ཕོ་རོག་དཀར་པོས།
རྒྱ་གར་ཤར་ཕྱོགས་རྡོ་རྗེ་གླིང་གི་གཞོན་ནུ་མ་ཉེར་གཅིག་གི་བསྟོད་པ་འདོད་པའི་ཟུར་མིག་མ་བཞུགས་སོ།།
༡༽ ཨོཾ་གཞོན་ནུ་མ་བུ་མོ་མཛངས་མ་ལ་ཕྱག་འཚལ་ལོ། །
ཕྱག་འཚལ་བུ་མོ་མཛེས་མ་དཔལ་མོ། །
མིག་ནི་ཆགས་པའི་ཟུར་མིག་གཡོ་མ། །
འཇིག་རྟེན་གསུམ་གྱི་མཛེས་མའི་ཞལ་ལས། །
ཁྱོད་ཉིད་གཅིག་པུ་རྣམ་པར་མཛེས་མ། །
༢༽ ཕྱག་འཚལ་སྟོན་ཀའི་ཟླ་བ་ལས་ནི། །
ཞལ་གྱི་དཀྱིལ་འཁོར་ཤིན་ཏུ་དཀར་མ། །
སྐར་མ་སྟོང་ཕྲག་ཚོགས་པའི་འོད་ལྟར། །
ཁྱོད་ཀྱི་གཟི་བརྗིད་རབ་ཏུ་འབར་མ། །
༣༽ ཕྱག་འཚལ་དཀར་ལ་དམར་བའི་མདངས་ཀྱིས། །
པདྨའི་ཕྱག་ནི་རྣམ་པར་འཁྱུད་མ། །
འཛུམ་པའི་ཟུར་མིག་ཤིན་ཏུ་གཡོ་བས། །
བཟོད་དཀའི་ན་ཟུག་སྙིང་ལ་སྟེར་མ། །
༤༽ ཕྱག་འཚལ་འཛམ་གླིང་མཛེས་མའི་དབུ་རྒྱན། །
ཁྱོད་ཀྱི་གཙུག་ན་རྣམ་པར་མཛའ་མ། །
ཡིད་འོང་རྐེད་སྐབས་ཕྲ་ལ་ལྡེམ་པས། །
ཕོ་གཞོན་མང་པོས་ཤིན་ཏུ་རྩོད་མ། །
༥༽ ཕྱག་འཚལ་ཁྱོད་ལ་བསྐུར་བའི་ཡི་གེས། །
མཐའ་དང་ཁོར་ཡུག་ཡོད་ཚད་གང་མ། །
ཁྲེལ་དང་ངོ་ཚ་མེད་པའི་མི་རྣམས། །
ཐམས་ཅད་འགུགས་པར་ནུས་པ་ཉིད་མ། །
༦༽ ཕྱག་འཚལ་སྲིད་འཛིན་སྲིད་བློན་དྲུང་ཆེ། །
དཔོན་པོའི་ཚོགས་ཀྱིས་རྒྱུན་དུ་མཆོད་མ། །
དབུལ་པོ་ལྡོམ་པོ་སྐྱོ་བོ་རྣམས་དང༌། །
རྐང་རྗེན་ཚོགས་ཀྱིས་མཐོང་བར་དཀའ་མ། །
༧༽ཕྱག་འཚལ་དགའ་ཞེས་བྱ་བའི་སྐད་ཀྱིས། །
ཕ་རོལ་སྒོར་མོ་ཐམས་ཅད་འཇོམས་མ། །
གཡས་བསྐུམས་གཡོན་བརྐྱངས་ཉལ་བའི་སྟབས་ཀྱིས། །
ཆགས་པས་གཟེར་རྣམས་བཟི་བར་བྱེད་མ། །
༨༽ ཕྱག་འཚལ་སེམས་ཀྱི་རེ་བ་ཆེན་པོ། །
མྱུར་བ་མྱུར་དུ་རྣམ་པར་སྟེར་མ། །
ཅུང་ཟད་ཁྲོས་པའི་རྣམ་པ་མཛད་ན། །
ཕ་རོལ་རང་ཚུགས་ཤོར་དུ་འཇུག་མ། །
