགྱེས་སྤྲོ་དེ་མི་འདུག ཧ་ཧ་
བློ་བཟང་སེང་གེ་སྙིང་རྗེ་སོང་། ལོ་ལྔ་དེ་འཐུས་ཤོར་སོང་མེད་ན། ད་ཚོད་བསྟོད་བསྔགས་རག་ཡོད་ངེས་ཀྱང་། དེ་མ་བྱུང་བ་རེད། ལོ་ལྔའི་རིང་ལ་ལས་དོན་མང་པོ་འཐུས་ཤོར་བཏང་། འོས་ཤོག་གི་ཆེད་དུ་ཧམ་པ་དང་སྐྱག་རྫུན་བཤད་ནས་མང་ཚོགས་ལ་མགོ་སྐོར་བཏང་བར་བརྟེན། གོང་ས་མཆོག་ཐུགས་ཕམ་དགོས་པ་ཞིག་བཟོས་ཡོད། དེ་ནི་མཛད་དཀའ་བཟོས་པ་ཞིག་ཆགས་ཡོད།
ཐུགས་ཕམ་དང་མི་ཕམ། གོང་ས་མཆོག་དང་སྲིད་སྐྱོང་གཉིས་ཀ་འདི་ལོར་ཐུགས་ཕམ་སོང།
སེང་ཞིག་ཡིན་ཐ ་བསམ་བྱུང་། སྐྲག་སྟེ་བསྐོར་ནས བྲོས་ཡིན། ཟུག་པའི་སྐད་ལ་ཉན་དུས། དབུགས་ད་འཚང་དགོས་མི་འདུག
རྒྱ་ནག་པའི་གློག་བརྙན་ཞིག་ཡོད་རེད། གློག་བརྙན་དེའི་མིང་ལ་་ལྷ་བསྐོས་རྡོ་རིང་གསེར་གྱི་མེ་ལོང་་་ཟེར་བ་རེད། དེའི་ནང་གི་རྒྱལ་པོ་དེ་ལ་བཙུན་མོ་གཉིས་ཡོད་རེད། དུས་ནམ་རྒྱུན་བཙུན་མོ་གཉིས་རྣམ་པ་མཛེས་པོ་དང་སྤྱོད་པ་ཡག་པོ་རེད་ཡོད། འགོ་རྒྱལ་པོ་ནས་འབངས་མི་སེར་གྱི་བར་དུ་མགོ་སྐོར་གཏོང་ཐུབ་ཆེད་དུ་སྤྱོད་པ་དང་རྣམ་པ་ཡག་པོ་སྟོན་ནས་བཙུན་མོའི་གོ་གནས་ཐོག་ཏུ་བསྡད་ཀྱི་རེད། བཙུན་མོ་རྣམ་གཉིས་ཆང་གིས་བཟི་ཚར་དུས་རྐུབ་ནས་རྔ་མ་ཐོན་འོང་གི་རེད། བཙུན་མོ་གཉིས་ཀྱི་རང་གཤིས་ངོ་མི་ཕྱི་ལ་ཐོན་འོང་གི་རེད།
དེ་དང་འདྲ་བ་བློ་སངས་དང་སྤེན་ཚེ་གཉིས་ཀྱིས་ནམ་རྒྱུན་འཆམ་མཐུན་ཡོད་མདོག་དང་ཆིག་སྒྲིལ་དགོས་མདོག་གི་ཟློས་གར་ཁྲབ་ཀྱི་རེད། འོས་བསྡུའི་སྐབས་སུ་རང་གཤིས་ངོ་མ་ཕྱི་ལ་ཐོན་པ་རེད། རང་གཤིས་ངོ་མ་ག་འདྲ་ཡིན་མིན་བཙན་བྱོལ་མི་དམངས་ཀྱི་སེམས་གསལ་པོ་ཡོད་ངེས་རེད་ད་་་་་ཧཧཧ
སྲིད་སྐྱོང་སློབ་བཟང་སངས་རྒྱས་ཡིས་སྤེན་ཚེ་སྤེལ་འཇམ་སྐུ་ཚབ་དོན་གཅོད་དུ་བཞག སླར་༧གོང་ས་མཆོག་ནས་སྤེན་ཚེ་ཨ་རིའི་དོན་གཅོད་དུ་བཞག་ན་ཡག་པོ་འདུག
ཨ་རི་ས་ཆ་གནད་འགག་ཅན་ཞིག་ཡིན་གསུང་ནས་སློབ་བཟང་གི་ལྐོག་ཇུས་ལམ་སློང་མ་བྱུང་
གནའ་མི་གཏམ་དཔེ་ལ། དཀར་པོ་དུང་གི་རང་མདངས་ལ། མཁྲིས་ནད་ཅན་གྱི་སེར་པོ་མཐོང་།ཟེར་བ་ལོས་བདེན་་་་་་་
