གཟི་མིག ༼མགོ་ལོག༽
མི་རྟག་ལས་ཀྱི་བཀོད་པའི་རི་མོ་ལ།།
བརྩེ་དུང་སེམས་ཀྱི་འོད་སྣང་རྒྱུ་ན་ཡང་།།
སྒེར་སེམས་རླུང་ཁ་གཡོ་བའི་སྐྱེས་བུ་ལ།།
མཐུན་མོང་བརྩེ་དུང་ཟེར་བ་འབྲེལ་མེད་ཡིན།།
ཐོག་མའི་བརྩེ་དུང་སྦྲང་རྩི་བཞིན་ལས་མངར།།
རེ་རེ་ལྡག་དུས་ཞན་པ་གཏིང་ལོག་པས།།
དགེ་སྡིག་རྣམ་སྨིན་འཁོར་བའི་མཐའ་མའི་དུང་།།
སྡུག་བསྔལ་བསུ་མ་བྱེད་མཁན་བརྩེ་དུང་ཉིད།།
བརྩེ་བའི་མེ་ཏོག་བཞད་པའི་སྐྱེད་ཚལ་ན།།
ཡིད་འོང་བརྩེ་དུང་མགོ་ལྕོག་ལྡེམ་ན་ཡང་།།
རང་དོན་ཆེ་བའི་མེ་ཏོག་མཚར་ཅན་དེ།།
ཁེར་རྐྱང་འཚོ་བའི་སྣེ་མོ་འཇུས་ནས་ལུས།།
དུང་བའི་སེམས་ཀྱི་བུང་བ་མཉམ་དུ་བཞད།།
རྒྱུ་བའི་དཀའ་སྡུག་གང་མང་མཉམ་ཁུར་གྱིས།།
འཚོ་བའི་ལན་ཆགས་རྒྱབ་ཏུ་བསྐྱུར་ན་ཡང་།།
སྡུག་བསྔལ་མཛད་མཐའ་བྲལ་བར་སུ་ཡིས་ཤེས།།
རྒྱ་ཁྲོམ་བུ་མོ་བཙོང་སའི་གསང་ལམ་ན།།
གཅེར་བུའི་སྒེག་ལྡན་སྨད་ཆུང་མང་ན་ཡང་།།
ཁྲ་ཆུག་མིག་ཟུང་འཁྱིལ་བའི་ཁྱེད་རང་ལས།།
སུ་ཡང་བློ་གཏད་མ་བྱས་ཡིད་མུག་ཀྱང་།།
བུ་མོའི་དོན་ལ་རེམ་པའི་སྤྱི་ཚོགས་ན།།
བུ་མོའི་འཕེལ་ཀ་རབ་ཏུ་རྒྱས་འགྱུར་བས།།
བུ་མོ་བུ་མོའི་རྗེས་སུ་མ་སྙེགས་ཀྱང་།།
སྟག་ཤར་འགྲོ་ལམ་བཀག་མཁན་མང་མང་ཡིན།།
རྣམ་དག་བརྩེ་བ་སྦྱིན་ན་སུན་སྣང་ཆེ།།
བསླུ་ཁྲིད་མགོ་སྐོར་བཏང་བར་མ་མོས་ཀྱང་།།
དེ་སྔོན་ཁྱེད་ཆེད་བྲེལ་བའི་བུ་ཆུང་ངས།།
བུ་མོའི་ངོ་སྲུང་བྱེད་པར་དཀའ་མོར་སྣང་།།
རང་སེམས་ཤོར་བའི་ཡིད་འཕྲོག་ལྷ་མོ་རུ།།
དྲི་མེད་ཁ་བའི་འདབ་མ་རྒྱས་འདོད་ཀྱང་།།
ཨ་ཅེ་མེ་ཏོག་ཁ་དབང་བཙན་སོང་བས།།
ང་རང་གཅིག་པུ་མི་འགྲོ་ཐབས་མེད་རེད།།
འཁྲིག་པའི་ལང་ཚོར་བཅོལ་བའི་བུ་མོ་རྣམས།།
སྒོར་རྡོག་བསགས་པར་སླ་མོ་ཡིན་སོང་བས།།
