གཡུ་སྒང་དགེ་འདུན།
(༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་དགུང་གྲངས་ ༨༢ ཕེབས་པའི་སྐུའི་འཁྲུངས་སྐར་ལ་ཕུལ།)
༡༽བློ་བཟང་ཉི་མའི་དཀྱིལ་འཁོར་རབ་རྫོགས་ཤིང་།།
རྒྱལ་བསྟན་འཛིན་པའི་པད་ཚལ་ཆེར་བརྟས་པས།།
ཆོས་དང་སྲིད་ཀྱི་འོད་སྣང་འབུམ་འབྱེད་པའི།།
མཁས་པའི་རྒྱལ་མཚན་སྒྲེང་ལ་གུས་པས་བསྟོད།།
༣༽རྒྱལ་ཀུན་མཁྱེན་བརྩེའི་ཆུ་ཀླུང་འབུམ་གྱི་རྒྱུན།།
གཅིག་ཏུ་སྡུད་མཛད་གདེངས་ཅན་དབང་པོ་ཡིས།།
མདོ་སྔགས་ཆོས་ཀྱི་གྲུ་ཆར་ལེགས་འབེབས་པའི།།
ཟླ་མེད་སྐྱེས་ཆེན་ཆུ་འཛིན་དབང་པོ་ཉིད།།
༣༽ཆོས་སྲིད་ལྗགས་ཡངས་དྲི་བྲལ་སྟོན་གྱི་ཟླ།།
ཡོངས་སུ་གསལ་ལ་སྐལ་ལྡན་ཀུ་མུད་ཚོགས།།
སྤྲོ་བའི་འདབ་མ་འཛུམ་པའི་མཛེས་སྡུག་ལ།།
འཛམ་གླིང་སྐྱེ་འགྲོས་འགྲམ་ཆུ་ཅིས་མི་ལྡང་།།
༤༽དྲང་བདེན་གསུང་གི་མདའ་མོའི་རྣོ་དཔལ་གྱིས།།
ལོག་སྨོན་ཆོལ་ཞེན་སྐྱེ་བོའི་སྙིང་ན་སྟེ།།
སྡིག་སྤྱོད་ཐབས་ལམ་སྟོང་གིས་གཅུན་ན་ཡང་།།
འགྱུར་མེད་དད་དམ་བརྟན་པོའི་གོ་ཆ་མནབས།།
༥༽དུས་གསུམ་ལུང་བསྟན་ལེགས་བཤད་བདུད་རྩིའི་ཆབ།།
ལེགས་པར་སྩལ་བའི་ཉེས་གསུམ་རྩད་འབྱིན་པར།།
ལོངས་སུ་སྤྱོད་པའི་སྐལ་བཟང་སྐྱེ་བོ་རྣམས།།
ས་སྟེང་སྐྱེ་དགུའི་མིག་གི་རྒྱན་དུ་བཀོད།།
༦༽ཆོས་ལུགས་གྲུབ་མཐའི་ཕྱོགས་སློང་མ་མཆིས་ཤིང་།།
ཆོལ་ཞེན་དུག་གི་དྲི་མས་མ་གོས་པར།།
ཆོས་སྲིད་ཁྲིམས་ཀྱིས་སྐྱོང་ལ་ལེགས་བྱང་བའི།།
༸སྐྱབས་རྗེ་ཟམ་གདོང་མཁས་དགུའི་སྲིད་ན་འཕགས།།
༢༠༢༡ ཟླ་ ༡༡ ཚེས་ ༠༤ ཉིན།
མངོན་པར་བསྟོད་དོ🙏🙏🙏🙏🙏
བློ་གྲོས་བཟང་པོས་ལུགས་གཉིས་ཕ་མཐར་སོན།།
ཚུལ་བཞིན་སྤྱོད་པས་བསྟན་འཛིན་དཔལ་དུ་གྱུར།།
ཤེས་གཉེན་ཞབས་སར་རྟག་ངུའི་བརྟུལ་ཞུགས་ཅན
