མེ་ཏོག་ལྷ་མཛེས།
ཉེ་ཆར་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ནས་མི་སྐོར་ཞིག་གིས་བུ་མོ་རིག་འཛིན་གྱི་སྐྲ་བྲེགས་ཤིང་སྣ་བཅད་དེ། མི་ཚོགས་འཛོམས་སའི་ཁྲོམ་གཞུང་དུ་དམར་ཧྲེང་མར་ཁྲིད་པའི་སྐོར་ནི། སྤྱི་སྒེར་གང་ནས་བསམས་ཀྱང་རང་དགར་བཞག་ན་འགྲིག་འགྲོ་བའི་གནད་དོན་ཞིག་ཡིན་མིན་རྒྱ་ཆེའི་གཟིགས་མོ་བ་ཚོས་ལྟོས་ཨ། གནས་བབས། ད་ལྟ་རང་ལོ་ ༣༠ ཟིན་ཅིང་ནང་མི་རྨོ་མོ་རྒན་འཁོགས་ཤིག་ལས་གཞན་མེད་པའི་བུད་མེད། གནས་བབས་འདི་ལས་མངོན་ཡོང་བ་ནི། རྗེས་རྒྱབ་རྩ། རྒྱུ་འབྱོར་བ། ཤེས་པ་ཡོན་ཏན། ཡར་གོ་མར་རིག་སོགས་གང་ཡང་མེད་པའི་གཉོམ་ཆུང་བ་ལྟ་བུ་ཞིག་ཡོད་པ་དེ་ཡིན། གནས་སྟངས་འདི་ལ་བརྟེན་ནས་ཁོ་ཚོས་ཛ་དྲག་པའི་བྱ་སྤྱོད་དེ་སྤེལ་ཡོད་ལ། ད་ལྟ་གནོད་འཚེ་ཕོག་མཁན་དོ་བདག་གི་ངོས་ནས་ཁྲིམས་གཏུགས་བྱ་རྒྱུར་མོས་མཐུན་ཁྱོན་ནས་མི་འདུག ” ཅེས་པའི་སྐྱོ་གནས་དེ་བྱུང་ཡོད། བུ་མོས་གང་ཡང་ཤེས་ཀྱི་མེད་ལ་གང་ཡང་ཕོད་ཀྱི་མེད། དེས་ན་མ་བྱས་པ་ཞིག་ཏུ་ངོས་འཛིན་གནང་ན་འགྲིག་གམ། ད་དུང་ཞིབ་ཕྲའི་གནས་ཚུལ་རྩད་ཞིབ་ཐུབ་ན་གདའ་ཁྱོ་གས་བུ་མོར་ཨུ་ཚུགས་བྱས་པ་ལས་བུ་མོས་ཁྱོ་ག་ལ་རྩ་བ་ནས་རེ་བསྐུལ་བྱས་ཡོད་རྒྱུ་མ་རེད། དེས་ན་ཉེས་པ་རང་གིས་བྱས། ཁྲིམས་གཞན་ལ་བཅད་ན་ག་འདྲ་འདུག །
དཔུང་སྡེབ། བསྟན་འཛིན་ཆོས་གྲུབ། རྡོ་རྗེ་རྒྱལ་མཚན། རྟ་མགྲིན་དབང་མོ། རིག་འཛིན་ཆོས་སྒྲོན། པ་སངས། རྒྱལ་མཚན། པདྨ་བཅས་མི་བདུན། ད་དུང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ཆོས་གྲུབ་དང་ས་གནས་མཉམ་ལས་ཀྱི་ལས་བྱེད་གཅིག །
ཉེས་པ། བཟའ་ཟླ་ཡོད་པའི་སྐྱེས་པ་ཞིག་དང་ལུས་འབྲེལ་བྱུང་བ་ཙམ།
ཉེས་ཆད། ཉེས་རྡུང་ཚད་མེད་བཏང་ཞིང་། མགོའི་སྐྲ་བྲེགས་པ་དང་། སྣ་ལ་ཇེམ་ཙེ་བརྒྱབ་པ་སོགས་ཀྱི་མནར་གཅོད་བཏང་བ་མ་ཟད། ལུས་ཧྲིལ་བོ་དམར་ཧྲེང་དུ་ཕུད་དེ་གཞིས་གྲོང་གི་མི་ཚོགས་འཛོམས་སའི་ཁྲོམ་སྲང་དུ་བཙན་ཁྲིད་བྱས་པ། འདི་ཚོ་མཐོང་སྐབས། ཨ་ཙི་ཙི། ང་ཚོའི་སྤྱི་ཚོགས་འདི་མཐའ་ད་དུང་ཡང་ལུས་འབྲེལ་བྱུང་བ་ཙམ་ལ་བརྟེན་ནས་བུ་མོ་གཉོམ་ཆུང་ཞིག་དམར་ཧྲེང་མར་ཁྲིད་ནས་འགྲོ་འདུག་པའི་ཆེས་མུན་ནག་དང་། ཆེས་ཀླ་ཀློ། ཆེས་གདུག་རྩུབ་ཅན་གྱི་མི་རིགས་ཀྱི་གྲས་སུ་ལུས་བསྡད་པ་ཡིན་ནམ་སྙམ་ནས་མཆི་མ་ཡང་ཤོར་ཡོང་གི།
ཞབས་འདྲེན། ང་ཚོས་འཛམ་གླིང་ཐོག་བོད་ཡུལ་ཆོས་ལྡན་གྱི་ཞིང་ཁམས་ཡིན་ཞེས་བཤད་བསྡད་པའི་བབ་དོན་དེ་དེ་འདྲ་ཞིག་ཡིན་ནམ། རྒྱ་གུང་ཁྲན་གྱིས་འཛམ་གླིང་ཐོག་ཆེས་མུན་ནག་དང་། ཆེས་ཀླ་ཀློ། ཆེས་གདུག་རྩུབ་ཅེས་བཤད་བསྡད་པའི་རྫུན་ཁུངས་དེ་དེ་འདྲ་ཞིག་ཡིན་ནམ། ང་ཚོའི་སྤྱི་ཚོགས་འདི་ལོ་རབས་མང་པོའི་རིང་དམངས་གཙོའི་ལམ་ལ་ཤར་བསྐྱོད་བྱས་པའི་སླེབ་མཚམས་དེ་དེ་འདྲ་ཞིག་ཡིན་ནམ། འཛམ་གླིང་ཞི་བདེའི་དེད་དཔོན་གྱི་གུས་འབངས་ཚོའི་མདོག་རྒྱ་དེ་དེ་འདྲ་ཞིག་ཡིན་ནམ། ཟླ་ཤས་སྔོན་སྐྱབས་མགོན་རིན་པོ་ཆིབས་བསྒྱུར་བསྐྱངས་པའི་མཛད་རྗེས་དེ་དེ་འདྲ་ཞིག་ཡིན་ནམ། ད་དུང་བཤད་ཚོད་མེད།
ཐག་གཅོད། བྱ་སྤྱོད་སྤེལ་མཁན་དེ་དག་ལ་ཧིན་སྒོར་བཞི་འབུམ་དང་། མཛའ་གྲོགས་སྒྲིག་མཁན་གྱི་སྐྱེས་པར་ཧིན་སྒོར་ཉིས་ཁྲི། བྱ་སྤྱོད་སྤེལ་མཁན་གྲས་ཡོད་པའི་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དགོངས་པ་ཞུ་རུ་བཅུག་ཅིང་། ལོ་གཉིས་ཀྱི་ལྷག་རིང་ལས་ཁུར་སྣ་གཅིག་ཀྱང་བྱས་མི་ཆོག་པ་དག་ཡིན། ཡིན་ནའང་། འདི་ཙམ་གྱིས་འགྲིག་འགྲོ་བའི་བྱས་ཉེས་ཤིག་ཡིན་མིན་མཐོང་གསལ་རེད། གལ་སྲིད་གནས་ཡུལ་གཞུང་གི་ཡུལ་ཁྲིམས་ལ་གཏུག་ནའང་དྲང་བདེན་ཞིག་མི་ཡོང་བ་ནི་ཡོངས་ཁྱབ་ཡིན་ཕྱིར། ཁྲིམས་ང་ཚོའི་ལག་ཏུ་བླངས་པ་དངོས་གནས་འགྲིག་ཤག །ད་དུང་ཉེས་ཅན་ཚོར་ཉེས་ཁྲིམས་གཅོད་དགོས་པ་དང་། གཅོད་འོས་པ་ནི་ཁེ་ཎ་ཌར་ཁྱིམ་མི་གཞིས་ཆགས་སུ་ནང་མི་དང་བཅས་པ་མི་གཏོང་རྒྱུ་དེ་ཡིན། གཅིག་བཏངས་ན་གདའ། ཁོ་ཚོའི་བྱ་སྤྱོད་དེ་འགྲིག་ཡོད་མདོག་མདོག་དང་། ཉེས་ཆད་བཅད་པ་དེ་མ་འགྲིག་མདོག་མདོག་གི་བསམ་སྦྱོར་གྱིས་བོད་གཞིས་བྱེས་གཉིས་ཀྱི་སྲོག་རྩ་ཡིན་པའི་རང་གཞུང་ལ་ཡང་རྒོལ་ཡོང་གི་རེད། གནས་ཚུལ་འདི་ནི་འཛམ་བུའི་གླིང་ན་སྙན་གྲགས་ཡོད་པའི་ང་ཚོའི་སྲིད་སྐྱོང་བ་ཆེན་མོའི་སྦྱངས་འབྲས་ཁྲིམས་ལུགས་ལ་ཚོད་སྒམ་གྱི་ཐིག་ཤིང་ཞིག་ཀྱང་ཡིན།
འོས་འགན། རང་དབང་དང་འདྲ་མཉམ་ལ་དགའ་བའི་བོད་མི་སྤྱི་དང་། ལྷག་པར་རང་གཞུང་ནང་སྲིད་ལས་ཁུངས་དང་། བུད་མེད་ཚོགས་པར་དམིགས་བསལ་གྱི་འགན་ཡོད། བུད་མེད་ཚོ་ཡིན་ནའང་། བུད་མེད་ལ་མཐོང་ཆུང་དང་བརྙས་བཅོས་བྱས་སོང་ཟེར་བའང་འདི་འདྲ་ཞིག་ལ་གོ་དགོས། གཞན་སོ་སོའི་ཁྱོ་ག་ལ་གུས་བརྩི་དང་། སོ་སོའི་ཕྲུག་གུ་ལ་བལྟ་སྐྱོང་བྱས་པ་སོགས་ལ་རྙོག་སྒྲ་བཤད་པ་ནི་ཁྱད་འབྱེད་མ་ཤེས་པའི་སེམས་ཆུང་གི་སྐད་ཆ་ཙམ་རེད།
