ཐུབ་བསྟན་ཕུན་ཚོགས།
ཡང་རྩེར་འཛེགས་པའི་སྐས་ཐེམ་བཞིན། །
ཀླུ་ཐོགས་གཉིས་ཀྱི་དགོངས་ཀློང་དུ། །
རིག་པའི་གཤོག་རྩལ་བརྐྱང་འདོད་ན། །
རིགས་ལམ་རླུང་གི་རྟ་ལ་ཞོན། །
བདེ་བླག་ཉིད་དུ་རིག་གཞུང་རྟོགས། །
བརྡ་དག་ཚིག་གསལ་བོད་སྐད་གཙང་། །
དུས་གསུམ་འཛོལ་མེད་འབྲི་འདོད་ན། །
སུམ་རྟགས་གཉིས་ཀྱི་གཞུང་ལ་སྦྱོངས། །
སྒེག་པའི་དབྱངས་ཀྱི་ཚིག་སྦྱོར་སྙན། །
ཉམས་འགྱུར་འབུམ་གྱིས་བརྗོད་དོན་ཕྱུག །
ལད་ཟློས་སྤང་པའི་རང་སྐད་ཀྱི། །
རྩོམ་རིག་འདོད་ན་སྙན་གཞུང་ལྟོས། །
ཉེ་ཆར་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བསྡུས་གྲྭ་སྦྱོང་པ་ལ་དགོས་པ་མེད་པའི་སྐོར་གསུངས་པ་རེད། ཅེས་དེ་ལ་འགྲིག་མིན་སྐོར་མང་པོ་ཞིག་འཕྲིན་ཕྲན་བརྒྱུད་ནས་སོ་སོའི་ལྟ་ཚུལ་རྣམས་བཤད་ཅིང་འདུག དེ་ལ་བརྟེན་ནས་ཕྲན་གྱིས་ཀྱང་དེང་དུས་བོད་ཀྱི་རིག་གཞུང་གང་ཞིག་དགོས་པ་དང་། གང་ཞིག་མི་དགོས་པ་ཡིན་པ་བཤད་མཁན་དག་ལ་རང་གི་ལྟ་ཚུལ་ཅུང་ཟད་གླེང་བར།
གཅིག བསྡུས་གྲྭ་དགོས་མིན་གྱི་སྐོར།
སྤྱིར་བཏང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལྟ་བུ་མཁས་པ་ཆེན་པོ་ཞིག་གིས་བསྡུས་གྲྭ་བསླབ་མི་དགོས་པ་གསུང་མི་སྲིད་པ་བསམ་བྱུང་། གཅིག་བྱས་ནས་ཁོང་གི་གསུང་ལ་མི་རྣམས་ཀྱིས་གོ་ནོར་ཐེབས་པའང་ཡིན་སྲིད། ཡང་ན་དགོངས་པ་དང་ལྡེམ་དགོངས་ཀྱི་གསུང་ཡིན་ན་དོན་དག་ཁ་ཁ་རེད། དཔེར་ན། ཚད་མ་རྣམ་འགྲེལ་དང་། རྣམ་ངེས་སོགས་ཀྱི་ལུང་བཏོན་པ་ལ་བསྡུས་གྲྭ་ཤེས་མི་དགོས་པ་དང་། ཡང་ན་དག་ཡིག་གི་ངོས་ནས་ཚད་མའི་རིག་གཞུང་ལ་ཚིག་འགྲེལ་བྱ་བ་ལ་བསྡུས་གྲྭ་ཤེས་མི་དགོས་པ་གསུངས་སྲིད་པ་རེད། དེ་ལྟར་མིན་ན་ཚད་མ་རིག་པ་ནི་གཞུང་ཆེན་རྣམས་ཀྱི་དགོངས་པ་གཏན་ལ་ཕབས་པའི་རིགས་ལམ་མེད་ཐབས་མེད་པ་ཞིག་ཡིན་ལ། རིགས་ལམ་དེ་བྱང་ཆུབ་པར་ཞིག་དགོས་ན་བསྡུས་གྲྭར་མ་སྦྱང་ན་རིགས་ལམ་བྱང་པ་ཞིག་ཡོང་མི་སྲིད་པ་ཞིག་རེད། དེས་ན་དབུ་ཕར་འདུལ་མཛོད་ཀྱི་གཞུང་རྣམས་མཐར་ཕྱིན་པ་ཞིག་གོ་དགོས་ན་ཚད་མའི་རིག་པ་བྱང་ཆུབ་པ་ཞིག་ཤེས་དགོས་ལ། ཚད་མའི་རིག་པ་བྱང་ཆུབ་པ་ཞིག་དགོས་ན་ངེས་པར་དུ་བསྡུས་གྲྭ་ནས་མགོ་བཙུགས་ཏེ་སྦྱང་དགོས།
སྤྱིར་ཚད་མ་རིག་པ་ནི་མཚན་ཉིད་རིག་པ་ཡིན་ཞིང་། དེ་ནི་གནའ་བོའི་ཆོས་ཀྱི་རིག་གཞུང་དང་། དེང་རབས་ཚན་རིག་རིག་གཞུང་། སྲིད་འབྱོར་རིག་གསུམ་གྱི་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་སྒྲོམ་གཞི་ཞིག་ཡིན། ཚད་མ་རིག་པའི་སྒྲོམ་གཞིའི་ནང་དུ་ཐུན་མོང་དང་། ཐུན་མིན་གྱི་རིག་གནས་ཐམས་ཅད་ལ་སོ་སོའི་རིག་པའི་སྤྱི་འགྲོས་(公式) རེ་གཏན་འབེབ་བྱས་ཡོད་པ་རེད།
དེས་ན་ཚད་མ་རིག་པའི་གཞུང་ལུགས་ལ་མཁས་པ་མཐར་ཕྱིན་པ་ཞིག་བྱ་དགོས་ན། ཐོག་མར་བསྡུས་གྲྭ་བྱང་ཆུབ་པ་ཞིག་མ་བྱང་ན་ཚད་མ་མཁས་པ་ཡོང་ཐབས་མེད་དེ། ཚད་མ་རིག་པའི་བརྗོད་བྱ་གཙོ་བོ་གང་ཡིན་མདོར་བསྡུས་ནས་བཤད་ན། ཤེས་བྱའི་ཡུལ།(客观存在) ཤེས་བྱེད་བློ།(主观意识) བློ་དང་ཡུལ་གཉིས་འབྲེལ་བ་གྲུབ་ཚུལ་དང་གསུམ་གྱི་ནང་དུ་འདུས་ཡོད་པ་རེད། ང་ཚོ་སོ་སྐྱེའི་ས་ལ་གནས་པའི་གང་ཟག་རྣམས་ཀྱིས། དེ་དག་སོ་སོའི་རང་བཞིན་དང་ཆོས་ཉིད་གསལ་པོར་བཤད་དགོས་ན། དེ་དག་གི་མཚན་གཞི་དང་། མཚན་ཉིད་ཀྱི་མཚན་མཚོན་ཁྱབ་པ་སྒོ་བརྒྱད་ཀྱི་འབྲེལ་བ་ངེས་དགོས། གལ་སྲིད་བསྡུས་གྲྭའི་རིགས་ལམ་ཡང་དག་པ་མི་ཤེས་པ་ཞིག་གིས་ཚད་མ་རྣམ་འགྲེལ་དང་། རྣམ་ངེས་སོགས་ཚད་མའི་གཞུང་ལུགས་ཡང་དག་པ་དང་། མཐར་ཕྱིན་པ་ཞིག་བཤད་མི་ཐུབ་པ་ནི་ཤེས་སླ། འོན་ཀྱང་ཚད་མ་རྣམ་འགྲེལ་སོགས་ཀྱི་ལུང་བཏོན་པ་དང་། ཚིག་འགྲེལ་འདྲ་པོའི་ཐོག་ནས་འཆད་ཁྲིད་གནང་ན་བསྡུས་གྲྭ་མ་ཤེས་ནའང་འགྲིག་འགྲོ་བགྱི་རེད། །
མདོར་བསྡུས་ན། ཚད་མའི་གཞུང་བསླབ་པ་ལ་ཐོག་མར་བསྡུས་གྲྭ་མི་དགོས་ཟེར་བ་ནི། སུམ་རྟགས་དག་གསུམ་སྦྱོང་པ་ལ་ཐོག་མར་ཀ་ཁའི་སྦྱོར་ཀློག་མཐར་ཕྱིན་པ་ཞིག་བསླབ་མི་དགོས་ཟེར་བ་དང་དོན་གཅིག
གཉིས། སུམ་རྟགས་དང་སྙན་ངག་མི་དགོས་ཟེར་བ།
དེང་དུས་སློབ་གྲྭའི་ནང་དུ་སུམ་རྟགས་དང་སྙན་ངག་དགོས་མཁོ་མི་ཆེ་ཟེར་བའི་དགེ་རྒན་ཁག་གཅིག་བྱུང་དང་འབྱུང་བཞིན་པ་རེད། འཛམ་བུ་གླིང་གི་མི་རིགས་མི་འདྲ་བ་སུ་ཡིན་ཀྱང་སློབ་གྲྭའི་ནང་དུ་ཐོག་མར་སྦྱོང་རྒྱུ་ནི་སྐད་ཡིག་དང་། སུམ་རྟགས་དག་གསུམ་ཡིན་པར་སྨོས་མ་དགོས། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ནང་བོད་ཡིག་ཐོག་མར་སླར་གསོའི་སྐབས་སུ་བོད་ཁམས་ཡོངས་ལ་སུམ་རྟགས་དག་གསུམ་དར་རྒྱས་ཡག་པོ་བྱུང་བ་དེས་བོད་ཡིག་འཕེལ་རྒྱས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། དེང་དུས་སློབ་གྲྭ་ཆེན་མོའི་ནང་དུ་དགེ་རྒན་འགའ་ཞིག་གིས་རང་གིས་མི་ཤེས་པ་རྒྱུ་མཚན་དུ་བྱས་ཏེ། སུམ་རྟགས་དང་། སྙན་ངག་ལ་དགོས་པ་མེད་ཚུལ་བཤད་པས་སློབ་མ་ཚོས་ཀྱང་དེ་དག་ལ་དོ་སྣང་མ་བྱས་པའི་དབང་གིས། དེང་དུས་ཁམས་དང་ཨ་མདོའི་ཕྱོགས་ནས་ཡིག་ནོར་ཁ་བ་འབབ་འབབ་ཡོང་གི་འདུག
སློབ་གྲྭ་ཆེན་མོ་བ་ལྟ་ཅི། རབ་འབྱམས་པ་དང་། འབུམ་རམས་པ་རྣམས་ཀྱི་དཔྱད་རྩོམ་ནང་དུ་ཡིག་ནོར་དང་། ལྷག་པར་དུ་བྱ་ཚིག་རྣམས་ནི་འདས་མ་འོངས་གོ་ལྡོག་སྟེ་འབྲི་མཁན་ཇེ་མང་དུ་འགྲོ་བ་འདི་ནི་དགེ་རྒན་ཁག་གཅིག་གིས་རང་གི་མི་ཤེས་པ་རྒྱུ་མཚན་ཏུ་བྱས་ཏེ། སུམ་རྟགས་དག་གསུམ་གལ་ཆེན་མ་ཡིན་པར་བཤད་པས། གཞོན་ནུ་རྣམས་ཀྱིས་སུམ་རྟགས་དག་གསུམ་སྣང་མེད་དུ་བཏང་། ཁ་ནས་གང་བྱུང་གི་ཡུལ་སྐད་ཡིག་ཐོག་ཏུ་བྲིས་པ་འདི་ཡིས། མ་འོངས་པར་བོད་ཀྱི་སྤྱི་སྐད་ཕར་ཞོགས། སྤྱིར་ཡིག་ཀྱང་མེད་པར་འགྱུར་བའི་ཉེན་ཁ་ལ་སླེབས་འདུག་པས། ཀུན་ཀྱིས་བརྩི་བཀུར་བྱ་ཡུལ་བླ་སྤྲུལ་དང་། དགེ་རྒན་རྣམ་པས་ཐུགས་བསམ་ལེགས་པར་བཞེས་ནས་གསུང་བཤད་གནང་ན་ལེགས་པར་སེམས། །
དེ་བཞིན་དུ་དེང་དུས་སློབ་གྲྭའི་དགེ་རྒན་གྱི་ཁྲོད་དུ་སྙན་ངག་མེ་ལོང་མའི་གཞུང་ལ་མ་སྦྱོང་ནའང་རྩོམ་རིག་གསར་གཏོད་དང་། སྙན་རྩོམ་འབྲི་བའི་ལས་ཀ་བྱེད་ཐུབ་པའི་བཤད་སྲོལ་ཞིག་དར་ཁྱབ་ཡོད་འདུག དེ་ནི་ས་སྐྱ་པཎྜི་ཏས།
སྣ་ཡི་ཚབ་དང་ཉོས་པའི་བུ། །
གཡར་པོའི་རྒྱན་དང་བརྐུས་པའི་ནོར། །
སློབ་དཔོན་མེད་པའི་རིག་པ་རྣམས། །
ཡོད་ཀྱང་གཞན་གྱིས་བརྩི་བ་མེད།
ཅེས་གསུངས་པ་ལྟར། རིག་པའི་གཞུང་ལུགས་ལ་སློབ་གཉེར་བྱེད་མ་མྱོང་པའི་རྩོམ་པ་པོ་ཞིག་ཡོད་ན་དེ་ནི་གཞན་གྱིས་རྩོམ་ཆོས་སྙན་འཇེབས་ཅན་དག་ལ་དཔེ་བལྟས་ནས་ལད་ཟློས་ཀྱི་རྩོམ་ཡིག་ཡིན་པ་སྨོས་མ་དགོས་པ་རེད། གལ་སྲིད་རྒྱ་ཡིག་གི་རྩོམ་དེབ་ཁ་ཤས་བཀླགས། དེ་ལ་དཔེ་བལྟས་པའམ་དེའི་དོན་བོད་ཡིག་ཏུ་བསྒྱུར་ནས་རང་རྩོམ་ཡིན་ཟོལ་གྱིས་འགྲེམས་སྤེལ་བྱས་པ་ནི་རང་རྩོམ་དངོས་མིན་པས། དེ་ལ་རྩོམ་པ་པོའི་སྒྲ་དོན་ཡང་འཇུག་མི་སྲིད་དེ། ས་སྐྱ་པཎྜི་ཏས།
མ་དཔྱད་པ་ལས་དོན་གྲུབ་པ། །
བྱུང་ཡང་མཛངས་པ་སུ་ཞིག་བརྩི། །
སྲིན་འབུ་དག་གིས་ཟོས་པའི་རྗེས། །
ཡི་གེ་བྱུང་ཡང་ཡིག་མཁན་མིན།
ཞེས་གསུངས་པ་ལྟར་རོ། དེས་ན་སྙན་ངག་མེ་ལོང་མ་ནི་སྙན་ངག་གི་དཔེ་བརྗོད་རྩོམ་ཚུལ་གཅིག་པུ་མ་ཡིན་པ། རྩོམ་རིག་གི་རིག་པའི་གཞུང་ལུགས་ཤིག་ཡིན་ཏེ། དེའི་ནང་དུ་རྩོམ་རིག་གི་ལུས་དང་། རྒྱན། སྐྱོན་སེལ་བཅས་སྙན་རྩོམ་གྱི་རིག་གཞུང་ཆ་ཚང་ཡོད་པའི་ཕྱིར་ན། བོད་ཡིག་གི་རྩོམ་པ་པོ་གྲགས་ཆེན་ཞིག་ཏུ་འགྱུར་བར་འདོད་པའི་གང་ཟག་གང་ཞིག ངེས་པར་དུ་སྙན་ངག་མེ་ལོང་མའི་གཞུང་མཐར་ཕྱིན་པ་ཞིག་བསླབ་དགོས། །
ཁོ་བོའི་བསམ་ཚུལ་ནི། གནའ་བོའི་སྲོལ་རྒྱུན་རིག་གནས་དང་། དེང་རབས་ཚན་རིག་གཞུང་ལུགས་གང་ཡིན་ཡང་ཚང་མ་རང་རང་གི་ཆེད་ལས་དང་བསྟུན་ནས་འབད་བརྩོན་གྱིས་སྦྱང་དགོས་པ་ནི་སྨོས་མ་དགོས་པ་རེད། དེ་ལས་བོད་ཀྱི་སྐད་ཡིག་ཐོག་ནས་ཆོས་དང་འཇིག་རྟེན་གང་ཞིག་གི་རིག་གཞུང་བསླབ་དགོས་ན། ཐོག་མར་སུམ་རྟགས་དག་གསུམ་དང་། སྙན་ངག ཚད་མའི་རིགས་ལམ་བཅས་ཕུལ་དུ་བྱུང་བ་ཞིག་མ་ཤེས་ཐབས་མེད། དེ་དག་མི་ཤེས་པ་དག་གིས་རིག་གཞུང་གསར་རྙིང་གང་ལ་བསླབ་དགོས་ཀྱང་དཀའ་ངལ་ཆེ་བ་མ་ཟད། བོད་ཡིག་ཐོག་ལས་ཀ་བསྒྲུབ་དགོས་ནའང་སྤུས་ཚད་ཅན་གྱི་ལས་ཀ་བསྒྲུབ་མི་ཐུབ་པ་ནི་བཤད་མ་དགོས་པ་རེད། །
མ་ཤེས་པ་ནི་དགོས་མེད་མིན། །
མ་མཐོང་པ་ནི་མེད་པ་མིན། །
མ་བརྟག་པ་ནི་ཤེས་རབ་མིན། །
མ་རིག་པ་ལ་དོགས་ཟོན་མཛོད། །
ཅེས་པ་བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་སློབ་གྲྭ་དང་དགོན་པའི་ནང་དུ་རིག་གནས་འཕེལ་རྒྱས་ལ་གནོད་པའི་ལབ་གླེང་གི་གཏམ་ཉོག་འགའ་ཞིག་ཐོས་པར་རྐྱེན་བྱས་ནས་བོད་ཀྱི་རིག་གནས་ཐམས་ཅད་ཀྱི་རྨང་གཞི་སུམ་རྟགས་དག་གསུམ། སྙན་ངག བསྡུས་གྲྭ་བཅས་ཀྱི་རིན་ཐང་མདོར་ཙམ་བརྗོད་པ་འདི་ནི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས། སྤྱི་ལོ་༢༠༡༦ལོའི་ཟླ་བ་དང་པོའི་ཚེས་༢༣ཉིན་རྒྱལ་ནག་པེ་ཅིང་གྲོང་གི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ནས་སྤྲིངས་སོ།།
བསྡུས་གྲྭ་དགོས་མིན་སྐོར་གྱི་བགྲོ་གླེང་ལ་དཔྱད་པ།
ཐུབ་བསྟན་ཕུན་ཚོགས།
ཡང་རྩེར་འཛེགས་པའི་སྐས་ཐེམ་བཞིན། །
