ཨ་འདུས་མིག་ཆུ།
དེ་རིང་ཆར་པ་འབབ་ཙམ་འབབ་ཙམ་བྱེད་པ་འདི།།
ཁྱོད་ཉིད་བརྩོན་པའི་རྔུལ་ཐིཊ་འཐོར་བའི་ངང་ཚུལ་འདྲ།།
སྤྲིན་གསེབ་ཉི་འོད་འཛུམ་ཙམ་འཛུམ་ཙམ་བྱེད་པ་འདི།།
ཁྱོད་ཉིད་རྒྱལ་ཁའི་འཛུམ་རས་ངོམ་པའི་སྣང་ཚུལ་བཞིན།།
སྤྲིན་པ་ཚོམ་བུ་འདུ་འགོད་བྲེལ་བྲེལ་རྒྱུ་བ་འདི།།
གདོང་དམར་མི་ཡི་སེམས་པ་ཁྱོད་ལ་ཕྱོགས་པ་བཞིན།།
གཡུ་འབྲུག་དགའ་བའི་ལྡིར་སྒྲ་འུར་འུར་གྲགས་པ་འདི།།
བོད་མིས་ཁྱོད་ལ་ཁ་གཡང་མུར་མུར་བཟློ་བ་འདྲ།།
དེ་རིང་ཁྱོད་ཀྱིས་རྒྱ་དར་ཐོགས་པར་མི་ལྟ་ལ།།
དེ་རིང་ཁྱོད་ཀྱིས་རྒྱ་མིང་ཁྱེར་བར་མི་བསམ་པར།།
གངས་ཕྲུག་བུ་མོ་གཞོན་ནུ་མ་ཞིག་ཨོ་རྩལ་ཁྲོད།།
ངར་དང་ཤུགས་ཀྱིས་རྒྱུག་གིན་ཡོད་པའི་སྣང་བ་འཛིན།།
རྒྱ་མི་རྒྱལ་ན་ང་ཚོ་དགའ་བ་མི་སྲིད་ལ།།
རྒྱ་ལ་ཐོབ་རེ་རྨི་ལམ་ཙམ་ཡང་མི་འདོད་མོད།།
དེ་རིང་ཁྱོད་ཉིད་རྒྱལ་བའི་གཏམ་བཟང་དྲོད་མོ་ཞིག།།
རྣ་བར་ལྷུང་བའི་རེ་བ་སྙིང་ལ་འཆིང་ནས་ཡོད།།
གོས་ཀྱི་ཁ་དོག་གང་ཡིན་དཔྱད་པ་མི་འཚོལ་ལོ།།
སུའི་དོན་རྒྱུག་གིན་ཡོད་པ་དེ་ཡང་མི་དཔྱད་ལོ།།
ཤ་ཁྲག་གཅིག་པའི་བུ་མོ་ཁྱོད་ཉིད་རྒྱུག་པ་དེ།།
བོད་པ་ཚང་གི་དགེ་མཚན་ཡིན་པར་སྙམ་ནས་ཡོད།།
དེ་རིང་བོད་པའི་ཁྱིམ་ཚང་རེ་རེའི་ཁང་ཆུང་ནང་།།
བརྙན་འཕྲིན་རེ་རེ་བདག་ཉར་བྱས་ནས་ལྟ་བཞིན་ཡོད།།
ཁྱོད་ཉིད་རྒྱལ་བའི་རེ་བའི་མིག་ཟུང་ཁྲི་ཕྲག་གིས།།
གཡོ་འགུལ་ཙམ་ཡང་བྱེད་ཁོམ་མེད་པར་ལྟ་བཞིན་འདུག།
རྒན་པོ་དག་གིས་བསང་ལྷ་གསོལ་ནས་བཅོལ་བཞིན་འདུག།
རྒན་མོ་དག་གིས་ཐལ་མོ་སྦྱར་ནས་མཆོད་བཞིན་འདུག།།
རེ་བ་ཅན་གྱི་བུ་མོ་ཁྱོད་ཉིད་རྒྱལ་ཤོག་དང་།།
ས་ཡ་དྲུག་གིས་ཁྱོད་ཀྱི་རྒྱབ་ནས་བལྟས་འདུག་གོ།
བུ་མོ་དྲུག་ཅུའི་དཀྱིལ་ནས་ཤར་སེ་ཤར་སེ་རྒྱུག་རོག་བྱོས།།
རྒྱལ་ཁབ་མང་པོའི་དབུས་ན་འཛུམ་ཙམ་འཛུམ་སྐྱོད་རོག་བྱོས།།
སྤོབས་པའི་མགོ་བོ་དམའ་དགོས་མེད་པ་ཤེས་པར་གྱིས།།
གདོང་དམར་ཚང་གིས་ཁྱོད་ལ་བལྟས་པ་གོ་བར་གྱིས།།
རྒྱ་མོ་མིན་པའི་བདེན་དཔང་བྱེད་ལ་འདི་ནས་བརྩོན།།
བོད་མོ་ཡིན་པའི་དྲིལ་སྒྲིལ་བྱེད་ལ་འདི་ནས་འབད།།
ཁྱོད་ཀྱི་སེམས་པར་ཤ་ཁྲག་རུས་གསུམ་བོད་པ་ཞིག།
ཡིན་པའི་འདུ་ཤེས་གཏན་ནས་མ་གློད་སེམས་ལ་ཟུངས།།
བོད་སྐད་འཆད་ལ་སེམས་པ་དགའ་བ་ཤེས་ཡོད་དོ།།
བོད་ཆས་གྱོན་ལ་གློ་བ་ཉེ་བ་གོ་ཡོད་དོ།།
བོད་པའི་བུ་མོ་གཙང་ཞིང་དག་པའི་ཆོས་དབྱིངས་སྐྱིད།།
དེ་རིང་ངེས་པར་ཁྱོད་ཉིད་རྒྱལ་ལ་འབད་ཤོག་ཨ།།
ངེད་ཅག་བོད་པ་ཚང་སྲོལ་རྒྱུན་གྱི་རིག་གནས་ཀྱི་ཆ་ནས་ངོ་མནོང་དགོས་པ་ཞིག་མ་རེད་མོད། དེང་དུས་ཀྱི་
