དེ་རིང་གི་གསར་འགྱུར་གྱི་ནང་དུ། བོད་ཀྱི་བུ་མོ་ན་ཆུང་གསུམ་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་འདུག གནས་ཚུལ་ཞིབ་གསལ་ཕ་ཡུལ་དང་དུས་བབ་གཉིས་ན་གསལ།
དུས་བབ།
http://www.tibettimes.net/news.php?showfooter=1&id=1027
ཕ་ཡུལ།
http://phayul.com/news/article.aspx?id=24500&article=Chinese+court+issues+suspended+death+sentence+to+another+Tibetan+-+updated
དཀོན་མཆོག་མཁྱེན། སངས་རྒྱས་རྣམས་ཀྱིས་བུ་མོ་འདི་ཚོ་གསུམ་ལ་གཟིགས་རོགས། འུ་ཐུག་པའི་སྐད་ཆ་ཡིན། བོད་གཞུང་དང་། བདེ་སྲུང་དང་། སྐུ་སྒེར་ཡིག་ཚང་དང་། སྤྱི་འཐུས་དང་། ཨ་ལགས་འཇིགས་མེད་དང་། དུས་བབ་དང། ཁ་བརྡ་སོགས་ནི་ཁོ་ཚེ་ཚུལ་ཁྲིམས་ཀྱི་ཐོག་ལ་མགོ་བོ་འཁོར་ནས། བོད་མི་སྤྱིའི་བདེ་དོན་ལ་དཀའ་ལས་རྒྱབ་མཁན་ལ་ཁ་ཡ་བྱེད་འཁོམ་མིན་འདུག
བུ་མོ་འདི་ཚོ་དང་། མ་འོངས་པ་ན་ན་གཞོན་ཚང་མས་རྗེས་མ། རྒྱ་ལ་ངོ་རྒོལ་དང་ཆབ་སྲིད་ཀྱི་བྱ་བ་ྩ་བ་ནས་མ་བྱེད་རོགས། རང་གི་སྲོག་དང་མི་ཚེ་འཕྲོ་རླག་རེད། སུས་ཀྱང་ཁྱེད་ཚོས་བྱ་བ་འདི་བྱས་པར་རོགས་པ་བྱེད་ཀྱི་མ་རེད། སྒེར་གྱི་ཐོག་ལ་སྡུག་པོ་བྱུང་བ་དེ་ཕམ་པོ་རེད། སེམས་ཆུང་བྱས་རང་དོན་བསྒྲུབས་ནས་སྡོད་ན་གཞོན་ཚོ།
རྡ་རམ་ས་ལར་ཡང་ཚང་མ་སྒེར་དོན་ཤ་སྟག་མ་གཏོགས་སྤྱི་དོན་སྒྲུབ་མཁན་ཤིན་དུ་མྱུང་། ཁ་བརྡར་ཡོང་མཁན་ཚང་མ་རང་དོན་གྱི་ཆེད་དུ་ཡོང་བ་ལས་བོད་དོན་ཡིད་ལ་བསམས་ནས་འབྲི་མཁན་གཅིག་ཀྱང་མཐོང་རྒྱུ་མེད་པ་དེ་བདེན་པ་རེད།
ན་གཞོན་ཚོ་དོན་མེད་སྲོག་འཕྲོ་བརླག་མ་གཏོང་།
“བསྟན་དང་བསྟན་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །”