ཀླུ་ཐོགས་གཉིས་ཀྱི་དགོངས་ཀློང་དུ། །
རིག་པའི་གཤོག་རྩལ་བརྐྱང་འདོད་ན། །
རིགས་ལམ་རླུང་གི་རྟ་ལ་ཞོན། །
་
ཀརྡོས་འདིར། དྲ་གྲོགས་པདྨའི་ཆེད་དུ་ཟུར་བཀོལ་བྱས།
རིགས་ལམ་རླུང་གི་རྟ་ཞོན་ནས།
ང་རྒྱལ་རླུང་གི་གཤོག་རྩལ་བརྐྱང་།
བདག་འཛིན་འཁྱིལ་བའི་མུན་ཀློང་ནས།
དམྱལ་བའི་ཐེམ་སྐེས་མར་ལ་འཛེགས།
རྩོད་ལྡན་སྙིགས་མའི་དུས་འདི་ལ།
རྩོད་ལ་མཁས་ན་རྒྱན་ལ་བརྩི།
གཤེགས་པ་མི་ཡི་སེང་གེ་རྣམས།
སུ་ཡིས་བརྩད་ཀྱང་གང་ལ་རྩོད།
བསྡུས་གྲྭ་རིག་ལམ་གྱི་ན་བ།
ཆོས་བརྒྱད་བདས་བའི་བྱེད་རྐྱེན་ཡིན།
དལ་འབྱོར་ཆུད་ཟོས་ཕོངས་བར་བྱས།
དགེ་འདུན་བསམ་གཏན་རླུང་ལ་བསྐུར།
རྒྱ་ནག་མཁས་བའི་བརྟུལ་ཞུགས་འཛིན།
ཆོས་མིན་ཆོས་བའི་ཁ་ཕོ་སྒྲོགས།
གྱང་ཁའི་རྩྭ་བཞིན་གཡོ་ལ་དགའ།
ཐུབ་བསྟན་ཕུན་ཚོགས་སྨྲ་བར་འཛེམས།
主观སེམས་ཀྱི་རང་རིག་མིན།
客观ཕྱི་རོལ་སྣང་ཚུལ་མིན།
公式གཞི་ལམ་འབྲས་གསུམ་མིན།
རྩོད་སྒྲུབ་རིག་པའི་ལྟ་ངན་སྤོངས།
འཇམ་དཔལ་དབྱངས་ཀྱིས་ཕྱོགས་གླང་ལ། །
ཁྱོད་ཀྱི་རྩོམ་འདི་མ་འོངས་པར། །
དབང་རྣོན་རིགས་པའི་རྗེས་འབྲངས་ལ། །
མིག་ཕྱེས་ལྡེ་མིག་འདྲར་གསུངས་པ། །
གསུངས་པ་འདི་ཡང་མ་གོའམ། །
ཕྱོགས་གླང་ཆོས་གྲགས་རྒྱ་གར་རྒྱན། །
ས་པཎ་ཕྱ་པ་བོད་མིའི་རྒྱན། །
བསྡུས་གྲྭ་བློ་རིགས་རྟགས་རིགས་གསུམ། །
སུ་ལའང་མེད་པའི་རིགས་གཏེར་གསུམ། །
་
མི་མཁོ་མཁན་ལ་མེད་ནའང་འགྲིགས། །
རྙིང་མར་མི་མཁོར་ཤོད་ཧམ་ཆེ། །
མཁན་ཚུལ་བློ་གྲོས་མ་དགའ་དོན། །
ངས་ནི་སྲང་ལམ་སྐད་ཙམ་གོ །
ཅོག་མྱིའི་བཤད་པ་བདེན། རྒྱ་སྐད་ཀྱི་ཚིག་དེ་དག་ཐུབ་བསྟན་ཕུན་ཚོགས་ཀྱིས་བཀོལ་ན། ཚད་མ་ཕར་ཞོག་བསྡུས་གྲྭའི་རིགས་ལམ་ལ་རྒྱུས་མེད་རྒྱུས་གཏམ་བཤད་པའི་རྟགས་བསྟན་འདུག
主观སེམས་ཀྱི་རང་རིག་མིན།.(བདེན་ཐག་ཆོད)
客观ཕྱི་རོལ་སྣང་ཚུལ་མིན།(ཕལ་ཆེར་འཐད)
公式གཞི་ལམ་འབྲས་གསུམ་མིན། (ཤིན་ཏུ་མད།)
རྩོད་སྒྲུབ་རིག་པའི་ལྟ་ངན་སྤོངས། ཅེས་པ་རྒྱུ་མཚན་མེད་པ་མ་རེད། ལྷོ་རྒྱུད། རྒྱ་རྒྱུད། ཀོ་རི་ཡ། ཉི་ཧོང་སོགས་ཀྱི་ནང་པ་ལ་བསྡུས་གྲྭ་མ་དར། དེ་དག་གིས་ནང་ཆོས་མི་མཁྱེན། སྟོང་ཉིད་མ་རྟོགས་ཟེར་དགོས་སར་ཐུག་འདུག
དེང་གི་དུས་འདིར་རིགས་ལམ་ངེས་པར་དུ་དགོས་ཁོ་ཡོད་ཐག་ཆོད་ཡིན་ས་རེད། དེ་འདྲ་མིན་ན་སྔར་བསྡུས་གྲ་མེད་པའི་བཤད་གྲ་ཁག་ནང་བསྡུས་གྲ་བསླབ་དགོས་དོན་མེད་།
མཁན་ཆེན་གསུངས་ནང་དུ། སྔ་འགྱུར་བའམ་བཀའ་བརྒྱུད་པ་དང་ཇོ་ནང་པ་སོགས་ལ་སོ་སོའི་ཉམས་སྒྲུབ་གཙོ་བོ་དེ་ནི་བསྡུས་གྲ་མིན། རིག་འཛིན་རྒྱུད་པའི་ཕྱག་བཞེས་དེ་ཉམས་མ་བཅུག་ཅེས་གཙོ་བོ་དེ་རེད། དེང་ལོ་ཆུང་མང་བོ་བཀའ་རྙིང་ཆོས་རྒྱུད་ཡིན་རློམ་དང་བསྡུས་ཚད་ཁོ་ནར་གཅིགས་སུ་འཛིན་ཏེ་ལྟ་སྒོམ་སྤྱོད་གསུམ་འདི་ལས་ལྷག་མེད་བཟོ་འདྲ་བྱས་བསྡད་ན། གོང་མའི་ཕྱག་བཞེས་འཇའ་ལྟར་ཡལ་ཉེན་བརྟེན་ནས་ཤ་ཚ་བའི་གཏམ་ལྷག་བསམ་གྱི་ཞལ་གདམས་དྲོན་མོ་ཅན་དེ་གསུངས་པ་ཞིག་ཡིན་ནོ། སྤྱིར་ནི་བོད་ཁ་བ་ཅན་འདིར་གང་ཟག་རེ་ཟུང་ཞིག་ཡར་འབུར་དུ་ཐོན་ཡོང་དུས་སྡང་ཟུག་དང་བཀུར་འདེབས་འདི་ལྟར་བྱས་པ་ལ་བལྟས་ན་ངོ་མ་རྗེས་ལུས་ཟེར་རྒྱུ་འདི་འདྲ་བོ་ལ་གོ་བ་མིན་འགྲོ་སྙམས་ཚོར་སྣང་བྱུང་། ཅི་སྟེ་ཁ་བ་ཅན་འདི་་ད་ལྟ་རང་བཙན་ཞིག་སྟེ། བོད་གཞུང་ལྷ་ཡི་ཕོ་བྲང་ངམ། ག་གེ་མོའི་ཕོ་བྲང་རང་དབང་ཅན་ཡིན་ན་ད་ལྟ་མཁན་ཆེན་ཚུལ་བློ་མཆོག་ཀྱང་ཨ་མདོ་དགེ་ཆོས་ཀྱི་ཚེ་སྨད་ཀྱི་ལམ་དུ་ཆས་ཉེན་མི་འགྲོ་བ་ངེས་པ་མི་འདུག་པས་ངོ་མ་ཅན་རྒྱ་དམར་་པོས་འོག་ཏུ་ཆོས་དད་འདོད་མོས་ངང་་ལ་གནས་ན་དེ་ཙམ་གྱིས་སྡུག་འགྲོ་རྒྱུ་ཨི་ཡོད་ན་སྙམས་སོ།།
ཤར་ལྷོའི་ཨོ་གླིང་ནས། ༢༨/༠༡/༢༠༡༦
མཁས་རྣམས་མི་མཐུན་བདེན་དོན་ཀུན་ལ་ཡོད། རེ་ཞིག་རྩོད་དང་རྩོད་སྤོང་བཞག་ཡིན། ཞེས་གསུངས།
བསྡུས་གྲྭ སྡུད་གྲྭ་ བསྡུ་གྲྭ འདི་གསུམ་ནས་གང་དག་པ་ཡིན་ནམ། མཁས་པ་མང་པོས་མི་འདྲ་བར་བྲིས་འདུག །
་་གྲྭ་་་ཞེས་འབྲི་དགོས་པ་གང་ཡིན་ནམ་ཡང་ན་་་ཟུར་དུ་བཏོན་པའམ་སྟབས་བདེར་བསྒྲིགས་པ་་་ལྟ་བུར་གོ་བ་ཡིན། །
རྒྱ་ཆེའི་ནང་དོན་རིག་པའི་གཞུང་ལུགས་ཀྱི་ཤེས་བྱའི་གནས་ཀུན་མདོ་རུ་བསྡུས་ནས་ལུང་རིགས་སྦྱོང་བའི་ལས་དང་པོ་བས་ངེས་པ་བདེ་ཕྱིར་ཟུར་དུ་བསྒྲིགས་པའི་ཡིག་ཆ། ། འདི་འདྲ་ཞིག་ལ་གོ་ན་འགྲིག་གམ། །
སྔོན་གྱི་མཁས་པ་རྣམས་མཚན་མཚོན་ཁྱབ་པ་སྒོ་བརྒྱད་ཚང་བའི་མཚན་ཉིད་ཡང་དག་འཇོག་རྒྱུ་ལ་དཀའ་ཚིགས་ཆེན་པོ་ཞེ་དྲག་བྱུང་ཡོད་པའི་བཟོ་ཞིག་ཡོད་པ་དང་། དེའི་ནང་ནས་རྗེ་བློ་བཟང་གྲགས་པ་ཁོང་ཨའོ་ཙམ་ཡིན་རབས་ཅིག་ཀྱང་ཐོས། བདེན་པ་ཡིན་ནམ་ལགས། །
ད་ལན་མཁས་དབང་ཐུབ་བསྟན་ཕུན་ཚོགས་མཆོག་གིས། སྔོན་གྱི་མཁས་པ་ལ་ལས། སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་ནས། རྩ་བ་བོར་ནས་ཡལ་ག་མ་གཉོབ་ཅིག་གསུངས་པས། སྒྲ་སྙན་སྨན་རྩིས་སོགས་ཡལ་གར་གྱུར་བ་དང་། དེང་གི་མཁས་པ་ལ་ལས། རྩ་བ་ཐུག་སའི་བསྡུས་གྲྭ་ཡང་བོར་དགོས་གསུངས་ཡོང་དུས། སྔོན་དེང་གཉིས་ཀར་གོ་རྒྱུ་ཡོད་པ་ཞིག་བྲིས་གནང་བར་སེམས་སོ།
ཚད་མ་རིག་པའི་རྣམ་བཞག་གི་གཞུང་ལུགས་རྣམས་བསྡུས་ནས་སྡེ་ཚན་ཟུར་དུ་སྟོན་པའི་ན་བསྡུས་གྲྭ་ཟེར་ཝ་ཟུར་ཡོད་པའི་གྲྭ་དེ་སྐབས་འདིར་སྡེ་ཚན་ལ་གོ་དགོས་དྲ་གྲོགས་བོན་པོ་ལགས
གྲྭ་ལོག་ཐུབ་བསྟན་ཕུན་ཚོགས་ཀྱིས་ནམ་མ་ལངས་གོང་གི་ཉི་མ་ཤར་ཟེར་བ་ལྟར་སྔ་རྒོལ་མ་མཐོང་གི་དགག་པ་ནི་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་གིས་ཞབས་འདྲེན་རེད།
ཡག་པོ་གསུངས་འདུག བོད་ནང་གི་བླ་མ་དང་སྤྲུལ་སྐུ་ཡིན་ཟེར་བ་དེ་ཚོས་འདྲ་མིན་སྣ་ཚོགས་བྱེད་ཀྱི་འདུག
བསྡུས་གྲ་ནི་མདོར་བསྡུས་ན་་་་རྟག་པ་དང་དངོས་པོ་གང་རུང་ལ་དཔྱོད་པའི་ཚེ། དེ་ཅི་ཞིག་ཡིན་པ། ཅི་ལྟར་ཡིན་པ། ཅིའི་ཕྱིར་ཡིན་པ། ནམ་ཞིག་ནས་ཡིན་པ་སོགས་ཀྱི་དོགས་འདྲི་དང་རང་གི་བློ་ལ་དཔགས་ནས་དེ་དག་ལ་ལན་འདེབས་པར་སྟོན་པའི་རིགས་ལམ་ཞིག་ཡིན་པས། དེ་མི་དགོས་ཟེར་ན་བྱ་དངོས་ཞིག་ལ་དཔྱད་སྐབས་དེ་ལ་དོགས་སློང་དང་ཟ་ཟུར་ནས་བལྟ་བའི་བློ་མིག་མི་དགོས་ཟེར་བ་དང་གཅིག་མཚུངས་ཡིན།
ཐུབ་བསྟན་ཕུན་ཚོགས་ཟེར་བ་དང་དེ་ཚོའི་རིགས་ཀྱིས་འདི་ལྟར་བླ་མ་གྲྭ་བ་ཚོ་དང་ལྷན་དུ་ཆོས་རྩོད་དང་། ཤགས་འགྱེད། དགག་པ་དགག་ལན་སོགས་ལ་མགོ་འཁོར་ནས་འདུག་པ་ལས་བོད་མི་ན་གཞོན་ཚོར་དེང་རབས་ཀྱི་ཤེས་བྱ་རེ་སྦྱོང་བར་ལམ་སྟོན་མ་ཤེས་ན་ཡང་སྐུལ་འདེད་རེ་བྱེད་ཐུབ་ན་ཅི་མ་རུང་། སྐྱ་ལམ་སེར་ལམ་ཁ་ཁ། འབྲོང་བྲེ་མོའི་རྫ་ལམ་ཁ་ཁ་ཟེར་བ་དེ་ཅི་འདྲའི་གཏམ་དཔེ་སྙན་མོ་ཞིག་རེད་ཨང་།
མགོན་ཤཀྱའི་བསྟན་ལ་འཁུ་བ་ཡི།
རྒྱུད་ལོག་བལྟས་བསླད་པའི་རིགས་ཅན་འགའ།
ཆོས་རིག་ལམ་རྩོད་པའི་ཟོལ་ཟོག་གིས། གྱོད་ཁ་མཆུ་མ་སློང་ཁ་རོག་སྡོད།
ཐུབ་བསྟན་ཕུན་ཚོགས་ནི་པེ་ཅིང་མཐོ་སློབ་ཆེན་མོའི་དགེ་རྒན་ཞིག་ཡིན་པར་མ་ཟད་ད་བར་དུ་དཔྱད་རྩོམ་རིན་ཐང་བྲལ་བ་མང་དུ་བརྩམས་པར་ལྟ་དུས་ངོ་མ་མཁས་པ་རྣམ་དཔྱོད་ཅན་ཅིག་ཡིན་པར་མིག་ལྡན་ཅན་སུས་ལྟས་ཀྱང་ཤེས་ཐུབ་པ་འདུག འོན་ཀྱང་འབྱུང་བྱའི་མིག་ལྡན་འགས་རང་ཉིད་ཀྱིས་དཔྱད་རྩོམ་ཤོ་ལོ་ཀ་གཅིག་ཀྱང་མཐོང་ཐོས་རིག་གསུམ་མེད་པར་ཁོང་ལ་སྐྱོན་འཛུགས་བྱེད་པ་ནི་རང་ཉིད་རྨོངས་པ་ཡིན་ཞེས་སྔོ་ལོ་འཕྱར་བ་དང་གཅིག་པ་རེད།།
་་་་་་་་ ཚད་མ་རིག་པའི་རྣམ་བཞག་གི་གཞུང་ལུགས་རྣམས་བསྡུས་ནས་སྡེ་ཚན་ཟུར་དུ་སྟོན་པའི་ན་བསྡུས་གྲྭ་ཟེར་་་་་་་་་་
བསྡུས་གྲྭ་མི་དགོས་ཟེར་བ་དང་། ནང་ཆོས་སློབ་སྦྱོང་རིགས་ལམ་གྱི་སྒོ་ནས་བྱེད་བགྱི་མིན། ཟེར་བ་དང་གཅིག་མཚུངས་རེད་དོ། མུན་སྒོམ་པ་ཚོ། ལག་རྡུམ་བྲག་འཛེགས་པ་ཚོ། རྗེས་ལུས་པ་ཚོ།། །
བསྡུས་གྲྭ་གལ་ཆེན་པོ་མིན་ཟེར་བ་དེ་མི་དགོས་ཟེར་བ་ལ་བཙན་གྱིས་ཁ་སྒྱུར། རང་མགོ་རུལ་བ་སྣ་ཡི་མི་ཚོར་མཁན། དོན་སྙིང་རུལ་ཞིང་ཚིག་གི་དྲེག་པའི་རྟོག་གེ་བ། སྟོང་གོ་མི་ཆོད་རང་རྒྱུད་རྭ་ལྟར་གྱོང་བའི་མངོན་པའི་ང་རྒྱལ་ཅན། མིག་ལྡན་གཡང་མཆོང་ཚོ། དལ་འབྱོར་ཆུད་ཟོས་མཁན། དོན་མེད་ཁ་མཆུ་ཉོ་མཁན་ཚོ་ཟེར་ན་ཅི་འདྲ་འདུག།
ཐུབ་བསྟན་ཕུན་ཚོགས་ཟེར་བ་དང་དེ་ཚོའི་རིགས་ཀྱིས་འདི་ལྟར་བླ་མ་གྲྭ་བ་ཚོ་དང་ལྷན་དུ་ཆོས་རྩོད་དང་། ཤགས་འགྱེད། དགག་པ་དགག་ལན་སོགས་ལ་མགོ་འཁོར་ནས་འདུག་པ་ལས་བོད་མི་ན་གཞོན་ཚོར་དེང་རབས་ཀྱི་ཤེས་བྱ་རེ་སྦྱོང་བར་ལམ་སྟོན་མ་ཤེས་ན་ཡང་སྐུལ་འདེད་རེ་བྱེད་ཐུབ་ན་ཅི་མ་རུང་། སྐྱ་ལམ་སེར་ལམ་ཁ་ཁ། འབྲོང་བྲེ་མོའི་རྫ་ལམ་ཁ་ཁ་ཟེར་བ་དེ་ཅི་འདྲའི་གཏམ་དཔེ་སྙན་མོ་ཞིག་རེད་ཨང་།
ལ་ལས་ཟེར་ན་བསྡུས་གྲྭ་སྦྱངས་ན་ཁ་བདེ་བོ་ཆགས་ཀྱི་རེད་ཟེར། ད་ལྟ་བར་དུ་འཛམ་གླིང་རྒྱལ་ཁབ་ཀུན་ལ་གྲགས་པའི་མཁས་པ་དང་ཁ་བདེ་བོ་བགྲངས་ལས་འདས་པ་ཞིག་གིས་རྒྱལ་སྤྱིའི་སྡིངས་འདྲ་མིན་གྱི་ཐོག་ནས་སྐད་གྲགས་བཞག་མྱོང་ཡོད་པ་དེ་ཚོས་བོད་པའི་བསྡུས་གྲྭ་སྦྱང་བའི་ལོ་རྒྱུས་མེད་ལ། བོད་བསྡུས་གྲྭ་ལ་མགོ་དཀར་དཀར་དུ་སྦྱངས་པ་དེ་ཚོ་ཁ་བདེ་བོ་རེད་ཟེར་མཁན་གྱི་འཛམ་གླིང་གི་མཁས་པ་མ་བྱུང་མི་བྱུང་འབྱུང་བར་མི་འགྱུར་བ་ཡིན། ཡང་བསྡུས་གྲྭ་ཟེར་བ་འདི་སངས་རྒྱས་ཆོས་ལུགས་ཤིག་ཡིན་ནམ་སྙམ་ན་དེ་ནི་མ་ཡིན་ཏེ་སངས་རྒྱས་གྱི་བཀའ་དང༌། རྒྱ་གར་མཁས་པས་མཛད་པའི་བསྟན་འགྱུར་ཆེན་མོ་ཟེར་བའི་བཀའ་བསྟན་གླེགས་བམ་སུམ་བརྒྱ་ལྷག་ཅིག་ཡོད་པ་དེར་ལྟོས་དང་བསྡུས་གྲྭ་
