བསོད་ནམས་ནོར་བུ།
ནམ་རྒྱུན་ང་ལ་ you tube བརྒྱུད་བོད་ཀྱི་ན་གཞོན་གསར་པའི་དཔུང་སྡེ་མང་པོས་ཤེས་བྱ་དང་བསམ་བློ་གསར་པ་མང་པོ་གནང་གི་ཡོད་གཤིས། ང་རང་གོ་སྐབས་དང་པད་ཤག་ཡོད་དུས you tube བལྟ་བར་གོམས་གཤིས་དང་དགའ་མོས་ཆེན་པོ་ཤིག་ངང་གིས་ཆགས་ནས་འདུག དེའི་ཁྲོད་ཡིད་སྨོན་དང་། སྤོབས་པ། སེམས་ཤུགས་ཟབ་མོ་སྟེར་མྱོང་བའི་བོད་ཀྱི་སྨན་ཤར་སྣང་འགྲོ་མ་ཞིག་སྟེ། དེ་རིང་ང་རང་དངོས་སུ་ཨ་རིའི་ཧར་ཝར་ཌི་གཙུག་ལག་སློབ་གྲྭའི་སློབ་ཐོན་པ་བུ་མོ་བསྟན་འཛིན་བདེ་སྐྱིད་དང་ཐུག་འཕྲད་བྱུང་།
ཁོ་མོ་དང་པོ་ཨ་རིའི་རླུང་འཕྲིན་ཁང་གིས་བཅར་འདྲིའི་ཚན་པ་ཞིག་ you tube བརྒྱུད་ནས་མཐོང་ལ། སྐབས་དེར། ཁོ་མོས་མདོ་འཛིན་པར་ངོ་སྤྲོད་བྱས་པ་ལྟར་ན། ཁོང་ལྷོ་ཕྱོགས་ས་གནས་སྤེལ་ཀོབ་གཞིས་ཆགས་ནང་སྐྱེས་པ་དང་། ལོ་དགུ བོད་ཁྱིམ་སློབ་གྲྭར་ནས་གྲགས་ཅན་ཨ་རིའི་ཧར་ཝར་སློབ་གྲྭ་དང་། ཀེ་ལི་ཧྤོ་ཎེ་ཡ་གཙུག་ལག་སློབ་གྲྭར་འགྲིམ་ཞིང་། ད་ལྟ་ཨ་རིའི་ཕྱི་སྲིད་ལས་ཁུང་ནང་ལས་ཀ་བྱེད་མུས་སུ་བཤད། དེ་དུས་མོའི་སློབ་སྦྱོང་གི་བརྒྱུད་རིམ་དང་། མི་རིགས། བོད་དོན་ཐོག་བསམ་བློ་འཁྱེར་ཕྱོགས་སོགས་སྐད་ཆ་ཁ་ཤས་ཀྱིས་སེམས་ལ་བག་ཆགས་ཟབ་མོ་བསྐྲུན།
མདང་དགོང་སླར་ཡང་ you tube ན་སྐད་ཡིག་བགྲོ་གླེང་སྐོར་ཞིག་འདུག་པར་ལྷག་ཏུ་སེམས་འགུལ་ཐེབས་སུ་བཅུག་པ་ཞིག་རེད། སྐབས་དེར་ཁོ་མོས་བརྗོད་ན།
“ང་ཚོའི་ཕ་ཡུལ་རྒྱ་མིས་འཕྲོག་སྟེ་བརླག་སོང་ཡང་། ང་ཚོའི་སྐད་ཡིག་སུས་བརླག་ཅིང་མེད་པར་བྱེད་ཀྱི་ཡོད།”