ལོ་སྔོན་མའི་ནང་ བརྙན་འཕྲིན་ཞིག་གི་ནང་ཉེན་རྟོགས་པ་གཉིས་ཀྱིས་བོད་མོ་ཞིག་གི་དཔུང་པ་ནས་བཟུང་སྟེ་ཁྲིད་བཞིན་པའི་སྐབས་མོའི་ངར་ཤུགས་ཀྱིས་གོམ་པ་སྤོ་ལྟངས་གཅིག་པོས་ཀྱང་ང་ཧ་ལས་བཅུགས་སོང།། སྐབས་དེར་ངའི་སེམས་ལ་ཕུན་དབང་གི་ལོ་རྒྱུས་ནང་་་ཁོའི་ཨ་མས་ཕྱི་མྱི་སྔོན་ནས་འགྲོ་དུས་གོམ་ཞིང་ཆེན་པོ་སྤོས་ནས་འགྲོ་དགོས་ཞེས་བློ་སྟོབས་སྤེལ་བ་དེ་དྲན་སོང་།དེ་རིང་གི་གསར་ཤོག་ཐོག་གི་དཔར་་དེ་ལས་མོ་ནི་དཔའ་མོ་མི་ཕུན་སྐྱིད་ཡིན་པ་ཤེས་སོང། བརྙན་འཕྲིན་གཞན་ཞིག་གི་ནང་བོད་གཞོན་འགས་རྒྱའི་ཚོང་ཁང་སོགས་གཏོར་བཅོམ་བྱེད་པར་རྒྱུགས་ནས་ཟ་ཁང་ཞིག་གི་མདུན་ལ་བསླེབས་སྐབས་་་་དེ་མ་གཏོར་ང་ཚོའི་བོད་རིགས་ཀྱི་རེད་ཟེར་བའི་སྐད་སྒྲ་དེ་ངའི་རྣ་ལམ་ད་དུང་འཇགས་འདུག། ཕལ་ཆེར་དེ་ཡང་ཕུན་སྐྱེད་ཡིན་པ་འདྲ།
རྒྱ་དམར་གཞུང་གིས་བྱེད་སྟངས་དེ་ཁྱད་མཚར་ཞིག་རེད། སྤྱིར་བཏང་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་མིའི་ཚོགས་པ་ཚོའི་བརྒྱུད་སྐུལ་འོག་རྙོགས་ཟིང་བྱུང་ཚུལ་དངོས་སུ་བཤད་པ་དང་དམིགས་བསལ་གྲྭ་བས་ངན་སློང་བྱས་ཚུལ་བརྒྱུད་ནས་ཤོད་བཞིན་ཡོད་པ་རེད། ད་དུང་རྒྱ་གར་དང་བལ་ཡུལ་དུ་འགྲོ་མྱོང་མཁན་ཁག་གཅིག་གིས་སྣེ་ཁྲིད་ཚུལ་མང་པོ་ཞིག་བཤད་ཡོད་པ་རེད། དེ་ཡིན་ན་བུ་མོ་དེ་ཚོ་ག་རེ་རེད་འདུག རྒྱ་གར་དུ་ཡོང་མྱོང་ཡོད་དམ། བཙུན་མ་ཡིན་ནམ། ཆོས་ལུགས་མི་སྣ་མཐོ་གྲས་དང་སྐུ་དྲགས་ཀྱི་རིགས་རྒྱུད་ཡིན་ནམ། དེ་འདྲ་མིན་པའི་ན་གཞོན་བུ་མོ་ཁ་ཤས་ལ་ཉེས་ཆད་དེ་འདྲ་ལྗིད་པོ་འགེལ་དགོས་ན་དེའི་རྒྱུ་མཚན་ཁོ་རང་བཤད་དགོས་ཀྱི་རེད། ཁོ་ཚོས་ན་ནིང་ཏཱ་ལའི་རུ་ཚོགས་ཀྱིས་སྣེ་ཁྲིད་པའི་དཔང་རྟགས་ཡིན་ཟེར་བ་མང་པོ་ཞིག་བཤད་སྐབས་བུ་མོ་དེ་ཚོའི་སྐོར་འདྲ་གང་ཡང་མི་འདུག