ཟེར་རྒྱུ་ཞིག་ཡོད་ནི་མ་རེད། དེས་ན་སློབ་དཔོན་ཕྱ་པ་ཆོས་སེང་སོགས་བོད་ཀྱི་དགེ་བཤེས་འགའ་ཞིག་གིས་ཨ་ནེ་མགོ་སྐོར་དང་ཉི་མ་འགྲོ་བྱེད་ཙམ་ཞིག་གི་ཆེད་དུ་བརྩམ་པའི་ཕྱིན་ཅི་ལོག་གི་རིག་པ་ཤེས་རབ་འཆལ་བར་བྱེད་པ་ཞིག་ཡིན་པར་བཤད་ཡོད། འཇུ་མི་ཕམ་པས་མཛད་པའི་བརྡ་ཤན་འབྱེད་ཐེ་ཚོམ་གྱི་དྲྭ་བ་གཅོད་པའི་རལ་གྲི་ཟེར་བ་ཞིག་འདུག་པ་དེའི་ནང་དུ། བསིལ་ལྡན་འདི་ན་ཆོས་སེང་སོགས། །རིག་པ་རྣོ་བའི་འཕྲུལ་གར་གྱིས། །བློ་གསལ་རྨོངས་སུ་བཅུག་པའི་ངག །ད་ནི་གཞུང་སྨྲ་རྒད་པོས་ཀྱང༌། །རྗེས་བརྗོད་སྨྲ་བས་གཞུང་བཟད་བསླད། །སྨྲ་བ་འདི་འདྲའི་མཁས་རློམ་པ། །མགུ་ཡང་བདག་ཅག་འདི་རྗེས་སུ། །བྲག་ཆ་བཞིན་དུ་མ་ཞུགས་སོ། །ཞེས་བཤད་འདུག་པར་བལྟས་ན་ནང་ཆོས་ལ་ཕན་ཐོག་ཅི་ཡང་ཡོད་ས་མ་རེད། འཇུ་མི་ཕམ་པ་ཁོང་རང་གིས་མཛད་པའི་བསྡུས་ཚན་རྩོད་རིག་སྨྲ་བའི་སྒོ་འབྱེད་ཅེས་པའི་གཞུང་དེ་ཡང་ཕྱིན་ཅི་ལོག་གི་རིགས་པ་བསྡུས་གྲྭའི་རིགས་པ་འདི་འགོག་པའི་ཆེད་དུ་མཛད་པ་རེད་ཟེར་ངས་མི་ཤེས། ཡང་ལ་ལ་ཞིག་གིས་བསྡུས་གྲྭ་འདིས་སངས་རྒྱས་བསྟན་པ་ལ་རྒོལ་བ་འགོག་པའི་ཆེད་དགོས་པ་ཁྱད་པར་ཡོད་ཟེར་ཡང༌། གནའ་དེང་གི་བསྟན་པ་ལ་རྒོལ་བའི་མཁས་པ་སུ་ཞིག་བསྡུས་གྲྭའི་རིགས་པས་ཚར་བཅད་པའི་ལོ་རྒྱུས་མེད་ལ། དེང་སང་ཞོགས་དུང་སོགས་ནང་ཆོས་ལ་རྒོལ་བ་དངོས་སུ་བྱུང་བའི་སྐབས་ཀྱང་བོད་པའི་བསྡུས་གྲྭ་ལ་སྦྱངས་བའི་དགེ་བཤེས་དེ་ཚོས་བསྡུས་གྲྭའི་རིག་པའི་སྒོ་ནས་
ལན་རྣམ་དག་ཅིག་ནམ་ཡང་ཐེབ་མི་སྲིད་པ་མངོན་སུམ་གྱིས་གྲུབ་པ་བཞིན་ནོ། ལ་ལས་བསམ་ན་བསྡུས་གྲྭ་ཤེས་ན་དཔེ་ཆ་སྤུས་དག་པོ་ཤེས་ཀྱི་རེད་སྙམ་ན་རྒྱན་དྲུག་རྗེས་འབྲང་དང་བཅས་པ་ལྟ་བུ་དཔེ་ཆ་སྤུས་དག་པོ་ཤེས་མཁན་དེ་ཚོས་བསྡུས་གྲྭ་སྦྱང་མ་མྱོང་བ་བཞིན་བོད་ཀྱི་མཁས་པ་བགྲངས་ལས་འདས་པ་ཞིག་བྱུང་བ་མང་ཆེ་བས་བསྡུས་གྲྭ་སྦྱངས་མྱོང་མེད། བྱས་ཙང་འདི་ནི་བོད་པའི་སློབ་ཕྲུག་ཚོའི་དུས་ཚོད་འཕྲོ་བླག་གཏོང་བའི་ཆེད་ཤེས་རིག་ལས་ཁུངས་ནས་བཞག་པ་ཡིན་ས་རེད། གནའ་དེང་གང་ལ་ཡང་དགོས་མཁོ་སྤུ་
ཙམ་མེད་པར་ཁ་མཚམས་བཅད་དེ་བཤད་ཆོག་འཛམྦུའི་གླིང་གི་མཁས་པ་སུ་ལ་ཡང་བསྡུས་གྲྭའི་སྒོ་ནས་བགྲོ་གླེང་ཙམ་ཡང་བྱེད་མི་ནུས་པའི་རིགས་པ་འདི་ནི་གད་སྙིགས་ནང་དུ་གཡུག་བཞག་ན་ཡག་ཤོས་རེད།
བོད་གཞུང་གི་སློབ་ཕྲུག་འདི་ཚོས་བོད་ཡིག་སྤུས་དག་པོ་ཞིག་འབྲི་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན་པའི་དཀའ་ངལ་འདི་སེལ་བའི་ཆེད་དུ་སུམ་རྟགས་དག་གསུམ་སྤུས་དག་པོ་ཞིག་སྦྱངས་ཐུབ་ན་དགའ་བ་ལ།
༄། །བསྡུས་གྲྭའི་རིགས་པ་ལོག་པར་སྤྱད་པ་མཐུན་སྒྲིལ་གཏོར་བའི་འགད་རྫས་ཡིན།
བོད་མི་རིགས་ལ་མཐུན་སྒྲིལ་ཡོང་བ་ཤིན་ཏུ་དཀའ། མཐུན་སྒྲིལ་གྱི་སློབ་གསོ་དང་ལག་ལེན་གཉིས་ཀར་རྗེས་ལུས་ཐེབས་འདུག ། གང་ལགས་ཞེ་ན་བསྡུས་གྲྭའི་རིགས་ལ་བཀོལ་ནས་གཞན་སྐྱོན་འཚོལ་ཞིང་། ཀུན་ལ་དོགས་པ་ཟ་བ་གྲུང་པོར་བརྩི་བས་སློབ་གསོའི་རྨང་གཞི་ལ་སྐྱོན་ཆེན་པོ་བཟོས་འདུག །བསྡུས་གྲྭ་བསམ་བློའི་སྒོ་འབྱེད་པ་ལ་མཁོ་ཞིང་། ཞིབ་འཇུག་བྱེད་པ་ལ་ཉེ་བར་མཁོ། ཁྲིམས་རྩོད་བྱེད་ཐབས་ཀྱི་ལག་ཆ་བླ་ན་མེད་པ་ཞིག་རེད། མི་དགོས་པ་མིན་ཡང་ལོགས་པར་སྤྱད་ན་སྐྱོན་ཡང་ཤིན་ཏུ་ཆེ། ༡༽སྐྱོན་ཆ་གདོང་ལེན་གྱི་སྤོབས་པ་མེད། བོད་མི་རིགས་དགྲ་བོའི་མདུན་དུ་འཆི་བའི་དཔའ་སྙིང་ཡོད་ཀྱང་སྐྱོན་བརྗོད་ལ་ཁ་ནང་དུ་བསྐོར་ནས་བསམ་གཞིག་དང་། ཉེས་པ་ཡོད་ན་དྭངས་ལེན་གྱི་བསམ་བློ་མི་འདུག མི་གཞན་ཞིག་གིས་སྐྱོན་བརྗོད་བྱས་མ་ཐག་དེ་ལ་རང་བདེན་གྱི་ལན་ཅི་ལྟར་འདེབས་དགོས། གནས་ཚུལ་དེ་ལ་ཐད་ཀར་ལན་མི་འདེབས་པར་མི་དེའི་རྒྱབ་ལྗོངས། མི་ཚེའི་ཉེས་པ་བགྲངས་ནས་ནག་པོ་བཟོ་ཐབས་ཁོ་ན་ལྷུར་ལེན། གཞན་སྐྱོན་བཙལ་བ་ཁྲིམས་རྩོད་པ་ཞིག་ལ་མཁོ་བ་ཡིན་ཀྱང་མཐུན་སྒྲིལ་ལ་དེ་ལས་གནོད་པ་ཆེ་བ་ཞིག་མེད། གཅིག་བྱས་ན་དེ་བསྡུས་གྲྭ་སྦྱང་བའི་བསམ་བློ་ལས་བྱུང་བ་ཡིན་སྲིད། ༢༽དཀྲོག་གཏམ་བདེན་པར་འཛིན་པ། གཞུང་གི་མི་ཆེན་ནས་སྤྱི་དམངས་བར་དུ་ཕན་ཚུན་ལ་ཡིད་ཆེས་ཆུང་ཞིང་། དོགས་པ་ཟ་སླ་བ། ཕ་རོལ་པོར་ལམ་འགྲོ་བྱུང་བ་རང་གི་བློ་ལ་མི་འཐད་པ། ཕྲག་དོག་ཤིན་ཏུ་ཆེ་བ་སྟེ། མི་ཞིག་གིས་ཚིག་ཟུར་དུ་སྐྱོན་ཞིག་འདོགས་ས་རྙེད་ཚེ་བྱ་དགའ་ཐོབ་པ་བཞིན་དེ་ལ་དམ་དུ་འཇུས་ནས་རྟོག་བཟོ་དང་སྒྲུང་གཏམ། དཀྲོག་གཏམ་ཟེར་སྒྲོས་ཐམས་ཅད་དེ་ལ་སྤུང་ནས་རྟགས་གསལ་དུ་མ་བརྩེགས་ཏེ་ཕ་རོལ་པོ་ཡར་ལང་མི་ཐུབ་པའི་གནས་སུ་འགོད། དེ་ཚེ་རྒྱུ་འབྲས་ཀྱང་བཏང་སྙོམས་སུ་འཇོག་པ་དང་། སྟོན་པ་དང་། མི་རིགས་ཤ་ཁྲག་གཅིག་པའི་བསམ་བློ་ཡང་རེ་ཞིག་ཟུར་དུ་བཞག་ཏེ། ཆོས་དང་ལམ་ཚིག ཆིག་སྒྲིལ། རིས་མེད་སོགས་ཡལ་བར་འདོར་བའི་སྐྱོན་ཞིག་ཡོད། ༣༽སྐྱོན་སྒྲོགས་བྱེད་པའི་གོམས་གཤིས་ངན་པ། གནའ་མིའི་གཏམ་དཔེར། སྙན་པ་སྒོ་ལ་མི་ཐོན། །སྐྱོན་འདོགས་རི་ལ་སྐྱེལ། བཟང་པོ་བྱས་ཚད་མ་གོ། མ་རིག མི་ཤེས་པའི་ཚུལ་དུ་འཇོག །དཀྲོག་གཏམ། སྐྱོན་བརྗོད་ཞིག་ཐོས་མ་ཐག་མི་ཚེའི་སྙིང་པོ་ལོན་པ་ལྟ་བུས། མདུན་ནས་ཤུབ་བུར་བཤད། རྒྱབ་ནས་གཟེངས་མཐོར་བསྒྲགས། དེ་ནི་ཤེས་བྱའི་ནང་ནས་མཆོག ཤེས་རབ་ནང་ནས་དམ་པ། ཡོན་ཏན་ཀུན་གྱི་གཞི། གྲུང་པོ་དང་། མཁས་པའི་ལུགས་སུ་བརྩི་བའོ། །འདི་དག་ལ་གྱུར་བཅོས་ཤིག་མ་ཐུབ་ན་མཐུན་སྒྲིལ་ལ་ལམ་ཁ་གཏན་ནས་མི་འདུག་སྙམ། །ནོར་བ་ཡོད་ན་འཐོལ་ལོ་བཤགས་སོ། །འདི་ནི་རང་གིས་ནང་དུ་བརྟགས་པའི་ལྷག་བསམ་ཡིན་ཁུལ་ལོ། །དྲི་མེད་པའི་རྣམ་རྟོག་གོ།
བསྡུས་གྲྭ་ནི་རིག་གཞུང་ཞིག་རེད། དེ་ལ་སྐྱོན་ཡོན་གཉིས་ཀ་ཡོད། དེ་ལ་མི་ཞིག་གིས་སྒེར་བདག་བྱས་ཏེ་དེབ་སྐྱེལ་མ་བྱས་བར་བདག་པོ་སུ་ཡང་མེད། སུམ་རྟགས་ལ་དགག་བཞག་བྱས་ན་སུམ་རྟགས་སྦྱོང་མཁན་ཚང་མ་ལ་ཕོག་མི་འགྲོ། དཔེར་ན་པ་པོ་དང་། ཡང་འཇུག་ད་ས་ལ་དགོས་མིན་རྩོད་པ་བཞིན། བསྡུས་གྲྭ་ལ་སྦྱང་ཡོད་མཁན་ཞིག་ན་བསྡུས་གྲྭ་རང་ཉིད་དགག་པ་བྱེད་ཐབས་ཀྱི་རིག་གཞུང་ཞིག་ཡིན་པས་དེ་ལ་ལ་ཁྲོ་དགོས་དོན་མེད། བསྡུས་གྲྭ་ལ་དད་པ་བྱེད་མཁན་ཞིག་ཡོད་ན་དེའི་དད་མོས་ཀྱི་ཆོས་ལ་སྐྱོན་བརྗོད་བྱེད་མི་རུང་པ་ངེས་ཅན་རེད། དཔེར་ན་ཕྱག་རྫོགས་དབུ་གསུམ་ལ་ཆོས་ལོགས་སུ་སྨྲས་ན་ཆོས་ལུགས་དང་དད་མོས་ཀྱི་ཡུལ་ལ་སྐྱོན་བརྗོད་བྱས་པ་རེད། མ་འགྲིག་པ་རེད། བཟང་སྤྱོད་ཅན་གྱི་འཛམ་གླིང་གི་ཤེས་ལྡན་སུས་ཀྱང་ཆོས་ལུགས་ལ་བརྩི་སྲུང་དང་། རིག་གཞུང་ལ་དགག་བཞག་བྱེད། བསྡུས་གྲྭ་ཀུན་ལ་ཐུན་མོང་དུ་གྱུར་བའི་རིགས་ལམ་ཞིག་ལས་ཆོས་ལུགས་ཤིག་མ་རེད། བསྡུས་གྲྭ་མ་ཤེས་ན་ཚད་མ་དང་བསྡུས་གྲྭའི་ཁྱད་པར། བསྡུས་གྲྭ་དང་ཆོས་ལུགས་ཀྱི་ཁྱད་པར་གྱི་དོན་གོ་མི་ཐུབ་པ་བདེན་པ་རེད།
བསྡུས་གྲྭ་མི་ཤེས་མཁན་ཚོས། བསྡུས་གྲྭ་དགོས་མི་དགོས་ཞེས་རྩོད་པ་ནི། ་་་་་་་་་་་་འདི་དང་འདྲ་བ་མ་ཡིན་ནམ། ལགས། ཧཧཧཧཧཧཧཧ།། །།
ཉམས་ལེན་པ་ཞིག་ལ་བསྡུས་གྲྭ་མི་དགོས་ཐག་གིས་ཆོད། ཇི་ཙམ་བསྡུས་གྲྭར་བསླབས་ཀྱང་རང་གཤིས་གྱོང་དུ་འགྲོ་བ་མངོན་སུམ་གྱིས་གྲུབ།མདོར་ན་ཐར་པ་འདོད་ན་བསྡུས་གྲྭ་བོར་ནས་ཉམས་ལེན་བྱོས། ཚེ་འདིར་མཁས་པའི་ག་འཕང་ཙམ་དོན་དུ་གཉེར་བར་འདོད་ན་བསྡུས་གྲྭ་སློབས་དེ་གཉིས་གང་ལ་འཇུག་མི་འཇུག་རང་ཉིད་ཀྱི་ཁམ་ལ་ལྟོས།།
སྔར་གདན་སའི་གྲྭ་ཆུང་ཚོས། ཝ་ར་ན་སིར་སློབ་ཕྲུག་ཚོ་ལ། བསྡུས་གྲྭ་ནས། བུམ་པའི་ལྡོག་པ་ངོས་འཛིན་ཟེར་ན། དེ་གས་ཁྱད་པར་ཤེས་ཞེས་ཟེར་སྲོལ་ཡོད། དེ་དེང་སང་རྙིང་མ་པ་ལ། ཁ་སྤོས་ན་འགྲིགས་པ་འདྲ། ཧཧ།། །།
བསྡུས་གྲྭ་མི་དགོས་ཟེར་མཁན་དག་ནི་རང་ཉིད་ཀྱིས་བསྡུས་གྲྭ་མི་ཤེས་རྟགས། གཞན་གྱིས་རྩོད་པར་འཇུག་པའི་ཚེ། སྨྲ་བ་མེད་ཅེས་བརྗོད་རྒྱུ་ལས་རིགས་པའི་ལམ་གྱི་འགྲོ་སྟངས་མེད། མཐོན་པོའི་ཁྲི་ལ་འགྱིང་འགྱིང་ནས།། དམའ་དམའ་མོའི་རྨོངས་པར་རྫིག་རྔམ་སྟོན། རྩོད་ལ་མཁས་པའི་རིག་སྨྲ་བས། རྒོལ་ཚེ་ང་ནི་སྨྲ་བསམ་བརྗོད་མེད་ཡིན།
དྲ་གྲོགས་དྲི་མེད་ལྷག་བསམ་ལགས། དྲི་བ་འདི་ལ་ལན་ཞིག་གནང་རོགས་བྱོས། སོག་ཡིག་ཐོག་ནས་ཆོལ་ཁ་ཞེས་པ་དང་ད་ར་ཁ་ཞེས་ཚིག་འདི་གཉིས་ཇི་ལྟར་འབྲི་དགོས་པ་རེད་དམ། ཐ་སྙད་འདི་གཉིས་ཀྱི་སྒྲ་གདངས་སོག་སྐད་ཀྱི་གདངས་རེད་དམ། ཆོལ་ཁ་ཞེས་པ་དང་ཞིང་ཆེན་ཞེས་པ་འདི་གཉིས་ཀྱི་ཚིག་གི་བསྟན་བྱ་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་དམ།
аймгийн སོག་ཡིག་་་་་་་་་ 省 རྒྱ་ཡིག་་་་་་་་Provinceཨེན་ཡིག་་་་་་ཞིང་ཆེན་བོད་ཡིག་་་་འདི་དག་དོན་གཅིག་ཡིན་ནམ། ཆོལ་ཁ་ཞེས་པའི་ཐ་སྙད་འདི་ཡང་འདི་དག་དང་དོན་གཅིག་ཡིན་ནམ།
དུས་ཚོད་བྱུང་ན་ལན་རེ་གནང་རོགས་བྱོས།
ཨོ་ཡ་ཡ་ཡ།
ཅོ་ཉི་འཆི་མེད་པར་དགའ་ཡོད། ཆོལ་ཁ་ཆོས་རྟ་མི་ལ་སྦྱར་ནས་དུས་རབས་བདུན་པའི་སྐབས་སུ་བཏགས་པ་ཞིག་རེད། ཞིང་ཆེན་ནི་ཚེ་བརྟན་ཞབས་དྲུང་སོགས་མཁས་དབང་དུ་མས་རྗེས་གྲུབ་ཀྱི་མིང་དུ་དུས་རབས་བཅུ་དགུ་པར་བཏགས་པ་ཞིག་རེད། ཆོལ་ཁ་ཁྱབ་ཆེ་ལ་ཞིང་ཆེན་ཁྱབ་ཆུང་བ་རེད། དཔེར་ན་མདོ་སྨད་ཀྱི་ཆོལ་ཁ་ལ་ཞིང་ཆེན་བཞི་ཡོད་པར་བཞིན་ནོ།།
