གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡ ཉིན་ཆབ་མདོ་ཀརྨ་ཤང་དུ་སྐུ་ལུས་མེར་མཆོད་ཕུལ་ཏེ་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ རོང་ཚ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་སྐུ་ལུས་མེར་མཆོད་མ་ཕུལ་གོང་། ཁ་ཆེམས་ཡི་གེ་ཁག་བཞི་བཞག་ཡོད་འདུག་པ་དང། ཡི་གེ་གཅིག་གི་ཕྱི་སྐོགས་ལ། ཀརྨ་དགོན་པའི་རྒྱ་སྒོ་ལ་སྦྱར་རོགས་ཞེས་བྲིས་ཡོད་འདུག ཡི་གེ་ཁག་བཞིའི་ནང་དོན་ཁག་གཤམ་གསལ།
༡༽ བོད་ཀྱི་ཁྱད་ཆོས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཡང་དག་པའི་ལྟ་བ་མ་ནོར་བར་ལེགས་ པར་འཛིན་སྐྱོང་བྱེད་པའི་ཀརྨ་དགོན་མཁན་བློ་གྲོས་རབ་གསལ་དང༌། རྣམ་སྲས་བསོད་ནམས། གྲྭ་བཙུན་ཐམས་ཅད་བཙོན་བཟུང་རྡུང་རྡེག་འདི་འདྲ་བཟོས་ན་ངེད་ཀརྨ་དགོན་མཁན་ སློབ་འབྲེལ་ཡོད་ཐམས་ཅད་སྡུག་བསྔལ་གྱིས་ཤི་ན་དགའ་འདུག ཅེས་ཕྲན་ལ་རྒྱ་འཛིན་པའི་ཐ་ཤལ་པ་བསྟན་འཛིན་ཕུན་ཚོགས་ནས་བྲིས།
སྤུན་ཟླ་ཚོ། སེམས་མ་ཕམ། དཔའ་མ་ཞུམ།
༢༽ བདག་གཞན་བརྗེ་བའི་ཆོས་གྲོགས་ཚོ། བསྟན་པ་འཛིན་པའི་མཁན་པོ་རྣམ་གཉིས་དང༌། གྲྭ་བཙུན་ཚོ་ལ་བསམ་མནོ་ཞིག་གཏང་དང། ཆོས་ལུགས་སྤེལ་མི་ཆོག་པའི་དབང་བསྡུས་ལ་ཡིད་ཆེས་འདུག་ལགས་སམ། བསྟན་འཛིན་ཕུན་ཚོགས་ནས་བྲིས།
༣༽ ཀརྨ་དགོན་ཆོས་གྲོགས་ཚོ། བསླབ་གསུམ་གྱི་མཁན་པོ་དང་གྲྭ་བཙུན་དེ་ཚོ་ལ་བསམ་ན་བསྡད་ན་ཅི་ཕན། ཡར་ལ་ལོངས་ཤོག རྙེད་བཀུར་ཆོས་བརྒྱད་གྲགས་པའི་རོ་རྣམས་ལ།། རི་དྭགས་དགྲ་ལ་འཇིགས་བཞིན་རབ་ཏུ་འབྲོས།། མནོག་ཆུང་ཚེ་འདིས་བསླུ་བ་མ་ནུས་པའི།། སངས་རྒྱས་མཉན་པའི་ཞབས་ལ་གསོལ་བ་འདེབས།། སྡུག་བསྔལ་གྱིས་ཁེངས་པའི་ཐ་ཤལ་བསྟན་འཛིན་ཕུན་ཚོགས་ནས་བྲིས།
༤༽ བོད་ཁམས་སྤྱི་དང་ད་ལོ་ཀརྨ་དགོན་པའི་སྡུག་བསྔལ་འདི་བསམ་ཚེ་བདག་འཇིག་རྟེན་ འདིར་བསྡད་ན་ཚེ་འགྲོ་ཐབས་མི་འདུག
བོད་གཞུང་གི་དྲ་བ་ལས་དྲངས།
དཔའ་བོ་ལགས། ཁྱེད་ཀྱི་དཔའ་ངར་གྱི་ལེགས་སྐྱེས་འདི་ང་ཚོའི་མ་འོངས་པའི་བུ་ཕྲུག་ཚོའི་སྤོབས་པ་དང་སྙིང་སྟོབས་ཡིན།། ཁྱེད་རྣམས་ཀྱི་བོད་ཁམས་ལ་བཞགས་པའི་མཛད་རྗེས་འདི་ང་ཚོའི་ཕ་རབས་ཚ་རྒྱུད་ཀྱི་སེམས་ཁམས་ལ་བཞེངས་པའི་ལོ་རྒྱུས་ཀྱི་རྡོ་རིང་གསོན་པོ་ཞིག་ལགས།།