ཁོ་ཚོས་ནམ་རྒྱུན་སྤྱི་ཚོགས་རྙིང་པའི་སྐབས་སུ་ཁེ་ཕན་ཐོབ་མཁན་ཁ་ཤས་ཤིག་གིས་དེ་བློས་གཏོང་མི་ཐུབ་པར་སྤྱི་ཚོགས་གསར་པའི་ཡར་རྒྱས་ལ་འགོག་རྐྱེན་བཟོ་བཞིན་ཡོད་སྐོར་བཤད་བཞིན་ཡོད་སྟབས་ད་ཐེང་གི་བུ་མོ་དེ་ཚོ་ལ་དེ་འདྲའི་སྙིང་ནད་ག་འདྲ་བྱས་ནས་འཆངས་པ་ཡིན་ནམ།
སྔོན་མ་ཡང་ལི་ཐང་གི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་ངན་བསླབ་བརྒྱབ་སྟེ་བློ་བཟང་དོན་གྲུབ་ཟེར་བའི་འབྲོག་ཕྲུག་དེས་ཁྲིན་ཏུ་དང་དར་རྩེ་མདོར་འབར་རྫས་བརྒྱབ་ཚུལ་ལ་བསྙད་ནས་སྲོག་ཐོག་ལ་བཏང་བ་རེད། ཁོ་རང་ཚོས་བསྙོན་འཛུགས་བྱས་པ་བདེན་པའི་དབང་དུ་བཏང་ན་བསྟན་འཛིན་བདེ་ལེགས་སྲོག་ཐོག་ལ་མི་གཏོང་བར་བློ་བཟང་དོན་གྲུབ་སྲོག་ཐོག་ལ་གཏོང་དགོས་དོན་མེད་པ་ལྟ་བུ་རེད།
ང་ཚོས་དེ་འགོག་པའི་ནུས་པ་མེད་རུང་ཅི་མ་ཡིན་ལ་མི་འཇོག་པར་དོ་སྣང་བྱེད་དགོས་ཀྱི་འདུག བུ་མོ་དེ་གཅིག་གིས་ཁྲིམས་ཐག་གཅོད་ཉིན་བོད་ཆས་སྤུས་དག་ཅིག་གྱོན་ཡོད་པར་བལྟས་ན་བུ་མོ་རང་ཉིད་ཀྱང་མི་རིགས་ཀྱི་ལ་རྒྱ་ཆེན་པོ་ཅན་ཞིག་ཡིན་པ་འདྲ་བས་ཁྲིམས་གཅོད་ལྗིད་པོ་བྱས་པར་རྒྱུ་མཚན་ཞིག་ཡོད་པ་འདྲ།
ཀུན་གསལ་ལགས།
ཁྱོད་ཀྱིས་འབའ་བ་ཚང་ཕུན་དབང་གི་སྒྲུང་གཏམ་ལས་རྟོགས་བཟོའི་ཚིག་དུམ་འགའ་འཁྱེར་ནས་རང་རིགས་ཀྱི་དཔའ་མོ་འདི་དག་གི་མགོ་ལ་མ་བསྐོན། ཕུན་དབང་དཔའ་མོ་འདི་ཚོ་དང་བསྡུར་ཐབས་ཡོད་ནི་མ་རེད། ཕུན་དབང་ནི་གདོང་པགས་གྱོན་པའི་མྱི་རྫུན་དེ་འདྲ་རེད། གལ་སྲིད་ཕུན་དབང་འདི་བ་ཚང་ཁ་གཏིང་སེམས་གཏིང་ནས་བོད་མི་རིགས་ལ་ཤ་ཞེན་ཅན་ཞིག་ཡིན་ན། ཁོང་ཀྱང་རྒྱ་ནག་གིས་སྔོན་མ་ཞིག་ནས་བོད་མི་རིགས་དང་སྐད་ཡིག་ལ་ལྷག་བསམ་རྣམ་པར་དག་པའི་དཔའ་བོ་པཎ་ཆེན་རིན་པོ་ཆེ་དང་མཁན་ཆེན་འཇིགས་མེད་ཕུན་ཚོགས་བཞིན་ག་ཤད་ཅིག་ལ་བརྫངས་ཡོད་པ་ལས་པེ་ཅིང་ནས་གངས་ཅན་བླ་མ་དང་མཉམ་དུ་ཕག་པ་བཞིན་གསོ་ནི་མ་རེད། རྒྱ་ནག་གཞུང་ད་དེ་འདྲའི་ཀླད་པ་མེད་མཁན་ཞིག་གང་ནས་ཡིན་རྒྱུས། དྲིན་ཆེན་པོ་ཚོད་ཡོད་ནི་བྱོས་མ་གཏོགས། རྒྱལ་ཞེན་པ་རྒྱལ་ཚོང་བའི་སྐེ་ལ་སྦྱར་ཡོང་གི་འདུག་ག།