ཤེས་རིག་སྤྱི་དང་བྱེ་བྲག་རྩེད་རིགས་འགྲན་སྡུར་ཐད་ལ་ཧ་ཅང་མགོ་བོ་དམའ་བའི་སྐབས་འདིར། བོད་མི་
རིགས་ཀྱི་ལས་དབང་འདི་ལ་འགྱུར་ལྡོག་ཅིག་ཡོང་མིན་ལ་ཤུགས་རྐྱེན་ཧ་ཅང་ཟབ་པའི་དེ་རིང་གི་འགྲན་སྡུར་
འདིར་རྒྱལ་ཁ་ངེས་པར་འཐོབ་པར་བྱ་དགོས་། ཨ་མའི་བུ་མོ་ལོ་ལོ་ཤུགས་རྒྱོབས། ང་ཚོས་ཁྱེད་ཀྱི་གཏམ་
བཟང་བསྒུགས་ནས་བསྡད་ཡོད།
ཨ་འདུས་མིག་ཆུ་ལགས། ཁྱེད་ནི་ཁྱེད་ཀྱི་བ་དག་མི་འདྲ། ཁྱེད་ནི་དངོས་གནས་དྲང་ཚུགས་ལྡན་པ་ཞིག་དང་། བོད་ཞེན་ཅན་ཞིག་རེད། དེ་བས་ང་ཁྱེད་ལ་དགའ། ངས་ཁྱོད་མཐོང་ཙམ་ལས་རྒྱུས་མངའ་དེ་ཙམ་མེད། མུ་མཐུད་ནས་རྩོམ་ཡིག་འབྲི་རོགས། ཁྱེད་ཀྱི་སྙན་དེབ་དེ་དངོས་གནས་ཡག་པོ་འདུག། མི་རིགས་ལ་བསམས་ཏེ་དོན་ཆུང་བསྐྱུར་དགོས། ཁྱེད་ལྟ་བུ་མ་འོངས་པར་བོད་ཀྱི་་་་་་་་་་རུ་འགྱུར་བར་གདོན་མི་ཟ།
གསེར་གྱི་གཟེངས་རྟགས་ཐོབ་པའི་སྨོན་འདུན་ཞུ།
རེ་བ་དང་བཅས་ཏེ་ཡོད
ཨ་མདོའི་བུ་མོ་ཤུགས་རྒྱབ་ཤོག་ཨ།
གངས་ཅན་བོད་ཀྱི་བུ་མོ་ཁོང་རྩེད་འགྲན་ལ་ཞུགས་ཐུབ་པ་ཙམ་གྱིས་བོད་མིའི་སེམས་ནང་ཉི་མ་ཤར་འདྲ་ཅིག་བྱུང་ཡོད།།
བོད་ཀྱི་བུ་མོ་ཨང་ལྔ་བ་བྱས་ནས་ཡོང་གི་འདུག རེ་བ་འདུག བཀྲ་ཤིས་བདེ་ལེགས་དང་ལམ་འགྲོ་ཡོང་བར་ཤོག
ཨ་ཁུ་ལོ་ལོ་་་་་་་ཁྱེད་དེརིང་རྒྱལ་ཁ་འཐོབ་པར་ཤོག
ཨང་གསུམ་པ་བྱས་ནས་ཡོང་གི་འདུག
ད་ཨང་གསུམ་པ་དང་བཞི་པའི་བར་རེས་མོས་བྱས་ཡོང་གི་འདུག རེ་བ་འདུག ཤུགས་རྒྱོབས།
དངུལ་དང་ཟངས་ཀྱི་རྟགས་མ་གང་རུང་ཐོབ་ངེས་འདྲ་བོ་འདུག དཔེ་ཡག་པོ་འདུག
འགྲན་བསྡུར་གྱི་མགོ་ནས་མཇུག་བར་བཞིན་གྱི་འཛུམ་མདངས་མ་ཉམས་པར་སླེབས་ཏེ་ཨང་གསུམ་པ་ཟངས་ཀྱི་རྟགས་མ་ཐོབ་སོང་། བཀྲ་ཤིས་བདེ་ལེགས་ཡོད།
རྟེན་འབྲེལ་ཞུ། དགའ་བསུ་ཞུ། དྲ་གྲོགས་ཡོངས་ལ་སྙིང་དག་པ་ནས་བཀའ་དྲིན་ཆེ་ཞུ།
ཨང་གསུམ་པ་ཐོབ་སོང་།ངོ་མ་དགའ་འོས་པ་ཞིག་རེད།རྩེད་འགྲན་འདིའི་ནང་བོད་མི་གཅིག་མ་གཏོགས་མེད་ནའང་།ཨང་གསུམ་པ་བླངས་སོང་བ་ངོ་མཚར་ཆེ།།
tashi delek…………………
སྙིང་ནས་དགའ་བསུ་ཞུའོ།
བོད་ཀྱིས་བུ་མོ་ཆོས་དབྱིངས་སྐྱིད་ལ་ཨོ་ལན་ཕེ་ཁུ་རྨི་ཉི་ཤུ་རྒྱུགས་འགྲན་གི་ནང་དུ་ཨང་རིམ་གསུམ་པ་ལངས་སོང་། དེ་ལས་དགའ་འོས་བ་ཞིག་ནི་དབྱིན་ཡུལ་གནས་སྡོད་བོད་མི་དག་ཁོ་མོ་ལ་དགའ་བསུ་རུ་བཅར་ཡོད་པ་མ་ཟད་བོད་ཀྱི་རྒྱལ་དར་དེ་བོད་ཕྱི་ནང་གཉིས་གཙོ་བྱས་འཛམ་གླིང་མི་དམངས་གི་མིག་ནང་ལ་ཐེངས་གཅིག་བཤམས་ཐུབ་སོང་བ་དེ་ནི་ཧ་ཅང་དགའ་འོས་བ་ཞིག་རེད་བསམ
བུ་མོཆཆོས་དབྱིངས་སྐྱིད་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག བོད་རིགས་སྤུན་ཟླ་ཡོངས་ལ་བུ་མོ་ཆོས་དབྱིངས་སྐྱིད་ནས་ཨང་གསུམ་པ་བླངས་པ་དེ་ལ་བཀྲ་ཤིས་བདེ་ལེགས་ཞུ།