མིག་དཔེ། སུད་སིར་ཡོད་པའི་རྒྱ་རིགས་རྣམས་ལ་སྔོན་མ་མི་རིགས་གཞན་པས་བརྙས་བཅོས་རྐྱང་རྐྱང་བཤད་པ་ན། ཁོ་ཚོ་མཉམ་འབྲེལ་གྱི་ཚོགས་པ་ཞིག་བཙུགས་པའི་ལས་འགན་གཙོ་བོ་ཉེས་ཅན་ཁྲིམས་ལ་སྦྱར་ཡག་དེ་བྱས་ཏེ། ཚ་ཐག་ཆོད་པའི་ཉེས་པ་གཅོད་ཐུབ་ཐབས་ལ་ཤུགས་བརྒྱབས་པས་ཐ་མ་རྒྱ་རིགས་རྣམས་ལ་གང་ཡང་བྱེད་མི་ཕོད་པར་ཆགས་པའི་ལོ་རྒྱུས་ལ་ང་ཚོས་ཀྱང་དཔེ་བལྟ་ཆོག་གི་རེད།
བརྩེ་དུང་ཟབ་དྲག་ན་རང་ཚོད་མ་ཟིན་པའི་སྐྱོན་དེ་འདྲ་ཡོང་གི་རེད། དེ་ནི་བརྩེ་དུང་དོ་མ་མཉམ་པའི་མཇུག་འབྲས་ཤིག་རེད། བརྩེ་བ་མེད་ན་མོས་ག་རེ་བྱས་ཀྱང་སྣང་མེད་ཡིན་ངེས་ལ་གཅར་རྡུང་སོགས་ཀྱི་སྦྱོར་བའང་བསྟར་མི་དགོས་སོ། མིག་མདུན་གྱི་གཟུགས་བརྙན་ལས་ཕུགས་ཀྱི་དོན་དག་ལའང་འདང་རྒྱག་དགོས་པ་འདྲ།
འདི་ནི་ལྷད་མེད་བརྩེ་དུང་ཞིག་གི་བདེན་དབང་དུ་ངོས་བཟུང་ཀྱང་མི་འགྲིག་པ་ཆེར་མེད།ཡིན་ནའང་ཅུང་ཐལདྲག་འདུག
མེ་ཏོག་ལྷ་མཛེས་ལགས་ཀྱིས་གསུང་ནང་བཞིན་རེད། བྱ་སྤྱོད་དེ་འདྲའི་རིག་རྩ་བ་ཉིད་ནས་ལས་སླ་བོ་བཞག་ཡ་ཡོད་མ་རེད། དེ་ནི་ང་ཚོའི་གཞུང་ལ་སྨ་འབེབས་དང་ཁྱད་སོད་ལྟ་བུ་རེད། ཁོ་ཚོའི་ཁ་ན་དྲར་གཞིས་སྡོད་སུ་གཏོང་རྒྱུ་མེད་པ་་མ་ཟད་ཁོ་ཚོ་ལ་ཁྲིམས་ཆད་ཀྱང་གི་ཡངས་གྲགས་འདུག། ཁོ་ཚོས་ལག་ནས་ཧིན་སྒོར་འབུམ་བཞི་བཅུ་ནས་ལྔ་བཅུ་བར་ལེན་དགོས་། གང་བྱུང་མེའི་ཡན་ལག་དང་ཉིང་ལག་གཅོད་གཏུབས་བྱས་ན་དེ་ཙམས་གལ་ལ་འགྲིགས། ད་དུང་དེ་ལས་མང་པོ་ཡོད་་་དེ་རིངས་དུས་ཚོད་གྱིས་དབང་དེ་ཙམ་ཡིན་
མེ་ཏོག་ལྷ་མཛེས་ལགས། ཁྱོད་བུད་མེད་ཚོགས་པའི་ཚོགས་གཙོ་ཡིན་ན་ཅི་མ་རུང་ཨང་། ཡིན་ནའང་བུ་ཡིས་བུ་མོར་ཨུ་ཚུགས་བྱས་པ་དང་བུ་མོས་བུ་ལ་ཨུ་ཚུགས་བྱས་པ་གང་ཡིན་སུས་ཧ་གོ། གཅིག་བྱས་ན་བུ་མོས་བུ་ལ་ཨུ་ཚུགས་མང་པོ་རྒྱབ་ཡིན་འགྲོ དེང་སང་དེ་འདྲ་མང་པོ་ཡོད་རེད་ད། ཧཧཧ སྐུ་རྩེད་ཞུས་པ་ཡིན།
ངོ་མ་དེ་དུས་ང་དེར་ཡོད་ཁ་བྱས་ན་མི་ངན་དེ་ཚོ་ལ་་་་་་་་་་་་་་་་་་་་་་་་་་་་་་་་
མེ་ཏོག་ལྷ་མཛེས་ལགས་བཀའ་དྲིན་ཆེ། རྩོམ་འདི་འདྲ་མང་ཙམ་འབྲི་ཐུབ་དགོས། སྤྱིར་བུད་མེད་ཡིན་ཀྱང་སྐྱོན་དང་ནོར་འཁྲུལ་ཡོང་ཆོག་ཀྱང། གཞིས་ཆགས་བསྟན་འཛིན་སྒང་དུ་་་་བོད་མི་་་བསྟན་འཛིན་ཆོས་གྲུབ། རྡོ་རྗེ་རྒྱལ་མཚན། རྟ་མགྲིན་དབང་མོ། རིག་འཛིན་ཆོས་སྒྲོན། པ་སངས། རྒྱལ་མཚན། པདྨ་་་་བཅས་མི་བདུན་གྱིས་དཔུང་རུབ་བྱས་ནས། བུ་མོ་རིག་འཛིན་་་ཁྱེར་རྐྱང་མ་གཅིག་གི་་་་སྐྲ་བྲེགས་་་་ཤིང་་་་སྣ་བཅད་་་་དེ། མི་ཚོགས་འཛོམས་སའི་ཁྲོམ་གཞུང་དུ་དམར་ཧྲེང་མར་ཁྲིད་པའི་སྐོར་འདི་ནི་་་ཆེས་མི་སྤྱོད་ལས་འདས་པར་མ་ཟད་་་་བུད་མེད་་་དང་་་ཁྱིམ་ཚང་ཉམས་ཆུང་་་ལ་མནར་གཅོད་དང་མཉའ་གནོན་་མཐོང་ཆུང་་་ཁོ་ན་བྱས་པ་ཡིན་པས་དུས་ནམ་ཡང་ཁོ་ཚོས་བྱས་པ་ལ་རྗེས་སུ་ཡིད་རང་ཞུ་མི་ཉན་ཅིང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། བུད་མེད་ཉམས་ཆུང་གིས་ནོར་འཁྲུལ་བྱས་པ་ལ་་་ཁྲིམས་འགལ་དུ་བརྩི་དགོས་པ་ལ་་་་བུ་ཡིས་ནོར་འཁྲུལ་བྱས་ཚད་སྣང་མེད་དུ་འཇོག་དགོས་དོན་གང་ཡིན་ནམ། འདི་འདྲ་མཉམ་གྱི་ལང་ཕྱོགས་ཤིག་རྩ་བ་ནས་མ་རེད། དུས་ཚོད་ལ་འགྱུར་བ་ངེས་ཅན་ཞིག་ཕྱིན་ཚར་བ་ཡིན་པས་་་་ཉམས་ཆུང་བུ་མེད་ཚོ་་་་སེམས་ཤུགས་བསྐྱེད་ནས་ཡར་ལོངས་ཤོག།
ཁྱེད་ཚོ་ལ་རྒྱབ་རྩ་མེད་པ་མ་རེད་འཛམ་གླིང་མི་མང་ཁྱེད་ཚོའི་རྒྱབ་ཏུ་ཡོད་རེད།
དུས་རབས་ཉེར་པའི་སྐབས་སུ་ཐོན་ཡོད་པར་མ་ཤེས་པའི་ཕོ་མོ་འདི་ཚོ། གཉིས་ཀ་ལན་པ་རེད། ལྷག་པར་བུད་མེད་དེ་ལུས་གཅེར་བའི་བྱུང་ནས་གནར་གཅོད་གཏོང་བ་སྔོན་བོན་གྱི་ཆོ་ག་བཞིན་བྱེད་པ་འདི་ཤིན་ཏུ་ཐ་ཆད་པ་རེད། ང་ཚོ་རྨི་ལམ་འདི་ལས་སད་དགོས། སྤྱིར་བོན་ཆོས་དང་སངས་ཆོས་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་སྔོན་གྱི་ལོ་རྒྱུས་དང་སྔོན་གྱི་བོན་ཆོས་ཀྱི་རྩ་བའི་ངོ་བོ་ལ་ལྟས་ན་ཧ་ཅང་གསལ་བོ་འདུག ཡིན་ནའང་ད་བར་མི་མང་པོ་ཞིག་གིས་བོན་ཆོས་ཀྱང་སངས་ཆོས་ཀྱི་ནང་གསེས་ཤིག་ཏུ་ངེས་འཛིན་པ་ནི་ཁག་མི་འདུག་སྟེ་ལྟ་ཚུལ་དེས་བོན་ཆོས་ཁོ་རང་གི་གཞི་རྩའི་ངོ་བོ་དང་རང་ཚུགས་སོགས་རྩ་བ་ནས་ཤོར་ཏེ་ངོ་བོ་གཞན་ཞིག་ཏུ་འགྱུར་ཟིན་པ་མཚོན་པ་ལས་ཁོ་རང་མ་གཞི་ནས་སངས་ཆོས་སམ་སངས་ཆོས་ཀྱི་ནང་གསེས་ཤིག་ཡིན་པ་མཚོན་གྱི་མི་འདུག དེ་བས་བོན་ཆོས་སངས་ཆོས་སུ་སྨྲ་བ་ནི་རླབས་ཆེ་བའི་ཆོས་ལུགས་རིག་གནས་ཤིག་གི་ངོ་གངོང་ལ་རྫུན་གྱི་བྱུག་རྫས་བྱུག་སྟེ་རིག་གནས་གཞན་ཞིག་གི་གྲལ་དུ་བཙན་གྱིས་འཇུག་པ་ལས་ཅི་ཡང་མིན་ལ་རབ་ཡིན་ན་ཆོས་ལུགས་རང་རང་ལ་རང་རང་གི་རྩ་བའི་ངོ་བ་དང་སྙིང་སྟོབས་ཡོད་འོས་བ་ལས་རྩ་བ་གཡར་མ་ཞིག་དང་ཁྱད་ཆོས་རྫུན་མ་ཞིག་གིས་ཅི་ཡང་མི་འོང་།།