དྲི་བ་དེ་ནི་བོད་མི་ཚོས་ནམ་ཡང་རང་གི་རང་ལ་གཏོང་དགོས་པའི་དྲི་བ་ཞིག་རེད། ཏག་ཏག་དོ་དགོང་སེ་ར་སྨན་ཁང་ནས་ཕྱིར་ཡོང་དུས་གྲོགས་ལམ་བཟང་གིས་གཞིས་གྲོང་དང་པོར་གཏམ་བཤད་ཡོད་རབས་གླེང་བས། དགོང་དྲོའི་ཁ་ལག་ཀྱང་མ་བཟས་པར་གྲོགས་པོ་ཁ་ཤས་དང་ལྷན་མཉམ་འགྲེལ་ཚོགས་ཁང་ནང་ཤར་མར་བསྐྱོད་པ་ཡིན། ཚོགས་ཁང་ནང་རྒྱལ་བའི་སྐུ་པར་འདྲ་མིན་དང་གྱང་ངོས་བོད་ཀྱི་རྒྱལ་དར་སོགས་ཀྱིས་སེམས་ལ་དགའ་སྐྱོ་འདྲེས་མའི་ཚོར་སྣང་ཞིག་སྟེར་བ་མ་ཟད། མིག་སྔར་སྒྲིག་ཆས་གོན་པའི་སློབ་ཕྲུག་མང་པོས་གཅིག་རྒྱབ་གཅིག་གིས་ཕྲེང་བསྒྲིགས་ནས་བསྡད་འདུག
ང་དང་གྲོགས་པོ་གཉིས་རྒྱབ་ལ་རྐུབ་སྟེགས་ཤིག་གི་ས་མིག་ཟིན་ནས་ངང་སྒུག་བྱས་ཏེ་སྡོད་དུས། ཁོ་མོ་ངོ་འདྲིས་ཤར་རེར་བོད་ཆས་སྟབས་བདེ་ཞིག་སྤྲས། མིག་ཤེལ་དཀར་པོ་ཞིག་གོན་ཏེ་འཛུམ་ཉིལ་ལེར་སླེབས་བྱུང་། དྲང་པོར་བཤད་ན། དོ་ནུབ་ཁོ་མོའི་དངོས་གཞི་ཆུ་ཚོད་ཕྱེད་ཀའི་གཏམ་བཤད་དེར་ཅུང་འཚབ་སྣང་དང་གོ་རིམ་སོགས་ཀྱི་དེ་ཙམ་བློ་ཁ་གང་མ་བྱུང་ཡང་། དེ་རྗེས་སློབ་ཕྲུག་ཚོའི་དྲི་བ་གང་འདྲ་དྲིས་ཀྱང་སྣང་ཆུང་དང་ཁྱད་གསོད་དབེན་ཞིང་། གནད་དུ་ཁེལ་བ་དང་། རྒྱས་བསྡུས་རན་པ། སེམས་ཚོར་གྱིས་ཕྱུག་པ་དུ་མའི་སྒོ་ནས་ལན་སྤྲད་པའི་སྣང་ཉམས་བྱུང་། གཏམ་བཤད་ལ་དཔེར་མཚོན་ན། “ང་ཚོ་བོད་ལ་ཡར་ཐོན་གྱི་རྒྱལ་ཁབ་གཞན་བཞིན་རྩེད་མོ་དང་དཔལ་འབྱོར་སོགས་ཀྱི་འཛམ་བུ་གླིང་ལ་མིག་དཔེ་བསྟན་རྒྱུ་མེད་ཀྱང་། ༧གོང་ས་མཆོག་གིས་མཚོན། ང་ཚོའི་རིག་གཞུང་དང་འབྲེལ་བའི་ཡ་རབས་སྤྱོད་བཟང་གི་གཤིས་ཀ་འདིས་འཛམ་གླིང་ལ་བླ་ན་མེད་པའི་མིག་དཔེ་སྟོན་གྱི་ཡོད་ཅིང་། འདི་ནི་ང་ཚོ་བོད་མི་རིགས་ཀྱི་དོན་དམ་པའི་སྤོབས་པ་དང་གཟི་བརྗིད་ཡིན་པས་ནམ་ཡང་ཉམས་རྒུད་ཤོར་མི་བཅུག་པར་མི་རབས་རྗེས་མ་ལ་མཁོ་སྤྲོད་གནང་ཐུབ་པ་བྱེད་དགོས་”ཞེས་དང་།