ཐུ་བྷོད་ཀྱི་དཔའ་བོ་ལགས། ཁྱོད་ཚོའི་སྙིང་སྟོབས་ལ་སེམས་ཚེ་གཞན་ཡུལ་དུ་གྱར་བའི་ང་ཚོ་ངོ་གནོངས་ཆེན་པོ་འདུག
དཔའ་བོ་ཁྱོད་ཚོའི་མཚན་སྙན་སྒང་པ་བོད་ཀྱི་སྣོད་བཅུད་མ་འཇིག་པར་གསོན་པོར་གནས་ཤོག
ཁྱེད་ཀྱི་ཞལ་ཆེམས་ཀྱི་ཚིག་རེ་རེ་ང་ཚོས་བསམ་དགོས་པའི་བསླབ་བྱ་རེ་རེ་ཡིན། ཁྱེད་ཀྱི་སྙིང་སྟོབས་ཀྱི་དཔའ་ངར་དྲག་པོ་དེ། ངེད་བཙན་པོའི་གདུང་བརྒྱུད་ཀྱི་ཁྲག་དྲོན་ལོས་ཡིན།
དཔའ་བོ་ཁྱེད་ཀྱི་ཁ་ཆེམས་དག་ང་ཚོའི་སེམས་ནས་གཏན་དུ་འབོར་མི་སྲིད།
དཔའ་རྒོད་ལགས།
ཁྱེད་ཀྱི་ཚེ་སྲོག་ནི་བོད་གངས་ཅན་གྱི་ལ་རྒྱ་རེད།
ཁྱེད་ཀྱི་སྐུ་ཕུང་ནི་ཁ་བ་རི་བའི་དྲན་རྟེན་ཡིན།
ཁྱེད་ཀྱི་སྙིང་སྟོབས་ནི་བོད་མི་ཡོངས་ཀྱི་གསོན་ཤུགས་ཡིན།
ཁྱེད་ཀྱི་མཛད་རྗེས་དེ་བོད་རང་བཙན་ཐོབ་པའི་ས་བུན་ལགས།
བོད་ཁ་བ་ཅན་གྱི་ཁྱེད་དུས་ནམ་ཡང་བརྗེད་མི་སྲིད།
ཁྲི་ཏུས་གྲོང་ཆེར་གྱི་སློབ་གྲ་ཞིག་གི་ནང་རྒྱའི་སློབ་ཕྲུག་མང་པོས་བོད་ཀྱིས་སློབ་ཕྲུག་ཚོར་ཐུབ་ཚོད་བྱས་ཡོད་པའི་གནས་ཚུལ་འདི་ལྟར།
一场风一场梦: #群体事件频发#2011年12月14日晚上,成都郫县郫筒镇,成都铁路工程学校发生大暴乱,汉藏学生群殴,千多汉族学生围打藏族,藏族寝室被砸、学生被打,领导汽车、警车也被砸。 当局出动过百武警、特警镇压,许多学生被打伤。
ཀརྨ་དགོན་གྱི་གྲྭ་བསྟན་ཕུན་གྱི་སྐུ་ལུས་མེ་མཆོད་སྒྲོན་པར་སྙིང་ནས་གུས་འདུད་ཞུ།
དཔའ་བོ་ལགས་ཁྱེད་ཀྱི་རྒྱབ་ཏུ་ངེད་ཆོལ་གསུམ་ཡོངས་གྱི་སྤུན་ཟླ་རྣམས་ཡོད། ནམ་ཞིག་ཁྱོད་ཀྱི་གདོང་དམར་ལར་ཞེན་གྱི་བྱས་རྗེས་ལ་དྲན་གསོ་སྤུན་ཟླ་ཡོངས་ནས་པོ་ཏ་ལའི་ཐང་ཆེན་མདུན། གངས་ལྗོངས་ཀྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ཏེ་ཞུ་ངེས་པས་ཐུགས་བློ་བདེ་བར་བྱོས། རིས་མེད་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་དང་། དཔའ་བོ་ཁྱོད་ཀྱི་དམིགས་གསལ་ལྷ་སྐལ་རྒྱལ་དབང་ཀརྨ་མཆོག་རྣམ་གཉིས་མི་མངོན་པའི་དབྱིངས་ནས་ཁྱོད་ཀྱི་སྐྱེ་དང་ཚེ་རབས་ཀུན་ཏུ་དལ་རྟེན་རིམ་རྒྱུད་རྫོག་བྱང་ཐོབ་པའི་ཐུགས་སྨོན་མཛད་ངེས་སོ།
ཀརྨ་དགོན་གྱི་གྲྭ་བསྟན་ཕུན་ལགས་ཀྱི་སྐུ་ལུས་མེ་མཆོད་སྒྲོན་པར་སྙིང་ནས་མྱ་ངན་དང་གུས་འདུད་ཞུ། །