ཉམས་ཆུང་བུ་མོ་དེ་ལ་ཉེས་རྡུང་གཏོང་མཁན་གྲས་སུ་བོད་པ་ཡིན་པ་གང་ཞིག་ལ་ཡུལ་མིའི་ཐོབ་ཐང་བླངས་སྡོད་མཁན་མི་གཉིས་ཡོད་རབས་འདུག ཉེས་རྡུང་གཏོང་མཁན་བུད་མེད་གཅིག་ས་གནས་དེའི་བོད་མིའི་སྐྱབས་བཅོལ་ལག་འཁྱེར་གྱི་ལས་ཀ་བྱེད་མཁན་ཞིག་གི་སྐྱེ་དམན་ཡིན་རབས་འདུག གང་ལྟར་ཁོ་ཚོས་ཉམས་ཆུང་མ་རྨད་གཉིས་ལ་མཐོང་ཆུང་དང་། བརྙས་བཅོས་བཏང་བ་དེས་་ཆེས་གདུག་རྩུབ་ཅན་གྱི་རྒྱ་དམར་ལས་ལྷག་པ་བྱས་འདུག་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད་ལ། བོད་མི་རིགས་ཀྱི་ཞབས་འདྲེན་དང་། རྒྱལ་བ་རིན་པོ་ཆེའི་རྐང་པ་ནས་འཐེན་མཁན། ནང་པ་སངས་རྒྱས་པའི་གཤེར་མ་ངོ་མ་དེར་གྱུར་འདུག་པས། བཙན་བྱོལ་བོད་མིའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་འབྲེལ་ཡོད་དཔོན་པོ་རྣམ་པས་ཐག་གཅོད་ནན་པོ་མ་བྱས་ཚེ་ཕྱིན་ཆད་བོད་མི་ཉམས་ཆུང་རྣམས་ལ་དཀའ་ངལ་འཕྲད་སྲིད་པ་རེད། དེར་བརྟེན་ད་ལན་ཉེས་ཅན་པ་བསྟན་འཛིན་ཆོས་གྲུབ། རྡོ་རྗེ་རྒྱལ་མཚན། རྟ་མགྲིན་དབང་མོ། རིག་འཛིན་ཆོས་སྒྲོན། པ་སངས། རྒྱལ་མཚན། པདྨ་བཅས་མི་བདུན་དེ་ཚོ་དང་དེ་ཚོའི་ནང་མི་རྣམས་ཁེ་ན་ཊར་བསྐྱོད་རྒྱུའི་རྒྱན་ཁོངས་སུ་འཛུལ་འཇུག་རྒྱུ་མེད། བྱེད་སྟངས་དེ་ནི་ཆེས་གདུག་རྩུབ་ཆེ་བའི་དུས་རབས་ལྔ་པ་དྲུག་པ་དང་འདྲ་བ་ཞིག་རེད་ཨང་་། མ་རྨད་དེ་གཉིས་སྙིང་རྗེ། ཚང་མས་བསམ་ཞིག་བློ་ཐོངས་དང་་་་་་་་་་་་་་་་་་་་་་་་་་་་།
ཨོ་ཧ་བོ་འདི་ཆོས་ལུགས་ཡིན་ནམ་ཐུན་ཚོད་ཡིན་ཆོས་ལུགས་ན་འདི་ལྟར་བྱེད་སྲོལ་ཡོད་རེད་པེ་ཨ་ཁ་་་གང་ལྟར་བུ་མོ་དེ་སྙིང་མ་རྗེ་བོད་མི་དེ་ཚོ་ནས་ག་རེས་བསམ་ཡིན་ན་བཤད་མི་ཤེས་པའི་དོན་དག་ཞིག་རེད་ཡ་་་་་གནས་ཚུལ་དེ་ཚོ་གོ་ན་དགྲ་བོ་རྒྱ་མི་ཚོ་གད་མོ་ཤོར་བ་དང་་གཞིས་ལུས་སྤུན་ཟླ་རྣམས་མིག་ཆུ་ཤོར་རྒྱུ་རེད་ཡ་་་་ང་ཚོའི་བཤད་ན་བོད་ནང་ཀི་བོད་མི་དེ་ཚོ་ཅི་ཡང་མི་ཤེས་མཁན་དང་རྒྱ་གར་ན་ཡོད་པ་ཚོ་ཤེས་ཡོན་པ་དང་བསམ་ཤེས་ཅན་ཡིན་ཚུལ་གླེང་ཀི་ཡོད་མོད་་་་་་དེང་སྐབས་བོད་ན་གནས་ཙུལ་དེ་འདྲ་ཕར་ཆེར་ཡོད་དམ་་་་ཁོང་ཚོའི་ལས་ཀ་འདི་བུ་མོ་ལ་ཐུབ་ཚོད་ཡིན་དམ་གནས་ཡུལ་རྒྱ་གར་ལ་་ཡང་ན་བོད་གཞུང་དང་་་་ཨ་ཤི་རེས་ཀོ་ངོ་ཚ་བ་ལ་་རྒྱལ་བ་ཡིད་བཞིན་ནོར་བུ་དང་བོད་གཞུང་བཀའ་དྲིན་འཇལ་བ་དེ་རེད་པེ་་་་ངོ་མ་རྒྱ་ནག་ལ་ཁག་མི་འདུག་ཏཱ་ལས་བླ་མ་ནས་སྤྱི་ཚོགས་རྙིང་པ་བསྐྱར་གསོ་བྱེད་ཀྱིན་ཡོད་པ་རེད་ཟེར་ཡ་ལ་ཁག་མི་འདུག་ཡ་
ལྷག་པ་ཡེ་ཤེས་ལགས། འདིར་བུད་མེད་ཅིག་དམར་ཧྲེང་མར་བཏང་བའི་སྐོར་ལ་བསམ་ཚུལ་སྤེལ་ན་གང་འདྲ་འདུག ཁྱེད་ཚོ་འགའ་ཞིག་གིས་ཁ་བརྡའི་ནང་དུ་རྩོམ་གསར་ཞིག་ཡོད་ན་དེར་ལམ་སང་བན་བོན་བར་གྱི་རྩོད་སྙོག་དུག་འདྲ་བ་དེ་ཚོ་ཨུ་ཚུག་བྱེད་ནས་གཡུག་ཡོང་གི་འདུག གུང་བྲན་དམར་པོའི་མདུན་ན་ཁྱེད་ཚོ་འབྲི་མཁན་ཚོ་ངོ་མ་ཚ་ནའང་ང་ཚོ་ཀློག་མཁན་ངོ་ཚ་ཡོང་གི་ཨ་རོག ཁྱེད་ཚོ་སྤུན་ཟླ་ནང་ཁུལ་དང་ཆོས་ལུགས་ནང་ཁུལ་ན་དཀྲུག་སྡོད་ཀྱི་ལས་གཞན་པའི་ལས་ཞིག་མེད་པ་ནི་ངོ་མ་ཡ་མཚན།
སྤྱིར་བོད་ཀྱི་ཁ་རྒྱུན་དང་བཤད་སྒྲོས་ལ་གཟའ་བར་ཞུགས་མཁན་སྐྲ་བྲེག་སྣ་གཅོད་བྱེད་པའི་སྲོལ་ཞིག་ཡོད་མོད། འོན་ཀྱང་དུས་ཀྱི་འགྱུར་འགྲོས་དང་མིའི་རྒྱུད་ཀྱི་རྣམ་དཔྱོད་ཁོང་འཕེལ་འགྲོ་བར་བསྟུན་ཏེ། འགྱུར་བ་འགྲོ་བཞིན་ཡོད་ལ་འགྱུར་བ་གཏང་དགོས་པ་ཞིག་ཀྱང་རེད། དཔེར་ན་སྔོན་མ་བྲན་གཡོག་གི་ལམ་ལུགས་དེ་དག་ད་ལྟ་རྩ་མེད་དུ་འགྲོ་བཞིན་པ་ལྟར་རེད། གལ་སྲིད་གནའ་སྲོལ་དེ་དག་རྒྱུད་འཛིན་བྱ་དགོས་ན་བོད་པའི་གཞིས་ཆགས་ཁག་དང་། ད་དུང་བོད་མི་གནས་ཡུལ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དེ་ལྟ་བུའི་བུད་མེད་རྣམས་སྐྲ་བྲེག་སྣ་གཅོད་བྱ་དགོས་ན་འུ་ཚོར་དུས་ཚོད་ཀྱིས་འདེང་ནི་མ་རེད་ཡ།
ད་བུད་མེད་ཚོགས་པ་ཚོས་ཤུགས་རྒྱག་དགོས་ནི་རེད། མི་ཞིག་གི་ངོ་གདོང་གི་རྣ་བཅད་དང་ན་དེ་ནི་ནམ་ཡང་སུབ་ཐུབ་མེད་པའི་རྨ་ཁ་ཚབ་ཆེན་རེད། བུད་མེད་ཉམས་ཆུང་དེའི་འབྱུང་འགྱུར་གྱི་མི་ཚེ་དེ་ཇི་ལྟར་སྐྱེལ་ལམ་བསམ་ནས་སེམས་སྐྱོ་སོང་།
སྣ་རེད་དམ་རྣ་རེད། ཡི་གེ་འདྲ་མི་འདྲ་འབྲི་ཡི་འདུག
ཀུ་ཅོ་ཚོགས་པ་ནི་ཀུ་ཅོ་ཚོགས་པ་རང་རེད།
ཨ་ཁ་་དེ་བདེན་པ་འེ་ཡིན་ད་དུང་རྟག་བྱེད་ཡག་པོ་ཞིག་བྱེད་རོག་གནང་གལ་དེ་བདེན་པ་ཞིག་ཡིན་ན་དཔེ་ཐབས་སྐྱོ་བའི་ལས་ག་ཞིག་རེད་མ་ཟད་ང་ཆོས་དེ་ལུག་གི་ལས་ག་ཞིག་མ་བྱེད་ག་མེད་རེད་༏མེ་ཏོག་གི་བྲིས་པ་དེ་ངོ་མ་ཡག་པོ་རེད་ཡིན་ན་ཡང་དེ་བདེན་པ་འེ་ཡིན་ཡངས་སྐྱར་གསལ་བོ་ཞིག་གསུང་རོག་གནང་༏
གནས་ཚུལ་དེ་ང་ཚོའི་མི་རིགས་ལ་དམའ་འབེབས་བྱས་པ་རེད་ནམ་ཡང་ལས་པོ་བཞག་ཡོད་མ་རེད།