ད་དུང་ཁོ་མོས་གླེང་ན་”དེ་རིང་འདིར་སློབ་ཕྲུག་མང་པོས་བོད་སྐད་ནང་དབྱིན་སྐད་བསྲེས་ནས། ར་མ་ལུག་གི་སྐད་ཆ་མང་པོ་ཤོད་ཀྱིན་འདུག་པར་བསམས་ན། ང་ཚོའི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་དང་རྩིས་ཐང་ཆུང་རུ་སོང་བ་ལྟ་བུའི་ཚོར་སྣང་གིས་སེམས་ཕམ་བཅུག་པ་མ་ཟད། སེ་རར་མི་ཚོས་གང་བྱུང་གད་སྙིགས་མང་པོ་གཡུགས་སྟངས་ལ་བལྟས་ན་ང་ཚོས་ཁོར་ཡུག་སྣང་མེད་ངང་བདག་སྐྱོང་ཞན་པས་བློ་ཕམ་པ་བྱུང་སོང་།”ཟེར། མདོར་ན་ཁོ་མོས་སྐད་ཆ་བཤད་སྐབས་བཅོས་མའི་རྣམ་འགྱུར་དང་། ཡིན་མདོག་རྫུ་བག་གིས་མ་བསླད་པར་སེམས་ནས་གང་དྲན་ཁ་རུ་ཕུད་དེ་ལྷད་མེད་བྱིས་པ་ཞིག་གི་གཤིས་ཀ་རྗེན་པར་ངོམ་བཞིན། བོད་ཀྱི་ན་གཞོན་ཤེས་ཡོན་ཅན་ལ་རེ་བ་དང་། གསོན་ཤུགས། རྒྱལ་ཁ་སོགས་ཀྱི་ལེགས་སྐྱེས་མང་པོ་མང་པོ་ཞིག་གིས་གཏམས་པའི་གསུང་བཤད་གནང་སོང་།
31/ 12/ 2013/
བོད་སྐད་ནང་ལ་
ཨིན་སྐད་བསྲེས་པས་བོད་སྐད་ཉམས། །
གད་སྙིགས་གཡུགས་པས་ཁོར་ཡུག་ཉམས། །
བསྟན་འཛིན་བདེ་སྐྱིད་གཏམ་བཤད་དོན། །
བསོད་ནམས་ནོར་བུས་འདི་ནང་བཏུས། །
དགོངས་དག མཆན་བུ་དང་པོ་འདི། ནོན་ཐལ་ཤོར་འདུག
“ང་ཚོའི་སྐད་ཡིག་སུས་བརླག་ཅིང་མེད་པར་བྱེད་ཀྱི་ཡོད།” དགོངས་ལ། དགོང་། སྟེར་བར་མ་ཟད་ལ། སྟེར་བ་མ་ཟད། བཅུག་པར་མ་ཟད་ལ། བཅུག་པ་མ་ཟད། ཆུང་དུ་ལ། ཆུང་རུ། སོགས་པ་ཁ་སྐད་བཙན་པར་འཛིན་པས་་ཡིག་སྐད་ལ་སྒྱུར་བཅོས་གཏོང་བ་པོ་་དག་གིས་་བརླག་ཅིང་མེད་པར་བྱེད་ཀྱི་ཡོད།