དབང་པོ་སྐྱོན་ཅན་ནམ་མི་སྨྱོན་པ་འདྲ་ཡིན་ན་མ་གཏོགས་སྡུད་གྲྭའི་རིགས་པ་ཁ་དོག་ཡིན་ན་དཀར་པོ་ཡིན་པས་ཁྱབ་ཟེར་བ་གཟའ་གཏམ་རེད། བྱིས་པ་ལོ་གཉིས་ལ་ཤེས་ཀྱི་ཡོད་པ་རེད། ད་དུང་མི་ཚེ་སྟོང་ཟས་དང་ཆགས་སྡང་འཁན་ཚོས་མི་ཚེ་གོང་བར་ཟློས་ཀྱིན་ཡོད་པར་ཚེ་རིང་མགོན་པོ་ཐུགས་རྨད་དོ།
རྨོ་བོ་པདྨ་ལགས། ཆོལ་ཁ་ཞེས་པའི་ཐ་སྙད་འདི་ས་སྐྱའི་སྐབས་སུ་བྱུང་བ་ལས་དེང་རབས་བདུན་པའི་སྐབས་སུ་བྱུང་བའི་ལོ་རྒྱུས་ཀྱི་ཁུངས་ལུང་ཞིག་ག་ན་འདུག་གམ། ཡིག་ཆ་གང་གི་ནང་དུ་གསལ་འདུག་གམ། བདག་ཆེན་ཨ་མེས་ཞབས་ཀྱིས་བརྩམས་པའི་ས་སྐྱའི་གདུང་རབས་ནང་དུ་གསལ་བ་ལས་་་ཏུན་ཧོང་གི་ཡིག་སོགས་ཀྱི་ནང་དུ་ཆོལ་ཁ་ཞེས་པའི་ཐ་སྙད་ཡོད་ཟོལ་མི་འདུག
ཆོལ་ཁ་ཞེས་པའི་ཐ་སྙད་འདི་དེང་རབས་བདུན་པའི་སྐབས་སུ་བྱུང་བའི་ཁུངས་ལུང་ཞིག་སྟོན་ཐུབ་ན་་་རྨོ་བོ་ཁྱོད་ལ་གུབ་ཞབས་ལན་གཅིག་བྱ་ཆོག དྲི་མེད་ལགས་ཀྱིས་ལན་ཁ་གསལ་ཙམ་གནང་ཐུབ་པའི་རེ་བ་ལས་རྨོ་བོ་ཁྱོད་ཀྱིས་ཁུངས་ལུང་ཞིག་སྟོན་འོངས་བསམས་པའི་རེ་བ་དང་ཅང་མེད།
དུས་རབས་བདུན་ནས་ཡོད་པར་མ་ཎིའི་བཀའ་འབུམ་དང་ཟ་མ་ཏོག་ལ་གཟིགས་དང་གསལ་ཁ་ཆེ། གེ་སར་སྒྲུང་དུ་གྲངས་མེད་ཡོད། དུས་རབས་ཆ་མ་འཚལ་ཡང་བོན་གྱི་ལོ་རྒྱུས་ནང་དུ་གསལ་ཆ་དོད་པར་ཡོད། དེང་རབས་ཐོས་ཆུང་ཚོས་འདི་ལྟར་བཤད་ཡོད། བཅུ་གསུམ་པའི་དུས་སྟོད་ཙམ་ན། བྱང་ཕྱོགས་ཧོར་གྱི་རིགས་ལས་བྱུང་བའི་ཇིང་གེར་རྒྱལ་པོའི་དབང་ཐང་གནམ་གྱི་མཐོངས་ལ་བསྙེགས་ཏེ་ཆེན་པོ་སུང་གི་རྒྱལ་ཁམས་རྩད་ནས་བཅོམ་པ་དང༌། ཨེ་ཤ་ཡ་གླིང་ཧྲིལ་པོ་རྒྱལ་ཁྲིམས་ཡུག་གཅིག་གིས་ཁེབས་ལ་ཉེ་བར་མ་ཟད། ཤར་ཡོ་རོབ་ཀྱི་ས་ཆ་མང་པོ་ཞིག་ལའང་རྐང་བརྐྱང་ལག་བརྐྱང་བྱེད་རྒྱུ་བྱུང་བའི་མངའ་ཐང་གི་དྲེགས་པས་སྨྱོས་པ་ལྟ་བུར་གྱུར། དུས་དེར་མཐོ་བོད་ཀྱི་ཡུལ་འདིར་བཙན་པོའི་རྒྱལ་ཁྲིམས་ཞིག་ཅིང༌། འབངས་གྱེན་ལོག་བྱུང་ནས་ལོ་གྲངས་བཞི་བརྒྱ་ལ་ཉེ་བ་ཞིག་ཕྱིན་ཏེ། སྒོ་ཀུན་ནས་ཉམས་དམས་པར་གྱུར་པའི་སྐབས་དང་འཁེལ་བས། ཧོར་རྒྱལ་པོའི་བཙན་འཛུལ་ལ་དྲག་པོའི་དཔུང་གིས་ཡ་ལན་སློག་མ་ཤེས་པས་ཅི་བྱ་གཏོལ་དང་བྲལ། དེ་ལྟ་ནའང༌། རྩུབ་པོས་རང་དང་འཇམ་པོས་མི་ཐུབ་ཅེས་པའི་དཔེ་ལྟར། བོད་ཁམས་གླིང་དགུ་ན་མཁས་པའི་གྲགས་པ་ཅན་གཙང་ས་སྐྱ་པའི་བླ་མ་ཀུན་དགའ་རྒྱལ་མཚན་ཤེས་བྱ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་གང་དེ། མཐའ་མི་ཧོར་གྱི་གསེབ་ཏུ་ཕེབས་ཏེ་ཐབས་དང་ཐུགས་རྗེ་ཟུང་དུ་འབྲེལ་འཚེ་མེད་ཞི་བའི་ལམ་གྱི་སྟོབས་ཤུགས་ཁོན་ལ་བརྟེན་ནས། ཧོར་རྒྱལ་ཨེ་ཆེ་གོ་དན་གྱི་གདུག་རྩུབ་དྲག་པོའི་དབལ་ཁ་རེ་ཞིག་ཞི་བར་བྱས། བདག་ཉིད་ཆེན་པོ་གང་དེ་ཡི་དབོན་པོ་བླ་མ་ཆོས་ཀྱི་རྒྱལ་པོ་འཕགས་པས་གནམ་གྱི་བུ་སེ་ཆེན་གྱི་སྒོ་གསུམ་དབང་དུ་བསྔུས་ཏེ། རྒྱལ་ཁབ་ཆེན་པོའི་དབུ་ཡི་མཆོད་གནས་སུ་ཕེབས་གྲུབ་པའི་དགའ་སྟོན་དུ། བོད་སྒང་པའི་ལྷ་སྡེ་མི་སྡེ་ས་ཆ་ཡུལ་རིས་དང་བཅས་པ་ཕ་ནོར་བུ་ལ་དབང་བ་བཞིན་རང་ནོར་རང་གིས་བདག་ཏུ་བཟུང་ཆོག་པ་བྱུང༌། བོད་ཤིང་སྒོ་ཅན་ཡོངས་ཀྱི་བདག་པོ་དཔལ་ལྡན་ས་སྐྱ་པར་གྱུར་པའི་སྐབས་དེར། བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེནས་སོ་སོའི་ཁྱད་ཆོས་དང་བསྟུན་པའི་མིང་རེ་བཏགས་པ་འདི་ལྟ་སྟེ། མངའ་རིས་གུང་ཐང་ནས་སོག་ལ་སྐྱ་བོ་ཡན་ཆད་དུ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ། སོག་ལ་སྐྱ་བོ་ནས་རྨ་ཆུའི་ཁུགས་པ་ཡན་ཆད་དུ་མདོ་སྟོད་མགོ་ནག་མི་ཡི་ཆོལ་ཁ། རྨ་ཆུའི་ཁུགས་པ་ནས་མཆོད་རྟེན་དཀར་ཆུང་ཡན་ཆད་དུ་མདོ་སྨད་གྱི་ལིང་རྟ་ཡི་ཆོལ་ཁ་ཞེས་པའི་མིང་དེ། དུས་དེ་ནས་བཟུང་ད་ལྟའི་བར་དུ་བོད་མི་ཡོངས་ཀྱི་ཁ་ན་ཆུ་ལས་རྒྱུག་ཆེ་བའིཐ་སྙད་ཅིག་ཏུ་གྱུར་འདུག་གོ །
དེ་ཡང་དབུས་གཙང་མངའ་རིས་དང་བཅས་པའི་ཡུལ་གྲུ་འདི་ནི་བསྟན་པ་སྔ་དར་གྱི་དུས་སུ། ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་མཁན་སློབ་ཆོས་གསུམ་དུ་གྲགས་པ་རྣམས་ཀྱིས་བསྟན་པའི་རྩ་བ་བཙུགས་ཤིང༌། ཕྱི་དར་བསྟན་པའི་ཆུ་མགོ་ལོ་ཆེན་རིན་ཆེན་བཟང་པོ་དང༌། ལྷ་གཅིག་མར་མེ་མཛད་སོགས་རྒྱ་བོད་ཀྱི་ལོ་པཎ་གནམ་གྱི་སྐར་ཚོགས་བཞིན་བྱོན་ནས། དམ་ཆོས་བསྒྱུར་བཤད་གྱིས་གཏན་ལ་ཕབ་ཅིང་སྒོམ་སྒྲུབ་ཀྱིས་ཉམས་སུ་བླངས། ས་དྭགས་དགེ་རྙིང་ལ་སོགས་ཆོས་བརྒྱུད་དང་གྲུབ་མཐའ་འདྲ་ལ་མི་འདྲ་བ་དུ་མ་ཡང་ཐོག་མར་དབུས་གཙང་གི་ཕྱོགས་ནས་དར་ཁྱབ་བྱུང་ཞིང༌། སྐྱིད་ཤོད་ལྷ་སའི་གཙུག་ལག་ཁང༌། བསམ་ཡས་ཆོས་འཁོར་ཆེན་མོ། རྭ་སྒྲེང་རྒྱལ་བའི་དབེན་གནས། རྡོ་རྗེ་གདན་དཔལ་ལྡན་ས་སྐྱ། བོ་དོང་ཨེ་ཡི་ཆོས་སྡེ། བྱང་ངམ་རིང་ཆོས་སྡེ། གཙང་སྣར་ཐང་ཆོས་སྡེ། ལྷོ་རྩེད་ཐང་ཆོས་སྡེ་སོགས་དང༌། མཁས་པའི་འབྱུང་གནས་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭ་སོགས་དབུས་ཁུལ་གྱི་སྔོན་གྱི་གདན་ས་ཆེན་པོ་དྲུག དུས་ཕྱིས་ཀྱི་ཆོས་སྡེ་ཆེ་ཤོས་འབྲས་སེ་དགའ་གསུམ་དང་གཙང་སྟོད་བཀྲ་ཤིས་ལྷུན་པོ་བཅས་རི་བོ་དག་ལྡན་པའི་ལུགས་ཀྱི་གྲྭ་ས་ཆེན་པོ་བཞི་རུ་གྲགས་པ་རྣམས་ཀྱང་དབུས་གཙང་གཉིས་སུ་ཡོད་པ་བཅས། ཕྱོགས་དེར་སྔོན་གྱི་དུས་སུ་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་རླབས་པོ་ཆེ་དར་བ་དེ་ཡི་ཕྱེད་ཙམ་ཡང་མདོ་སྟོད་སྨད་གཉིས་ན་མ་བྱུང་བར་སྣང་བས། སྐབས་དེར་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་ཞེས་བརྗོད་པ་ནི་དོན་གྱི་གནད་ལ་འཁྱུད་པའི་གཏམ་ཡིན་ནོ།
མདོ་སྟོད་ཁམས་ཀྱི་ཡུལ་ནི་ལྷོ་རྒྱུད་རྒྱལ་མོ་དངུལ་ཆུ། ཆབ་མདོའི་ཟླ་ཆུ། སྡེ་དགེའི་འབྲི་ཆུ། བྱང་གི་རྫ་ཆུ་སྟེ་ཆུ་བཞི་དང༌། ཚ་བ་སྒང༌། སྨར་ཁམས་སྒང༌། འབྲི་ཟླ་ཟལ་མོ་སྒང༌། རྨ་རྫ་སྒང༌། སྤོམ་འབོར་སྒང༌། མི་ཉག་རབ་སྒང་བཅས་སྒང་དྲུག་གི་ས་ཆ་རྣམས་ཏེ། དེང་གི་ཤོ་སྟར་ལྷོ་གསུམ། སྨར་བྲག་ཆར་གསུམ། ལྒང་ནང་རྫ་གསུམ། དཀར་བྲག་དར་གསུམ། འབའ་ལི་རྒྱལ་གསུམ། སྡེ་དགེ་མི་ཉག་སོགས་ལ་ཟེར་ཞིང༌། སྐབས་དེར་བར་ཁམས་སུ་ཡང་འབོད་པར་སྣང༌། ཡུལ་དེ་གའི་མི་ཕལ་མོ་ཆེ་རང་བཞིན་བཟང་ལ་ངང་ཚུལ་བརྟན། སྨྲ་བ་ཉུང་ཞིང་གཡོ་སྒྱུ་ཆུང༌། གཞུང་རྒྱུད་དྲང་ཞིང་ཕྱི་ཐག་རིང༌། ཕ་མ་དང་རྒན་རབས་ལ་གུས་ཤིང་དེ་དག་གི་གྲོས་ལ་ལྷག་པར་བརྩི། མི་དབང་ཆེན་དང་བཙན་པོ་དག་གི་མདུན་དུ་རྔ་མ་གཡུག་བཞིན་བརླ་འཚོང་བའི་སྲོལ་ཡེ་ནས་མེད། གཏམ་དང་བྱ་བ་གང་ལ་ཡང་ངོ་ལྐོག་དང་མདུན་རྒྱབ་མི་བྱེད། མི་རྒྱུས་མེད་ལ་གཏམ་ལན་ཙམ་འཇལ་བ་དཀའ་ཡང་ཤ་ཉེ་འབྲེལ་གྱི་ཆེད་དུ་ཁ་རྗེ་དང་དབང་ཐང་གཏོང་ཕོད། རྐུ་ལག་ཏུ་བཞག་ཀྱང་མི་ལེན་ཞིང་རྫུན་ཁ་ལ་བསླབས་ཀྱང་མི་ཤོད། སེམས་ཁོང་དུ་བདེ་སྡུག་ཆུ་ཡི་གཉེར་མ་བཞིན་མང་ཡང་གདོང་ལ་དགའ་སྐྱོའི་རྣམ་འགྱུར་མི་མངོན། ནང་ཕན་ཚུན་ཅི་ཙམ་མ་མཐུན་ཡང་ཕྱི་དགྲ་དང་ཐུག་ཚེ་གཅིག་རྒྱབ་གཅིག་གིས་འཚོ། མགོ་རྣ་བ་ལ་བརྩི་སྲུང་ཆེ་བས་ལས་ཅི་ལ་ཐུག་ཀྱང་པུས་མོ་ས་ལ་མི་འཛུགས། དཔའ་སྙིང་སྟོབས་དང་བློ་ཁོག་མེད་ན་མི་མི་དགོས་ཁྱི་གྲལ་དུ་ཡང་མི་བརྩི། ལར་ཅི་བྱས་ཀྱང་བློས་ཐུབ་ཀྱི་གྲོགས་ལ་རྩིས་ཐང་ཆེ་སྟེ། གྲོགས་བཟང་པོའི་དོན་དུ་ལུས་སྲོག་འབེན་དུ་འཇོག་དགོས་ཀྱང་དཀའ་བ་སྤུ་ཙམ་མེད་པར་བྱིས་པ་རྩེད་མོའི་གྲྭ་རུ་འཇུག་པ་དང་འདྲ། མདོར་ན། ཕྱི་གཟུགས་དྲུག་ལུས་ཀྱི་ཁོ་ལག་རྫོགས་ཤིང་ནང་སྙིང་སྟོབས་སྤོབས་པའི་རྩལ་ཤུགས་རྒྱས་པའི་ཁམས་པའི་མི་སྤུས་ཙམ། མདོ་དབུས་གཉིས་ཆར་དུ་མཐོང་བ་དཀོན་པས་ཁོ་ཚོས་ཀྱང་ཡིད་སྨོན་གྱི་གནས་སུ་བརྩི་མྱོང་བ་སྟེ། འབྲས་སྤུངས་ཀྱི་ཆོས་རྗེ་ལེགས་པ་ཆོས་འབྱོར་པས་ཁམས་གོ་བོའི་ཡུལ་དུ་སྐུ་འཁྲུངས་པའི་རབ་འབྱམས་པ་བསོད་ནམས་སེང་གེ་ལ། རྒོལ་བ་འདིས་ནི་ཤར་མདོ་ཁམས་སྒང་གི་སྟག་ཕྲུག་གི་རང་གཤིས་གསལ་བར་བསྟན་འདུག ཅེས་འཐབ་ན་མི་ཐུབ་པ་མེད་པའི་ཁམས་པའི་སྙིང་སྟོབས་ལ་དོན་གྱིས་ཁས་ལེན་གནང༌། བྲག་སྒོམ་པ་བསྟན་པ་རབ་རྒྱས་ཀྱི་མདོ་སྨད་ཆོས་འབྱུང་དུའང༌། མདོ་ཁམས་སྟོད་ཀྱི་ལུགས་གཉིས་ཀྱི་འབྱོར་པར་བསམས་ཚེ་ཨ་མདོའི་ཡུལ་ནི་གླེང་རིན་མེད་པ་ལྟ་བུར་སྣང༌། ཞེས་ཁམས་ཀྱི་སྣོད་བཅུད་གཉིས་ལ་ཚད་མཐོའི་གདེང་འཇོག་མཛད། གཙང་མྱང་སྟོད་ཕྱོགས་སུ་སྐྲུ་འཁྲུངས་པའི་ཀརྨ་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ་འདའ་ཁའི་བཀའ་མོལ་དུ། ཁོ་བོ་ལ་རང་དབང་ཡོད་ན་ཕྱི་མ་ཁམས་ཀྱི་ཡུལ་གྲུ་ཞིག་ཏུ་སྐྱེ་བ་ལེན་སྙིང་འདོད་དེ། ཁམས་པའི་མི་བློ་སྟོབས་དང་གཞུང་དྲང་དེ་འདྲ་མཆིས་ཚེ་ད་གཟོད་བྱ་གཞག་རླབས་པོ་ཆེ་བསྒྲུབ་ནུས་པ་ཡིན། ཞེས་སྨོན་པའི་ཡུལ་དུ་མཛད། མཁས་དབང་དགེ་མདུན་ཆོས་འཕེལ་གྱི་ལམ་ཡིག་ལས། ངོར་ཨེ་ཝཾ་ཆོས་སྡེར་ཁམས་ཀྱི་ཀུན་མཁྱེན་གོ་རམས་པའི་རིགས་ལམ་གྱི་རྗེས་ཤུལ་ནི་ད་ཆ་ལུས་མི་འདུག་ཀྱང་ཞལ་ཤུགས་དེ་ཡི་ལྷག་མ་ད་དུང་ཅུང་ཟད་མཐོང་རྒྱུ་འདུག་ཅེས་བརྗེད་ཐོར་བཏབ། ཉེ་རབས་གཞུང་ས་དགའ་ལྡན་ཕོ་བྲང་གི་མཐོ་རིམ་སྲས་མོ་སྐུ་ཞབས་ཤིག་རྒྱ་ཕེབས་ཀྱི་འགྲུལ་ལམ་ཁམས་ནས་གནང་བའི་ཚེ་ནའང༌། ཁམས་པའི་མི་དེ་ཚོ་གཟུགས་སྟོབས་ཆེ་ཞིང་རང་བཞིན་དྲང་ལ་ཧ་ལས་དགོས་པའི་སྙིང་སྟོབས་ཅན་ཤ་སྟག་འདུག དེ་ཚོ་དང་བསྔུར་ན། རང་རེའི་དབུས་གཙང་གི་མི་རྣམས་གཉོམ་ཆུང་ནུས་མེད་ཀྱི་ངང་ཚུལ་ཤས་ཆེ་བར་སྣང༌། ཞེས་བྲིས་འདུག་པ་ལྟ་བུས་མཚོན་ནོ།