བྱེད་སྟངས་དེ་ནི་ཧ་ལས་པའི་སྡུག་ཅག་རེད། ངེས་པར་དུ་ཁྲིམས་ནན་པོ་བཅོད་དགོས། འོན་ཀྱང་བུ་མོ་རིག་འཛིན་ལ་རྡུང་རྡེག་བྱེད་མཁན་ཁྲོད་ལ་བུད་མེད་གཉིས་ཀྱང་འདུག་པས། གནས་ཚུལ་འདི་ཕོ་ཡིས་བུད་མེད་ཀྱི་ཐོབ་ཐང་རྡོག་རོལ་གཏང་བ་དང་བུད་མེད་ལ་མཐོང་ཆུང་བྱས་པར་བརྩིས་ན་ཅུང་མི་འགྲིག་པར་སེམས།
ཆད་འདུག་བཞག་ཡག་ཡོད་མ་རེད
བུད་མེད་ཉམ་ཆུང་ལ་བཙན་དྲག་གིས་ལས་སྤྱོད་འདི་འབྱུང་འགྱུར་བུ་མེད་ཡོངས་ལ་
མི་འཕྲད་པའི་བསམ་ཚུལ་དང་བགྲོ་གླེང་གནང་མཁན་རྣམས་ལ་ཡག་པོ་འདུག་ཅེས་བསྟོད་རྒྱུ་དང་
གཞན་མི་ཁ་ཤེས་ཟ་ཉལ་འགྲོ་འདུག་ཡོད་རྒུ་བོན་གྱི་སྟོན་པ་གཤེན་རབ་མི་ཕོ་ཀུན་ལས་རྣམ་པར་
རྒྱལ་བ་དེ་ཉིད་ལ་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་ཁོ་རང་རྒྱུད་ལ་དྭངས་མཐའ་མེད་པའི་
མངེན་སེམས་དང་སྡུག་སེམས་ལོག་ལྟ་དག་རྨེང་མེད་དུ་བཀྲུ་ཐབས་ལ་འབད་མཁན་དེ་ཡང་དེ་དེ་བཞིན་
དུ་ལོག་རྟོག་རྩད་ནས་གཅོད་བྱེད་ཀྱི་གཉེན་པོ་བདེན་མེད་འཇོག་པའི་ཤེས་རབ་ཞིག་རྒྱུད་ལ་འཁྲུངས་
ཐུབ་པའི་སྨོན་ལམ་བཅས། བྱང་ལྟས་བྲག་ཕུགས་ནས་ཕུལ།
བྱ་སྤྱོད་དེ་ཀླ་ཀློ་བྱེད་གི་མ་རེད་མི་དེ་ཚོ་བདུད་རང་རེད་།
ཀླ་ཀློའི་རང་བཞིན་ཅན་གྱི་མི་ངན་དེ་ཚོའི་ཁ་ངོ་མི་རིག་རྒྱོ། ཆེས་ཐལ་དྲག་པའི་བྱ་སྤྱོད་འདི་རིགས་གོ་ན་སེམས་རྩ་ན་གི་་་་་་ཨ་ཨ་་་་ལས་ངན་མ་་་་ཁྱོད་ར་འདུག་ཐུབ་ནི་སུ་མིན་དང་ཟིག་་་་
བསྟན་འཛིན་སྒང་གི་གནས་ཚུལ་ཁ་ཤས་དངོས་ཡོད་མིན།
དུས་བབ་དྲྭ་རྒྱའི་སྟེང་གསར་འགོད་པ་ཚེ་རིང་རྒྱལ་གྱིས་བོད་མིའི་གཞི་སྒར་བསྟན་འཛིན་སྒང་དུ་གནས་ཚུལ་ཞིག་བྱུང་བའི་སྐོར་བྲིས་འདུག སྤྱིར་བཏང་གི་གནས་ཚུལ་དེ་ཉིད་དངོས་ཡོད་རེད་འདུག འོན་ཀྱང་དེའི་ནང་ན་དངོས་ཡོད་མ་ཡིན་པ་སྐོར་ཞིག་འདུག གང་ཡིན་ཟེར་ན་བུད་མེད་དེ་ལ་ཉེས་བརྡུང་བཏང་མཁན་རྣམས་ལ་སྒོར་འབུམ་བཞིའི་ཉེས་ཆད་བཅད་ཡོད་ཚུལ་བཀོད་འདུག་པ་དེ་དངོས་ཡོད་གནས་ཚུལ་རེད་མི་འདུག དངོས་ཡོད་ནི་ཁོ་ཚོར་སྒོར་ཁྲི་བཞིའི་ཉེས་ཆད་བཅད་ཡོད་པ་དང་། རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ཆོས་འགྲུབ་ལ་ཉེས་ཆད་སྒོར་ལྔ་སྟོང་ཡང་བཅད་འདུག དེ་བཞིན་དུ་ང་ཚོའི་སྤྱི་ཚོགས་ནང་ལ་མི་མང་པོ་ཞིག་གིས་གོང་དུ་གསར་འགོད་པས་བུ་མེད་དེའི་སྣ་ལ་ཇེམ་ཙེས་བརྒྱབ་པ་སོགས་ཞེས་བྲིས་པ་དེར་བརྟེན་ནས་བུད་མེད་དེའི་སྣ་བཅད་ཡོད་པའི་གོ་བ་ལེན་བཞིན་འདུག་ཀྱང་། དེ་ནི་དངོས་ཡོད་གནས་ཚུལ་མ་ཡིན་པར་གོ་བ་ལོག་པར་སོང་བ་ཞིག་རེད། འདིར་ནི་བདག་གིས་ས་གནས་དེའི་གཞི་འགོ་རྡོ་རྗེ་རིག་འཛིན་ལ་འབྲེལ་གཏུགས་ཞུས་ནས་གནས་ཚུལ་ཁ་གསལ་ཐོས་ནས་འདིར་བཀོད་པ་ཡིན། སྤྱིར་བཏང་གི་གནས་ཚུལ་འདི་ལྟ་བུའི་ཐབས་སྡུག་པོ། ལས་འབྲས་ཁས་ལེན་མཁན་ནང་པ་སངས་རྒྱས་པ་ཞིག་གི་ངོས་ནས་བྱ་སྤྱོད་དེ་འདྲ། དེ་ཡང་ང་རང་ཚོ་བོད་མི་མེས་པོ་གཅིག་གི་སྤུན་ཟླར་གྱུར་པའི་ནང་ལ་ཤ་ཚ་དང་སྙིང་ཉེའི་རྣམ་པ་རྩ་བ་ནས་མེད་པའི་མཚོན་རྟགས་གསལ་བོར་མངོན་པ་དེ་ནི་བོད་མི་ཙམ་མ་ཟད་འཛམ་གླིང་སྤྱི་ལ་ངོ་གནོང་དགོས་པའི་གནས་ཚུལ་ཞིག་རེད། དེ་འདྲའི་བག་ཆགས་རྙིང་པའི་བྱ་སྤྱོད་དེ་རིགས་དུས་རབས་གསར་པ་དང་ཁ་ཕྱོགས་གསར་པའི་སྐབས་འདིར་ངེས་པར་འདོར་དགོས་པའི་བྱ་སྤྱོད་ཅིག་རེད། འོན་ཀྱང་གནས་ཚུལ་སྤེལ་མཁན་སུ་འདྲ་ཞིག་ཡིན་ཡང་ཐོག་མར་གནས་ཚུལ་དེ་དངོས་ཡོད་ཡིན་མིན་དང་། དེ་བཞིན་དུ་གནས་ཚུལ་དེ་ལ་སྒྲོ་འདོགས་དང་སྐུར་འདེབས་སོགས་མ་བྱས་པར་འགོ་མཇུག་ཚང་མ་གསལ་པོ་ཞིག་འགོད་རྒྱུ་གལ་ཆེ་བར་མཐོང་།
བོན་པོ་དགའ་མཁན་བོན་པོ་བྱས་བན་དེ་དགའ་མཁན་བན་དེ་བྱས་ཆོས་དད་རང་མོས་བཞག་ན་དགའ་གི་རེད།
ནང་པ་སངས་རྒྱས་པའི་མིང་འཛིན་གྱི་ལྷག་པ་ཡེ་ཤེས་ཟེར་བའི་བན་བོན་གཉིས་ཁ་བྲལ་གཏོང་མཁན་གྱི་ཕུང་དཀྲུགས་པ་དེས་འདི་ལྟར། དུས་རབས་ཉེར་པའི་སྐབས་སུ་ཐོན་ཡོད་པར་མ་ཤེས་པའི་ཕོ་མོ་འདི་ཚོ། གཉིས་ཀ་ལན་པ་རེད། ལྷག་པར་བུད་མེད་དེ་ལུས་གཅེར་བའི་བྱུང་ནས་གནར་གཅོད་གཏོང་བ་སྔོན་བོན་གྱི་ཆོ་ག་བཞིན་བྱེད་པ་འདི་ཤིན་ཏུ་ཐ་ཆད་པ་རེད། ཅེས་དཀྲུགས་ཤིང་གི་གཏམ་ཚོགས་འདི་ལྟར་སྤེལ་བ་འདི་དངོས་གནས་ཐ་ཆད་ནང་ནས་ཤིན་ཏུ་ཐ་ཆད་ཞིག་ལོས་ཡིན། ནང་པ་སངས་རྒྱས་པའི་དྲི་ཙམ་ཡང་མ་དྲོ་བ་ཐག་ཆོད་རེད། ལོ་རྒྱུས་ཀྱི་སྟེང་ནས་སྲོང་བཙན་ནས་བཟུང་ད་ལྟའི་དུས་རབས་ཡན་ཆད་ཀྱི་ལས་སྤྱོད་ཐ་ཆད་པ་དེ་ཚོ་བཤད་དགོས་བྱུང་ན། སུ་ཡི་ཕྱག་ལེན་ཡིན་མིན་ཤེས་ལས་སླ་པོ་རེད། དོན་མེད་ཁ་སྡིག་བསགས་ནས་གང་ཡོང། དཀྲུགས་ཤིང་དེ་འདྲ་མ་བྱེད་ན་ལེགས། ད་ལྟ་སྐབས་བབས་ཀྱི་བཤད་དགོས་རྒྱུའི་བུད་མེད་ཀྱི་ཐོབ་ཐང་དང་དེའི་སྐོར་ལ་དགེ་ཕན་ཡོད་པའི་སྐད་ཆ་འདྲ་བཤད་རྒྱུ་ཡོད་ན་ཤོད། དེ་མིན་སྡུག་ཁ་མུག་ཁ་བཙུམས་ནས་བཞུགས་ཐུབ་ན་བསྟན་པ་ཕན་ཐོག་ངེས། རང་ཚོད་མ་ཟིན་ན་ར་སྟག་གི་དོན་རྐྱེན་ལས་འཕྲོས་པའི་ཐ་ཆད་ཀྱི་སྤྱོད་ངན་ཁག་དང་གཞན་ཡང་བསམ་ཡུལ་ལས་འདས་པའི་ཁྱེད་ཅག་ཚོའི་སྤྱོད་ངན་ཁག་མི་ངན་ཁྱོད་ཀྱི་རྐྱེན་པས་འདིར་འགོད་དགོས་ཐུག་ན། དེ་ནི་ཁྱོད་རང་གི་ལན་པ་ཁོ་ན་ལས་བརྟེན་ནས་བྱུང་བ་ཞིག་ཡིན་པས། དེ་ལུགས་སྔོན་ཚུད་ནས་བསམ་བློ་ཡག་པོ་གཏང་ནས་མཆན་འགོད་ཀྱི་ལས་རིམ་ལ་ཕྱོགས་པར་བྱ་རྒྱུ་ནི། ཤིན་ཏུ་གལ་ཆེ་བ་ཡིན་ནོ། རྩོད་པ་ཕལ་ཆེར་གཉེན་ལས་འཕྲོས། ཕུང་སྣ་ཕལ་ཆེར་གྲོགས་ཀྱིས་འདྲེན། མི་བདེ་ཕལ་ཆེར་རང་གིས་སློང། དེ་བས་དཔྱད་ཀྱི་བྱ་ར་བཙུགས། ཞེས་ཅི་ནས་ཀྱང་བསྐུལ་ལོ།