“སེ་རར་མི་ཚོས་གང་བྱུང་གད་སྙིགས་མང་པོ་གཡུགས་སྟངས་ལ་བལྟས་ན་ང་ཚོས་ཁོར་ཡུག་སྣང་མེད་ངང་བདག་སྐྱོང་ཞན་པས་བློ་ཕམ་པ་བྱུང་སོང་།” བདེན་པར་མངོན་སུམ་དུ་མཐོང་། ༡༩༨༢ལོར་ལ་དྭགས་ཀླུ་འཁྱིལ་དགོན་པའི་ཕྱི་ལོགས་ཚང་མར་སློབ་གྲྭའི་བཙུན་ཆུང་རྣམས་ཀྱིས་གད་ཕྱིས་གཙང་མ་བྱས་པའིརྗེས་སུ། ཁོར་ཡུག་གཙང་མར་འཇོག་པ་ལ་ཀླད་མེད་ཅིག་གི་སྐད་ཁུངས་ནས་ལྕགས་ཊིན་སྟོང་པ་འཕངས་པ་མཐོང་། དིང་སང་སློབ་གྲྭ་འདིར་ཁོར་ཡུག་གཙང་མ་བྱེད་བཞིན་པ་ལ་སྐྱེ་བོ་ཁོར་ཡུག་གཙང་མ་འཇོག་པ་ལ་གོམས་པ་མེད་པ་རྣམས་ཀྱིས་ས་གནས་གང་དུ་ཇ་ལ་སོགས་པ་འཐུང་བའི་རྗེས་སུ་ས་ཆ་དེ་ཉིད་དུ་གྱིག་གི་སྤོར་པ་སོགས་འཕེན་པ་མ་གཏོགས། གད་སྙིགས་བླུག་སའི་སྒྲོམ་བཞག་ཡོད་པ་མིག་གིས་མཐོང་ཡང་། སྣང་ལ་མ་ངེས་པའི་བློ་ཤུགས་ཆེ་བ་ཡིན་འདུག རྒྱ་གར་སོགས་ཡུལ་གྲུ་མང་པོར་ཁོར་ཡུག་གཙང་མར་འཇོག་པ་ལ་བསླབ་བྱ་ཡང་དང་ཡང་དུ་བརྒྱབ་དགོས་སོ།
རྒན་མཆོག་གིས་བཅོས་བར་འདོད་ན། རྒྱུ་མཚན་དང་འགྲེལ་བ་བཀོད་ཤོག། དེ་མིན་སྔ་མ་ཚོས་ཅིག་ཅིག་མུག་མུག་ལ་བཀོལ་འདུག་ཟེར་ན། བྱ་ཕོ་རོག་གི་མྱིག་ལམ་ན། སྐྱག་པ་གསར་གྱི་མཆོད་རྟེན་དང་དཔེ་དོན་མཐུན་ནོ།
སྟེར་བ་མ་ཟད། བཅུག་པ་མ་ཟད། འདི་ལྟར་དུ་བྲིས་ན་སྐྱོན་ཅི་ཡང་མེད། སྐད་བརྡ་གང་ཡིན་ལ་མཐུན།
སྟེར་བས་མ་ཟད། བཅུག་པས་མ་ཟད། འདི་ལྟར་བྲིས་ན། གོང་གི་སྐད་ཀྱི་འགྲོས་དང་མཐུན་པའི་སྐད་བརྡ་གཉིས་ཡིན་པས་མ་ཚད་དེ་མ་ཡིན་པའི་རྒྱུ་མཚན་གཞན་ཞིག་ཡང་བཤད་རྒྱུ་ཡོད་བསྟན་པ་ཡིན་པས། འདི་ནི་ཤིན་ཏུ་འཐད།
(སྟེར་བར་མ་ཟད། བཅུག་པར་མ་ཟད།) འདི་ལྟར་བྲིས་ན། སྐད་དང་བརྡ་སྤྲོད་གང་ལ་ཡང་མི་མཐུན། འདི་འདྲའི་ལ་དོན་གྱིས་རྒྱུ་མཚན་འདྲེན་ཚུལ་ཞིག་སུས་ཀྱང་གསུངས་མེད། ཡིན་ན་ཡང་། འདི་ལྟར་ཡིན་རློམ་པའི་བླ་རྒན་ཁ་ཤས་ཡོད་ན་ཡང་། རྒྱུ་མཚན་འགྲེལ་མི་ཐུབ་པའི་སྔ་མའི་སྐྱོན་ཆ་ནི་སྤངས་བྱ་ཡིན།