ཆོས་དབྱིངས་སྐྱིད་ལ་བཀྲ་ཤིས་རྟེན་འབྲེལ་ཞུ། དེ་རིང་ཁྱོད་འགྲན་བསྡུར་མ་ཞུགས་སྔོན་ལ། ངའི་སེམས་ནང་བཤད་མི་ཤེས་པའི་དགའ་སྐྱོ་གཉིས་བྱུང་། འགྲན་བསྡུར་ཞུགས་ནས་སྐར་མ་བཞི་བཅུ་སྔོན་ཁྱེད་ཀྱི་སྔོན་ལ་རྒྱ་མོ་ཞིག་འགྲོ་བཞིན་འདུག ང་ཧ་ཅང་སེམས་འཚབ་བྱུང་། ངས་སེམས་ནང་བོད་ཀྱི་ལྷ་སྲུང་རྣམས་དེ་རིང་ཁྱེད་ལ་ངེས་པར་གཟིགས་དགོས་པར་སྐྱབས་འཇུག་ཞུས། རྫོགས་ཁར་འབྲོག་མོ་ཆུང་ཆུང་ཁྱོད་འཛུམ་མུལ་མུལ་ངང་། ར་ཞས་ཡའི་བུ་མོ་གཉིས་ཀྱི་རྗེས་ལ་ཡོང་གི་འདུག ང་བཤད་མི་ཤེས་པའི་དགའ་སྤྲོ་སྐྱེས།
ངས་རེ་བ་ལ་ཞིག་ལ། ཁྱེད་ད་དུང་མུ་མཐུད་དུ། རྒྱུན་དུ་བོད་ལྭ་གྱོན། བོད་སྐད་གཙང་མ་བཤད། ལས་ལ་ཧུར་བརྩོན་གྱིས། བོད་མི་རིགས་ཀྱི་ཡ་རབས་སྤྱོད་བཟང་རྣམས་རྒྱུན་འཛིན་ཡོང་བའི་རེ་བ་ཡོད། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།
དྲ་གྲོགས་ཚང་མ་ཕེབས་པར་དགའ་བསུ་ཞུ། བོད་ནང་གི་མེ་སྲེག་དོན་རྐྱེན་འོག་སྡུག་གི་མུན་པ་ཞིག་ཁུར་ནས་ལོ་མང་བསྡད་ཀྱང་། དེ་རིང་བུ་མོ་འདིས་སེམས་ལ་དགའ་བ་ཞིག་སྤྲད་སོང་། སྙིང་ལ་སྤོབས་པ་ཞིག་གནང་སོང་། ད་ལྟ་གཉིད་ཀྱང་མི་ཁུག་གི སྐྱིད་པ་ལ།
དངོས་གནས་དགའ་འོས་པ་རང་རེད། བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད།
བོད་རིགས་ལུས་རྩལ་མ་ཆོས་དབྱངས་སྐྱིད་ཀྱིས་ལོན་ཏུང་ཨོ་རྩལ་འགྲན་ཚོགས་ཀྱི་ར་བའི་ནང་དུ་སྤྱི་ལེ་༢༠ཡི་སྐྱེས་མའི་འགྲོ་རྒྱུག་འགྲན་སྡུར་ཁྲོད་དུས་ཚོད༡དང་སྐར་མ༢༥སྐར་ཆ༠༢སྤྱད་ནས་ཟངས་ཀྱི་རྟགས་མའི་འབྲས་བུ་གཡུར་དུ་ཟ་བ་ཞིག་བླངས་པ་འདིས་མཐོ་སྒང་བུ་མོ་ཞིག་གི་འཇོན་ཐང་འཛམ་བུ་གླིང་ལ་ངོ་སྤྲོད་བྱས་ཡོད་པ་མ་ཟད།རྫ་ལུང་རི་ལུང་དུ་ཉམས་ཐག་གིས་འཚོ་བའི་བོད་རིགས་ཞེས་པའི་མིང་ཚིག་འདི་གཉིས་རྒྱལ་སྤྱིའི་སྟེང་དུ་ཁྱབ་བསྒྲགས་གནང་བའང་ཅི་ལ་མིན།
རང་གི་ནང་མི་སྤུན་མཆེད་ཞིག་ལ་གསེེར་གྱི་རྟགས་མ་ཐོབ་པ་ལྟ་བའི་དགའ་སྤྲོ་བྱུང་ལ། དྲ་རྒྱ་ཁག་ཏུ་ཚང་མས་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་དང་སྨོན་ལམ་འདེབས་པ་སོགས་རང་གི་མི་རིགས་ལ་དགའ་བའི་བཀའ་མོལ་སེམས་ནས་རང་དབང་མེད་པར་ཐོན་ཡོང་གི་ཡོད་པ་མཐོང་བས་སེམས་ཚོར་ཆེན་པོ་བྱུང་།
ཟངས་ནས་དངུལ་དང་དངུལ་ནས་གསེར་ལ་ཡར་འཛེགས་དགོས། འདི་ཡང་གཏམ་བཟང་ཅིག་རེད། བོད་རྒྱལ་ལོ། །