ཐུབ་བསྟན་ལགས་ཀྱི་གསུང་ལ་མངོན་པར་བསྟོད་དོ།
གཡུ་བྲག་པའི་གསུང་ལ་ཡང་མངོན་པར་བསྟོད་དོ། ལྷག་བསམ་ཡོད་པའི་སྐད་ཆ་རེད།
ད་ལན་གནས་ཚུལ་འདིར་རང་གཞུང་ནང་སྲིད་ལས་ཁུངས་དང་། སྤྱི་འཐུས་ལྷན་ཁང་། དམིགས་བསལ་བུད་མེད་ཚོགས་པ་བཅས་ནས་འགན་ཆེ་ཙམ་བཞེས་ཏེ་ངན་པ་ཡན་པོར་མི་ཤོར་ཉེས་པ་ཚ་ནན་གཏོང་དགོས། ད་དུང་བོད་པ་འཇིགས་བསྐུལ་རིང་ལུགས་པ་དེ་དག་ཁེ་ན་ཌར་གཏང་རྒྱུའི་ཁྱད་ཆོས་ཚང་མེད། ཁེ་ན་ཌ་ནི་ཁྲིམས་ཀྱིས་སྐྱོང་བའི་ལུང་པ་ཞིག་ཡིན་པར་སོང་ཁྲིམས་འགལ་བྱ་མཁན་གྱི་རིགས་ལ་༧སྐྱབས་བཅོལ་སྤྲོད་པའི་ལུགས་སྲོལ་མེད། མ་ཟད་བུད་མེད་ལ་མཐོང་ཆུང་སྙས་གཅོད་དང་། མི་རིགས་ཀྱི་འཐེན་ཁྱེར་བྱས་ན་ལུང་པ་དེའི་རྩ་ཁྲིམས་དང་འགལ་བ་ཡིན་པས་མིག་ན་བ་ལག་པས་བཟོས་པའི་དཔེ་ལྟར་སོ་སོས་སོ་སོ་ཁེ་ན་ཌར་འགྲོ་རྒྱུའི་ལམ་་བཀག་པ་ཡིན། གལ་སྲིད་རང་གཞུང་ནས་ཀྱང་ཁོ་ཚོ་ཁེ་ན་ཌར་གནས་སྤོས་ཀྱི་མིང་གཞུང་ནང་བཏང་བ་ཡིན་ན་གནས་ཚུལ་ནི་རིམ་པས་ཤེས་ངེས་པས་མ་འོངས་པར་གཞུང་མང་པོ་ཞིག་གིས་རང་གཞུང་ལ་ཡིད་མཆེད་མེད་པར་འགྱུར་ངེས་པ་དང་། དེ་རྗེས་བོད་ཀྱི་རྩ་དོན་ལ་ཡང་གནོད་ངེས་ན་གཟབ་གཟབ་སིག་སིག་བདེན་པ་བདེན་ཐོག་ཏུ་ཁྱོལ་བ་གནང་དགོས། མཁྱེན་མཁན་རྣམས་ནས་བྱ་ངན་རྩོམ་མཁན་དེ་དག་གི་མིང་དང་། ལོ་རྒྱུས་བཅས་ཁེ་ན་ཌའི་གཞུང་ལ་གཏོང་ཐུབ་ན་བོད་པའི་བདེན་པའི་ལ་རྒྱར་ཕན་ངེས།
བློ་གཟུར་བོར་གནས་པ་རྣམས་ནས་མིག་ཆེ་གཟིགས་ནས་བཞུགས་དགོས།
བན་དེ་བོན་པོའི་ཞབས་འདྲེན་ཡིན་མིན་མི་ཤེས་ཏེ་མི་ཁོ་རང་ཚོས་ནི་ཞབས་དེ་ལས་ལྷག་ཅིག་འདྲེན་རྒྱུ་མེད་པ་ཞིག་འདྲེན་འདུག སྐྱག་པའི་ལྷ་སྲུང་དེ་ཚོར་འཁྲུག་རྒྱུ་ཞིག་ཡོད་མིན་མི་ཤེས་ཏེ་འཁྲུགས་ངོ་མ་མི་འཁྲུགས་འདུག བུད་མེད་དེ་འཁྲུགས་ཡོད་པ་དངོས་ཡོད་གནས་ཚུལ་རེད། ལྷ་ལ་བཤགས་པ་བྱེད་པ་ལས་མི་ལ་བཤག་པ་བྱེད་པ་གལ་ཆེན་པོ་རེད། བུ་མོ་དེ་ལ་མ་མཐའ་ཡང་སྒོར་མོ་འབུམ་ཁ་ཤས་གུན་གསབ་ལ་སྤྲད་དགོས། བུ་མོ་དེ་ལ་མིང་ཤས་སྡུག་པོ་བཟོས་ཡོད་སྟབས་གཞིས་ཆགས་དེའི་ནང་དུ་འདུག་ཁག་པོ་ཡིན་པས་མགྱོག་པོར་ཕྱི་རྒྱལ་ལ་གཏོང་དགོས། མ་གཞི་ནང་པ་སངས་རྒྱས་པའི་ཆོས་ཀྱིས་ཞབས་འདྲེན་མ་རེད་དེ་ནང་པ་ཡིན་ཟེར་མཁན་ཚོའི་ཞབས་འདྲེན་མིན་རྒྱུ་ཡང་མི་འདུག ཕ་ཀི་སི་ཐན་གྱི་དྲག་སྤྱོད་འཇིགས་སྐུལ་བས་འབར་རྫས་སྤྱད་ནས་མི་གསོད་ཁྲག་སྦྱོར་བྱས་སྐབས་ང་ཚོས་ཁ་ཆེའི་དྲག་སྤྱོད་པ་དེ་ཚོ་ཟེར་ནས་ཆོས་ལུགས་དང་སྦྱར་ནས་སྨད་ར་གཏོང་གི་ཡོད་རེད། དེ་ཡིན་དུས་བོད་མི་གདོལ་སྤྱོད་པ་དེ་ཚོ་ཡང་ནང་པ་ཡིན་ཟེར་མཁན་ཡིན་ཐག་ཆོད་པས་ནང་པ་སངས་རྒྱས་པའི་ཞབས་འདྲེན་མ་རེད་ཟེར་ས་མི་འདུག་ཡ། དཀྱིལ་ཤར་ཡུལ་གྲུ་དང་ཤར་ཧྥེ་གླིང་གི་ཁ་ཆེ་བ་དེ་ཚོས་ཀྱང་བུད་མེད་ཀྱིས་ལོག་གཡེམ་བྱས་ན་རྡོ་རུབ་ཀྱི་གསོད་པ་མ་གཏོགས་གཅེར་བུར་ཕུད་ནས་ཁྲོམ་སྐོར་ལ་ཁྲིད་སྲོལ་མེད་པ་རེད། ང་བུད་མེད་ཅིག་ཡིན་ན་སྐྲ་བཅད། སྣ་བྲེགས། གཅེར་བུར་ཕུད་ནས་ཁྲོམ་སྐོར་ལ་ཁྲིད་པ་ལས་རྡོ་རུབ་ཀྱིས་གསོད་པ་དེ་འདེམས་ས་རེད། ཁྱོད་ཚོས་ཅི་བསམ་གྱིན་འདུག བསམ་བློ་ཞིབ་མོ་ཞིག་ཐོངས་དང་། ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་ཚད་ག་འདྲ་ཞིག་ལ་སླེབས་འདུག འདི་འདྲའི་སྤྱི་ཚོགས་ཐབས་ཆག་ཅིག་ལ་རང་བཙན་ཐོབ་ན་ཡང་ཕན་ཐོགས་ཅི་ཡོད། རང་སྐྱོང་རག་ན་ཡང་དགེ་མཚན་ག་རེ་ཡོད།
ཡུལ་ལྷ་གཞི་བདག་སྐྱག་པ་དེ་ཚོ་ལ་འཁྲུག་རྒྱུ་ཞིག་ཡོད་ན་མའོ་ཙེ་ཏུང་གི་སྟེང་་ལ་ག་རེ་བྱས་ནས་མ་འཁྲུག་པ་རེད། བླ་རྒན་ཚོས་མི་བྱེད་དགུ་བྱེད་ཡང་དངུལ་ཁ་ཤས་ཞིག་རིམ་གྲོ་ལ་ཁ་གཡར་ནས་ཁོ་རང་ཚོའི་ཁ་ནང་ལ་བརྒྱབས་བཞག་འདུག དངུལ་ལེན་ས་ཞིག་ཡོད་དུས་བྱ་རྒོད་ཤ་ལ་རྔམ་པ་བཞིན་བླ་རྒན་འདི་ཚོ་སླེབས་བསྡད་ཡོད་རེད། ངོ་མ་དངུལ་སྤྲོད་དགོས་ས་དེ་རྡུང་བརྡེགས་ཕོག་ཡུལ་གྱི་མི་དེ་རེད་མ་གཏོགས་ཡུལ་ལྷ་གཞི་བདག་ལ་སྐྱབས་བཅོལ་བའི་བླ་རྒན་དེ་ཚོ་མ་རེད། དངོས་གནས་ཡུལ་ལྷ་གཞི་བདག་ལྷ་འདྲེ་གདོན་བགེགས་ལ་རྨོངས་དད་ཆེ་བ། ཟ་འདོད་ཆེ་བ། མི་ཉམ་ཆུང་བསད་པ་ཡང་མིག་གིས་མི་མཐོང་མཁན་འདི་ཚོ་ངོ་མ་སངས་རྒྱས་ཆོས་ལུགས་པའི་ཞབས་འདྲེན་རེད་ཡ། ལོས་བདེན།