སྲིད་སྐྱོང་བློ་སེང་ལགས་སུ་ཐོག་མ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ད་ལམ་སྲིད་སྐྱོང་བློ་སེང་ལགས་ནས་དོན་གཅོད་བསྐོ་བཞག་ཐད་ཁོང་གི་སྔ་ས་ནས་སོ་སོའི་ཕྱོགས་རྟོགས་རྣམས་བསྐོ་རྒྱུའི་བང་སྒྲིག་པ་དེ་དག་ལམ་ལྷོང་བྱུང་མིན་འདུག དཔེར་ན་ཤེས་རིགས་བཀའ་བློན་དངོས་གྲུབ་ཚེ་རིང་ལགས་ཨ་རི་དོན་གཅོད་དང་། དེ་བཞིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ལྡི་ལི་དོན་གཅོད་དུ་བསྐོ་བཞག་གནང་འཆར་ཡོད་ཀྱང་དེ་ལྟར་བྱུང་མེད་པ་གསལ་པོ་རེད། ཨ་རི་དོན་གཅོད་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་བསྐོས་ཟིན་པ་དང་ལྡི་ལི་དོན་གཅོད་དུ་བདེ་སྲུང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་སུ་རིང་མིན་བསྐོ་གཏན་འཁེལ་ཡོད། ཁོང་གི་བློ་གཏད་གྲོགས་པོ་སྤྱི་ཟུར་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་ཨ་རི་དོན་གཅོད་དུ་རྒྱ་རིགས་འབྲེལ་མཐུད་པར་བསྐོ་བཞག་གནང་འདོད་ཡོད་ཀྱང་དེའང་ལམ་དུ་མ་སོང་བར་དེ་སྔོན་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་སུ་བསྐོ་བཞག་གནང་ནས་གནས་སྤོས་གསལ་བསྒྲགས་གནང་ཟིན་འདུག ད་ཆ་སྲིད་སྐྱོང་བློ་སེང་ལགས་ནས་དེ་སྔོན་བཞིན་རང་གི་ཉེ་གྲོགས་དགའ་ཕྱོགས་རྣམས་ལ་སྒྲིག་འཛུགས་ཀྱི་ཆེས་མཐོའི་རྐུབ་སྟེགས་ཐོག་འཇོག་ཐབས་མུ་མཐུད་གནང་བཞིན་པ་ནི་དེ་སྔའི་ནོར་འཁྲུལ་ལ་བསླབ་བྱ་བླངས་འདོད་མེད་པ་གསལ་པོ་ཡིན། ཁོང་ནས་དེ་སྔ་ལྟར་མུ་མཐུད་གནང་ན་འཛིན་སྐྱོང་ཐད་དཀའ་ངལ་མུ་མཐུད་འཕྲད་རྒྱུ་ཡིན་པ་གདོན་མི་ཟ།
ད་ཐེངས་འོས་བསྡུས་ལས་རིམ་དང་འབྲེལ་ནས་བློ་སེང་གིས་རང་ངོ་ཟིན་ཡོད་པའི་རེ་བ་ཡོད།
ཡ་བཟང་གིས་ཡ། བོད་རྒྱལ་ལོ་།སྲིད་སྐྱོང་རྒྱལ་ལོ།
ཁྱོད་སྐྱག་རྫུན་མ་ཤོད་ཅིག ག་དུས་ཡིན་ཡང་མ་འགྲིགས་ཤིག་ཤིག ངས བྱས་ན་རྩོམ་ཐུང་འདི་རྟོགས་བཟོ་རེད། ཆབ་སྲིད་དཔྱད་བརྗོད་ནི་མ་རེད། ཟིང་འཁྲུགས་བསླངས་མཁན་གྱི་རྩོམ་ཐར་ཐོར་དེ་འདྲ་རེད་འདུག་་དེ་ལ་སོ་སོའི་དབུ་འཁྲིད་ལ་དཔུང་རོགས་བགྱིས། མདའ་འབེན་ལ་ཕོག་པ་གནང་རོགས།
ད་ཐེངས་འོས་བསྡུས་ལས་རིམ་དང་འབྲེལ་ནས་སློབ་བཟང་སངས་རྒྱས་གཉིད་ལས་སད་ཅིང་རང་ངོ་རང་གིས་ཟིན་ཡོད་པའི་རེ་བ་དང་ཡིད་ཆེས་ཅུང་ཟད་ཡོད།
ད་ལོ་འོས་བསྡུའི་ཁྲོད་ཟང་ཟིང་བཟོ་མཁན་ཟླ་ཚེས་འགོ་ཁྲིད་པའི་དབུས་གཙང་དབུས་རྒྱུན་དང་དེའི་རྗེས་སུ་རྒྱུག་མཁན་ཚོ་རེད། གོང་ས་མཆོག་དགོངས་པ་འཚོམས་ན་དེ་ཚོ་ལ་འཚོམས་དགོས་ཚོད་རེད། སྲིད་སྐྱོང་དང་ཚོགས་གཙོ་གཉིས་ཀྱིས་མཐུན་སྒྲིལ་དང་བཟང་སྤྱོད་གང་ཐུབ་གནང་སོང་བས་དགོངས་པ་འཚོམ་དོན་མི་འདུག