བོད་མོ་ཆོས་དབྱིངས་སྐྱིད་ལགས་ཀྱི་སྔོན་དུ་རྒྱ་མོ་མི་ཤོར་བའི་སྨོན་ལམ་འདེབས་བཞིན་ལྟད་མོ་བལྟས་པས་དགའ་འོས་པ་ཞིག་ལ་རྒྱ་མོ་རོ་མིག་མ་དེ་ཚོ་ཙམ་དུ་མ་ཟད་གོ་ལ་འདིའི་ཐོག་ནས་བུ་མོ་རྒྱང་རྒྱུག་གི་ཨང་གསུམ་པ་ཐོབ་སོང་བས་ང་དགའ་དྲག་ནས་ཡར་ལང་སྟེ་ཀི་ཞིག་བཏབས་ནས་ལྷ་རྒྱལ་ལོ་ཞེས་སྐད་ཤུགས་གང་ཡོད་ཀྱིས་ལན་གསུམ་བོས་པས་ཚ་བུ་ཚེ་བརྟན་རྡོ་རྗེའི་ངའི་ངོ་ལ་ཡང་ཡང་བལྟ་ཡི་འདུག་ངས་ག་རེ་བལྟ་ཡ་འདུག་ང་ཚོ་ལ་སྤོབས་པ་བྱིན་སོང་ང་ཚོ་ལ་གསོན་ཤུགས་སྤྲད་བྱུང་བཙན་པོའི་གདུང་རྒྱུད་མཐོ་སྒང་དུ་ཡོད་པའི་དྲིལ་བསྒྲགས་གནང་སོང་ང་རེ་དགའ་ང་རེ་དགའ་སྨྲས་པས་ཁོ་ཡང་གཉིད་སད་པ་ལྟར་དེ་འདྲའི་ཡག་པོ་ཆགས་སོང་ཟེར་ནས་གྲོགས་པོ་ཚོ་ལ་ཁ་སྤར་གྱི་ལམ་ནས་དྲིལ་སྒྲག་བྱེད་བཞིན་འདུག་གོ
ཁོང་ནི་ང་ཚོའི་ཁ་བ་གངས་ཅན་གྱི་གཟི་བརྗིད་རེད་ལ་གསོལ་ནམས་ཡང་རེད། བུ་མོ་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གུས་་་་གུས་་་གུས་་་
བོད་པའི་བུ་མོ་ཞིག་ཐེངས་དང་པོར་ཨྃ་རྩལ་འགྲན་ཚོགས་ལ་ཞུགས་ནས་གཟེངས་རྟགས་རེག་པ་དེ་རྟེན་འབྲེལ་ཞུ ། ངེད་ཅག་ཕ་ཡུལ་གཅིག་པ་ཚང་མ་སེམས་དགའ་ནས་ཡོད། རྒྱ་ནག་ཨོ་རྩལ་ཚོགས་པས་བོད་པའི་བུ་མོ་ཞིག་ལ་གོ་སྐབས་སྤྲད་པ་ཡག་རྟགས་རེད།
ཁྱེད་ཀྱི་སེམས་ཁུང་དྲོ་བའི་འཛུམ་མུལ་རྫོགས་མཐའ་མེད་པའི་ཐོག་ནས་ཟང་གི་རྟགས་མ་བླངས་སོང་བས་ཙ་ཐང་བུ་མོའི་གཤེས་ཀ་མ་ཉམ་པའི་ཐོག་དེང་དུས་ཀྱི་སྤྱི་ཚོགས་སྔོན་ཐོན་ནས་འབུར་དུ་ཐོན་པའི་ཁྱད་ཆོས་སོགས་བློ་ཡུལ་ལས་འདས་པ་ཞིག་རེད། ཁོང་གི་ཞང་པོ་སྐུ་ཞོག་ལགས་དེ་ཡང་ཤེས་ལྡན་ཞིག་རེད་འདུག་མོར་སྐུ་དྲིན་ཆེ་མདོག་འདུག
ང་ཡང་བོད་ཀྱི་འདྲེ་སོང་ཙང་་བོད་ཀྱི་བུ་མོ་ལ་རྟེན་འབྲེལ་ལོས་ཞུ། ང་ཡི་སྦྱིན་བདག་་་་་ང་ཡི་གནས་ཚང་་་ང་ཡི་ཁྱིམ་གཞིས་་་བོད་རྒྱལ་ལོ་་་་་ངའི་སྦྱིན་བདག་ཚང་ལ་གོ་སྐབས་མ་ཐོབ་པ་རེད་མ་གཏོགས་མ་འཇོན་པ་ཅི་གང་མེད་པའི་བརྡ་ཞིག་དེ་རིང་བསྟན་སོང་བ་་་ངོ་མས་འདྲེ་ང་ལ་ཡང་དགའ་སྐྱོ་ཟུང་གི་ཚོར་སྣང་བརྗོད་མི་ཐུབ་པ་ཞིག་སྐྱེས་སོང་་་་བོད་རྒྱལ་ལོ་་་
རྟེན་འབྲེལ་ཞུ། ཆོས་དབྱངས་སྐྱིད་ལ་རྟེན་འབྲེལ་ཞུ།
དགའ་བསུ་ཞུ། ཆོས་དབྱངས་སྐྱིད་ལ་དགའ་བསུ་ཞུ།
བུ་མོ་ཆོས་དབྱངས་ཨོ་རྩལ་འགྲན་ཚོགས་ནང་། །
ཞུགས་པ་ཙམ་གྱིས་ཡིད་སེམས་རབ་ཏུ་དགའ། །
དེ་རིང་རྒྱུག་འགྲན་རྒྱལ་སྤྱིའི་བུད་མེད་ཁྲོད། །
ཟངས་ཀྱི་རྟགས་མ་བླངས་པ་ངོ་མཚར་ཆེ། །
རྒྱུག་འགྲན་འགོ་ནས་མཇུག་བར་ཁྱེད་ཉིད་ཀྱི། །
འབད་པའི་རྔུལ་ཐིགས་ཇི་ཙམ་བཞུར་ན་ཡང་། །
བཞིན་གྱི་འཛུམ་ཆུང་ཡལ་མེད་མངོན་པ་ནི། །
གསེར་དངུལ་རྟགས་མ་ལས་ཀྱང་ལྷག་པ་ཉིད། །