དེང་ཆར་སྟག་ཤར་གཞོན་ནུའི་སྐུ་ལུས་ལ།།
བུ་མོའི་གཟབ་མཆོར་སྤྲས་ཏེ་འཁོར་བར་ལྟོས།།
གཞུང་དྲང་རྣམ་དག་སྐྱེས་བོར་སྣང་མེད་འཇོག།
ཤ་ཚའི་མི་བུར་སྡང་སེམས་ཆེ་བར་སྣང་།།
རྒྱུ་དང་གོ་གནས་འགྲན་པའི་གཞོན་ནུ་མ།།
ང་ཡི་མིག་ལམ་འདི་ན་ཁྱད་མཚར་སྣང་།།
ཀུན་གྱི་ཐུགས་ཡིད་དང་མཐུན་པར་སྨོན།
མི་རྟག་བརྩེ་དུང་གནམ་གྱི་འཇའ་ཚོན།།
བལྟ་ན་མིག་ལ་ཧ་ཅང་མཛེས་ཀྱང་།།
གནང་གཤིས་འགྱུར་ཚེ་འཇའ་ཚོན་ཡལ་འགྲོ།།
མི་སེམས་འགྱུར་ན་བརྩེ་དུང་བོར་འགྲོ།།
@སྤྲེལ་སྲིན། ཐུགས་རྗེ།
༄༅། བོུར་དགའ་བོའི་སྙན་རྩོམ་བྲིས་པ་ལེགས་ན་ཡང།།
་ དེང་སང་བུ་མོའི་དོན་དངོས་ཤེས་མཁན་ཉུང།།
དེང་སང་བོུས་་ཧེས་་ཧ་ལོ་་པ་ལ་ལོངས་སྤྱོད་ཆེ།།
རྩ་ཆེན་བོད་པའི་རིག་ནས་ཤེས་མཁན་ཉུང་།།
།དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས།
གཡན་པ་ཕྲུགས་ན་བདེར་འགྱུར་བ། །དེ་བས་གཡན་པ་མེད་ན་བདེ།
།དེ་བཞིན་འཇིག་རྟེན་འདོད་ལྡན་བདེ། །འདོད་པ་མེད་པ་དེ་བས་བདེ།
ཞེས་གསུངས་པ་ལྟར་མི་གཙང་རྫས་དགུའི་སྣོད་ལ་འདོད་པ་བྱས་དྲག་ན་དེ་ལ་བསྟོད་མཁན་ཀྱང་བྱུང་དང་འབྱུང་བཞིན་པ་རེད། ཁྱི་ལྟོག་དུས་མི་གཙང་བ་ཟ་བ་ལ་ཐེ་ཚོམ་ག་ན་ཡོད། དེ་བཞིན་དུ་འདོད་པ་ལ་སྲེད་ན་ཉེས་པ་ཀུན་གྱི་རྩ་བ་ལ་ཡང་མོས་པར་སེམས།
ལུགས་བསྟན་ལས།
ཆགས་སྲེད་ལན་ཚྭའི་ཆུ་འཐུང་ལྟར། །
ཆགས་གོམས་སྐོམ་པ་ཆེས་ཆེར་འཕེལ། །
དེས་ན་བག་ཡོད་ཚུལ་བཟང་ངང་། །
ཆགས་དྲག་སྲེད་སྐོམ་མེད་ན་བདེ། །
ཀརྡོས།
མི་སྡུག་པ་སྒོམ་སྟངས།
བུད་མེད་ལུས་ནི་གཅིན་སྐྱག་ཀྱེལ་པ་འདྲ། །
དེས་ན་སྡོམ་ལྡན་དགེ་སློང་ཚུལ་ཁྲིམས་སྲུངས་།
སྐྱེས་ཕོའི་ལུས་ནི་མི་གཙང་འཕྲུལ་འཁོར་འདྲ། །
དེས་ན་ཨ་ནེ་བཙུན་མའི་བྷ་ག་སྡོམས། །
རབ་འབྱམས་པས།