ང་ཚོའ་གཞུང་ཡིན་ནམ་སྒྲིག་འཛུགས་ཡིན་ནམ་དེ་གང་ན་ཡོད། ཁྲིམས་ལ་མཁས་དབང་བློ་སེང་གང་ལ་ཕེབས་སོང་། བུད་མེད་ཚོགས་པ་གང་ལ་ཕྱིན་སོང་། ཡང་སྐྱག་པ་རྐུབ་འོག་ལ་སྦས་ནས་འདུག་རྒྱུ་ཡིན་ནམ། སྙིང་རྗེ་ཕྱོགས་རེས་མེད་པའི་ཆོས་ཉམས་ལེན་བྱེད་མཁན་གྱི་བླ་མ་ཆེན་པོ་དེ་ཚོ་གང་ལ་ཕྱིན་སོང་། ངོ་མ་ང་ང་ཚོའི་སྤྱི་ཚོགས་འདི་ལ་ཡིད་སུན་ཡོང་གིན་འདུག
དྲ་གྲོགས་ཚང་མ་མ་ངར་དང་། བུ་མོ་དེ་དམར་ཧྲང་མར་ཁྲིད་མཁན་དག་ལ་དམར་ཧྲང་མར་ཁྲིད་རྒྱུ་ཞིག་དགོས་ན་ང་ཚོ་འགྲོ་ནས་ཁོང་ཚོ་ལ་དམར་ཧྲང་སང་སང་བྱས་ནས་ལག་ཏུ་འཇོག ངས་ནི་གོང་གི་བུད་མེད་དེ་ཚོའི་ལག་ཏུ་འཇོག་རྒྱུ་ཐག་ཆོད་ཡིན། ཁོང་ཚོ་ལ་ཆོས་ཀྱི་མུག་ཤི་ཐེབ་པ་མ་རེད། རླུག་པའི་མུག་ཤི་འཐེབ་གྲབས་བྱས་ནས་རླུག་པ་བརྩད་ནས་རྒྱག་རེས་རྒྱབ་པ་རེད། ང་ཚོ་སོང་ནས་ཁོང་ཚོ་ལ་རླུག་པའི་དམར་འགྱེད་གཏོང་དགོས་ས་རེད། བོད་རིགས་གཅིག་པ་ཡིན་པས་རླུག་པའི་དཀའ་ངལ་ཕྲད་ན་དེ་ལ་རླུག་འགྱེད་བཏང་ན་རྩོད་པ་དེ་རིགས་ཞི་བར་འགྲོ་རྒྱུ་རེད། འོ་ཡང་ན་ཕྱི་རྒྱལ་དོན་གཅོད་ཁག་ནས་ཕྱི་རྒྱལ་གྱི་འགྱིག་གི་རླུག་པ་ཆགས་པ་ཁ་ཤས་བསྟན་འཛིན་སྒང་ལ་བཏང་ནས་ཁོང་ཚོ་ལ་རླུག་འགྱེད་བཏང་ན་ཡང་ཡག་ས་རེད་དྲན། དེ་མ་གཏོགས་ཆོས་དང་ཅིག་ཅིག་མུག་མུག་ཟེར་ནས་ཅང་མི་ཕན་གི ཁོང་ཚོས་ཆོས་བརྩད་བརྒྱབ་ནས་མ་འགྲིག་པ་ཡིན་ས་མ་རེད་དོ།
བཟའ་ཚང་བར་གྱི་འབྲེལ་བ་ལ་རྙོག་དྲ་བྱུང་དུས་བཟའ་འཐོར་བྱ་རྒྱུ་རེད། དེ་མིན་ན་གུ་ཡངས་བཟོད་སྒོམ་བྱ་རྒྱུ་རེད། འདི་ཡོང་མི་སྲིད་པ་ཞིག་ཅང་མ་རེད། མིའི་ལུས་སེམས་གཉིས་ལ་མནར་གཅོད་དེ་ལས་ལྷག་ཅིག་མེད་ན་མ་གཏོགས་གཏོང་མཁན་དེ་གདོལ་བ་རེད། ཀླ་ཀློ་རེད། བསྟན་བཤིག་རེད། ཉམ་ཆུང་ལ་ཐུབ་ཚོད་འདི་འདྲ་གཏོང་མཁན་དེ་ཚོ་སྤྱི་ཚོགས་ཀྱི་གདོན་འདྲེ་རེད། འཛམ་གླིང་གི་དགྲ་བོ་རེད། ནང་པ་སངས་རྒྱས་པའི་སྤྱི་ཚོགས་ཀྱི་ཞབས་འདྲེན་རེད། ངོ་མ་གཞིས་ཆགས་དེ་ལ་བསྟན་བཤིག་སྒང་བཏགས་ན་འོས་འཚམས་རེད། འདིའི་ནང་དུ་ཡུལ་ལྷ་གཞི་བདག་འཁྲུགས་པར་ཁ་གཡར་ནས་དངུལ་ཁྱེར་འགྲོ་མཁན་གྱི་བླ་རྒན་དེ་ཚོ་ཡང་ཚུད་ཡོད། གལ་སྲིད་རྗེས་སུ་གནད་དོན་འདི་ལ་ལེགས་ཉེས་སྟངས་འཛིན་ནན་པོ་བྱེད་མཁན་མ་བྱུང་ན་ང་ཚོའི་སྤྱི་ཚོགས་ཁྲོད་ན་ང་ནི་ཚངས་པའོ༎ཚངས་པ་ཆེན་པོའོ༎ཟེར་ནས་དབུ་ཁྲིད་པར་རློམ་མཁན་དེ་ཚོ་ཡང་དེའི་ནང་དུ་ཚུད་འགྲོ་བར་ཐེ་ཚོམ་མེད།
༄༅།། བུ་མོ་དེ་སྙིང་རྗེའི་ཡུལ་རེད། དེ་དུས་ས་གནས་འགོ་འཛིན་མགོ་ཐོམ་པ་རེད། གནས་ཚུལ་དེས་དུས་རྒྱུན་
དུ་གནས་ཡུལ་དེར་ཁྲིམས་ཀྱི་ཁ་ལོ་བསྒྱུར་བའི་འགོ་དཔོན་ཡང་དག་ཞིག་མེད་པས་ལན་པ་རེད། མ་ཟད་མི་དེ་ཚོ་མི་བཟས་བཟའ་ཐུབ་ཙམ་གྱི་མ་རབས་ཐ་ཤལ་ཞིག་ཡིན་པ་གསལ་པོ་རེད། ས་གནས་འགོ་དཔོན་དང་། བུད་མེད་། བདེན་པའི་ལ་རྒྱ་སྲུང་མཁན་སོགས་ནས་དོན་གནས་འདིའི་ཐད་ཕྱི་གསལ་ནང་གསལ་ཞིག་བཟོ་དགོས།
རང་ཡུལ་དུ་རྒྱ་མིས་གུང་ཁྲན་ནས་རང་རིགས་སྤུན་ཟླར་མནར་གཅོད་བཏང་། རང་དབང་ཡུལ་དུ་རང་གི་རིགས་ལ་རང་གིས་བརྡང་བ་འདི་བློ་ཕམ་དང་ཐབས་སྡུག་གིས་གནས་རེད། མ་གཞི་ནས་མི་དང་མིའི་བར་ལུས་འབྲེལ་བྱས་པ་དེ་ཧ་ལས་དགོས་པའི་བྱ་བ་ཞིག་མིན་ལ་འདི་ནི་ཞི་བདེ་བསྐྲུན་པའི་རྒྱུ་ཆ་ཞིག་ཀྱང་རེད། འོན་ཀྱང་མི་ངན་སྐབས་འཚོལ་བ་ཁ་ཤས་ཕྲག་དོག་གིས་མྱོས་ནས་རང་ཚུག་མ་ཟིན་བསྟན་སྲིད་མི་དམངས་ཀྱི་དོན་དུ་དཔའ་ཁུུམ་ནས་བསྡོད་མཁན་ཕྱི་ནང་བུང་བུའོ་ཨོའོ་རིལ་དང་ཁྱད་པར་མེད།
སྡུག་ག་ལ། ང་ཚོའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ལ་ག་རེ་མ་འགྲིགས་པ་རེད། མཚམས་རེ་ལ་བལྟས་ན་མི་གསོད་ཁྲག་སྦྱོར་གྱི་ཇག་ཚོགས་ཤིག་ཡིན་པ་ལྟ་བུ། འགན་བདག་གིས་སློབ་ཕྲུག་བསད། བཟའ་ཚང་བར་གྱི་རྙོགས་དྲ་ལ་བརྟེན་ནས་བུད་མེད་གྱི་སྣ་བཅད་སྐྲ་བྲེགས་ནས་གཅེར་བུར་ཁྲོམ་སྐོར་ལ་ཁྲིད། མཚམས་རེ་ལ་བལྟས་ན་ལྷ་འདྲེ་གདོན་བགེགས་ལ་རྨོངས་དད་ཀྱིས་བཟི་བའི་བླ་རྒན་ཁ་ཤས་ཤིག་གི་སྲིད་དབང་སྒེར་འཛིན་གྱི་ཚོགས་པ་ཞིག་ཡིན་པ་ལྟ་བུ། མང་ཚོགས་ཁྲོད་དུ་རྙོགས་དྲ་བྱུང་བའི་གོ་སྐབས་བཟུང་ནས་ལྷ་འདྲེ་འཁྲུགས་པས་ཁ་གཡར་ཞིང་དངུལ་མང་པོ་ཁྱེར། མི་བསད་པ་ཡང་ཡུལ་ཁྲིམས་བཞིན་ཐག་གཅོད་བྱེད་མི་འཇུག་པར་ཁ་འདོན་བཏོན་ཞིང་ཕྱག་འཚལ་ན་ཉེས་པ་དག་ཚུལ་ཐག་བཅད། ད་ངོ་མ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞེས་པ་དེ་འདི་འདྲ་ཞིག་ལ་གོ་དགོས་པ་མིན་ནམ།
བུད་མེད་ལ་སྡུག་པོ་གཏོང་མཁན་དེ་ཚོ་གདོན་གཟུགས་རེད། དེ་ཚོའི་ཁོག་ན་ཡོད་པ་ནི་ཆོས་དང་མི་མཐུན། འཇིག་རྟེན་ཡ་རབས་ཀྱི་ཀུན་སྤྱོད་དང་མི་མཐུན་པའི་འདྲེ་ངན་གྱི་སྤྱོད་པ་རེད། བྱ་སྤྱོད་དེ་འདྲ་སྤེལ་མཁན་ནི་སྤྱི་ཚོགས་རྙིང་པ་སླར་ཡང་རོ་ལངས་རྒྱག་བཞིན་ཡོད་པ་འདྲ་ཞིག་མཐོང་བས་མ་འོངས་བར་དེ་འདྲ་སྔོན་འགོག་བྱེད་མ་ཐུབ་ན་ང་ཚོ་རང་དབང་ལུང་བར་སྐྱབས་བཅོལ་དུ་བསྡད་པའི་དགེ་མཚན་ག་རེ་ཡོད། དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