བཀྲ་ཤིས་བདེ་ལེགས་ཆོས་དབྱངས་སྐྱིད་ལ་ཞུ། །
མཐོ་སྒང་སྤངས་ལ་སེར་ཆེན་མེ་ཏོག་ཤར། །
ཐུགས་རྗེ་ཆེ་ཞེས་ཆོས་དབྱང་སྐྱིད་ལ་ཞུ། །
རྩ་ཐང་བུ་མོའི་རིག་རྩལ་ཞབས་ནས་བཀྱགས། །
བུ་མོ་ཆོས་དབྱིངས་སྐྱིད།
དེ་རིང་བོད་ཕྱི་ནང་གཉིས་ན།
རྒན་དར་གཞོན་གསུམ་ཚང་མ།
བརྙན་འཕྲིན་གྱི་ངོ་ལ་འཇུར་ནས་ཡོད་པ་ནི།
གསེར་གྱི་རྟགས་པ་ཐོབ་པ་དག་ལ་བལྟ་བཞིན་མེད།
དངུལ་གྱི་རྟགས་མ་ཐོབ་མཁན་ཚོ་ལ་བལྟ་བཞིན་མེད།
ཟངས་ཀྱི་རྟགས་མ་ཐོབ་པའི་བུ་མོ་ཁྱོད་ལ་བལྟ་བཞིན་ཡོད།
རྒན་གཞོན་ཚང་མའི་མིག་ལས་མཆི་མ་བཞུར་བཞིན་པ་འདི་ནི།
དགའ་སྤྲོའི་མཆི་མ་ཡིན།
ད་དུང་རང་གི་ལག་པ་བཀྱགས་ནས་སྐད་སྒྲ་སྒྲོག་པ་ནི།
ལྷ་ཀླུ་གཉེན་གསུམ་ལ་འབོད་པ་བྱས་པ་མིན།
ཁྱེད་རང་གིས་ང་ཚོ་ལ་སྦྱིན་པའི་སྤོབས་པ་ཡིན།
བུ་མོ་ཆོས་དབྱིངས་སྐྱིད།
ཁྱེད་ནི་ངེད་ཚོ་གངས་ཅན་པའི་སྤོབས་པ་ཡིན།
ང་ཚོའི་ལ་རྒྱ་ཡིན།
ང་ཚོའི་བདེ་སྐྱིད་ཡང་ཡིན།
མུ་མཐུད་ནས་འབད་བརྩོན་བྱེད་པར་འཚལ།
ངས་དཀོན་མཆོག་ལ་སྐྱབས་འཇུག་ཞུ་ངེས།
ཁྱེད་ཀྱི་ལུས་ལ་ན་ཚ་མེད་ཅིང་།
མདུན་ལ་བར་ཆད་མེད་པའི་ཐོག་ནས།
བསམ་དོན་བཞིན་འགྲུབ་པའི་སྨོན་འདུན་ཞུ།
བུ་མོ་ཆོས་དབྱིངས་སྐྱིད་ལགས་ལ་རྟེན་འབྲེལ་བཀྲ་ཤིས་བདེ་ལེགས་ཡོད་།
སྤྱིར་རྒྱ་རྒན་ཚང་ལ་རྟགས་མ་ཐོབ་ན་དགའ་བོ་མེད། ཡིན་ན་ཡང་བོད་མོ་ཁྱེད་བོད་ཡིན་པས་དགའ་བའི་སེམས་པ་གནོན་ཐུབ་མ་སོང་། རྒྱ་ནག་སྤྲང་མགོ་ཚང་ལ་གསར་གི་རྟགས་མ་མ་གཏོགས་ངོ་སོ་མེད་རབས་ཐོས་བྱུང་བས་རྒྱ་ནག་གི་མྱི་གཤེས་ལ་སྐྱུག་དམེ་ལངས་ནས་ཡོད།
གངས་རིའི་སྲས་མོ་ཆོས་དབྱིངས་སྐྱིད་ལ་རྟེན་འབྲེལ་ཞུ་བའི་ཆེད་དུ་སྐད་ཤུགས་ཆེན་པོའི་བོད་པ་རྒྱལ་སོང་། བོད་པ་རྒྱལ་སོང་། ཨ་མདོའི་འབྲོག་མོ་ཞིག་འཛམ་གླིང་གི་སྐད་གྲགས་ཆེས་ཆེ་པའི་ཨོ་རྩལ་རྩེད་འགྲན་ལ་ཞུགས་པ་ཐོག་མ་ཡིན་ལ། རྟགས་མ་འཐོབ་པ་ཡང་ཐོག་མ་རེད། ཀི་ཀི་སྭོ་སྭོ་ལྷ་རྒྱལ་ལོ་ཟེར་ནས་སྐད་མང་ཙམ་བརྒྱབ་རྗེས
ཟོག་གི་འདུ་ཤེས་མི་ཡི་གཟུགས་ཅན་གྱི་གཞིས་ཆགས་ཚོས་ཅི་ཡང་ཧ་མ་གོ་པར་ངའི་སྡོད་ཤག་ནང་ལ་ཡང་ཡང་ལྟ་བཞིན་འདུག
དྲ་གྲོགས་ཚང་མའི་དོ་སྣང་ཡག་པོ་གནང་འདུག་སྣམས་པ་ཚོ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན་ལགས་་།
གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་།
གངས་དཀར་ལྷུན་པོ་གཟི་འོད་སྒྲོན་སོངས་།
གང་ལྟར་གོས་དང་ཁ་དོག་མི་གཙོ་།
གང་ཁྱོད་ཤ་རུས་གངས་ཅན་བོད་པ་།
ཡ་ཡ་ཁ་སང་ཁེ་ཉིན་རང་ལུས་མེར་བསྲེག་གདོང་མཁན་དཔའ་བོ་དཔའ་མོ་རྣམས་ལ་བསམ་ནས་ཡིད་སྐྱོ་ནས་ངུས་ཡིན་། དེ་རིང་ང་ཚའི་བོད་པའི་ལོ་རྒྱུའི་ལ་འབྱོངས་མྱོང་མེད་པའི་གཟི་བརྗིད་འདི་ལ་བསམ་ནས་ཡང་ངུས་ཡིན་།