ཨ་རོ་་ མི་ཞུན་
ངས་ཕུན་དབང་རྒྱལ་གཅེས་པ་ཞིག་ཡིན་ཚུལ་འདི་ན་གླེང་མེད། སྤྱིར་ཁོའི་ཨ་མའི་བསླབ་བྱ་རྒྱག་ལྟངས་དེ་གླེང་བ་ཙམ་ཡིན་ལོ་ལོ།
ཀུན་གསལ་ལགས།
ང་དང་ཕུན་དབང་གཉིས་སྐྱེས་པ་འདི་ལ་དགྲ་དགྲ་རྐྱང་ཡིན། སྒེར་གྱི་འཁོན་ནད་ཅང་མེད། མྱི་རྫུན་དེས་བོད་མི་དམངས་དམྱལ་ཟངས་ནང་དུ་གཡུག་ནོ་དྲན་ན་སྙིང་འཕར་གི།
དེ་བས་ཁྱོད་ཀྱི་སྒང་ལ་ཚིག་དེ་ཚོ་ཐལ་སོང་ནི་རེད། དགོངས་དག་ཞུས་ནི་ཡིན་ཨ། གནས་ལུགས་ཀྱི་སྒང་ནས་དྲ་གྲོགས་ཚོ་རྩོད་རེ་འཐེན་རེ་བྱས། དེ་མིན་དྲ་གྲོགས་ཚོ་འཆམ་པོ་མཐུན་པོ་བྱས་ན་ཧྲ། ཡང་བསྐྱར་དགོངས་དག་ཞུས་ནས།
ཨ་རོ་་ དྲ་གྲོགས་ ཀུན་གསལ་ལགས། གོང་གི་མཆན་དེ་གཉིས་འདེབས་མཁན་མི་ཞུན་རྫུན་མ་ཞིག་རེད། ང་མི་ཞུན་ངོ་མ་བོ་ཡིན། རྗེས་ཕྱོགས་མི་ཞུན་ཟེར་བ་ཞིག་གིས་མཆན་རྒྱག་སྐབས་གོང་གི་སྐད་ཆ་དེ་བཤད་མཁན་མི་ཞུན་ང་རེད་མ་བསམ་ལགས། གང་ཡིན་ཟེར་ན། ང་མཁས་དབང་ཕུན་དབང་ལགས་ལ་དགའ་བོ་ཡོད་མཁན་ཞིག་ཡིན། རྒྱལ་གཅེས་ཅན་དང་རྒྱལ་ཞེན་ཅན་ངོ་མ་ཞིག་བྱེད་འདོད་ན་ཕུན་དབང་འདྲ་བོ་ཞིག་བྱེད་དགོས་ནི་རེད་བསམས་ཀྱིན་ཡོད། ངོ་མ་ཡིན།
གདོང་དམར་བོད་ཀྱི་བུ་མོའི་སྙིང་ཁ་ལ།།
མེས་པོ་སྲོང་བཙན་རྒྱལ་བའི་རྣམ་ཤེས་ཞུགས།།
མི་སྲིན་གདོན་གྱི་མཆེ་བའི་རྔམ་ཁ་ན།།
ཨ་མའི་བུ་མོ་ད་དུང་གད་མོ་བགོད།།
བདེ་དོན་དྲང་བོ་ཞིག་གི་མདུན་ཐད་ནས།།
སྟག་མོ་ངར་མ་ཞིག་གི་གད་རྒྱངས་ཐོས།།
འཛམ་གླིང་འགྲོ་བའི་ལྟ་བྱེད་མིག་གི་ངོར།།
ཨ་མའི་བུ་མོ་བརྗིད་པའི་ཉམས་དེ་མངོན།།
སྲོག་གི་དབང་བོ་འཇའ་ལྟར་ཡལ་ན་ཡང༌།།
ཞུམ་མེད་དཔའ་མོ་གང་དེའི་ངར་སྐད་དེ།།
བོད་མི་ས་ཡ་དྲུག་གི་རྣ་ལམ་ན།།