༩༽ ཕྱག་འཚལ་འདོད་པའི་དོན་ལ་འབོད་པའི། །
སོར་མོའི་རྩེ་མོ་རྣམ་པར་འགུལ་མ། །
མ་ལུས་ཕྱོགས་ཀྱི་མགྲོན་པོ་ཀུན་ལ། །
རང་གི་སྒེག་ཉམས་ཤིན་ཏུ་ངོམ་མ། །
༡༠༽ ཕྱག་འཚལ་རབ་ཏུ་ཆགས་པའི་ཉམས་ཀྱིས། །
ལང་ཚོའི་འཁྲི་ཤིང་རྗེན་པར་སྟོན་མ། །
འཛུམ་དང་འཁྱོག་པོའི་ཟུར་མིག་རྣོན་པོས། །
ཀུན་གྱི་སེམས་པ་བཙོན་དུ་འཛིན་མ། །
༡༡༽ ཕྱག་འཚལ་ཤར་ནུབ་གླིང་ལ་ཁྱབ་པའི། །
མཛངས་མའི་འཛུམ་གྱི་འོད་ཟེར་འཕྲོ་མ། །
སྨིན་མའི་འཁྲི་ཤིང་གཡོ་བའི་གདོང་གིས། །
བཟི་བའི་ཚོར་བ་སེམས་ལ་སྟེར་མ། །
༡༢༽ ཕྱག་འཚལ་ཟླ་བའི་དུམ་བུ་ལྟ་བུའི། །
ལང་ཚོའི་ནུ་འབུར་ཤིན་ཏུ་དཀར་མ། །
གནག་སྣུམ་སྐྲ་ལོའི་འོད་ཀྱི་གསེབ་ན། །
གཙུག་རྒྱན་མེ་ཏོག་ཕྲེང་བ་སྤེལ་མ། །
༡༣༽ ཕྱག་འཚལ་འཇའ་ཚོན་བཞིན་དུ་མཛེས་པའི། །
དར་གྱི་ན་བཟས་རྣམ་པར་བརྒྱན་མ། །
གཡས་བརྐྱངས་གཡོན་བསྐུམས་རྐང་བའི་མཛུབ་རྩེར། །
དམར་མདངས་ཚོན་གྱི་ཁ་དོག་བྱུགས་མ། །
༡༤༽ ཕྱག་འཚལ་ས་གཞིའི་སྟེང་ལ་འཚོ་བའི། །
སེམས་ཅན་ཀུན་ཡིད་འཕྲོག་པར་ནུས་མ། །
འཐམ་འཁྱུད་འོ་སྦྱོར་སྒྱུ་མའི་འཕྲུལ་གྱིས། །
ལུས་ཟུངས་བདུན་པོ་ཀུན་ནས་རྔུབ་མ། །
༡༥༽ཕྱག་འཚལ་བདེ་བའི་དཔྱིད་དུ་འབུར་བའི། །
བྷ་གའི་དཀྱིལ་འཁོར་འབྱེད་འཛུམ་མཁས་མ། །
སིད་དང་ཨིམ་སྒྲའི་སྐད་གདངས་ཟབ་མོས། །
ཆགས་པ་ཆེན་པོའི་ཟུག་རྔུ་སྟེར་མ། །
༡༦༽ ཕྱག་འཚལ་བདེ་བའི་ཚོར་འགྱུ་རྣོན་པོས། །
ལུས་ཀྱི་ཆ་ཀུན་ཤིན་ཏུ་འབར་མ། །
སྒྱུ་རྩལ་དྲུག་ཅུའི་འགུལ་སྟབས་རེ་རེས། །
གསོན་པོའི་ངོ་གདོང་ཤི་བར་བྱེད་མ། །
༡༧༽ ཕྱག་འཚལ་རྐེད་པའི་འཕྲུལ་འཁོར་མཉེན་མོས། །
སྐུ་ངོ་ཐམས་ཅད་ལྐུགས་པར་བྱེད་མ། །
ཁང་བའི་ཕྱི་ནང་ཀུན་ལ་ཁྱབ་པའི། །