གང་ལྟ་སྐྱོན་མེད་ང་མ་འཆི་ན་མིག་ཆུ་མི་རྫོགས་།
རང་ཅག་ཁ་བ་རི་པའི་བུ་མོ་ཞིག་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོའི་ཐོག་རྟག་མ་ཞིག་ཐོབ་པར་སྙིང་དབུས་ནས་དགའ་སྤོབས་དང་བུ་མོ་ཆོས་དབྱིངས་སྐྱིད་ཀྱི་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་ལམ་ལན་རྒྱར་ཞུ།
སྤྱིར་གཞོན་ནུ་ཕུགས་དོན་མ་རྟོགས་པའི་ཀླད་གསར་ཅན་མང་པོས་དེང་རབས་ཀྱི་རྒྱལ་སྤྱིའི་ཁྲ་ཁྲ་ཟིང་ཟིང་གི་རྣམ་པར་གཡེངས་ནས་འགྲན་རྩོད་ཀྱི་རིགས་ལ་ཧང་བསམ་བསམ་བྱེད་བཞིན་དུ་ཡོད། འགྲན་རྩོད་དང་ཐོབ་ཤོར་ནི་འཁྲུགས་རྩོད་ཀྱི་གཞི་མ་དང་ཉོན་རྨོངས་ཀྱི་སྣ་འདྲེན་ཆགས་སྡང་གི་དཔུང་རོགས་བཅས་ཡིན་པས་འགྲོ་བ་མིའི་རིགས་ལ་གནས་སྐབས་ལུས་ཀྱི་བདེ་ཐང་ཙམ་ལས་ཕུགས་སུ་ཕན་པའི་རང་བཞིན་ཅན་ཞིག་མིན། ཡང་དགོས་དེ་རིང་ངས་ཁྱེད་ཚོར་གཅིག་འདྲི། ཁྱེད་ཚོས་མ་འོངས་པར་བོད་མི་ནང་རུལ་པ་ཞིག་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཀྲུའུ་ཞིའི་གོ་གནས་ཐོབ་ན་དགའ་བསུ་བྱེད་རྒྱུ་ཡིན་ནམ། ཡིན་ན་བྱམས་པ་ཕུན་ཚོགས་དང་ར་སྡིག་སོགས་ལའང་དགའ་བསུ་ཞུས། ང་ནི་ཆོས་དབྱིངས་སྐྱིད་ལ་ནང་རུལ་པ་ཞིག་གི་བྱ་སྤྱོད་དུ་ངོས་འཛིན་ཡོད། ཤ་རུས་གཙོ་མི་ཆེ། འདུ་ཤེས་དང་ལྟ་བ་གཙོ་ཆེ་བས། རྒྱ་ལ་དགའ་ཞེན་ཆེ་བའི་བྱ་བཞག་འདི་ནི་བོད་པའི་ལས་དོན་འཇོན་ཐང་རྒྱ་ལག་ཏུ་སྤྲོད་པ་རེད་ལ། དགྲ་དགའ་གཉེན་སྡུག་གི་བྱ་བ་ཡང་རེད། བོད་མི་ཞིག་རྒྱར་འགྱུར་ཟིན་པའི་ལས་དོན་ཞིག་ཡིན་པས་རྒྱ་ལ་རྟགས་མ་ཐོབ་པ་རེད་མ་གཏོགས་བོད་ལ་ཐོབ་པ་ག་ནས་ཡིན། རྒྱ་དམར་ལ་རྟགས་མ་གཅིག་ཐོབ་པ་མོས་བཟོས་པ་རེད། ཞབས་འདྲེན་མ་དེས་ང་ཚོ་བོད་པ་ཚང་གི་ངོ་གདོང་ཆུ་ནང་གཡུག་སོང་། ངོ་མ་ཡིན་འདས་པའི་ལོ་ངོ་གཅིག་གི་ནང་དུ་གཞིས་ལུས་མི་མང་གི་ཚེ་སྲོག་མང་པོ་མེར་བསྲེག་གཏོང་དགོས་དོན་ནི་རྒྱ་མིའི་དར་དམར་འོག་ཏུ་སྡུག་སྔལ་གྱིས་མ་བཟོད་ནས་འུ་ཐུག་པའི་བྱ་བ་དེར་འཇུག་པ་རེད། མོས་དེ་རིང་སྐར་ལྔའི་དར་དམར་ཕྱར་ནས་འཛམ་གླིང་མི་མང་འདུན་ནས་འདི་འདྲ་བྱ་བ་ངན་པ་ཞིག་འཇུག་སོང་།
དེ་རིང་བོད་མོ་ཞིག་ལ་ཟང་གི་རྟགས་མ་ཐོབ་པའི་ཉིན་འདིར། ངས་སྙིང་ཁོངས་ནས་མི་རིགས་དང་བསྟན་སྲིད་ཆེད་དུ་རང་སྲོག་བློས་བཏང་གནང་པའི་འདས་གསོན་ཡོངས་ལ་དགོངས་སེལ་ཞུ་ངེས་ཡིན། ད་དུང་ཁྱེད་ཚོས་ནང་མི་ཉེར་འབྲེལ་ཡོངས་ལ་ཡང་དེ་བཞིན་ཞུ་ངེས་ཡིན། དེ་ལས་ང་ལ་ཐབས་ཤེས་མི་འདུག ཁྱེད་ཚོས་ཁོང་ཁྲོ་མ་ཟ་རོགས་། ཁྱེད་ཚོས་བཟོད་པ་སྒོམས་གནང་རོགས་ངོ་མ་ཡིན།