ཞུ་ཆེན་པ་རྒན་ལ་དྭགས་ལགས། གྱིག་གི་སྤོར་པ་སོགས་འཕེན་པ་མ་གཏོགས། ཞེས་པར་འགྲེལ་ཞིག་གནང་རོགས།
གྱིག་གི་སྤོར་པ་་་ འདི། གྱིག་གི་ཕོར་པའམ། གྱིར་ཕོར་ཞེས་གསུངས་འདོད་པ་འདྲ།
དཔྱད་གཞིར།
སྟེར་བ་མ་ཟད་བཅུག་པ་རེད།
སྟེར་བར་ཡིད་མ་རངས་པ་རེད།
སྔར་སྟེར་བས་མ་ཟད། ད་དུང་དགོས་ཟེར།
གནམ་ལེགས། ཁྱེད་ཀྱི་བགྲོ་གླེང་ལ་བདག་མགུ།
“སྟེར་བ་མ་ཟད། བཅུག་པ་མ་ཟད། འདི་ལྟར་དུ་བྲིས་ན་སྐྱོན་ཅི་ཡང་མེད།” ཁྱེད་ཀྱི་ཞེ་འདོད་ཡིན་པས། ཁྱེད་ལ་སྐྱོན་མེད་ཀྱང་། བདག་ལུས་ཁམས་བཟང་བས་སྔོན་རྗེས་རྣམས་ཁ་ནས་འཐོན་པར་བྱས་ཏེ། བོད་ཀྱི་བརྡ་སྤྲོད་སྨྲ་བ་རྣམས་སྐྱི་གསུངས་པ་ལྟར་འབོད་པས། དེ་དག་ལ་ར་རྗེས་འཇུག་ཏུ་ཡོད་པ་སྤངས་པ་དེ་བདག་གི་རྣ་བ་སུན་པར་སྐྱོང་ཆེན་པོ་ཡོད།
་
མྱིག་ཅེས་པ་ཁྱེད་ཀྱི་ཁ་སྐད་དུ་ཡོད་ན། སྐད་གསར་བཅད་བྱས་པའི་སྔོན་གྱི་འབོད་སྟངས་དང་མཐུན་པས། སྐད་གསར་བཅད་ཀྱིས་སྐབས་སུ། ཡི་གེ་གང་གང་བཅད་པ་ཡིན། ལོ་རྒྱུས་ཤེས་པ་ལ་ཕན་པར་འགྱུར་རོ།
་
“(སྟེར་བར་མ་ཟད། བཅུག་པར་མ་ཟད།) འདི་ལྟར་བྲིས་ན། སྐད་དང་བརྡ་སྤྲོད་གང་ལ་ཡང་མི་མཐུན། འདི་འདྲའི་ལ་དོན་གྱིས་རྒྱུ་མཚན་འདྲེན་ཚུལ་ཞིག་སུས་ཀྱང་གསུངས་མེད།” འདི་ལ་གླེང་བར་བྱ་མང་བས། རེ་ཞིག་བཏང་སྙོམས་སུ་གཞག།
ཀ་རྡོ་གཉེར་ཕྱག་པ་མཆོག་གིས་བདག་གི་ཡིག་ནོར་བསལ་བར་མཛད་པར་བཀའ་དྲིན་ཆེའོ།
རྣ་བ་སུན་པར་སྐྱོང་ཆེན་པོ་ཡོད། ཅེས་པ་དེ། རྣ་བ་སུན་པར་སྐྱོན་ཆེན་པོ་ཡོད། ཅེས་བཅོས་སོ།
རྟེན་འབྲེལ་བསྟོད་པ་ལས།
རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང་།
་
རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ།
་
ཇི་ལྟར་ཁོང་དུ་ཆུད་པར་ནུས།