བོད་ཤར་བྱང་གི་མཐའ་ན་གནས་པའི་ཨ་མདོའི་ཡུལ་རྣམས་ལ་གྱི་ལིང་རྟ་ཡི་ཆོལ་ཁ་ཞེས་བརྗོད་པའི་རྒྱུ་མཚན་ནི། བོད་ལ་མཚོན་ན་ཡུལ་གྲུ་འདི་དག་རྗེས་ལུས་དང་མཐའ་འཁོབ་ཀྱི་གནས་ཡིན་པས། དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ཐད་ནས་བལྟས་ཀྱང་ཉག་ཧ་ཅང་ཕྲ་ཞིང་འབུར་དུ་ཐོན་པ་ནི་ཅི་ཡང་མེད་མོད། ཐ་སྙད་སྔ་མ་གཉིས་ཀྱི་ཟླ་བོར་བརྗོད་བདེ་བའི་ཆེད་དུ་དུད་འགྲོ་རྟ་ཡི་བསྟན་པ་དར་ས་ཞེས་པའི་ཚིག་འདི་བླ་ཐབས་སུ་བསྣན་པ་ཨེ་ཡིན་སྙམ། ཡང་ན་རྒན་རབས་རྣམས་ཀྱི་ངག་རྒྱུན་དུ། མདོ་སྨད་ཟི་ལིང་གི་རྟ་ཕོ་ཞེས་བཞོན་རྟ་སྐས་འཛེགས་ལ་མ་བརྟེན་པར་ཞོན་མི་ཐུབ་པ་འགྲོས་དང་གོམ་པ་གློག་ཞགས་འཁྱུག་པ་ལྟ་བུ་ཡོད་ཅེས་ཐོས་མྱོང་བ་དེ་བདེན་པ་ཡིན་ཚེ། ཨ་མདོ་ཡུལ་ན་མི་སྤུས་ལ་གླེང་རིན་མེད་ཀྱང་རྟ་སྤུས་ས་ཆ་གཞན་ལས་ཅུང་བཟང་བ་ཡིན་ཤས་ཆེ།
དེ་དག་ནི་ཁ་སང་གི་ལོ་རྒྱུས་ལ་ཕྱི་མིག་ཙམ་བལྟས་པ་ཡིན་ལ། འདིར་བརྗོད་འདོད་པའི་སྐད་ཆ་དངོས་ནི་དེ་རིང་གི་གནད་དོན་ཞིག་སྟེ། བོད་ས་དུམ་བུ་གསུམ་པོར་དམ་པ་ཆོས་ཀྱི་ཆོལ་ཁ་ཞེས་སོགས་སྔོན་ཆད་ཀྱི་འབོད་སྲོལ་རྙིང་པ་དེ་ཚོ་རང་འཇགས་སུ་བཞག་ན་འོས་ཤིང་འཚམ་པ་ཞིག་ཡོང་མིན་གྱི་ཐད་ནས་བསམ་འཆར་འགའ་ཞིག་འདོན་རྒྱུ་དེ་ཡིན།
ཅོ་རི་ཉི་མ་ལེགས། ལེགས་སོ། ༡༽སོག་ཡིག аймгийн དང་རྒྱ་ཡིག省 ཨེན་ཡིག་Province་འདི་དག་སྔོན་ཆད་འབྱུང་རིམ་དང་ཚིག་དོན་ལ་ཁྱད་པར་ཅུང་ཟད་ཡོད་བཟོ་འདུག་སྟེ། ད་ལྟ་ཁྱད་པར་ཅུང་ཟད་ཀྱང་མེད་པར་གཅིག་ཏུ་བཞེད། ཨེན་ཡིག་གི་འབྱུང་རིམ་མི་ཤེས། སོག་སྐད་དུ་ད་ར་ཁ། dá lǔ huā ད་ལུ་ཁཱ་ཟེར་བ་ས་གནས་སྲིད་གཞུང་ལ་གོ་དགོས་པ་འདྲ། ས་གནས་སྲིད་གཞུང་གི་ཕོ་ཉ་འམ་སྐུ་ཚབས་ལ། ད་ར་ཁ་ཆེ། dá lǔ huā chì སོག་སྐད་ཀྱི་། ར་དང་ལ། ཁ་དང་ཧ་སྒྲ་འདྲ་བའི་དབང་གིས་བོད་ཡིག་ཏུ་འབྲི་སྲོལ་མི་འདྲ་བ་བྱུང་། དཔེར་ན། ཁལ་ཁཱ། ཧལ་ལ་སོགས་སོག་སྐད་ཡི་གེ་གཅིག་ལ་བོད་སྐད་དུ་སྒྲ་བརྗོད་པ་སོ་སོར་གོས་བས་འབྲི་སྲོལ་གཉིས་བྱུང་། སོག་པོའི་དུས་རབས་སུ། དབུས་སྲིད་གཞུང་། སྤྱི་དཔོན་ནམ་གུང་བློན་ལས་ཁུངས། དམག་སྤྱིའི་ལས་ཁུངས། ས་གནས་སྲིད་གཞུང་། ཁྲི་དཔོན། གླིང་དཔོན། སྟོང་དཔོན། བརྒྱ་དཔོན། བཅུ་དཔོན་བར་ཡོད། དམག་སྡེའི་ནག་དུ་རུ་དཔོན་མདའ་དཔོན་སོགས་ཞིབ་ཚག་ཆེན་པོ་འདུག རྗེས་སུ་ས་གནས་སྲིད་གཞུང་གི་ས་བགོས་ཏེ་ཞིང་ཆེན་དུ་བསྒྱུར། དེ་གླིང་གིས་ཕྱེས་པ་ད་ལྟ་ཁུལ་ཞེས་འབོད། ཁྲི་དཔོན་ཆུང་དུ་བཏང་ནས་རྫོང་དུ་བསྒྱུར། སྟོང་དཔོན་སོགས་ཡུལ་ཚོར་བསྒྱུར་འདུག གླིང་ནས་རིམ་པར་དབྱེ་བའི་ལུགས་སྲོལ་འདི་རྒྱ་ནག་ལ་ལོ་ཉིས་སྟོང་སྔོན་ནས་ཕལ་ཆེར་ཡོད། རྒྱལ་རབས་གསུམ་གྱི་འཐབ་རྩོད། 三国་སྐབས་ནས་གཏན་ཁེལ་བ་འདུག བོད་སོག་གིས་ཀྱང་དེའི་འཛིན་སྐྱོང་ལམ་ལུགས་ལྟར་བྱས་སམ་སྙམ།
༢༽སོག་སྐད་དུ་ད་ར་ཁ་མགྱོགས་པར་ཀློག་ན། དལ་ལི་ཁ་ཟེར། དེ་འགྱུར་བ། ཆལ་ཁ། ད་དང་།ཐ་དང་། ཆ་གསུམ་པོའི་སྒྲཡང་ནོར་སྲིད། དཔེར་ན།Temujin.ཐེ་མི་ཀྲིན། ཆམ་ཏིན། ཏཱ་མོའུ་ཨི་ཏན་ཞེས་བྲིས་ཡོད་པར་སྣང་ངོ། །
*ཆོལ་ཁ། ཨ་ལག དེབ་ཐེར་ལ་སོགས་སོག་པོས་རང་སྐད་དུ་འདོད། བོད་སྐད་དུ་འགྲེལ་ཚུལ་ཡོད་པ་མཁྱེན་བཞིན་པའོ། །སོག་སྐད་ཟུར་ཆག་པའི་སྐོར་དང་། གེ་སར་སྒྲུང་གླུ་སོགས་བཤད་ན་བོད་པ་ཚོས་མདའ་རུབ་མདུང་རུབ་བྱས་ཡོང་གི་འདུག སོ་སོའི་འགྲེལ་བ་དེ་ལ་བརྩི་བཀུར་ཞུ། གཞན་སེམས་མི་དཀྲུགས། བྲེལ་བ་ཆེ་བས། དེ་ཙམ་མོ།
་་་་་་་་་་་ *ཆོལ་ཁ། ཨ་ལག དེབ་ཐེར་ལ་སོགས་སོག་པོས་རང་སྐད་དུ་འདོད། ་་་་་་་་་
ཆོལ་ཁ་ནི། སོག་སྐད་དང་། སོག་ཤུགས་ཀྱི། ཚིག་འདིས། བོད་དུམ་བུ་གསམ་དུ། བཏང་བ་རེད། རང་བཞིན་སྐད་དང་། ཆ་ལུགས་ཀྱིས་ཀྱང་། གསུམ་དུ་དབྱེ་ཆོག་པ། ཅིག་ཀྱང་རེད།
སོག་པོས་གཅིག་ཏུ་བསྡུས་པ་རེད། སོ་སོར་གཏོར་བ་མ་རེད། བོད་ལ་ཕན་བཏགས་པ་རེད། བོད་དུམ་བུར་འཐོར་དོན། འཇང་ཡུལ་ཚུར་རྒོལ། ཀོང་པོའི་སྡེ་གཟར་ལན་བཞི། ལ་དྭགས་དམག་འཁྲུགས། སྡེ་དགེ་དང་ཉག་རོང་འཁྲུགས་པ་ཐམས་ཅད་ཀརྨ་བཀའ་བརྒྱུད་དང་དགེ་ལྡན་པའི་བར་ཀྱི་མངའ་རིས་རྩོད་པ་ལས་བྱུང་བ་རེད། ད་ལྟ་ཆུ་སྒང་གསར་རྙིང་། འབྲུག་དང་བོད་གཞུང་། ཁམས་དང་ཨ་མདོའི་རྩོད་པ་དེའང་མཐར་གཏུག་ན་ཀརྨ་བཀའ་བརྒྱུད་དང་དགེ་ལུགས་ཀྱི་རྩོད་པ་ཆོལ་ཁའི་ངོ་བོར་བསྒྱུར་བ་ཞིག་རེད། རྙིང་མ་དང་ས་སྐྱ་བ། ཇོ་ནང་པ་འགའ་ཞིག་མགོ་དྲུ་གུ་བཞིན་དུ་འཁོར་ནས་རང་ཉིད་མདའ་རྩེ་ལ་བསྐྱོན་པ་ཧ་མ་གོ་བར་ལྷག་འདུག ལོ་སུམ་བརྒྱའི་བར་གྱི་རྩོད་པ་ད་དུང་མཇུག་མ་དྭངས་པར་གནས་འདུག་མིན་ཞིབ་འཇུག་བྱས་ཏེ་ཉེས་པ་སླར་མི་ལྡོག་པའི་ཐབས་ལ་འབད་ན་བསྟན་པ་སྤྱི་དང་། བོད་སྤྱི་ལ་ཕན་པ་འདུག་པས་ཤེས་ལྡན་ཐམས་ཅད་ཀྱིས་གཟབ་པར་འཚལ།
ཏྰ་ལའི་བླ་མའི་ཏྰ་ལའི་དང་། ཆོལ་ཁ། ཨེམ་ཆི། ཨར་ཅོར་ཞེས་པའི་ཚིག་འདི་དག་སོག་ཚིག་གམ། སོག་སྐད་ཡིན་པ་འདྲ།
དྲི་མེད་ལགས་ཀྱིས་ལན་གནང་བར་བཀའ་དྲིན་ཆེ། སོག་ཡུལ་དུ་ཆོལ་ཁ་ཞེས་པའི་ས་ཁུལ་དབྱེ་སྟངས་ཤིག་ཡོད་པར་རེད་དམ། སོག་པོའི་རྒྱལ་ཁབ་ཀྱི་ནང་དུ་ཆོལ་ཁ་ག་ཚོད་ཡོད་རེད་དམ། འགྲན་ཟླ་བྲལ་བའི་སོག་པོའི་རྒྱལ་མཆོག་ཇར་གེར་སི་ཁན་གྱིས་དབང་སྒྱུར་བའི་ཡུལ་ལུང་ཡོངས་རྫོགས་ལ་ཆོལ་ཁ་ཞེས་པའི་ས་ཁུལ་དབྱེ་སྟངས་ཤིག་ལོ་རྒྱུས་ཀྱི་ཐོག་བྱུང་བ་རེད་དམ། སོག་པོའི་རྒྱལ་རབས་ཀྱི་ནང་དུ་ཇི་ལྟར་བཀོད་ཡོད་དམ།
དུས་ཚོད་བྱུང་ན་་་ཐོས་རྒྱ་དང་མཐོང་རྒྱ་མེད་པའི་ཅོ་རི་ང་ལ་སློབ་ཁྲིད་རེ་གནང་རོགས་བྱོས། ཐུགས་རྗེ་ཆེ།
ལེགས་སོ། །སོག་པོའི་རྒྱལ་རབས་སྐབས་རྒྱ་ནག་དང་། མཉྫུ། སོག་པོ། མི་ཉག་བཅས་བསྡུས་པའི་ཐད་ཀར་འཛིན་སྐྱོང་འོག་ཡོད་པའི་རྒྱལ་ནང་དུ་ཞིང་ཆེན་བཅུ་ཡོད། 中書省་ཟེར། ཕྱི་ན་དམིགས་བསལ་ཞིང་ཆེན་བཞི་ཡོད། ངའི་བལྟས་ན་ཆོལ་ཁའི་དབྱེ་སྟངས་ལ་ངེས་པ་མི་འདུག ། ས་ཕྱོགས་གཅིག་དབང་བསྒྱུར་བ་དང་དེ་ལ་སྐུ་ཚབ་ལས་འཛིན་གྱི་གཞུང་ཞིག་བཙུག་པ་དེ་རང་རེད་སྙམ། སྒྲིགས་གཞི་བརྟན་པོ་ཞིག་ཡོད། འཛིན་སྐྱོང་། ཚབ་སྲིད་། དམག་འཇུས། དཔྱ་ཁྲལ་བསྡུས་པ་སོགས་འབྲེལ་ཡོད་ཀྱི་ཡིག་ཆ་རྒྱ་ཡིག་དུ་ཡོད་པ་ལས། སོག་པོ་རང་གིས་བདག་རྒྱག་ཐུབ་མི་འདུག བོད་ནང་བཞིན་སངས་རྒྱས་པའི་ཆོས་ལུགས་དར་བའི་རྩེར་སོང་བ་དང་ཆབ་སྲིད་ཀྱི་བདག་དབང་གནས་ཚུལ་ཚང་མ་འཇིག་རྟེན་ཆོས་བརྒྱད་ཀྱི་ཁོངས་སུ་བསྡུས་ཏེ་དོར་འདུག །
ནང་གི་ཞིང་ཆེན་བཅུ།
1;陝西等處行中書省
2;遼陽等處行中書省
3;甘肅等處行中書省
4;河南江北等處行中書省
5;四川等處行中書省
6;雲南等處行中書省
7;湖廣等處行中書省
8;江浙等處行中書省
9;江西等處行中書省
10;嶺北等處行中書省
ཕྱིའི་དམིགས་བསལ་ཞིང་ཆེན་བཞིའི་ནང་དུ།
༡་ཀོང་ཞི།༼ཀོ་རི་ཡ། ཉི་ཧོང་སོགས༽
༢་ལྷོ་རྒྱུད་མཚོ་གླིང་༼དེང་སང་གི་ཡུན་ནན། ཁམ་པོ་ཇི་ཡ་སོགས༽
༣ རྒྱ་ནག་གི་ལྷོ་ཕྱོགས་མཚོ་གླིང་དང་། ༼བཀང་ཤི། ཧྥོས་ཀྲུ། མ་ཁོ། ཧོང་ཀོང་སོགས༽
༤འབར་མ། ༼དེ་དང་འབྲེལ་ཡོད་ཀྱི་ཐེའི་ལན་སོགས༽ཞིབ་ཆ་བྱེད་ལོང་མ་སོང་།
1 征東等處行中書省,(高麗王國 ,日本)
2 交趾行省(安南國)。
荊湖占城行中書省(占城行省)
3 阿里海牙為平章政事。
4 緬中行省,(緬國,蒲甘王朝)。
སོག་པོ་ལ་ཆོལ་ཁ་ཞེས་པའི་ས་མཚམས་དབྱེད་སྟངས་ཡོད་པར་འདོད། གོང་གི་ཞིང་ཆེན་དབྱེ་ཚུལ་དེ་རེད། བོད་ཀྱི་ས་གནས་ཆོལ་ཁ་བགོ་བཤའ་གཏོང་མཁན་སོག་པོ་ཡིན་ཚུལ་རྒྱ་སོག་གི་ཡི་གེ་རྙིང་པ་སྣ་གཅིག་སྟོན་རྒྱུ་མི་རྙེད། བོད་ཡིག་དུ་བྱུང་བ་ལ་ཚིག་དོན་ཞིབ་ཆ་དགོས་པ་དུ་མ་ཡོད། ད་ལྟ་ཕྱོགས་འགའ་ཞིག་གིས་རྒྱ་གར། བལ་བོད། ཤར་དཀྱིལ་གྱི་རྒྱལ་ཁབ་ཁག་ཅིག་ཐད་ཀའི་འཛིན་སྐྱོང་འོག་ཏུ་ནན་གྱིས་འབྲེལ་བ་རྒྱག་གི་འདུག་སྟེ། ཕྲན་གྱིས་བལྟས་ན་རྒྱལ་ཁབ་གཅིག་ལ་ཁྲལ་དང་ཁྲིམས་སྒོ་སོ་སོ་ཡོད་པའི་ཚུལ་དུ་འདུག །བོད་ལྟ་བུ་ལ་མཚོན་འདབས་ནོར་ཕུལ་ཏེ་འབངས་སུ་ཁས་བླང་པ་ལས། དབང་ཆ་ཡོངས་རྫོགས་ས་སྐྱ་ལ་གཏད་པ་བདེན་པར་འདུག་སྙམ། སྐབས་རེར་དམག་ལམ་དུ་ཁེལ་ཚེ་ཁྲལ་དང་འུ་ལག་བསྡུས་པ་ལས་སྤྱིའི་ཆ་ནས་ཁྲལ་ཁྲིམས་རང་སྒོ་དང་། སྔོན་གྱི་བླ་ཆེན་མི་ཆེན་གྱི་གོ་གནས་ལ་དེ་ཙམ་འགྱུར་བ་བཏང་མི་འདུག མདོར་ན་འཇང་ཡུལ་ཁ་བ་དཀར་པོ་ནས། ཡོལ་ལོ་གངས་ཀྱི་ར་བའི་བར་ས་སྐྱའི་བདག་བྱས་ཚུལ་སྔགས་འཆང་ཤཱཀྱ་བཟང་པོའི་ཕུར་བའི་ཆེ་བརྗོད་དུ་གསུངས་པ་དོན་ལ་གནས་སྙམ། རྒྱ་ནག་པ་འགའ་ཞིག་བཤད་སྲོལ་ལྟར་ན་བལ་ཡུལ་བོད་ཀྱི་ཞིང་ཆེན་དུ་བསྡུས་ཟེར་བ་ཡང་ཡོད་པར་དཔྱད་དགོས། །
ངས་དེ་རིང་ལོ་རྒྱུས་སྟེང་གི་འཛམ་གླིང་གི་གདུག་རྩུབ་ཅན་གྱི་མི་སྣ་གྲགས་ཅན་ཉེར་གསུམ་ཟེར་བ་ཞིག་བཀླགས། དེའི་ནང་དུ་སོག་ཡུལ་ནས་བྱུང་བ་གཉིས་འདུག གཅིག་ནི་ཇང་གེ་སི་ཁན་དང་། གཞན་ཞིག་ནི་དམར་ཤོག་མགོ་ཁྲིད་Khorloogiin Choibalsanཟེར་བ་དེ་རེད་འདུག ཕྱི་མ་དེའི་སྐོར་མཁྱེན་མཁན་ཡོད་ན་གསུངས་རོགས།