བོད་པའི་བུ་མོ་ཆོས་དབྱུངས་སྐྱིད་ལ་རྟེན་འབྲེལ་ཞུ།
བོད་པའི་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས།།བོད་པ་ཚང་ལ་བག་ཆགས་བཞག་སོང་།།མཐོ་སྒང་མི་སྣ་ཁེར་རྐྱང་ཞིག་གིས།།
འཛམ་གླིང་རྒྱལ་ཁབ་རྩེད་འགྲན་ཁྲོད་ནས།།རྒྱུག་འགྲན་ཟངས་ཀྱི་རྟགས་མ་ཐོབ་དུས།།མི་རིགས་འདི་ལ་ཤ་ཞེན་ཡོད་པའི།།མི་ཞིག་ཡིན་ན་སེམས་པ་ལོས་དགའ།།དང་པོ་རྒྱུགས་ནས་མ་སླེབས་བར་དུ།།བུ་མོ་ཁྱོད་ཀྱིས་ངོ་མདང་མ་འགྱུར།།འཛུམ་དམུལ་སོ་དཀར་བསྟན་པའི་ངང་ནས།།རྒྱུགས་འགྲན་རྒྱལ་ཁ་གསུམ་པ་ཐོབ་སོང།། ཀི་ཀི་ བསོ་བསོ་ ལྷ་རྒྱལ་ལོ།། ངས་གངས་ཅན་བོད་པ་ཡོངས་ཀྱི་ཚབས་བྱས་ཏེ་ཆོས་དབྱིངས་སྐྱིད་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།།
གོང་དུ་ལོག་སྨྲ་ཚར་གཅོད་ཞེས་པ་ཞིག་གིས་མ་རང་པའི་གཏམ་སྣ་ཚོགས་བཤད་འདུག་པ་ཁྱོད་ནི་ལོག་སྨྲ་ཚར་གཅོད་རེད་མི་འདུག་ ལོག་སྨྲ་རང་རེད་འདུག་ བུ་མོ་ཆོས་དབྱིངས་སྐྱིད་ཀྱི་སེམས་པ་དེ་རྒྱ་ལ་དགའ་ཞེན་ཅན་ཡིན་པ་ཁྱོད་ཀྱིས་ག་འདྲ་བྱེད་ནས་ཤེས་སོང་ གཞིས་ལུས་བོད་མི་ཡོངས་རྫོགས་རྒྱ་མིའི་འོག་ལ་བསྡད་ཡོད་པ་ཚང་མ་རྒྱ་ཞེན་ཅན་རེད་ཟེར་རྒྱུ་ཡིན་པས་ འོ་ན་ཁྱོད་ཀྱིས་ག་རེ་འཇོན་ཡོད་ཤོད་དང་་་་་་་་་་་་་་་་་་་་་་་
གངས་རིའི་གཅེས་ཕྲུག་མ་ཆོས་དབྱངས་སྐྱིད་ཀྱིས་ཤ་རུས་གདུང་བརྒྱུད་གཅིག་པའི་ཕྱི་ནང་བོད་རིགས་ཡོངས་ཀྱི་ངོ་སོ་ཡར་བསྟོད་
སོང་། བོད་བསྟན་སྲིད་ཀྱི་དོན་དུ་སྐུ་སྲོག་གཏོང་མཁན་རྒྱལ་གཅེས་བཀའ་དྲིན་ཅན་ཚོས་དག་པའི་ཞིང་ནས་ཁྱེད་ལ་བསྟོད་བསྔགས་གནང་བཞིན་འདུག ཨ་་་་་་་་ གངས་ཅན་པའི་གཅེས་ཕྲུག་མ་་་་ཁྱེད་ཀྱིས་གསན་བྱུང་ངམ། ཆོས་སྲིད་གཉིས་ལྡན་གྱི་བོད་རྒྱལ་ཁབ་ཆེན་པོའི་བླ་ན་མེད་པའི་མཚོན་དོན་སེང་དར་མང་པོས་ཁྱེད་ལ་དངོས་སུ་དགའ་བསུ་གནང་བ་མཐོང་སོང་ངམ། ཤ་ཁྲག་གཅིག་ལས་མཆེད་པའི་གཞིས་བྱེས་སྤུན་ཟླ་ཡོངས་ཀྱིས་ཁྱེད་ལ་སྨོན་ལམ་དང་རྒྱབ་བསྐྱོར་གནང་བ་ཤེས་སོང་ངམ། གཅེས་ཕྲུག་མ་་་་་་་་འཇིག་རྟེན་ན་སྙན་གྲགས་མཆོག་ཏུ་ཆེ་བའི་རྒྱལ་སྤྱིའི་ཨོ་རྩལ་ཆེན་མོའི་ཁྲོད་ཀྱི་རྒྱུག་མདུར་གྱིས་ཨང་གསུམ་པའི་རྒྱལ་ཁ་དེས་་་་་་་་་ལོ་ཟླ་སྡུག་གིས་འཁུར་བཞིན་པའི་གངས་ཅན་པའི་སྤུན་ཟླ་ཡོངས་ཀྱི་དེ་རིང་སེམས་པ་དགའ་སྤྲོས་གང་ཡོད། གངས་ཅན་པའི་སྤུན་ཟླ་ཚོ་་་་་ང་ཚོས་ལག་གདངས་གཅིག་ཏུ་སྦྲེལ་ནས་མདུན་དུ་སྐྱོད་ཡ།