ནམ་ཡང་ལྷང་ལྷང་གྲགས་པས་ཨེ་མ་ཧོ།།
བསླུ་མེད་དཀོན་མཆོག་གསུམ་གྱི་མཐུ་ནུས་ཀྱིས།།
ཁྱེད་ཀྱི་རྣམ་ཤེས་ཕྱི་མའི་གླིང་ག་ལ།།
བདེ་བར་ཕེབས་ལ་སྨན་པའི་རོགས་འདེགས་ཤིག།
བགྱི་བར་ཉིན་མཚན་གཉིས་ཀར་སྨོན་ལམ་འདེབས།།
ང་ཚོའི་འཐབ་རྩོད་འདི་དུས་ནམ་ཡང་བརྗེད་མི་སྲིད། འདི་མི་རིགས་ཀྱི་འཐབ་རྩོད་ཅིག་ཡིན། མི་རིགས་ཀྱི་འཐབ་རྩོད་དེ་ནི་ཇི་སྲིད་མི་རིགས་དེའི་ཁྲག་རྒྱུན་གྱི་བགྱི་བ་མ་ཆད་པར་དེ་སྲིད་ཉམས་དམས་སུ་གྱུར་མི་ཐུབ། དེ་ནི་ཤི་རྒྱུ་དང་དཀའ་ངལ་འཇིགས་བསྐུལ་བཅས་ཀྱི་འོག་མགོ་བོ་ནམ་ཡང་སྒུར་མི་སྲིད། ང་ཚོ་ས་ཡ་དྲུག་གི་ས་བོན་འདིའི་འབྲས་བུ་ནི་སྲིད་པའི་མཐའ་མ་ཐུག་བར་སྐམ་པར་མི་འགྱུར་བས། དགྲ་བོས་དེ་རིང་བརྒྱ་མར་བསད་ཀྱང་སང་ཉིན་སྟོང་ཡར་ལང་རྒྱུ་ཉག་གཅིག་ཡིན། གལ་ཏེ་ཚང་མ་བསད་ཀྱང་ཐམས་ཅད་རོ་ལང་རྒྱག་རྒྱུ་ཐེ་ཚོམས་མེད།
དགེ་འདུན་རབ་གསལ་ལགས། སྐུ་མཁྱེན་གོང་གི་མཆན་འབྲེལ་མེད་དེ་ཚོ་ནག་སུབ་གཏོང་རོགས། མི་ཁ་ཤས་ཤིག་གིས་ག་དུས་ཡིན་ནའི་གནས་ཚུལ་འབྲེལ་མེད་ལ་བརྩོད་པ་བསླངས་ནས། ང་ཚོའི་རྩ་དོན་ལ་ཕུགས་ཀྱི་གནོད་པ་སྐྱེལ་བཞིན་འདུག ད་ལྟ་རྩོམ་འདིའི་ནང་དོན་གཙོ་བོ་འདི་བོད་ཀྱི་གཞིས་ལུས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐོར་རེད། ཡང་འདིར་མིང་བརྫུན་མ་བཏོན་ནས། གོང་གི་གལ་ཆེའི་གནད་དོན་འདི་ནས་ངེས་ཚོ་ཁ་བྲལ་དུ་འཇུག་གི་འདུག
ངོ་མ་སེམས་གནག་པོ་རེད།
རྒྱ་ནག་གཞུང་དེ་ངོ་མ་གླེན་རྟགས་ཚ་པོ་ཞིག་རེད་འདུག
བོད་ཀྱི་གནད་དོན་ནི་བོད་མི་ས་ཡ་དྲུག་གི་གནད་དོན་ཞིག་ཡིན་པ་ལས་༧གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་གཅིག་པུ་མ་རེད།