ངུ་བའི་སྐད་གདངས་སྙན་མོ་སྒྲོག་མ། །
༡༨༽ ཕྱག་འཚལ་མཛེས་པའི་དཔལ་དང་ལྡན་པའི། །
རི་དྭགས་མིག་གིས་ཟིམ་བུར་ལྟ་མ། །
ཧ་ལས་ཧང་སངས་སྟངས་ཀ་སྣ་ཚོགས། །
འཁྲབ་ཅིང་སྟོན་ལ་ཤིན་ཏུ་འཇོན་མ། །
༡༩༽ ཕྱག་འཚལ་ཁྲོམ་དང་སྲང་མདོར་ཉུལ་ནས། །
རྐེད་པའི་གཞོན་ཤ་རྗེན་པར་སྟོན་མ། །
འཛུམ་པའི་འོད་དང་སྒེག་པའི་ཉམས་ཀྱིས། །
སུ་དང་གང་གི་སེམས་ནད་སེལ་མ། །
༢༠༽ ཕྱག་འཚལ་ཉི་མ་ཟླ་བའི་འོད་ལྟར། །
མཛེས་མའི་སྙན་གྲགས་ཀུན་ཏུ་ཁྱབ་མ། །
དུད་ཆང་གཉིས་པོར་རབ་ཏུ་དགའ་བས། །
སྤྱོད་པ་ངན་པའི་རྣམ་འགྱུར་འཆང་མ། །
༢༡༽ ཕྱག་འཚལ་འཇིག་རྟེན་གསུམ་གྱི་མཛེས་པ། །
མ་ལུས་གཅིག་ཏུ་བསྡུས་པ་ཉིད་མ། །
ཁྱོད་དང་ང་དང་ཁོང་ཚོའི་ཚོགས་རྣམས། །
ཐམས་ཅད་རང་དབང་མེད་པར་འགུག་མ། །
དྲང་བརྗོད་ཚིག་གི་བསྟོད་པ་འདིའི་ནང༌། །
ཕྱག་འཚལ་བུ་མོ་ཉི་ཤུ་རྩ་གཅིག ། ཅེས་པ་འདི་ནི་བསམ་སྤྱོད་ཀྱི་མགོ་བོ་ཐུར་དུ་དཔྱངས་པའི་འཁྱམས་ཉུལ་པ་ཕོ་རོག་དཀར་པོའམ་ཀུན་བཤད་དུ་རྣལ་འབྱོར་རློན་པ་རུ་འབོད་པས་ཕྱི་ལོ་༢༠༠༥ ཟླ་༡༡ ཚེས ༣༠ ཉིན་རྒྱ་གར་ཤར་ཕྱོགས་བྷངྒལའི་མངའ་ཁོངས་ཀྱི་མཛེས་མའི་གྲོང་ཁྱེར་ཆེན་པོ་རྡོ་རྗེ་གླིང་དུ་བྲིས་པའོ།
ཟུར་མིག་མའི་འགྲེལ་པ་བསྡུས་ཤོས་བཞུལས་སོ།།
ཕྱག་འཚལ་སྒྲོལ་མ་གཞན་དུ་སྒྱུར་མ། །
སྤྱོད་པ་ངན་པ་འདྲེ་མོ་འདྲ་མ། །
རྐང་པ་ལག་པ་སྐེད་པ་ཀྱོག་མ། །
ཆང་མ་འཛངས་མ་རྐུན་མ་རྫུན་མ། །
མཛེས་མའི་གཉེར་མ་ཤུ་གཅིག་མ། །
ཀརྡོ་སྒྲོལ་མཁོལ་མས།
ནོར་བཅོས།
ཟུར་མིག་མའི་འགྲེལ་པ་བསྡུས་ཤོས་བཞུགས་སོ།།
ཕྱག་འཚལ་སྒྲོལ་མ་གཞན་དུ་སྒྱུར་མ། །
སྤྱོད་པ་ངན་པ་འདྲེ་མོ་འདྲ་མ། །
རྐང་པ་ལག་པ་སྐེད་པ་ཀྱོག་མ། །