ཆོས་དཔལ་བཟང་ཟེར་བ་འདྲ། ཏཱ་ཁོ་རེ་དགོན་གྱི་གྲྭ་ལོག་ཞིག་རེད། ཁུ་རལ་ཆེན་མོར་བསྡུས་གྲྭའི་རིགས་པ་ལ་སྐད་གྲགས་ཡོད་པ། བོད་སོག་ཨུ་རུ་སུ་སོགས་ཀྱི་སྐད་ལ་བྱང་ཆུབ་པ་ཞིག་ཡིན་སྐད། འདི་ཕྱི་ལོ་30་ཡས་མས་སུ་བོད་ཀྱི་དགོན་པ་མང་པོ་བཤེར་ཡིག་དང་། བསྔོ་ཡིག་ཏུ་ཡོད། ཕྱི་སོག་བསྒྱུར་བཅོས་གཏོང་སྐབས་ཐོག་མར་རང་གི་དགེ་རྒན་བརྡུང་ཏེ་བསད་པ་རེད། དེ་ནས་གྲྭ་བ་མང་པོ་སྡེབ་གསོད་བྱས་པ་རེད། ལོ་རྒྱུས་སུ་བསྟན་དགྲ་དང་། ལག་དམར་སྡིག་ཅན་ཞིག་ཏུ་གྱུར་བ་རེད། །
འོ་ཡ། ཆོས་དཔལ་བཟང་ཡིན་ས་རེད་ལགས། དབྱིན་ཡིག་གི་དག་ཆ་འདི་རེད། མི་འདི་ཨུ་རུ་སའི་དམར་པོའི་མགོ་ཁྲིད་པ་སི་ཊ་ལིན་ལ་ཐུག་འཕྲད་བྱས་རྗེས་སུ་མི་གདུག་རྩུབ་ཅན་མ་རུང་བ་ཞིག་ལ་གྱུར་སོང་ཚུལ་བྲིས་འདུག ཧཧཧཧཧཧ་བསྡུས་གྲྭ་ལ་མཁས་པ་ཞིག་ཀྱང་ཡིན་འདུག
བསྡུས་གྲྭ་ལ་མཁས་པ་སྐུ་ཕྲེང་བཅུ་གསུམ་པ་དང་། བཅུ་བཞི་པ་ཡང་འདུག ཟེར་ན་གང་ལབ་གྲབས་ཡོད་དམ། མི་འདི་ཞེད་སྣང་སྐྱེ་ཡ་རང་རེད། ཕྱོགས་ལྷུང་ཅིག་སོང་ན་་་་་་ ཨ་ཁ་ཁ་་་་་ བླ་མ་བཟང་པོ་ཅིག་ཡིན་ཡང་ཞབས་འདྲེན་ཞུ་བགྱིད་འདུག དཔོན་པོ་བཟང་པོ་ཅིག་ཡིན་ན་ཡང་ཞབས་འདྲེན་ཞུ་བགྱིད་འདུག མཁས་པ་འཇམ་དཔལ་དབྱངས་འདྲ་བོ་ཅིག་ཡིན་ན་ཡང་ཐ་མ་ཞབས་འདྲེན་ཞུ་བགྱིན་འདུག ད་རེ་བ་བརྒྱག་སའི་མི་རབས་གསར་པ་རྙེད་ཁག་ཙམ་རེད་འདུག
དྲི་མེད་ལགས་་་བཀའ་དྲིན་ཆེན་་་་དགོས་མཁོ་ཡོད་པར་མང་པོ་ཤེས་བྱུང་བས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུར་ཡིན།
མཆན། 44་ལ་ཞུ་བ། ༡༽བསྡུས་གྲྭའི་རིགས་པ་ལེགས་པར་སྤྱད་ན་ཤེས་རབ་ཀྱི་སྒོ་འབྱེད། སྟོང་ཉིད་ཀྱི་ལྟ་བ་རྟོགས་རྒྱུ་རེད། བསྡུས་གྲྭའི་རིགས་པ་ལོག་པར་སྤྱད་ན་གཞན་སྐྱོན་འཚོལ་བ་དང་། དོགས་པ་ཆེ་བ། ང་རྒྱལ་ཆེ་བ། ཆོས་དད་མེད་པར་འགྱུར་སླ། གྲྭ་ས་ཆེན་པོ་ཁག་ཏུ་མིང་གི་དགེ་བཤེས་དང་དོན་གྱི་དགེ་བཤེས་ཟེར་བ་གཉིས་ཡོད། མིང་གི་དགེ་བཤེས་ཀྱི་མཚན་ཉིད་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་རིགས་པ་སྨྲ་བ་ལྷ་མོའི་ཚུལ་ཁྲིམས་ཀྱིས་འདི་ལྟར་གསུངས་ཡོད། །རྒྱབ་རིའི་སྒང་ན་རྩྭ་ཡོད་མེད་དང་། རི་བོང་མགོ་ན་རྭ་ཡོད་མེད་སོགས་རྟོག་གེའི་རིགས་པ་ལ་བྱང་ཆུབ་པ། ང་རྒྱལ་གྱི་གནམ་རྟོལ་བ། ཆོས་ར་ནས་ལག་པའི་ངོ་ལ་རྡུལ་མི་ཆགས་ཤིང་ཀུ་སྒྲ་འདོན་ཀྱང་གཞུང་སྤྱིའི་དཀའ་གནད། དོན་གྱི་གོ་བ། ནང་གི་ཉམས་ལེན་སོགས་ལ་བསྐོར་ཚེ་གཡག་ཆད་ལ་གཟར་ལ་དེད་པ་ལྟ་བུ་ཁ་ལག་འདར། འཁུན་སྒྲ་འདོན་མཁན་ལ་ཟེར། དོན་གྱི་དགེ་བཤེས་ཀྱི་མཚན་ཉིད་དེ་ལས་ལྡོག་པའོ། །༢༽ཡང་བསྡུས་གྲྭ་ལ་མཁས་པ་སྐུ་ཕྲེང་བཅུ་གསུམ་པ་དང་། བཅུ་བཞི་པ་ཡང་འདུག ཟེར་ན་གང་ཡང་ལབ་རྒྱུ་མ་རྙེད་ཚེ་བསྡུས་གྲྭའི་སྤྱི་བྱེ་བྲག་གི་གོ་བ་ཙམ་ཡང་ཆགས་མེད་པའི་རྟགས་རེད། ཞུ་རྒྱུ་ལགས། ༣༽ད་ལྟའི་བོད་ཀྱི་ནང་ཆོས་ཀྱི་རེ་བ་རྒྱག་སའི་མི་རབས་གསར་བ། ཚུལ་ཁྲིམས་བློ་གྲོས། གླིང་རིན་པོ་ཆེ། ཀརྨ་པ་སོགས་རེད། དེའི་ནང་ནས་ལྡོག་ཕྱོགས་ཀྱི་གསར་འགྱུར་མེད་ས་དེ་གླིང་རིན་པོ་ཆེ་རེད། འོན་ཀྱང་ཁོང་དགེ་ལུགས་གཅིག་པོ་ལས་དབང་ལུང་ཆེར་གསན་གནང་གི་མེད་པས་དགེ་ལུགས་གཙང་མ་ཞིག་ལས་སྤྱིའི་བླ་མར་འགྱུར་དཀའ། ཚུལ་ཁྲིམས་བློ་གྲོས་ལ་བོད་ཕྱི་ནང་གཉིས་ནས་བོན་པོ་རེ་གཉིས། དཔལ་སྤུང་རྗེས་འབྲངས་པ་རེ་གཉིས། ཨ་མདོ་བཀྲ་ཤིས་འཁྱིལ་ཕྱོགས་ཀྱི་མི་རེ་གཉིས་ཀྱིས་སྐྱོན་བརྗོད་ཅི་ཐུབ་གནང་གི་ཡོད་མོད། གསུང་སྐྱོན་ལ་ཞིབ་ཆ་བྱེད་དགོས་ས་དུ་མ་ཡོད་པ་ལས་དོན་གྱིས་སྐྱོན་གཞན་མེད། ཀརྨ་པའི་ཕྱོགས་ནས་འཕྲིན་ལས་མཐའ་རྡོ་རྗེའི་ཕྱོགས་ཀྱི་དགྲར་འཛིན་མ་དོར་བར་མཐུན་སྒྲིལ་དང་། ཞི་བདེ། རིས་མེད་ཀྱི་གསུང་གླེང་དཀའ་བར་གྱུར་བས་དཔལ་དང་འབྱོར་བ་ཅི་ཙམ་རྒྱས་ཀྱང་འཇིག་རྟེན་གྱི་སྐུ་བསོད་ཆེ་ཞུ་རྒྱུ་ལས་མེད། ད་དུང་ཆོས་རྒྱུན་གྱི་རྩོད་པ་རྒྱུན་མ་ཆད་པའི་རྟགས་སུ། ཉིན་ཤས་སྔོན་འབྲུག་ཆེན་རིན་པོ་ཆེའི་ངོ་དེབ་ན། འབྲུག་པ་བཀའ་བརྒྱུད་ཀྱི་མཁན་པོ་ཞིག་ལ་དུག་སྤྲད་ནས་ཤི་སོང་། འབྲུག་པའི་བླ་སྤྲུལ་མཁན་པོ་རྣམས་ཀྱིས་གཟབ་གཟབ་གྱིས་ཞེས་གསུངས་འདུག དེ་བདེན་ན་བོད་ཀྱི་བསྟན་པ་ཅི་འདྲ་འདུག དངོས་གནས་ཡིད་སྐྱོ་བ་ཞིག་དང་། ཞེད་སྣང་སྐྱེ་དགོས་པ་ཞིག་མིན་ནམ། ཕྲན་རང་གིས་གང་བཤད་པ་ལྷག་བསམ་ཡིན་པའི་ཁུལ་ལེགས་མོད། སྐབས་རེར་སྐྱོན་ཅན་ལ་ཕོག་པ། སྐབས་རེར་རང་གིས་བསམ་བློ་གཏོང་ནོར་བ། སྐབས་རེར་ཕ་རོལ་པོར་དགྲར་འཛིན་ཆེ་བ་སོགས་ལས་ཀྱི་རྣམ་པར་མྱོང་བ་དེ་ལྟར་རོ། ། རང་ཉིད་ལ་བསྟན་པ་སྤྱི་དང་རྙིང་མ་དང་ཀརྨ་བཀའ་བརྒྱུད་གཉིས་ལའང་དུང་པ་དང་ཞེན་པ་ཞིག་ཡོད་མོད་ཕན་ཐོགས་པའི་རེ་བ་ཟད་ནས་ཡོད་པས། ད་ནི་ཅི་ཞིག་ཏུ་གྱུར་ཀྱང་སྟོ། བསྟན་པ་སྤྱི་དང་། བོད་སྤྱི་ལ་བསམ་བློ་རེ་བཏང་ཚེ། སྐབས་རེར་སྡུག་གི་ཚེ་ཐག་རིང་བ་ལས། སྐྱིད་པོ་ཚེ་ཐུང་གིས་དགའ་ཟེར་བའི་བསམ་བློ་དེའང་ཡོང་གི་འདུག མང་ཆེ་བར་སྐྱོ་དགོས་པ་གང་ཡང་མེད་པའི་སྣང་བ་དགའ་ཡལ་ལེར་བསྡད་ཡོད། ཁྱོད་ཀྱང་རེ་བ་རྒྱག་ས་མི་རྙེད་པའི་བློ་དོར་ཞིང་བོད་མི་སྤྱི་ལ་རེ་བ་བྱོས་དང་སེམས་སྐྱིད་པོ་ཡོང་བར་ངེས།
༼ཚུལ་ཁྲིམས་བློ་གྲོས་ལ་བོད་ཕྱི་ནང་གཉིས་ནས་བོན་པོ་རེ་གཉིས། དཔལ་སྤུང་རྗེས་འབྲངས་པ་རེ་གཉིས། ཨ་མདོ་བཀྲ་ཤིས་འཁྱིལ་ཕྱོགས་ཀྱི་མི་རེ་གཉིས་ཀྱིས་སྐྱོན་བརྗོད་ཅི་ཐུབ་གནང་གི་ཡོད་མོད།༽ བོན་པོ་རེ་གཉིས་ཀྱིས་ཚུལ་ཁྲིམས་བློ་གྲོས་མཆོག་ལ་སྐྱོན་བརྗོད་བྱས་ཡོད་པ་ཟེར་བ་མི་བདེན། ང་ཡང་བོན་པོ་ཞིག་ཡིན་པས་ཚུལ་ཁྲིམས་བློ་གྲོས་མཆོག་ལ་གུས་ཞབས་ཡོད། ཁོང་སྐྱེས་ཆེན་དམ་པ་ཞིག་ལ་སྐྱོན་ཞེས་པ་བརྗོད་འདོད་རྩ་བ་ཉིད་ནས་མེད་དོ། ཡིན་ནའང་སྐབས་འགར་ཕན་ཚུན་མ་ཤེས་པ་དང་མ་རྟོགས་པའི་རིགས་བྱུང་ཚེ་དེང་དུས་ཀྱི་འགྲོ་སྟངས་ལྟར་བཀའ་མོལ་གྱི་ལམ་ནས་གསལ་བཤད་དང་བགྲོ་གྲེང་གནང་དགོས་པ་དེ་ཡང་གལ་ཆེན་རེད། དེ་འདྲ་ཡིན་དུས་ཚུལ་ཁྲིམས་བློ་གྲོས་མཆོག་བོན་པོའི་དགོན་པར་ཕེབས་འདུག་ལ་བོན་པོ་མི་སྣས་ཀྱང་ཚུལ་ཁྲིམས་བློ་གྲོས་མཆོག་ལ་མཇལ་བཅར་ཞུས་ཡོད་ས་རེད། མཐུན་ལམ་དང་ཞི་བདེ་ཕན་ཚུན་བརྩི་བཀུར་སོགས་སངས་རྒྱས་ཀྱི་དགོངས་པ་ལྟར་འགྲོ་བ་ཀུན་ལ་ཁྱབ་པའི་སྨོན་འདུན་ཞུ། སྤྱིར་ཚུལ་ཁྲིམས་བློ་གྲོས་མཆོག་གཟིགས་རྒྱ་ཆེ་ཡང་འོན་ཀྱང་བོན་གྱི་དཔེ་ཆའི་ནང་་་་རིགས་ཀྱི་བུ་བཞི་གཡུང་དྲུང་བོན་དུ་ངེས། གདུལ་བྱ་ཐ་དད་འདུལ་ལ་དེ་བཞིན་བསྟན། གསུངས་པ་དང་། གཡུང་དྲུང་བོན་་་དང་་་སངས་རྒྱས་ཀྱི་བསྟན་པ་་་གཉིས་དོན་གཅིག་ཡིན་གསུངས་པ་སོགས་མ་གཟིགས་པ་འདྲ། བོན་དཔེ་དེ་ཚོ་ནི་ཚུལ་ཁྲིམས་བློ་གྲོས་མཆོག་སྐུ་མ་འཁྲུངས་བའི་ལོ་ངོ་བརྒྱ་ཕྲག་མང་པོའི་སྔོན་རོལ་ནས་བྲིས་ཟིན་པ་ཞིག་རེད། །
ཟུར་ཞུ། ཚུལ་ཁྲིམས་བློ་གྲོས་མཆོག་གི་སྐུ་ཡི་སྤྱོད་ལམ་གནང་སྟངས་དེ་ཚོ་ནི་གསར་མ་དང་འདྲ་ཆེ་སས་འདྲ་འདུག་ད། ནང་གི་ཉམས་ལེན་ནི་ག་འདྲ་ཞིག་གནང་གི་ཡོད་མེད་མི་རུལ་ང་འདྲ་པོས་ཅི་ཤེས། །
ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་བོན་པོ་ནང་པ་མིན་པར་གསལ་བོ་གསུངས་པ་བདེན་པ་རེད། བོན་ནག་གིས་སྒྲོ་བཀུར་མང་པོ་བཏབས་པ་གསལ་བོ་རེད། མ་ཚད་གཤིན་བོན་ཚོས་ནོན་ཤུགས་ཆེན་སྤྲད་ཀྱང་ཁོང་གིས་ངོས་ལེན་མེད་པར་མ་ཟད་ཁོང་གིས་བོན་ནི་ནང་པ་སངས་རྒྱས་པ་མིན་པར་ཏོ་ཇོ་དང་ཧྥན་ལུགས་བཞིན་ཡིན་པར་གསལ་བོ་བཤད་གནང་འདུག
དྲ་གྲོགས་བོན་པོ་ལགས་ཕེབས་འདུག་པས་དྲི་བ་རེ་གཉིས་ཕུལ་ཆོག་གནང་རོགས། བོན་པོའི་ཆོས་འབྱུང་དང་ལོ་རྒྱུས་ཀྱི་ཡིག་རྙིང་ཁག་གི་ནང་དུ་་་ཆོལ་ཁ་་་ཞེས་ཐ་སྙད་འདི་ཡོད་དམ། བོན་ཕྱོགས་ནས་ཆོལ་ཁ་ཞེས་པའི་ཐ་སྙད་འདི་བསྟན་བྱ་ལ་འགྲེལ་བཤད་རྒྱབ་སྟངས་ཅི་འདྲ་ཡིན་ནམ།།། དུས་ཚོད་ཡོད་ན་ལན་རེ་གནང་རོགས་བྱོས།
ནོར་བཅོས་་་
དྲ་གྲོགས་བོན་པོ་ལགས་ཕེབས་འདུག་པས་དྲི་བ་རེ་གཉིས་ཕུལ་ཆོག་གནང་རོགས། བོན་པོའི་ཆོས་འབྱུང་དང་ལོ་རྒྱུས་ཀྱི་ཡིག་རྙིང་ཁག་གི་ནང་དུ་་་ཆོལ་ཁ་་་ཞེས་ཐ་སྙད་འདི་ཡོད་དམ། བོན་ཕྱོགས་ནས་ཆོལ་ཁ་ཞེས་པའི་ཐ་སྙད་འདིའི་བསྟན་བྱ་ལ་འགྲེལ་བཤད་རྒྱབ་སྟངས་ཅི་འདྲ་ཡིན་ནམ།།། དུས་ཚོད་ཡོད་ན་ལན་རེ་གནང་རོགས་བྱོས།
སྔོན་ཞང་ཞུང་གི་རྒྱལ་རབས་ནས་་་བྱ་རྒྱལ་ཁྱུང་ཆེན་་་རྒྱལ་རྟགས་སུ་བཀོད་ནས་འགྲོ་དོན་སྐྱོང་ལུགས་ལ་བརྟག་པ་ཡིན་ན། བོན་པོ་ཚོ་བོད་གངས་ཅན་པའི་ཁྱད་པར་དུ་བྱས་པའི་ནང་པའི་ཕ་རྒན་དེ་ཡིན་ཟེར་ནའངས་འགྲིག་ས་རེད་དོ། །
དྲྭ་གྲོགས་ཅོ་རི་ཉི་མ་ལགས་མ་མཇལ་ཡུན་རིང་སྐུ་ཁམས་བཟང་། གཅིག་བྱས་ན་ཁྱེད་ཀྱིས་བོད་ཀྱི་ལོ་རྒྱུས་དེབ་རྒན་ཞིག་འབྲི་བཞིན་ཡོད་ས་རེད། ཆོལ་ཁའི་སྐོར་ལ་ཐུགས་སྣང་ཆེན་པོ་གནང་སྟངས་ལ་བལྟས་ན། ང་ནི་ལོ་རྒྱུས་ལ་ཉམས་མྱོང་དང་དཔེ་དེབ་མང་པོ་ཀློག་ཐུབ་མཁན་དེ་འདྲ་ཞིག་རྩ་བ་ཉིད་ནས་མིན། ཁྱེད་ལ་ཐུགས་ཕན་གསོས་པ་ཞིག་ཞུ་རྒྱུ་མེད་པས་དགོངས་འགལ་མེད་པ་ཞུ། །