་
རྟེན་འབྱུང་མཐོང་བ་ལེགས་པར་བསྔགས།
་
རྒྱུ་དང་རྐྱེན་ལ་ལྟོས་པར་འགལ།
་
སྤྲོ་ཀུན་ལྡོག་པ་མེད་པར་གསུངས།
་
འདི་ལ་སུ་ཡིས་འགོང་བར་ནུས།
་
གེགས་མེད་པར་ནི་གྲོགས་བྱེད་པ།
་
བསྟོད་པར་འགྱུར་གྱི་གཞན་དུ་མིན།
ཀརྡོ་ལགས། གྱིག་གི་ཕོར་༼འམ༽རམ། གྱིར་ཕོར་ཞེས་གསུངས་འདོད་པ་འདྲ། བཅས་པར། གྱིག་དང་གྱིར་གཉིས་ལ་ཡང་འགྲེལ་ཞིག་གནང་རོགས།
གྱིག་གི་ཕོར་པའམ། གྱིག་ཕོར། གྱིག་ལ། གྱིར་ཞེས་བྲིས་པ་ནོར་འདུག དགོངས་དག
ཀརྡོ་ལགས། ངས་ད་དུང་ཡང་གྱིག་ཞེས་པ་དེ་ཅི་ཞིག་ལ་ཟེར་བ་ཡིན་ཤེས་མ་སོང་། དེ་ཡིན་རྒྱུ་མ་དངོས་གནས་དེ་ག་རེ་རེད། གྱིག་གི་རྒྱུ་ཆ་ལས་གྲུབ་པའི་ཕོར་པ། ཞེས་གོ་ཡི་འདུག། འོན་ཀྱང་གྱིག་གི་རང་བཞིན་དེ་གང་ཡིན་ཤེས་ཀྱི་མི་འདུག། འགྱིག་ཞེས་པའི་དངོས་རྫས་དེར་གསུངས་ཀྱི་ཡོད་དམ།
གོང་དུ་གྱིག་གི་སྐོར་དྲིས་པ་དེ་ཀརྡོ་དང་ལ་དྭགས་པ་གཉིས་ཀའི་གསུང་ལན་ལ་སྒུག་ནི་ཡོད
བསྟན་འཛིན་གྱིས།
“གོང་དུ་གྱིག་གི་སྐོར་དྲིས་པ་དེ་ཀརྡོ་དང་ལ་དྭགས་པ་གཉིས་ཀའི་གསུང་ལན་ལ་སྒུག་ནི་ཡོད།” ཅེས་པར།
གྱིག ཅེས་པ་གསར་དུ་འཐོན་པ། ལས་སླ་བའི་སྒོ་ནས། བརྐྱང་བསྐུམ་བྱ་ཐུབ་པའི་དངོས་པོ་ཞིག་ཡིན། ཨིན་སྐད་དུ། rubber ཞེས་པ་དེ། བོད་སྐད་དུ། འདི་ལ། གྱིག ཅེས་གང་གི་ཚེ། སུས་མིང་བཏགས། དེ་ལྟར་མིང་བཏགས་པའི་རྒྱུ་མཚན་དང་བཅས་པ་་ཁྱོད་ཀྱིས་རྩད་གཅོད་ཐུབ་ན། འདི་ལ་འབད་པ་གྱིས། དེ་ཙམ་ཡིན་ནོ།
འགྱིག = rubber,plastic
འགྱིག་ཕོར། འགྱིག་དམ། འགྱིག་ཤོག འགྱིག་ཤུབས།