དཔའ་བོ་བསྟན་འཛིན་ཕུན་ཚོགས་ལགས་ལ་ཞུ་བ་ནི། ཁྱེད་ནི་འཇིག་རྟེན་འདི་ནས་ཁ་གྱེས་པའི་ཉིན་མོ་དེ་ནས་བཟུང་ཁྱེད་ཀྱིས་སྙིང་ནས་དོར་དཀའ་བའི་བཟའ་ཟླ་དང་བུ་ཕྲུག་རྣམས་པ། དེ་ལས་གཅེས་པའི་ཕ་མེས་ཀྱི་ཤུལ་བཞག་རྣམས་འབར་བའི་མེ་ལྕེ་དང་མཉམ་དུ་ཡལ་བ་ནི་ངའ་ིསེམས་ལ་བཟོད་ཤིན་ཏུ་ནས་དཀའ་བས་ངས་ཁྱོད་ལ་གླེན་པ་དང་། ལྐུགས་པ་ཞེས་མང་པོ་འབོད་དགོས་བྱུང། ད་དུང་ཁྱོད་ཀྱི་རེ་བའི་མེ་ལྕེ་ནི་ང་ཚོའི་སེམས་ཁམས་ན་ནམ་ཡང་ནུབ་མི་སྲིད། འབར་བའི་རེག་བྱ་ནི་བཟོད་པར་དཀའ་་་་་་་་་་་་གངས་ཅན་པའི་ལས་དབང།
དཔའ་རྒོད་ཀྱི་བཀའ་གསུངས། དངོས་ཡོད་སེམས་འཚོར། ངེས་དོན་གྱི་ཐུགས་བསམ་བཞེས་ཤིང་ངེས་བ་རྙེད་པའི་གསུངས་ཚིག་འདི་དག་མཆོད་པའི་གནས་སུ་མཆིས།
དཔའ་རྒོད་ཞིག་གིས་འདི་ལྟར་བོད་མི་ས་ཡ་དྲུག་གི་སྡུག་བསྔལ་མ་བཟོད་ནས་ཞལ་ཆེམས་དྲོན་མོ་ཞིག་གི་རྟ་ལ་ཞོན་ཏེ་བོད་མི་རིགས་ཀྱི་བདེན་དོན་གྱི་ཆེད་དུ་གཤེགས་པ་ང་ཚོའི་སེམས་ནང་གི་ནམ་ཡང་འགྱུར་མེད་ཀྱི་རྡོ་རིང་དེ་ཡིན་ལ། ཁོང་གི་ཞལ་ཆེམས་དེ་དག་ང་ཚོའི་སེམས་ཀྱི་དྲན་རྟེན་དུ་བཟུང་སྟེ་དཔའ་བོའི་རང་གཤིས་དེ་ནམ་ཡང་མི་འདོར་བར་ཕན་ཚུན་དང་ཕྱི་ནང་མཉམ་སྦྲེལ་གྱིས་མི་མཐུད་དུ་ང་ཚོ་བོད་གངས་ཅན་གྱི་ཕྱོགས་སུ་འགྲོ་ཡ།
དཔའ་བོ་ལགས་ཁེད་ཀྱིས་ཐུགས་འདོད་འགྲུབ་པའི་སྨོན་འདུན་ཞུ་
མཆོག་ཉིད་ཆོས་སྐུ་རྡོ་རྗེ་འཆང་གི་གོ་འཕང་རིན་པོ་ཆེར་འགོད་པའི་སྨོན་ལམ་དང་། ཁ་ཆེམས་རྣམས་ཡིད་རེ་བཞིན་འགྲུབ་པར་ང་ཚོ་བོད་མི་ས་ཡ་དྲུག་གི་བྱེད་ངེས་ཡིན།
དཔའ་བོ་བསྟན་འཛིན་ཕུན་ཚོགས་ལགས་ཁྱེད་འཇིག་རྟེན་འདི་ནས་ཞལ་ཆེམས་དང་བཅས་ཁ་གྱེས་དགོས་པ། སྲིད་དབང་སྒེར་སྤྱོད་པ་གུང་ཁྲན་གཞུང་གིས་སྡུག་རྩུབ་མ་བཟོད་པ་བོད་མི་ས་ཡ་དྲུག་གི་བདེ་དོན་ཆེད་རང་སྲོག་དོར་བ་ལས། དོན་མེད་ཀྱིས་རང་ཤི་རྒྱབ་པ་མིན་པ་ང་ཚོའི་སེམས་ནང་ནས་ནམ་ཡང་བརྗེད་མི་སྲིད་ལ་མི་རབས་རྗེས་མ་རྣམས་ཀྱིས་ཁྱེད་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་བཞུ་ངེས་རེད། ཁྱེད་ཀྱི་གཙོས་བོད་དོན་ཆེད་རང་སྲོག་ཤོར་བ་རྣམས་ངན་འགྲོའི་འཇིགས་པ་ལས་གྲོལ་ཏེ་རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་འཐོབ་པའི་སྨོན་འདུན་ཞུ།། །།