ཡིན་ནའང་རྣམ་རྟོག་གི་ཀློང་ནས་འདི་ལྟར་དྲན། དཔེ་རྙིང་དེ་ཚོའི་ནང་དུ་་་ཆོ་ལོ་་་ཞེས་པའི་ཚིག་དེ་ཡོད་འདུག ཆོ་ལོ་་་ཞེས་པ་དེའི་གོ་དོན་གཅིག་ནི་གོ་གནས་དང་དབང་ཚད་བསྟོད་མངགས་དེ་འདྲ་ལ་གོ་བར་སེམས། ཡིན་ནའང་མིང་ཚིག་དེའི་གོ་དོན་ཁྱབ་ཚད་དང་བེད་སྤྱོད་བྱེད་སྟངས་ལེགས་པར་དཔྱད་དགོས། གཅིག་བྱས་ན་་ཆོལ་ཁ་་་ཞེས་པའི་མིང་ཚིག་དེ་བརྡ་རྙིང་་་ཆོ་ལོ་་་དང་འབྲེལ་ནས་བྱུང་བ་ཞིག་ཡིན་སྲིད། དེ་ཡང་རྒྱ་ནག་གོང་མས་ཀྱང་ཆོ་ལོ་དང་འཇའ་ས་གནང་བའི་སྲོལ་ཡོད་རབས་ཅིག་ཀྱང་བྲིས་འདུག །
ཆོ་ལོ་་་ཞེས་པ་དེའི་གོ་དོན་གཅིག་ནི་་་ཤོ་་་རྒྱན་ལ་གོ་བ་རེད། དེ་ནི་བོན་གྱི་སྟོན་པ་གཤེན་རབ་མི་བོ་མཆོག་གིས་ཀྱང་ལྷ་བདུད་རྒྱལ་ཕམ་བརྟག་བྱེད་ལ་ཆོ་ལོ་བརྩེས་གནང་བའི་རྣམ་ཐར་འདུག མ་ཚད་བོད་ཀྱི་ལོ་རྒྱུས་དང་རྣམ་ཐར་དེ་ཚོའི་ནང་སྔ་རབས་ཆོ་ལོ་རྩེ་སྲོལ་ཡོད་པ་གསལ་ཡོད་པ་རེད། །
གོང་གི་བསྡུས་གྲྭ་དགོས་མིན་ལ་དཔྱད་པ་ཁ་བརྡའི་གྲྭ་བར་ལན་གཉིས་བཀོད་སོང་། དེའི་སྐོར་ལ་མཆན་སྣ་ཚོགས་བཀོད། ལན་མང་པོ་བཏབ་ཚར་བ་རེད། ད་དུང་མུ་མཐུད་དུ་བཀོད་པ་ལ་དམིགས་ཡུལ་ཆེན་པོ་ཞིག་ཡོད་ངེས་རེད། གཙོ་བོ་ཚུལ་ཁྲིམས་བློ་གྲོས་དམིགས་འབེན་དུ་བཞག་ནས་དཔལ་སྤུང་རྗེས་འབྲངས་པ་འགའ་ཞིག་གིས་འདོད་པ་བཀོད་པ་ཙམ་རེད། ལོ་ཤས་སྔོན་བླ་རུང་ཚར་གཅོད་དགོས་ཟེར་ནས་དཔལ་སྤུང་གི་གྲྭ་རྒོད་འགའ་ཞིག་རྩོད་པ་བྱེད་པར་བྱུང་བའི་ལོ་རྒྱུས་ཀུན་ཀྱིས་ཤེས། དཔལ་སྤུང་ཚང་མཁས་གྲུབ་སྐྱེས་བུ་བསམ་མི་ཁྱབ་པ་མང་པོ་བྱུང་བས་དགའ་འོས་པ་ཞིག་དང་། ལོ་རྒྱུས་ནང་དུ་བསྟན་པ་སྤྱི་དཀྲུགས་མཁན་མང་པོ་བྱུང་བས་སྡུག་འོས་པ་ཞིག་རེད། ཐུབ་བསྟན་ཕུན་ཚོགས་དང་། འབྲོང་བུ་ཚེ་རིང་རྡོ་རྗེ་ལྟ་བུ་བོད་ཀྱི་མཁས་པའི་ཁྲོད་བོད་ཀྱི་ཆེ་དགུ་ཡོངས་པ་མངོན་ལྐོག་གཉིས་ནས་སྦྱོར་བ་རྩོམ་མཁན་རྣམས་ནི་དངོས་ནས་ཡིད་སྐྱོ་བ་ཞིག་རེད། ཚུལ་ཁྲིམས་བློ་གྲོས་ཀྱི་མཚན་སྙན་དང་འཕྲིན་ལས་ལ་ཕྲག་དོག་གི་སྐད་ཆ་དེ་རྣམ་དཔྱོད་ལྡན་པ་རྣམས་ནས་གཟབ་པར་འཚལ། ད་ལྟ་དཀར་མཛེས་རྫོང་དཔོན། གསེར་རྟ་རྫོང་དཔོན་བཅས་བརྗེ་བོ་བརྒྱབ་འདུག རྒྱུ་མཚན་བླ་རུང་དང་ཡ་ཆེན་གཉིས་ལ་གུ་ཡངས་བཏང་འདུག་ཟེར། སྤྱིར་བླ་རུང་གཞུང་གི་ལྟ་བརྟོག་འོག་གནས་པ་ལས་གུ་ཡངས་གཏན་ནས་མེད་པ་ཀུན་ལ་རྒྱུས་ཡོད། དེར་མ་ཟད་ཐུབ་སྟན་ཐུན་ཚོགས་ལྟ་བུ་འགའ་ཞིག་གིས་མངོན་ལྐོག་གཉིས་ཀྱིས་སྦྱོར་བས་གཞུང་གིས་འགྲོ་སོང་བཏང་སྟེ་བླ་རུང་སྒར་བཙན་དབང་གིས་དུམ་བུ་གཉིས་སུ་གཏོར་ཏེ། ཟུར་དུ་སྒར་གསར་བ་ཞིག་འདེབས་བཞིན་པའི་གནས་ཚུལ་དེ་ལ་རྩད་གཅོད་དགོས། ད་དུང་གཟབ་གཟབ་བྱས་ན་བཅོས་སུ་ཡོད་སྲིད། གལ་སྲིད་དེ་ལྟར་བྱུང་བ་ཡིན་དེའི་ལོ་རྒྱུས་ཀྱི་གན་སུས་འཁུར་དགོས་བཤད་མ་དགོས་པ་རེད། །རྒྱ་ནག་དཔོན་རིགས་ཁྲོད་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་བསོད་དར་རྒྱས་ཀྱི་སློབ་མ་མི་ཉུང་པ་ཡོད། བླ་རུང་སྒར་ལ་གནོད་པ་བྱེད་པའི་ཡིག་ངག་གཉིས་ཀ་སུ་ལས་བྱུང་རྒྱུས་ཡོད་མོད། བོད་སྤྱི་བསྟན་པ་སྤྱིའི་མཐུན་ལམ་དུ་དམིགས་ཏེ་བཙོད་པ་བསྒོམས། རྩོད་པ་སྤངས། བཏང་སྙོམས་སུ་བཞག་པ་ཤེས་དགོས།
བོན་པོ་ལེགས། རེ་གཉིས་ཀྱི་ཚིག་གིས་ཚང་མ་མི་པར་བསྟན་ཡོད། ༡༽བོན་པོ་འགའ་ཞིག་གིས་རྒོལ་བ་བྱས་པ་ཡོངས་གྲགས། དེ་མཉ་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་བོན་པོ་རང་གིས་ནང་པ་སངས་རྒྱས་ཡིན་ཟེར་བའི་གནས་ཚུལ་མ་མཁྱེན་ནས་གསུངས་པ་ལ། བོན་པོ་ཚོའི་སྐྱོན་བརྗོད་དང་རྒོལ་བ་རྒྱ་བོད་ཡིག་རིགས་གཉིས་གར་སྤེལ་སོང་། རྗེས་སུ་ཕན་ཚུན་གནས་ཚུལ་ཞིབ་གླེང་བྱས་ཏེ་ཐུགས་མཐུན་དང་མཉམ་ལས་བྱེད་མགོ་བརྩམས་པ་རེད། དེ་དགའ་འོས་པ་ཞིག་རེད། རྗེས་སུ་ཡི་རང་ཞུ། ༢༽དཔལ་སྤུང་ནས་བླ་རུང་ཚར་གཅོད་དགོས་ཟེར་བའི་གྲྭ་རྒོད་འགའ་ཞིག་བླ་རུང་དུ་ཕེབས་ཏེ་རྩོད་པ་བྱས་པ། ཐུབ་བསྟན་ཕུན་ཚོགས་ཀྱིས་མངོན་ལྐོག་གཉིས་ནས་རྒོལ་བ་བྱེད་པ་ཡོངས་གྲགས་རེད། རྒྱ་ནག་ཁྲིན་འདུ་དང་ཁྲུང་ཆིན་དུ་སྡོད་མཁན་གྱི་བླ་གྲྭ་འགའ་ཞིག་ཀྱང་མི་དགའ་བའི་རྣམ་འགྱུར་ཚེ་ཚར་གཏོང་བ་ལ་ཕྲག་དོག་པའི་སྐད་ཆ་དྲ་ལམ་ནས་ཡོང་བཞིན་པའོ། །རྒྱབ་ཏུ་བླ་ཆེན་རྣམས་མེད་པའི་སྨོན་ལམ་འདེབས། ༣༽བཀྲ་ཤིས་འཁྱིལ་གྱི་ཆེན་པོའི་རིགས་དང་ཤེས་ཡོན་པའི་སྡེས་བླ་རུང་ལ་ངན་བཤད་བྱས་པ་གཏན་ནས་མེད། རྗེས་འབྲང་པ་ཡིན་པར་ཁས་འཆེ་བ་ཚུལ་ཁྲིམས་ཟེར་བ་ཞིག་དང་། གསང་བདག་སྐྱབས་ཟེར་བ་སོགས་ཀྱིས་རྒྱུན་དུ་བླ་རུང་ལ་རྒྱ་བོད་གཉིས་ཀའི་གྲྭ་ཐོག་ནས་རྒོལ་བ་བྱེད་ཀྱིན་འདུག་པའང་བདེན་པའོ། །འདི་དག་བཤད་ནས་དགོས་པ་ཡང་མེད་པས། རེ་ཞིག་དེ་ཙམ་མོ། །
བོན་པོ་ལེགས། རེ་གཉིས་ཀྱི་ཚིག་གིས་ཚང་མ་མིན་པར་བསྟན་པ་དགོངས་མཛོད། ༡༽བོན་པོ་འགའ་ཞིག་གིས་རྒོལ་བ་བྱས་པ་ཡོངས་གྲགས། དེ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་བོན་པོ་རང་གིས་ནང་པ་སངས་རྒྱས་ཡིན་ཟེར་བའི་གནས་ཚུལ་མ་མཁྱེན་ནས་གསུངས་པ་ལ། བོན་པོ་ཚོའི་སྐྱོན་བརྗོད་དང་རྒོལ་བ་རྒྱ་བོད་ཡིག་རིགས་གཉིས་གར་སྤེལ་སོང་། རྗེས་སུ་ཕན་ཚུན་གནས་ཚུལ་ཞིབ་གླེང་བྱས་ཏེ་ཐུགས་མཐུན་དང་མཉམ་ལས་བྱེད་མགོ་བརྩམས་པ་རེད། དེ་དགའ་འོས་པ་ཞིག་རེད། རྗེས་སུ་ཡི་རང་ཞུ། ༢༽དཔལ་སྤུང་ནས་བླ་རུང་ཚར་གཅོད་དགོས་ཟེར་བའི་གྲྭ་རྒོད་འགའ་ཞིག་བླ་རུང་དུ་ཕེབས་ཏེ་རྩོད་པ་བྱས་པ་དང་། ཐུབ་བསྟན་ཕུན་ཚོགས་ཀྱིས་མངོན་ལྐོག་གཉིས་ནས་རྒོལ་བ་བྱེད་པ་ཡོངས་གྲགས་རེད། རྒྱ་ནག་ཁྲིན་འདུ་དང་ཁྲུང་ཆིན་དུ་སྡོད་མཁན་གྱི་བླ་གྲྭ་འགའ་ཞིག་ཀྱང་མི་དགའ་བའི་རྣམ་འགྱུར་ཚེ་ཚར་གཏོང་བ་ལ་ཕྲག་དོག་པའི་སྐད་ཆ་དྲ་ལམ་ནས་ཡོང་བཞིན་པའོ། །རྒྱབ་ཏུ་བླ་ཆེན་རྣམས་མེད་པའི་སྨོན་ལམ་འདེབས། ༣༽བཀྲ་ཤིས་འཁྱིལ་གྱི་ཆེན་པོའི་རིགས་དང་ཤེས་ཡོན་པའི་སྡེས་བླ་རུང་ལ་ངན་བཤད་བྱས་པ་གཏན་ནས་མེད། རྗེས་འབྲང་པ་ཡིན་པར་ཁས་འཆེ་བ་ཚུལ་ཁྲིམས་ཟེར་བ་ཞིག་དང་། གསང་བདག་སྐྱབས་ཟེར་བ་སོགས་ཀྱིས་རྒྱུན་དུ་བླ་རུང་ལ་རྒྱ་བོད་གཉིས་ཀའི་གྲྭ་ཐོག་ནས་རྒོལ་བ་བྱེད་ཀྱིན་འདུག་པའང་བདེན་པའོ། །ལན་བྱས་ཀྱང་ངལ་བའི་རྒྱུ་རུ་འདུག གཞུང་འཛིན་དང་ཆེན་པོ་རྣམས་རྟོག་གེའི་རིགས་པས་བསླད་པས། རྩོད་པ་དང་དབང་ཤུགས། གཡོ་སྒྱུས་གཞན་ཕན་པར་བྱེད་པ་ལས། བོད་ཀྱི་སྤྱི་ཚོགས་ལ་དྲང་བདེན་བཤད་ས་དང་བྱེད་སའི་སྒོ་ཆེན་མེད་པ་ཁོ་བོའི་སྔ་མོའི་དུས་ནས་ཤེས། །བཤད་ཀྱང་དོན་དུ་མི་འགྱུར་མོད། གཟིགས་མཁན་སྤྱི་ལ་ཕན་པ་རེ་འབྱུང་དུ་རེ་བས་དངོས་ཡོད་བདེན་པ་བཤད་ཁུལ་ལོ། །འདི་དག་བཤད་ནས་དགོས་པ་ཡང་མེད་པས། རེ་ཞིག་དེ་ཙམ་མོ། །
དྲི་མེད་ལགས་ངོ་མ་ཁྱེད་རང་མང་ཐོས་ཟེར་བ་དེ་རེད་འདུག གནས་ཚུལ་དེའི་རིགས་གོ་ཐོས་མེད། དཔལ་སྤུང་ཟེར་བ་ཆོས་རྒྱུད་གང་རེད་དགོན་པ་གང་དུ་ཡོད་བླ་མ་སུ་རེད་གསུངས་རོགས་གནང་ངས་གོ་མ་མྱོང།
དྲི་མེད་ལྷག་བསམ་ལེགས།
བོན་པོ་རེ་གཉིས་དེ་ཚོས་ཁོང་རང་ཚོའི་ཡིན་ལུགས་མིན་སྟངས་གང་ཡིན་པ་གསལ་བཤད་འདྲ་བྱས་པ་ཡིན་འགྲོ ཁོང་ལ་རྒོལ་བ་དང་སྐྱོན་བརྗོད་བྱས་པ་ཨ་ཡིན་ན། ངས་ནི་རྒོལ་བ་དང་སྐྱོན་བརྗོད་བྱས་པར་མི་བརྩིའོ། རྒོལ་བ་དང་སྐྱོན་བརྗོད་བྱེད་པའི་ཁ་ཐབས་མེད་པས་སོ། སྤྱིར་སྟངས་ཚུལ་ཁྲིམས་བློ་གྲོས་མཆོག་གིས་བོན་པོའི་སྐོར་ལ་གསུངས་པ་དེ་ཁོང་གིས་ཐོག་མར་རྒྱ་ཡིག་ནང་བྲིས་ཏེ་རྒྱ་ཡུལ་དུ་སྤེལ་འདུག་ཟེར་ཤོད་ཀྱི་འདུག གནང་སྟངས་དེར་བོན་པོ་རེ་གཉིས་ཡིན་ཀྱང་བློ་ཕམ་ཚད་མེད་པ་བྱུང་བ་འདྲ། འུ་རང་ཚོ་བོད་པའི་སྤྱི་ཚོགས་ཁྲོད་བོད་མི་རང་ངོས་ནས་སྔ་མོ་ནས་ཆོས་ལུགས་ཀྱི་རྙོག་གྲ་རི་ལུགས་པ་ཐག་པས་མི་སྡོམ་པ་བཟོས་ཡོད་པ་རེད། ད་དེ་འདྲ་ཞིག་ཡང་སྐྱར་རྒྱ་ཡུལ་དུ་སྤེལ་བསྡད་ན་དགེ་མཚན་ཟེར་ཆེན་པོ་རང་ཨ་ཡོད་ན། ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཟེར་བའི་དཔེ་ལྟར། དེ་ཚོའི་སྐོར་ལ་བླ་སྤྲུལ་ཚང་མས་དགོངས་པ་ཡག་པོ་བཞེས་རོགས་གནོངས། བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་གི་འགྲོ་དོན་གོང་ནས་གོང་དུ་འཕེལ་བ་དང་། ཐུགས་འདུན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ། །
ཁ་བརྡ་ཚང་ལ་ཞུ་བ། ཕྲན་གྱིས་མཆན་གང་བཏབ་པ། རང་ཉིད་ཀྱིས་བདེན་དཔང་ཡོད་པ། བདེན་པ། དྲང་མོ། ལྷག་བསམ་ཡིན་པའི་ཁུལ་ཡིན། འོན་ཀྱང་ཉེ་དུས་ཀྱི་མཆན་མང་པོ་ཞིག་མི་འགྲོ་བར་འདུག བརྒྱུད་ལམ་གང་ཞིག་ལ་སྐྱོན་ཤོར་བ་ཡིན་མ་འཚལ། གལ་སྲིད་ཁ་བརྡ་ཚང་གིས་སྐྱོན་ཡིན་ན་འགྲེལ་བཤད་ཡོད་པར་ཞུ། ཐུབ་བསྟན་ཕུན་ཚོགས་ཀྱི་ཡི་གེ་སྔོན་མ་ལ་མཆན་རྒྱག་མི་ཐུབ་པ་བཟོས་འདུག གནས་ཚུལ་ཞིབ་མོ་དེ་ན་ཡོད་པས་མཆན་ལ་གཟིགས་འདོད་མཁན་རྣམས་དེར་ཕེབས་པར་ཞུ། །
རྩོམ་ཡིག་རེར་མཆན་གྲངས་ལྔ་བཅུ་ཟིན་པ་དང་སྐྱར་ལོག་བརྒྱབ་ནས་མཆན་གྲངས་གཅིག་ནས་ཡང་སྐྱར་མཆན་མགོ་བཙུགས་ཡོང་གི་འདུག དེ་འདྲ་ཡིན་དུས་རྩོམ་ཡིག་གཅིག་ལ་མཆན་ལྔ་བཅུ་ཟིན་པ་དང་དེའི་རྗེས་ཀྱི་མཆན་རྣམས་་ཤར་མར་ཀློག་མི་ཐུབ་པ་བཟོས་བཞག འདི་ཁ་བརྡ་དྲྭ་བའི་སྐྱོན་ཡིན་ནམ་བདག་གི་གློག་ཀླད་ཀྱི་སྐྱོན་ཡིན་ཆ་མ་འཚལ་ལོ། །
་་་་་་་་་ སྤྱིར་སྟངས་ཚུལ་ཁྲིམས་བློ་གྲོས་མཆོག་གིས་བོན་པོའི་སྐོར་ལ་གསུངས་པ་དེ་ཁོང་གིས་ཐོག་མར་རྒྱ་ཡིག་ནང་བྲིས་ཏེ་རྒྱ་ཡུལ་དུ་སྤེལ་འདུག་ཟེར་ཤོད་ཀྱི་འདུག གནང་སྟངས་དེར་བོན་པོ་རེ་གཉིས་ཡིན་ཀྱང་བློ་ཕམ་ཚད་མེད་པ་བྱུང་བ་འདྲ། ་་་་་་་་