ཆང་མ་འཛངས་མ་རྐུན་མ་རྫུན་མ། །
མཛེས་མའི་གཉེར་མ་ཉི་ཤུ་གཅིག་མ། །
ཀརྡོ་སྒྲོལ་མཁོལ་མས།
ཡང་བཅོས།
ཆང་མ་འཛངས་མ་རྐུན་མ་རྫུན་མ། །
འདི།
ཆང་མ་མཛངས་མ་རྐུན་མ་རྫུན་མ། །
ནམ་རྒྱུན་ཆགས་པས་ཀུན་ནས་གཟིར་མ།།
ཕོ་ཚད་མཐོང་ན་ཟུར་མིག་གཡོ་མ།།
རྒྱོ་ཚེ་གཡབ་ཆུ་ཀུན་ནས་འཁོལ་མ།།
ཨིན་དང་ཧིན་གྱིས་ཕྱི་ནང་དཀྲོགས་མ།།
སྒྲོལ་མ་བསྡུས་པ་འདི་ནི་རྐྱེན་དུ་མ་དང་འབྲེལ་གྱི་ན་བ་དགེ་འདུན་རྒྱ་མཚོས་རྒྱ་གར་གྱི་གྲོང་ནེ་ཡ་པ་ཛྙཱཀི་ནཀ་ཤྱཱད་ཨ་ཤྭཀའི་མགྲོན་ཁང་དུ་སྦྱར་བ་དགེའོ།།
སྒྲོལ་མ་ཉེར་གཅིག་དང་ཡོན་ཏན་གཞི་གྱུར་མ་སོགས་་དཔེ་ལ་བཞག་ནས་ཆགས་སྲེད་སློང་རཱྱུའི་རྩོམ་ཡིག་དེ་དག་ལས་ངན་་བསག་པ་མ་རེད་དམ་།
ཁམས་སུམ་སེམས་ཅན་བསང་ལས་སྡིག་ཆེ་བ་།
བྱང་ཆུབ་སེམས་པ་་རྣམས་ལ་བཀུར་བ་བཏབ་།
དོན་མེད་སྡིག་ཆེན་བསག་པ་འཐོལ་ལོ་བཤགས་་།
ཤེས་བྱ་ལ་མཐའ་དང་མུ་མེད་པས་་དཔེ་གང་ལ་སྦྱར་སྦྱར་་འདུག་ཐུགས་རྗེ་
གཟིགས་་།
སྒྲོལ་མ་ཉེར་གཅིག་དང་ཡོན་ཏན་གཞི་གྱུར་མ་སོགས་་དཔེ་ལ་བཞག་ནས་ཆགས་སྲེད་སློང་རཱྱུའི་རྩོམ་ཡིག་དེ་དག་ལས་ངན་་བསག་པ་མ་རེད་དམ་།
ཁམས་སུམ་སེམས་ཅན་བསད་ལས་སྡིག་ཆེ་བ་།
བྱང་ཆུབ་སེམས་པ་་རྣམས་ལ་བཀུར་བ་བཏབ་།
དོན་མེད་སྡིག་ཆེན་བསག་པ་འཐོལ་ལོ་བཤགས་་།
ཤེས་བྱ་ལ་མཐའ་དང་མུ་མེད་པས་་དཔེ་གང་ལ་སྦྱར་སྦྱར་་འདུག་ཐུགས་རྗེ་
གཟིགས་་།
འདི་ལྟར་བྲིས་པ་དོན་དུ་ཡོན་ཏན་གཞིར་གྱུར་མ་དང་། སྒྲོལ་མ་འདོན་མཁན་རྣམས་ལ་སྨ་འབེབས་སུ་གྱུར་པ་བརྗོད་ག་ལ་དགོས་ཀྱང་། འོན་ཀྱང་བཟོད་པ་སྒོམ་པའི་རྒྱུ་རྐྱེན་བླ་ན་མེད་པ་ཞིག་པས་བཟོད་པ་སྒོམས།
་
ཁོང་ཁྲོ་སློང་མཁན་མེད་ན།
བཟོད་པ་ག་ལ་སྒོམ་དགོས།
་
ཞེས་པ་ལྟར་རོ།