ཆོས་ཀྱི་རྒྱལ་མཚན་ཞབས་པད་བརྟན་པར་ཤོག།
༧རྒྱལ་བའི་གསུང་བྱིན་རླབས་ཅན་ཡིན་ནོ།།
༸གོང་ས་མཆོག་གི་བཀའ་དགོངས་བཞིན་ཤར་སྐྱོད་གནང་མཁན་གྱི་སྐྱེས་བུ་དམ་པ་ཁོང་ལྟ་བུ་ལ་ང་ཚོས་གང་ཡང་བྱས་ཀྱང་ཁྱད་པར་འགྲོ་བ་མེད། འོན་ཀྱང་ངོས་བོད་མི་རྣམས་ཀྱི་བསོད་ནམས་ཀྱི་རྒྱུར་འགྲོ་བའི་ཁོང་གི་འཁྲུངས་སྐར་བརྩི་སྲུང་བྱེད་པ་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཐུགས་རྗེ་ཆེ་ཞུའི་ཆ་ཤས་ཤིག་ཡིན། ངོས་བོད་མི་རྣམས་ལ་ཧ་ཅང་གི་བཀའ་དྲིན་ཆེ་བའི་བླ་མ་འདི་ལྟ་བུ་ཞིག་མེད་ན། བོད་མིའི་མང་གཙོའི་ཀ་བ་གསུམ་སྲ་ཐག་ཏུ་འགྲོ་ཐུབ་པ་ག་ནས་བྱུང་། དེང་གི་དུས་འདིར་ཆོལ་ཁ་དང་ཆོས་ལུགས་ཀྱི་དུག་གིས་ཟིན་པའི་དུས་འདིར་ཡང་། ཆོལ་ཁ་དང་ཆོས་ལུགས་དབྱེར་མེད་དུ་བཟུང་ནས་མི་ཚེ་གང་པོར་བོད་དང་བོད་མིའི་དོན་དུ་སྐྱོལ་བཞིན་ཡོད་པ་བཀའ་དྲིན་ཆེ། ཚེ་འདི་དང་ཕྱི་མ་རྣམས་སུའང་ངོས་རྣམས་སུ་སྐྱབས་སུ་གཟུང་བར་ཤོག།
ལོ་རབས་དྲུག་བཅུའི་ནང་དུ་སློབ་དགེ་སློབ་སྤྱི་གནང་།
ཝ་ན་མཐོ་སློབ་ངེས་དོན་འགན་འཁུར་འོག་།
འཛམ་གླིང་ཡོངས་སུ་ཝོ་ན་མཐོ་སློབ་གྲགས་།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་གསར་བཟོ་སོགས་།
སྤྱི་འཐུས་ཚོགས་གཙོའི་ཐུགས་འགན་འོག་།
བཙན་བྱོལ་གྲོས་ཚོགས་ཚགས་ཚུད་བཟོས་།
བཀའ་བློན་ཁྲི་པའི་ཐུགས་འགན་འོག་།
གངས་སྐྱིད་ལས་བྱེད་ཚགས་ཚུད་བཟོས་།
བཅའ་ཁྲིམས་ལེའུ་བཞི་པ་འཛིན་སྐྱོང་སྡེ་ཚན་།
བཅའ་ཁྲིམས་ལེའུ་ལྔ་པ་ཁྲིམས་བཟོ་སྡེ་ཚན་།
བཅའ་ཁྲིམས་ལེའུ་དྲུག་པ་ཁྲིམས་ལུགས་དབང་འཛིན་བཅས་།
མང་ཀ་གསུམ་གྱི་འགན་དབང་འདྲ་མཉམ་ཐ་དད་བཞག་།
བོད་ཀྱི་མང་གཙོའི་མེས་པོ་དམ་པ་ཁོང་།
སྐུ་ཚེ་ཡུན་རིང་འཚོ་བའི་སྨོན་ལམ་ཞུ་།