རྒན་ལ་དྭགས་པ་ལེགས། བོད་རྒྱ་ཚིག་མཛོད་ཆེན་མོ་ལས་ཨིན་སྐད་དུ་rubber ཞེས་པ་དེ་བོད་སྐད་དུ། ་འགྱིག་ཞེས་མིང་དུ་བཏགས་འདུག། སྐུ་ཉིད་ཀྱིས་དེར་གྱིག་ཞེས་པའི་འབྱུང་ཁུངས་ཀྱི་དཔེ་རྙིང་དང་བཀའ་བསྟན་གང་ཞིག་ཡོད་དམ། རྒན་ལགས་ནི་བརྡ་དག་སོགས་བཀའ་བསྟན་དང་དཔེ་རྙིང་རིགས་ལ་ཁུངས་བཙན་དང་དོ་སྣང་ཆེ་བས་ཞུས་པ་ཡིན།།
ཀརྡོ་ལགས། ངས་དང་པོ་ཉིད་ནས་གྱིག་་དང་གྱིར་གཉིས་ཆའི་སྐོར་དྲིས་པ་ཡིན། འོན་ཀྱང་སྐུ་ཉིད་ཀྱིས་ཐེངས་དང་པོའི་ལན་ནི་འདི་ལྟར། ༼གྱིག་གི་ཕོར་པའམ། གྱིག་ཕོར། གྱིག་ལ། གྱིར་ཞེས་བྲིས་པ་ནོར་འདུག དགོངས་དག༽ འདི་གཉིས་ཀྱི་ནང་ནས་དག་ངོ་མ་དེ་གང་ཡིན་ནམ།
# 17 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:
January 3rd, 2014 at 4:47 AM
འགྱིག = rubber,plastic
འགྱིག་ཕོར། འགྱིག་དམ། འགྱིག་ཤོག འགྱིག་ཤུབས།
ཀརྡོ་ལགས། ཧཧཧ
ཧཧཧ།
འགྱིག་དང་གྱིག་གཉིས་ནི་འབྲི་ཚུལ་མ་འདྲ་བ་ཙམ་ལས། དོན་གཅིག་ཡིན་པ་རེད། དེ་ནི་ཤིང་སྡོང་ཞིག་གི་མིང་ཡིན་པ་དང་། ཤིང་སྡོང་དེའི་མིང་ལ། གྱིག་ཤིང་དང་གྱིག་སྡོང་ཟེར་བ་རེད། གྱིག་ཤིང་དེ་ལས་བཞུར་བའི་ཚི་གི་ལ་གྱིག་ཆུ་འལ་གྱིག་སྤྱིན་ཟེར་བ་རེད། གྱིག་སྤྱིན་གྱི་རྒྱུ་བཞུས་དེ་ཚོང་ཟོག་སྣ་ཚོགས་བཟོས་བའི་རིགས་ལ། གྱིག་རང་ངོ་ནས་བཟོས་བ་དང་། རྒྱུ་གཞན་དང་བསྲེས་ནས་བཟོས་བ་སོགས་ཡོད་པ་ནི། དེ་སང་གི་གྱིག་གམ་འགྱིག་ཅིག་ཅིག་མུག་མུག་ཟེར་བ་དེ་ཚོ་རེད། དེ་ལ་ནུས་བའི་ཁྱད་ཆོས་གསུམ་ཡོད་པ་རེད། འཐེན་ན་ནར་རྒྱུ་ཡོད་པ། གློད་ན་རང་ཆས་སུ་སྐུམ་འགྲོ་བ། ཆུ་ཚགས་པའོ།
འགྱིག་ཤོག་ལ་ཨ་མདོ་བས་ཆུ་ཤོག་ཟེར། འགྱིག་ཕོར་ལ་རྭ་ཅན་ཟེར། འགྱིག་དམ་ལ་རྭ་དམ་ཟེར། འགྱིག་ཤུབས་ལ་མཇེ་ཤུབས་ཟེར། འགྱིག་ལྷམ་ལ་ཆུ་ལྷམ་ཟེར། འགྱིག་ཤད་ལ་སོ་མང་ཟེར། ད་དུང་མང་ནི་རེད། ཤེས་སོང་ངམ། གྱིག་དང་འགྱིག་ནི་ལྕེ་ལ་གང་བདེ་བ་བཞིན་བཀོལ་རོགས་ཞུ།