ཟེར་བ་འདི། བདེན་པ་ཡིན་ན། ད་ནས་བཟུང་ཚུལ་ཁྲིམས་བློ་གྲོས་ནི། དུས་རབས་ཉེར་གཅིག་པའི་མི་བླུན་པོ་གཅིག་ཏུ་བརྩིས་དགོས་པ་རེད་དོ།།
མཆན་ལྔ་བཅུ་ནས་ཀློགས་མི་ཐུབ་པ་དེ་སྟབས་བདེ་རང་མི་འདུག བོན་པོ་རྣམས་ནི་རང་རེའི་མེས་པོའི་ཆོས་ལུགས། ཐུགས་ཀུ་ཡངས་པ། བོད་མི་རིགས་སྤྱིའི་མཐུན་སྒྲིལ་དང་བདེ་ཐབས་ལ་ཐུགས་བསམ་ཆེ་བ། གུ་རུ་པདྨས་སྲིད་པའི་ལྷ་གཉན་སོགས་བོད་སྐྱོང་ལྷ་སྲུང་མཆོད་པ་ལ་བོན་པོ་རྣམས་མཆོག་ཏུ་གསུང་པས། གུས་འདུད་ཡོད། ད་ལན་བོན་པོ་རྣམས་འུར་སྒྲོག་གི་རྗེས་སུ་མི་འབྲངས་བར་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་ཐུགས་མཐུན་གྱུར་བ་ལ། སྒོ་ཀུན་ནས་བསྔགས་པ་ཞུ། སྔོན་ཆད་བྱས་པའི་རྗེས་མི་དཔྱོད། ཡས་མི་བསྔོ་བར། ཕྱི་མར་བོད་རིག་གཞུང་དང་མི་རིགས་ཆེད་གཅིག་གྲོགས་གཅིག་གིས་བྱས། མ་སླེབས་ས་ལ་མཐུད་གྲོགས། མ་ལྡེང་ས་ལ་སྣོན་མ། ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་སྙིང་ཉེ་ཞིང་བློ་དཀར་བས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་བོན་པོ་རྣམས་མདུན་ལམ་གཅིག་དུ་དཔུང་པ་མཉམ་གཤིབ་གྱིས་འགྲོ་བའི་རེ་བ་དང་། སྨོན་པ་སྙིང་ནས་ཞུ། །
ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་བཤད་རྒྱ་ཡིག་ཏུ་ཕབ་པ་ཞིག་ལ། ནང་པ་སངས་རྒྱས་པ་མ་ཡིན་པ་བོན་པོ་ལྟ་བུ་ཞེས་བཀོད་ཡོད་པ་བདེན་པ་རེད། བན་དེ་སྤྱིའི་བཤད་སྟངས་གཞིར་བཞག་བྱས་པ་དང་། བོན་རང་ཉིད་ཀྱིས་ནང་པ་སངས་རྒྱས་པ་ཟེར་བའི་བརྡ་ཆད་མ་གོ་བ་རེད། ད་ལྟ་ཁོང་གིས་བོད་གཞུང་མང་པོ་ཉམས་ཞིབ་གནང་གི་ཡོད་པ་གོ བོད་པོ་རྣམས་ཀྱིས་ཀྱང་ཁོང་ལ་ལོ་རྒྱུས་རྒྱུ་ཆ་འབུལ་དགོས་པར་འདུག བོན་གྱི་བླ་མ་ཤར་པ་ཨ་ཁུ་དྲི་མེད་ཚང་གིས་བན་དེ་མང་པོ་ཞིག་གིས་བོན་ནང་པ་མ་རེད་བསམ་ཡོད། དེ་ལྟ་བའི་བཞེད་ཚུལ་ཐ་དད་པས་མ་རེད། ལོ་རྒྱུས་ཀྱི་འབྱུང་རིམ་དང་། བོན་གཞུང་ལ་མ་གཟིགས་པ་དང་། བླ་མ་ཚོའི་དམིགས་བསལ་གསུང་སྟངས་ཞིག་ལས་བྱུང་བའི་ནོར་འཁྲུལ་རེད་ཅེས་བཤད་པ་བདག་གིས་གོ དེའི་ནོར་འཁྲུལ་ཚུལ་ཁྲིམས་བློ་གྲོས་ལ་བྱུང་བ་རེད། གནས་ཚུལ་དེ་འདས་ཟིན་པ་རེད། བན་བོན་ཐུགས་སྣང་མཐུན་པ་བན་དེ་ཐུགས་རྒྱ་ཅན་ཚུལ་ཁྲིམས་བློ་གྲོས་དང་བོན་གྱི་མཁས་པ་ཐུགས་རྒྱ་ཆེན་པོ་ཅན་རྣམས་ནས་དབུ་བརྙེས་སོང་། ཐུགས་རྗེ་ཆེ། །མཐུན་སྒྲིལ་ཁྲི་ལོ་བརྟན་པར་ཤོག །
་་་་་་་་་་ གནས་ཚུལ་དེ་འདས་ཟིན་པ་རེད། བན་བོན་ཐུགས་སྣང་མཐུན་པ་བན་དེ་ཐུགས་རྒྱ་ཅན་ཚུལ་ཁྲིམས་བློ་གྲོས་དང་བོན་གྱི་མཁས་པ་ཐུགས་རྒྱ་ཆེན་པོ་ཅན་རྣམས་ནས་དབུ་བརྙེས་སོང་། ཐུགས་རྗེ་ཆེ། །མཐུན་སྒྲིལ་ཁྲི་ལོ་བརྟན་པར་ཤོག ། ་་་་་་་་་
མཆན་རྗེས་མ་རྣམས་ཀློག་ཆེད་མཆན་ཞིག་བཀོད་དགོས་ཐུག །
མང་ཐོས་མཁས་པའི་ཁྱུ་མཆོག་དྲི་མེད་ལགས་ལ་བཀའ་དྲིན་ཆེ་ཞུ། ཁྱེད་ནི་མང་ཐོས་པ་རེད་ལ་ལྷག་བསམ་ཀྱང་ལྡན་ཡོད། ཨ་མ་ཚ་ན་ཚ་གོ་ཆོད་པའི་སྐྱེས་བུ་ཞིག་ཏུ་ངས་ངོས་འཛིན་བྱེད་ཀྱིན་ཡོད་ཁྱེད་ལྟ་བུ་བོད་གངས་ཅན་འདིར་ཁ་ཤས་ཞིག་བྱུང་ན་བོད་འདིར་ཆོས་ལུགས་ཆོས་རྒྱུད་དབར་ལ་དག་སྣང་འོ་ཆུ་གཅིག་འདྲེས་ཟེར་བ་དེ་ཡོང་རྒྱུར་རེ་བ་ཆེན་པོ་འདུག དེ་མིན་ཁ་བཤད་ཆུ་ཡི་ལྦུ་བ་ལག་ལེན་གསེར་གྱི་ཐིག་པ། ཁ་སྟོང་ནང་གི་ཚིག་སྟོང། དེ་ཚོ་ནི་བོང་བུས་སེང་ལྤགས་གྱོན་པ་རང་རེད།
ཆོ་ལོ་་་ཞེས་པའི་ཚིག་འདིའི་ཁུངས་སྣེ་གང་ནས་བྱུང་ཏོག་ཙམ་བསམ་བློ་བཏང་བ་ཡིན་ན། བོད་ཀྱི་བརྡ་རྙིང་པར་་་་རིགས་རུས་ཆོ་འབྲང་་་ཞེས་པ་ཞིག་སྔ་རབས་བོད་མིས་གལ་ཆེར་བརྩི་བའི་ལམ་ལུགས་ཡོད་པ་གསལ་ཡོད་པས་དེ་ཡང་་་ཕ་ཡི་ཆོ་་་དང་་་མ་ཡི་འབྲང་་་་་ཞེས་བརྗོད་སྲོལ་ཡོད་པ་ཡིག་རྙིང་དུ་གསལ། ཕ་ཡི་ཆོ་་་ཞེས་པ་དེ་ནི་རུས་གོག་ཙམ་ལ་གོ་རྒྱུ་མིན་པར་ཕ་དེའི་དབང་ཐང་དང་རིགས་རྒྱུད་ཀྱི་ཁྱབ་ཚད་སོགས་ཕ་རྒྱུད་ཀྱི་བདག་དབང་དང་འབྲེལ་བའི་ས་ཁོངས་མི་ཁོངས་མང་པོ་ཞིག་འདུས་པ་ལ་གོ་བ་ཡིན་ས་རེད་བསམ། དེ་འདྲ་ཡིན་དུས་བོད་སྔ་རབས་པའི་ལམ་སྲོལ་ལ་ཕ་བཤུལ་བུ་ཡིས་འཛིན་དགོས་པའི་ལམ་ལུགས་ཡོད་དུས་་་ཕ་ཡི་ཆོ་ལོ་་་བུ་ལ་གནང་བའི་ལུགས་སྲོལ་དེ་འདྲ་སྔོན་མ་ནས་བྱུང་མྱངས་བའི་ལོ་རྒྱུས་ཡོད་ས་རེད། འདི་ཚོའི་སྐོར་ལ་ཁ་རྒྱུན་དང་ཡིག་ཆར་འཁོད་པའི་གཏམ་རྒྱུད་དང་ལོ་རྒྱུས་མཁྱེན་མཁན་ཡོད་ན་གསུངས་རོགས་གནོངས། །
དྲི་མེད་ལྷག་བསམ་མཆོག་ལ་བཀའ་དྲིན་ཆེ་ཞུ། གང་ལྟར་བོན་པོ་ཤཀྱའི་ནང་པ་ཡིན་ནའང་འདྲ་མིན་ནའང་འདྲ་བོན་ལ་རང་སྐྱ་ཐུབ་པའི་ལོ་རྒྱུས་ཕུན་སུམ་ཚོགས་པ་ཡོད་འདུག དེ་བོན་པོ་གཅིག་པུའི་གནད་དོན་མ་རེད་ང་ཚོ་བོད་རིགས་ཚང་མའི་གཟི་བརྗིད་རེད། །
བོན་པོ་ནང་པ་ཡིན་ཏེ། སྲིད་པའི་རྩེ་མོ་བསྐལ་པའི་ཐོག་མ་ནས་བོན་པོ་ལ་ནང་པའི་རྒྱལ་རྟགས་ཐུན་མོང་མ་ཡིན་པ་ཞིག་ཡོད་པའི་ཕྱིར། དེ་ཡོད་དེ། སྤྱི་རྒྱ་རླབས་ཀྱི་གཅོད་པའི་བྱ་རྒྱལ་ཁྱུང་ཆེན་དེ་ཡིན་པའི་ཕྱིར། ཁྱུང་དང་ཁྱུང་ཡུལ་ཁྱུང་པོའི་པོའི་མི་བརྒྱུད་དང་ཁྱུང་ཡིད་དམ་དུ་བསྒྲུབ་པ། ཞང་ཞུང་གི་གོ་དོན་ལ་ཁྱུང་ཡུལ་དུ་འགྲེལ་བ་དང་། དེ་བཞིན་སྔོན་ཞང་ཞུང་ནས་བྱུང་བའི་བོན་ནང་བསྟན་གྱི་རྗེས་དྲན་མཚོན་བྱེད་དུ་དེང་སང་ཡང་བོད་ཀྱི་ལྷ་སྐུ་སོགས་ལ་བྱ་ཁྱུང་གི་རྒྱལ་རྟགས་བཀོད་སྲོལ་ཡོད་པ་འདིས་བོད་སྔ་རབས་ཀྱི་བསམ་པའི་དཔལ་ཡོན་ཡང་དག་པ་དེ་གང་ཡིན་པ་ལེགས་པར་མཚོན་པས་སོ། །
བོན་པོ་ླེགས། མཐུན་སྒྲིལ་བརྟན་པར་ཤོག །བླ་རུང་གི་རྟགས་ཀྱང་ཁྱུང་རེད། གླིང་དཀྱིལ་ན་མི་ཚད་ཙམ་བཞེངས་འདུག རྙིང་མའི་དཔལ་ཆེན་པོའི་འཕྲིན་ལས་བྱེད་པོའང་ཁྱུང་རེད། གདོན་བཟློག་མཁན་ཡང་ཁྱུང་རེད། རྔ་མོང་ཁྱུང་ཞོན་གྱི་མདོས་ཡོད། རྟེན་འབྲེལ་འགྲིག་འདུག། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་བོན་པོ་རྣམས་ཕན་ཚུན་འཕྲིན་ལས་ཀྱི་བྱེད་པོར་འགྱུར་བའི་སྨོན་ལམ་ཞུ།
ཁྱུང་སེ་ལེགས་ཀྱིས་ཕྲན་ལ་བསྐུལ་སློང་གནང་པ་ཐུགས་རྗེ་ཆེ། ངས་ཀྱང་སྒོ་བཞི་མཛོད་ལྔའི་སྐོར་ལ་དཔེ་ལྟ་བྱེད་བཞིན་པ་ཡིན། བོད་ནས་པར་བའི་བོན་གཞུང་ཡི་གེ་པོད་ཉི་ཤུ་ཙམ་ཐོབ་སོང་། ཕ་མེས་ཀྱི་ཆོས་དང་རིག་གཞུང་ལ་དུང་པ་ཟབ་མོ་ཡོད། ། ཁྱོད་རྣམས་ལ་༼དཀར་པོ་སྒོ་༽ཡི་རིགས་བརྒྱུད་སྐོར་བཤད་པའི་ཡིག་ཆ་ཡོད་ན་ངོ་སྤྲོད་གནང་རོགས། ཐུགས་རྗེ་ཆེ།
དྲི་མེད་ལགས་ད་ལྟ་དུས་ཚོད་རང་མི་འདུག་དེ་མིན་སྒོ་ཡི་སྐོར་ལ་ཤོད་རྒྱུ་མང་པོ་འདུག ཀརྨ་པ་དུས་གསུམ་མཁྱེན་པ་རབ་བྱུང་གཉིས་པའི་ལྕགས་སྟག་ལོར་མདོ་ཁམས་ཏྲེ་ཤོད་གངས་ཀྱི་ར་བར་སྐུ་འཁྲུངས། ཁོང་ནི་བོན་ཁྱིམ་དང་བོན་རྒྱུད་དུ་སྐུ་འཁྲུངས། དེ་ཡང་རྫོགས་སྐུ་གཤེན་ལྷ་འོད་དཀར་གྱི་ཐུགས་རྗེའི་འོད་ལས་སྤྲུལ་ོའི་གནམ་ནས་ས་ལ་བྱོན་པའི་གདུང་རྒྱུད་ཁྱད་པར་ཅན་ཅིག་སྟེ། ལྷ་ཆེན་གཤེན་ལྷ་འོད་དཀར་གྱིས་འགྲོ་དྲུག་ཐུགས་རྗེས་འདྲེན་པའི་ཁྱད་པར་དུ། སྐུ་གསུང་ཐུགས་ཀྱི་ཀློང་ནས་འོད་ཟེར་འཕྲོས་པའི་སྒོ་ང་གསུམ་དུ་བྱུང་ཞིང། སྐུ་ཡི་འོད་ལས་གྲུབ་པའི་སྒོ་ང་ནི་ནམ་མཁའ་དངས་པའི་དབྱིངས་རུམ་ལྷ་རི་འོད་དཀར་གྱི་རྩེ་མོར་བབས་ནས་བརྡོལ་བའི་ཕྱི་ཤུན་ལ་དགུ་ཁྲི་གླིང་མཁར་ལྷ་ཡི་མཁར་དུ་སྲིད། ནང་གི་སྙིང་པོ་བརྡོལ་བ་ལས་རྫུ་འཕྲུལ་ཐུགས་དཀར་ལྷ་ཡི་རྒྱལ་པོར་སྲིད། གསུང་ལས་སྤྲུལ་པའི་སྒོ་ང་ནི་བར་སྣང་རི་རབ་ཁ་ཁྱེར་ཡོད་རི་དེའུ་དཀར་གྱི་རྩེ་མོར་བབས་ནས་བརྡོལ་བའི་ཕྱི་ཤུན་ལ་ཁྲོ་ཆུའི་དམུ་རྫོང་སྒྲ་བླའོ་མཁར་དུ་སྲིད། ནང་གི་སྙིང་པོ་ལས་ཡེ་མཁྱེན་མཐུ་ཆེན་སྒྲ་བླའི་རྒྱལ་པོར་སྲིད། ཐུགས་ཀྱི་འོད་ཟེར་ལས་གྲུབ་པའི་སྒོ་ང་ནི་ས་གཞི་འཛམ་གླིང་གནས་མཆོག་དམུ་རི་སྨུག་པོའི་རྩེ་མོར་བབས་ནས་བརྡོལ་བའི་ཕྱི་ཤུན་ལས། ལོ་ཕྲོམ་སྨུག་པོ་བསེ་ཡི་མཁར་དུ་སྲིད། དེ་ནས་རིམ་གྱིས་མཆེད་དེ་སྒོ་ལྷ་བོན་ལྷ་སྲས་སོགས་མཆེད་དེ་ཀརྨ་པའི་གདུང་རྒྱུད་སྒོ་རིགས་ཞུ་བ་དེ་བྱུང་རབས་གསལ་པོར་ཡོད་འདུག
ཚང་མས་བགྲོ་གླེང་ཡག་པོ་གནང་འདུག །
་་་་་་་་་ རྙིང་མའི་དཔལ་ཆེན་པོའི་འཕྲིན་ལས་བྱེད་པོའང་ཁྱུང་རེད། གདོན་བཟློག་མཁན་ཡང་ཁྱུང་རེད། རྔ་མོང་ཁྱུང་ཞོན་གྱི་མདོས་ཡོད། ་་་་་་་་་་
གཤེན་ཞེས་པ་རུས་མིང་དང་། སྤྱི་ལོའི་བརྒྱ་ཕྲག་དུག་བརྒྱ་ཡས་མས་སུ་མངའ་རིས་ཞང་ཞུང་ཡུལ་དུ་སྐུ་འཁྲུངས། ཐོག་མར་ཞང་ཞུང་ཡུལ་དུ་ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་ཆོས་རྣམས་སྤེལ། མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པའི་སྟོན་པ་ཤེས་རབ་འདི། དབུས་སུ་འོན་མདའ་གསེར་ཁང་དང་། དེ་ནས་རི་བོ་རིན་ཆེན་སྤུངས་པ་དང་། ཀོང་ཡུལ་བུ་ཆུ་ལྷ་ཁང་གི་ཤར་ཕྱོགསས་བོན་རི་སོགས་སུ་བོན་ཆོས་དར་བར་གསུངས་འདུག
བར་དུ་ཉག་ཁྲིའི་དུས་སུ་བོན་ཆོས་སྤྱི་ཙམ་དང་། རྒྱལ་རབས་དྲུག་པའི་སྐབས་སུ་རྡོལ་བོན་བྱུང་བ་དང་། སྤུ་དེ་གུང་རྒྱལ་གྱི་དུས་སུ་འཁྱར་བོན་དར། བསྒྱུར་བོན་ནི། ཐོག་མཐའ་བར་གསུམ་དུ་ལན་གསུམ་དུ་བྱུང་ལ། ཞེས་སོགས་གསུངས་འདུག་པས། དཔྱད་པར་འཚལ་ལོ།།