སྤོབས་པ་མཐའ་ཡས་ཀྱིས་གསུངས་པ་དེ་བདེན། ང་ཚོའི་སྤྱི་ཚོགས་དེ་ནི་བཙོག་འདྲེ་ཁྱུ་གཅིག་གི་ལག་ཏུ་ཡོད་པའི་པོ་ལོ་གཅིག་པ་གཅིག་རྐྱང་རེད་འདུག ཉི་མ་དེ་རིང་ནས་ཟུང་དེ་འདྲའི་བྱ་སྤྱོད་བྱས་ན་ང་ཚོས་ངོ་རྒོལ་བྱ་དགོས་འདུག་སྙམ།
གྲོགས་པོ་ཚོ་ང་ཉིན་ཤེས་ཀྱི་རྗེས་ནས་ས་གནས་དེར་འགྲོ་རྩིས་ཡོད་ང་བསྡད་ས་འདི་ནས་ཐག་ཡང་ཉེ་པོ་ཡིན།
ངས་གནས་ཚུལ་དེ་ཆ་ཚང་བ་ཞིག་རྒྱུས་ལོན་བྱེད་རྩིས་ཡོད་། འདིས་ཐད་ནས་ངས་རང་འགུལ་གྱི་ཐོག་ནས་བྱ་སྤྱོད་ཅིག་སྤེལ་རྩིས་ཡོད གལ་སྲིད་ང་ལ་ལྐལ་མེད་སར་རྐེ་མ་སྲོང་བཅོས་ཏོག་མེད་ཟེར་མཁན་ཞིག་བྱུང་བ་ཡིན་ན་སྐད་ཆ་མང་པོ་བཤད་ཡ་གང་ཡང་ལྷག་མེད་ཞབས་འདྲེན་ཞིག་ཞུ་ཐག་གཅོད་ཡིན། ཕྱི་དགྲ་མགོ་མི་ཆོག་གྱང་ནང་གཟའ་རྐུབ་བརྟོལ་མཁན་དེ་ཚོ་ལ་ཞུ་དག་ཤིག་བྱེད་རྩིས་ཡོད
གལ་སྲིད་ང་ས་གནས་དེར་ཤི་མེད་སོང་ན་གནས་ཙུལ་འདི་ཡིན་འདི་མིན་ཞིག་གྲོགས་ལྷག་བསམ་ཅན་དག་གི་མིག་སྔར་དུ་བསྟར་ཡོང་གོ རིང་པོར་མི་ཐོག་གྲོགས་པོ་ཚོ།
ཏྲེའོ་སྐལ་བཟང་ལགས ཁྱོད་ཀྱིས་བཤད་པ་དེ་བདེན་ཡིན་ན་ངོ་མ་བཟང་གི་གནས་ཚུལ་གསལ་བོ་ཞིག་གཏོང་རོགས་གནང་། ད་དུང་མི་དེ་དག་ལ་ཉེས་ཆད་གཅོད་མཁན་སུ་ཡིན་ནས་ན་དྲང་བདེན་མ་རེད། ཅི་ཡིན་ཟེར་རང་རེའི་བོད་མི་ལས་བྱེད་ཞིག་དང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ཞིག་འདི་འདྲའི་བྱ་སྤྱོད་སྤེལ་བ་ཧ་ལས་བའི་ཐབས་སྐྱ་བོ་རེད་དང་ཡིད་སྤང་དགོས་བ་ཞིག་རེད། ཁོ་ལ་ལོ་གཉིས་ལ་ལས་ཁུར་བྱེད་མི་ཆོག་པའི་ཉེས་བ་འདྲ་ཞིག་གཏོང་ཁ་བྱས་བ་དེ་མི་ཀུན་ལ་མགོ་སྐོར་གཏོང་བའི་རྩེད་མོ་དགོད་བྲོ་བ་ཞིག་རེད ། ད་དུང་བུད་མེད་ཀྱི་ཐབ་ཐང་སྲོང་མཁན་དང་བུད་མེད་ཉམ་ཆུང་ལ་བདག་སྐྱོང་བྱེད་མཁན་གྱི་བུད་མེད་ལྷན་ཚོགས་གྲག་འགུལ་ཅི་ཡང་མེད་ནོ་ཕར་ཕྱོགས་ལ་འགྲན་ཡ་མི་ཡོང་གི་བསམ་ནས་གཉིད་ལ་ཤོར་ནས་ཡོད་ནི་མིན་ན་ཉིན་འདི་དག་གི་རིང་ལ་གྲག་རྒྱུ་མེད་ནོ ། དྲང་བདེན་ཡོང་བའི་སྨོན་ལམ་ཡོད།
བུད་མེད་ཉམ་ཆུང་དེ་ལ་ཚད་ལས་རྒལ་བའི་ཐག་བཅད་ནི་རྒྱ་ནག་པས་ཟེར་བ་ལྟར་བོད་ཀྱི་སྤྱི་ཚོགས་རྙིང་པ་ཞིང་བྲན་རིང་ལུགས་རོ་ལངས་རྒྱག་པ་རེད།སྔོན་མ་རྒྱ་ནག་གུང་བྲན་གྱིས་བོད་བཅིངས་འགྲོལ་མ་བཏང་གོང་ཁམས་དང་ཨ་མདོའི་བུད་མེད་ཚོས་ཁྱོ་གཞན་ལ་འབྲེལ་བ་བྱས་ཚེ་ལུས་དམར་ཧྲེང་ཕུད་པ་གོ་མྱོང་མེད་ཀྱང་སྐྲ་གཅོད་པ་་་་རྣ་བ་་་་སྣ་་གཅོད་པ་དུ་མ་ཡོད་དོ།
ཏྲེའོ་སྐལ་བཟང་ལགས། ཁྱོད་ཉམས་ཆུང་གི་རྒྱབ་རྩར་ལངས་ནས་ཞིབ་འཇུག་བྱ་འཆར་ཡོད་པ་ཧ་ཅང་ཡག་པོ་རེད། ཁྱོད་ཀྱི་ཞིབ་བརྩད་ལ་མཁོ་བའི་ཆེད་ཉེས་ཅན་པ་དེ་ཚོའི་མིང་ནི། བསྟན་འཛིན་ཆོས་གྲུབ། རྡོ་རྗེ་རྒྱལ་མཚན། རྟ་མགྲིན་དབང་མོ། རིག་འཛིན་ཆོས་སྒྲོན། པ་སངས། རྒྱལ་མཚན། པདྨ་བཅས་ཡིན་ལ། ཁོ་ཚོའི་གནས་ཚུལ་ངོ་མ་རྩད་གཅོད་དང་། ད་ལན་ཐབས་སྐྱོ་བའི་གནས་ཚུལ་བཅས་མཆན་བུ་བ་སྐྱུ་རྩིས་གསུངས་པ་ལྟར་ཁེ་ན་ཊའི་གཞུང་ལ་འབུལ་དགོས། དེ་ནི་ང་ཚོ་ཉམས་ཆུང་དང་བདེན་པའི་རྒྱབ་ཏུ་ལངས་པ་རེད། ཁྲིམས་མེད་ལུགས་མེད་བྱེད་མཁན་དེ་དག་རྒྱ་ཡན་དུ་གཏོང་མི་རུང་། ཉམས་ཆུང་མ་རྨད་དེ་གཉིས་སྙིང་རྗེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
མིག་བརྒྱད་པས་ཤོད་པ་དེ་བདེན་ཚོད་འདུག ངོ་མ་སྤྱི་ཚོགས་རྙིང་པའི་སྐུ་དྲག་རིང་ལུགས་དེ་སླར་ཡང་རོ་ལང་བརྒྱབ་ནས་འབུར་དུ་འཐོན་འཆར་ཡོད་པ་འདྲ།
དྲྭ་གྲོགས་རྣམ་དག་ལགས་ནས་གནས་ཚུལ་ཁ་གསལ་སྤེལ་བར་ཐུགས་རྗེ་ལེགས་གསོལ་ཡོད།
མིག་བརྒྱད་པ་ལ་ཡིད་རང་ཡོད། གང་ཡིན་ཞུས་ན་གདོན་གཟུགས་ཀྱི་བསྟན་པ་མེད་ན་མཛེས་སོ། །
ཏྲེ་ཧོར་སྐལ་བཟང་ལགས། སྐུ་ཉིད་དངོས་སུ་ཕེབས་རྒྱུ་ཡིན་ན་ཉིད་ནས་འཁོན་འཛིང་སོགས་ཇི་ཡང་མ་བྱེད། གཙོ་ཆེར་ཁོ་ཚོའི་དཔར་དང་ཁ་པར་ཨང་གྲངས་སོགས་བཀྲམ་ཐུབ་ན་ཤིན་ཏུ་ལེགས། ཚང་མས་ཁ་པར་བཏང་ནས་རང་སྒར་མ་འཇོག
མི་ངན་ཁ་ཤས་ཀྱི་བྱེད་སྤྱོད་ལ་བརྟེན་ནས་མཆན་བུ་བ་འགའ་རེས། བོད་པའི་སྤྱི་ཚོགས་ཡོངས་དང་གཞུང་དང་ཚོགས་སྡེ་ཁག་ལ་ཡང་ངན་སྨྲས་བྱེད་པ་ནི་སྐབས་འཚོལ་བའི་བྱ་སྤྱོད་རེད་ལ། ཁྱི་བཀག་རྒྱུ་བཞག་ནས་བེའུའི་རྣ་བ་ལ་འཇུས་པ་རེད། བུ་བཟང་པོ་ཡོད་ན་ཏྲེ་ཧོར་སྐལ་བཟང་ལགས་ལྟར་དུ་དངོས་སུ་དོན་རྐྱེན་བྱུང་སར་སོང་ནས་བུད་མེད་ཉམ་ཆུང་དེ་ལ་རོགས་སྐྱོར་རེ་དང་། དྲག་སྤྱོད་ཀྱི་ལས་ངན་སྤེལ་མཁན་དེ་ཚོ་ཁྲིམས་ལ་སྦྱོར་དགོས། དེ་མིན་དྲ་རྒྱའི་ནང་ནས་དཔའ་སྐད་མཐེན་ནས་ཕན་ཐོག་གང་ཡང་མེད།