ཀརྡོ་དང་བསྟན་འཛིན་གཉིས་ཀྱིས་ཧ་ཧ་ཧ་དང་ཧ་ཧ་ཧ་ལབ་པས་ཅི་གང་ཕན་གི་མ་རེད། ཧ་ཧ་ཧ།
གོ་རྒྱུ་མེད་ལ་མྱོང་རྒྱུ་མེད་པའི། མཆན་རྐྱང་ཐོབས་ཤོག་ཨ།
གོང་ནས་མར་མཆན་མང་པོ་ཞིག་འདུག་སྟེ། ཚང་མ་ནོར་བས་ནོར་བ་བཅོས་མཁན་རྐྱང་ལས་གནས་ལུགས་དང་། རྒྱུ་མཚན་ཡོད་པ་རིལ་མ་ཙམ་མི་འདུག
མ་ནོར་བ་ཞིག་ཞུ་བཅོས་བྱེད་ཐུབ་ན་འཛུམ་ཁྱོད་འཛུམ་ཤོག། བོད་ཡིག་ལ་ཁྱོད་འདྲ་མོའི་ཁ་སྤོབས་ཅན་མ་རག་པར་ལུས་བ་རེད།
བཅོས་དགོས་ན་མང་དྲགས་པས་བཅོས་ཚོད་མི་འདུག མདོར་ན་ཡི་གེ་འབྲི་དུས་སེམས་ཀྱིས་བསམ་བློ་མ་བཏང་བར་བྲིས་པ་འདྲ་རྐྱང་རེད་འདུག རྗེས་མ་ཡིན།
སེམས་ཀྱིས་བསམ་བློ་མ་བཏང་བར་བྲིས་བ་འདྲ་ན། ད་བྱས་ན། ཚང་མས་རྐུབ་ཀྱིས་བསམ་བློ་བཏང་ནས་བྲིས་བ་ཡིན་རྒྱུ་རེད་མོ། ཧ་ཧ་ཧ།
ཡིན་ས་རེད། རྐུབ་་ཀྱིས་བསམ་བློ་བཏང་། དེ་ལ་མཇེས་རོགས་རམ་བྱས་པ་འདྲ་པོ་འདུག
རྩོད་པས་རིགས་པའམ་གཏན་ཚིགས་འཕེལ། སྔར་རྒྱ་གར་དུ་ཕྱི་ནང་གཉིས་བསྟན་པ་སྤང་དུ་བཙུགས་ནས རྩོད་ཚུལ་བྱུང་། རྒྱ་གར་དུ་སངས་རྒྱས་པའི་གྲུབ་མཐའ་མེད་པར་སོང་བ་ན། སངས་རྒྱས་མ་ཡིན་པའི་གྲུབ་མཐའ་ལུས་ཀྱང་། སྔར་རིགས་པས་རྩོད་པ་བཞིན་དུ། དེ་དག་གིས་གྲུབ་མཐའ་ལ་ཡར་རྒྱས་མེད་ཚུལ་བཤད་པ་ཐོས། ཕྱི་རོལ་པ་དང་རྩོད་པས་རིགས་པ་འཕེལ་ཚུལ་ཡང་བོད་དུ་དགེ་བའི་བཤེས་གཉེན་ལས་ཐོས། ཁྱེད་ཅག་རྩོད་པ་ལེགས་ཀྱང་རིགས་པ་བཀོལ་ནས། རྩོད། རིགས་པ་མེད་པར་རྩོད་པ་དེ། ཚིག་རྩུབ་བམ་ང་བཀྱལ་ཡིན།
བཀའ་བསྟན་དང་། བཀའ་བརྟེན་གྱི་སྐད་དར་བའི་སྐབས་སུ། གྱིག ཞེས་པའི་དངོས་པོ་འཐོན་མེད་པས། དེ་ཉིད་རྗོད་བྱེད་ཀྱི་སྒྲའམ་མིང་མེད་པར་མཐོང་ངོ་།
ཡག་གི