བོད་ནང་དུ་རྒྱ་ནག་གཞུང་གིས་ཇི་ཙམ་གྱི་སྡུག་གསོད་མནར་གཅོད་བཏང་བ་དེ་ཙམ་གྱིས་བོད་མིའི་སྙིང་སྟོབས་ཆེ་རུ་འགྲོ་བ་དང་བོད་ཀྱི་ཕྱི་རོལ་དུ་གནས་པའི་བོད་མི་བཙན་བྱོལ་བ་ཁྲི་ཚོ་མང་པོས་ཕ་ཚ་བུ་རྒྱུད་བར་་རྒྱ་གཞུང་ལ་ངོ་རྒོལ་མཐར་ཕྱིན་པ་བྱས་ཏེ་ནམ་ཡངཁ་བཙུམས་ནས་སྡོད་ཀྱི་མ་རེད།་
བུད་མེད་འདི་གསུམ་སྙིང་སྟོབས་ཆེ་བ་དང་།།
དྲ་གྲོགས་ང་ཚོ་ཁ་ཤོམ་ཆེ་བ་གཉིས།།
བོད་ཀྱི་སྤྱི་ལ་ཕན་པའི་ལས་དེ་གང་།།
ད་ནས་ང་ཚོས་རང་ཉེས་ངོས་ཟིན་ནས།།
རང་ཁ་ནང་ལ་འཁོར་ནས་སྐད་ཆ་ཤོད།།
གོང་ལ་ངན་ཁག་འདྲི་དགོས་གཏན་མེད་པར།།
རང་གི་ནུས་པའི་སྲུ་ཞུ་བོད་དོན་ཆེད།།
རྒན་གཞོན་དབྱེར་མེད་སུས་ཀྱང་སྒྲུབ་དགོས་དུས།།
ད་ནི་རང་བསྡོད་ཁ་རྫུན་རྒྱག་གཏམ་སོགས།།
སྤང་ནས་རྡོག་རྩ་གཅིག་གི་རྒྱུན་ཐག་ཁྲོད།།
བོད་མིའི་བདེ་སྡུག་ཆེད་དུ་འབད་རོགས་ཞུ།།
བུད་མེད་འདི་གསུལ་ལོ་རྒྱུས་གསལ་དངས་རེ།།
ཤེས་མཁན་ཡོད་ན་འདི་རུ་གླེང་བ་དང་།།
ཕན་ཚན་དྲ་གྲོགས་ཚོ་ཡི་འཇོན་ཚོད་ཀྱིས།།
དེ་དག་ནང་མི་དག་ལ་སེམས་གསོའི་འཕྲིན།།
རིང་ཐུང་གང་ནས་བསྐུར་གྱང་འགྲིག་ངེས་ཡིན།།
དེ་ནི་ང་ཚོས་ཐུབ་པའི་ལས་ཡིན་ལ།།
ནང་མིས་ཐོས་ཀྱང་སེམས་ངལ་ཅུང་སངས་ངེས།།
དེ་འདྲ་ཨེ་རེད་དྲ་གྲོགས་སྤུན་ཟླ་ཚོ།།
བོད། ལྷ་གླུ་གཉེན་གསུམ་གྱིས་བཤད་པ་ལ་ངོ་མས་བདེན་ཤེད་ཆེན་པོ་འདུག སྙིང་དུ་སྡུག་པའི་བུ་མོ་འདི་ཚོ་གསུམ་པོའི་ལོ་རྒྱུས་གསལ་གསལ་ཐང་ཐང་ཞིག་ཤེས་མཁན་གྱི་དྲ་གྲོགས་གཅིག་རེ་གཉིས་རེ་ཞིག་ཡོད་ན་དྲོ་ངོས་སུ་ཕབས་ཏེ་ཚང་མ་ལ་ཤེས་སུ་བཅུག་ན། མུན་ནག་གི་གཏིང་རུམ་ན་གཉིད་ལ་ཡུར་བའི་བོད་མི་ཁ་ཁེར་ཅིག་གི་སེམས་ལ་ཚོར་བ་རེ་སྤྲད་པར་ཕན་ཤས་ཆེ་ན་ཐང༌། གཞན་ཡང་བུ་མོ་དེ་ཚོའི་ནང་མི་ལ་འབྲེལ་བ་བྱེད་ཐུབ་མཁན་རེ་བྱུང་བ་ཡིན་ན་ནི་དེ་བས་ཀྱང་བཟང་ཤོས་རེད། གྲོགས་པོ་ཚོ། ད་མདུང་ཁ་ནང་ལ་གཏད་ནས་ཁ་རྩོད་ཚིག་རྩོད་བྱེད་རྒྱུའི་དུས་ཚོད་མ་རེད་ཡཱ།