བུ་མོ་ཆོས་དབྱིངས་སྐྱིད་ཀྱི་སྐོར་ལ་འུག་པ་འགའ་ཤས་རེད་མ་གཏོགས། བོད་རིགས་སྤུན་ཟླ་ཚང་མ་དགོངས་ཚུལ་གཅིག་པ་རེད། དེ་འདྲ་ཞིག་དགོས་པ་རེད། མདང་ནུབ་གཞིས་བྱེས་གཉིས་ཀྱིས་ཁོང་མོ་གཅིག་པ་ལ་བལྟས་ཤིང་ཉན་པ་རེད། དེ་བཞིན་ང་ཚོའི་བློ་ཡིད་ཚིམ་པར་བྱེད་པའི་གྲུབ་དོན་ཞིག་བཞག་པ་རེད། ཤིན་ཏུ་དགའ་ཞིང་། རྒྱབ་སྐྱོར་གྱི་བར་སྣང་ཁེངས་པར་བྱེད་པའི་ཀི་སྒྲ་བཏབ་པ་རེད། འདི་དག་ཚང་མ་ནོར་འདུག་སྙམ་ན། ཕལ་ཆེར་དེ་སྙམ་མཁན་རང་ཉིད་ཀྱི་ཀླད་པའམ་རྩ་ཆེན་གང་རུང་ཞིག་ལ་སྐྱོན་ཤོར་བ་ཡིན་ངེས། གང་ལྟར་དྲ་གྲོགས་ཁྱོད་ཚོ་ཕེབས་ནས་དགོངས་ཚུལ་གསུངས་པར་དགའ་བསུ་ཞུ།
ད་རེས་རྒྱ་གཞུང་གིས་ང་ཚོའི་བུ་མོ་ཞིག་ཨོ་རྩལ་འགྲན་བསྡུའི་ཁྲོད་བཏང་བ་འདིར་ང་ཚོ་ལ་མཚོན་ན་དགའ་དགོས་པ་ཞིག་རེད། ཁོང་ཚོའི་མི་རིགས་ཁྲོད་ན་ལུས་རྩལ་བ་མེད་སོང་བ་མ་ཡིན་པར་ཆེད་དུ་བོད་མོ་ཞིག་བཏང་བ་འདི་ལ་ཕྱོགས་གཅིག་ནས་བལྟས་ན་བོད་མིའི་ཐོག་ལ་ལྟ་ཚུལ་ཅུང་གུ་ཡངས་སུ་འགྲོ་བའི་བརྡ་ཞིག་མིན་ནམ་སྙམ་ལ། ཡང་གཞན་ཞིག་སྟེ་རྒྱ་གཞུང་གི་སྲིད་ཇུས་ལངས་ཕྱོགས་་་་་རང་རྒྱལ་གཞན་ཕམ་ཁོ་ན་འཛིན་གྱི་ཡོད་ཙང་་་་མིང་དང་རྟགས་མའི་ཆེད་དུ་བཏང་བ་རེད་ཟེར་ན་མི་ཆོག་རྒྱུ་ཅང་ཨེ་ཡོད་ན་འདོད།
གང་ལྟར་ད་རེས་བོད་མོ་ཞིག་གིས་ཨང་གསུམ་པ་ཐོབ་པར་བོད་རིགས་སྤུན་སྤུན་ཟླ་ཚང་མ་དགའ་དགོས་པ་ཞིག་ལས་མོ་ལ་རྒྱ་དགའ་དང་་ནང་རུལ་སོགས་ཀྱི་སྐད་ཆ་མ་ཤོད་ན་ཡག་པོ་རེད་བསམ་གི ཨོ་རྩལ་འགྲན་བསྡུར་བྱས་ནས་ད་བར་དུ་ལོ་ངོ་བརྒྱ་ལྷག་ཅིག་སོང་ཟིན་ནའང་བོད་པ་ཞིག་ཕལ་ཆེར་སོང་མྱོང་མེད་ཅེས་ལབ་ན་མི་འགྲིག་རྒྱུ་མེད་པའི་ཚོད་རེད། ཆོས་དབྱིངས་ཀྱིས་རང་གི་འཇོན་ཐང་དང་འབད་བརྩོན་བྱས་པར་བརྟེན་ནས་ལོ་ངོ་དུ་མའི་རིང་ལ་བོད་མིའི་མིང་ཙམ་མེད་ས་ཞིག་ལ་བོད་མིའི་རྐང་རྗེས་བཞག་པར་གུས་རྩིས་ཞུ་འོས་པ་རེད་ལ།
ཆོས་དབྱིངས་ཆོས་དབྱངས་ཆོས་གཡང་དང་། །
ཆོས་དབྱུངས་ཞེས་ཏེ་མི་གཅིག་ལ། །
མིང་བཞི་ཅན་གྱི་བོད་མོ་ཁྱོད། །
རྒྱལ་ལོ་རྒྱལ་ལོ་རྒྱལ་གྱུར་ཅིག །
བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལགས་ལ། བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་ཞུ།
ཅི་སྟེ་བོད་ལ་རང་དབང་གི་ཉིན་མོ་ཞིག་ཤར་ན། བུ་མོ་ཆོས་དབྱིངས་སྐྱིད་ལས་ལྡབ་འགྱུར་གྱི་མགྱོགས་པའི་མི་བུ་སྟག་རྒོད་འདྲ་འདྲ་ག་ཚོད་ཅིག་ཡོད། ཁོང་རྣམས་ལ་གོ་སྐབས་ཤིག་རག་ཚེ། སྔོན་གེ་སར་གྱི་དུས་སྐབས་བཞིན་་་་་་་་་་་ང་ཚོ་ཁ་བ་གངས་ཅན་པ་ཚང་ལ་་་་་་་་་་སྟག་ལ་ཤོག་པ་ཐོགས་པ་ནང་བཞིན་གྱི་མི་རྒོད་གྲངས་མེད་ཡོད། རྒྱ་གུང་ཁྲན་ཁྱོད་ཉོན དེ་རིང་གི་བུ་མོ་ཆོས་དབྱིངས་སྐྱིད་ནི་དཔེར་མཚོན་ཙམ་ཡིན།