ལྷག་པ་ཡེ་ཤེས་ཟེར་བ་འདི་ལ་གཏན་གཏན་ནད་ངན་ཚབས་ཆེན་ཞིག་ཕོག་ཡོད་ཚོད་འདུག ཡར་སྔོན་སྲོང་བཙན་ལ་བལ་བཟའི་འདོམས་ནད་ཕོག་ནས་རང་སྲོག་ཤོར་བ་རེད། དེང་དུས་aidsཟེར་བ་དེ་ཡིན་པ་འདྲ། དེ་རྗེས་རྒྱོ་ལ་དགའ་བའི་སྐུ་དྲག་རིང་ལུགས་པ་དེ་ཚོ་ལ་དྲག་བསྐྱེད་མི་ཐུབ་པའི་ནད་ངན་ཞིག་ཕོག་པ་རེད། དེ་ལ་བོད་པ་ཚོས་སེ་མོག་ཟེར། རང་གཞན་གཉིས་ཕུང་གི་ནད་ངན་ཞིག་རེད། དེང་དུང་བལྟས་ན་aidsཟེར་བ་དེ་རང་ཡིན་ཚོད་འདུག ད་ལྟའི་ཆར་ལྷག་པ་ཡེ་ཤེས་ཟེར་བ་འདི་ལ་ཡང། རྡ་སའི་ཁྲོམ་ལམ་གྱི་བུ་མོ་རང་གཞན་གཉིས་ཕུང་གི་གཤེད་མ་གཉེན་ནད་རེག་དུག་གིས་མནར་བ་དེ་དག་དང་གཉིས་སུ་མ་མཆིས་པའི་དྲག་བསྐྱེད་མི་ཐུབ་པའི་ནད་ངན་ཞིག་ཕོག་འདུག་པས། ལུས་འབྲེལ་མ་བྱེད་མ་གཏོགས་འཆི་ངེས་པ་ཐག་གི་ཆོད་དོ།
དེང་དུང་ཞེས་པ་དེང་དུས་ཞེས་པར་བཅོས་གནང་རོགས།
ཏྲེའོ་སྐལ་བཟང་ལགས། ཁྱེད་ཀྱིས་གཞན་པའི་ཐག་གཅོད་གང་ཡང་ཐུབ་ཀྱི་མ་རེད་ལ། བྱེད་ཀྱང་མ་བྱེད། རྙོག་སྒྲ་འཕར་མ་ཡོང་གི་རེད། ཁྱེད་ཀྱིས་བྱེད་ཐུབ་པ་དང་། ང་ཚོ་ཚང་མར་ཕན་ཐོགས་ཤོས་ནི། མགོ་ནས་མཇུག་བར་གྱི་གནས་ཚུལ་རྣམས་རྩད་ཞིབ་མཐར་ཕྱིན་པ་ཐུབ་ཐབས་ཀྱིས་བཟང་ངན་ཇི་ཡིན་ཚང་མ། མ་ཡོ་མ་འཁྱོག་པར་གསར་ལམ་ཁག་ཏུ་གཏོང་ཐུབ་པ་བྱ་རྒྱུ་དེ་རེད། འདིས་ལས་ཀ་བྱ་མཁན་ཚོར་ཡང་ཐག་གཅོད་བྱེད་བདེ་བོ་ཡོང་གི་རེད་ལ། ཇུས་རྟོག་བྱ་མཁན་ཚོར་ཡང་བདེན་པའི་གནས་ཚུལ་ཞིག་འཐོབ་འགྲོ་གི་རེད། མདོར་ན་གནས་ཚུལ་ཤེས་ཐབས་ལས། ཧ་རེ་ཧུར་རེ་མ་བྱེད། ཡང་ཞབས་འདྲེན་ཉིས་བརྩིགས་སུ་འགྱུར་བ་ཐུགས་ལ་ཟུངས། གཟབ་གཟབ་མ་བྱས་ན་ཁམས་པ་ལ་གླེན་རྟགས་ཚ་སེ་ཡོད་གདའ།
འོ་རེད། གཅིག་བརྗེད་འདུག །དུས་བབ་དང་། བང་ཆེན་གཉིས་སུ་བཀོད་པའི་གནས་ཚུལ་དག་ཅུང་མ་འདྲ་བ་འདུག །ད་དུང་སྔ་ཕྱིའི་གནས་ཚུལ་མང་པོ་ཞིག་དོན་ཡག་ཡོད་པ་ཐག་ཆོད། ཏྲེའོ་སྐལ་བཟང་མ་འཕྱུགས་ཤིག །ང་ཚོས་རེ་བ་ཆེན་པོས་སྒུག་ཡོད།
ཏྲེའོ་སྐལ་བཟང་ལགས། ཁྱེད་ནས་གསུངས་པ་བཞིན་ཁྱེད་དེར་སོང་ནས་ཞབས་འདྲེན་ཞིག་ཞུས་པ་ཡིན་ན། ང་ཚོར་བློ་འགྱོད་གཏན་ནས་མེད་ཀྱང། ཁྱེད་ས་གནས་དེར་མ་སོང་བའི་ཞབས་འདྲེན་དེ་བཞག་ན། ཁྱེད་རང་གི་ཞབས་འདྲེན་ཙམ་མ་ཟད། ཏྲེའོ་མི་མང་གི་ཞབས་འདྲེན་དུ་འགྲོ་ཉན་འདུག་པས་ཟབ་ཟབ་གནང་ཕ་བཟང་བུ། ང་ཚོས་ཁྱེད་རང་བསྒུག་བསྡད་ཡོད་དོ།
སངས་རྒྱས་འཕགས་ཆེན་དེ་འདྲ་མ་གཏོགས་པའི་མི་ཚང་མ་མ་རིག་པའི་གཞན་དབང་དུ་གྱུར་ཡོད་དུས།
བོད་མིའི་སྤྱི་ཚོགས་ནང་དུའང་དོན་རྐྱེན་བཟང་སྣ་ཚོགས་ཡོང་སྲིད་པ་རེད།དཔེར་ན་བོད་ནང་དུས་དེང་སང་ཡང་ལོག་གཡེམ་གྱི་དབང་གིས།ཁྱོ་ཀ་ཕན་ཚུན་དམར་གསོད་བྱེད་པ་དང་བུད་མེད་ཀྱི་ཁ་སྣ་བྲེགས་པ་སོགས་དྲག་ལས་ཚབ་ཆེན་ཡོང་གི་ཡོད་ལ།ཕྱི་རྒྱལ་ཁག་ནང་ཡང་གནས་ཚུལ་དེ་འདྲས་མི་སྣ་གྲགས་ཅན་སོགས་བཟའ་འཐོར་སྐབས་ཨ་སྒོར་ས་ཡ་མང་པོས་སྟོང་འཇལ་དང་།ཡང་ཐག་ཉེ་ནས་རང་རེ་བོད་མི་ཉམ་ཆུང་ཚོའང་དབྱིན་མོ་ཚོར་འཐོར་སྐབས།ཧ་ལམ་མི་ཚེ་ཕྱེད་ཀའི་གཡོག་གླ་ཁོ་མོ་ཚོར་སྤྲོད་དགོས་འདུག་ག།
མིའི་ཚོར་བ་མང་ཤོས་འདོད་ཆགས་ལ་དབང་ཡོད་དུས་འདོད་ལོག་ལ་བརྟེན་ནས་དོན་རྐྱེན་ངན་པ་ཡོང་རྒྱུ་ཆོས་ཉིད་རེད།འོན་ཀྱང་དེ་ལ་ཡུལ་ཁྲིམས་ཀྱི་ཐོག་ནས་ངེས་པར་དྲང་པོས་ཐག་གཅོད་ཅིག་གནང་རྒྱུ་བོད་གཞུང་གི་ལག་ན་ཡོད་པར་སྙམ།
གལ་ཏེ་བོད་གཞུང་གིས་རྐང་འགན་ཁུར་ནས་འབད་བརྩོན་ཅིག་མ་གནང་ན་ས་གནས་རྒྱ་གར་པི་ལེ་སི་དང་ཁྲིམས་ཁང་།སྒོར་མོས་གང་དུ་ཁྲིད་ཆོག་ཡིན་པ་རྒྱ་གར་ན་བཞུགས་མཁན་ཚོར་རྒྱུས་མྱོང་ཡོད་པ་རེད།
བོད་མི་རིགས་ཀྱི་རྩ་དོན་ལ་ཤ་ཞེན་ཡོད་མཁན་ཞིག་ཡིན་ན། ལྷག་པ་ཡེ་ཤེས་ཟེར་བ་དེ་མགྱོགས་མྱུར་བཟུང་ནས་རྒྱལ་ས་ལྡི་ལའི་ཉེ་འདབས་སུ་ཡོད་པའི་བོད་མིའི་འདུས་སྒར་majnukatila མ་ཅང་ཏྲི་ལའི་གསང་གཞུང་དུ་དམར་ཧྲེང་མར་ཡར་ཁྲིད་མར་ཁྲིད་ཚར་དགུ་ཙམ་བྱས་རྗེས་ཁོའི་ནག་ཉེས་ར་སྤྲོད་དང་འབྲེལ། སླད་ཕྱིན་བོད་དོན་གཅིག་བསྒྲིལ་ལ་གནོད་པའི་བྱ་སྤྱོད་ངན་པ་ཆོས་ལུགས་འཐེན་འཁྱེར་གྱི་དཀྲུགས་ཤིང། སྔར་བྱས་པ་ལ་འགྱོད་བཤགས། ཕྱིས་མི་བྱ་བའི་དམ་བཅའ་གཙང་མ་མ་བྱས་བར། གཞིས་སྒར་དེའི་གད་སྙིགས་རྣམས་སྐྱེལ་འདྲེན་བྱེད་བཅུག་ན་ག་འདྲ་འདུག ཡང་ན་གཞིས་སྒར་དེའི་འཕྲིས་སུ་ཡོད་པའི་ལྕགས་ཟམ་དེའི་རྩ་བར་ཁྱི་བཞིན་སྐོར་ནས་ཡར་འགྲོ་མར་འགྲོ་ཐམས་ཅད་ལ་ཨབ་བཅུག་ན་ག་འདྲ་འདུག
སྟག་ར་ལགས། གུ་ཡངས་ཙམ་གྱིས། ཞབས་འདྲེན་གཅིག་ཐོག་ཉིས་བརྩེགས་འཇོག་མ་ཡོང་། ཞབས་འདྲེན་བཞག་ན་ཡག་པོ་མི་འདུག །ཅེས་བཤད་ཀྱིན་བཤད་ཀྱིན། ཡང་ཞབས་འདྲེན་ཞོག་ཤོག །ཅེས་རྒྱུད་སྐུལ་བྱེད་པ་འདི་སྨྱོན་པའི་ལས་ཀ་མ་རེད་དམ།
ཨོ་ཨོོོ། གདོན་གཟུགས་བསྟན་པ་ཟེར་དུས་སྟག་རྭ་དང་རི་རྭའི་ཆོས་ལུགས་ལ་ཕོག་ཐུག་སོང་བཞག ཡེ་ཤེས་པ་ང་ཡང་ཁྱེད་ཚོས་ལྷ་ཀླུ་གཞི་བདག་ལ་སྐྱབས་གནས་སུ་ཁས་བླངས་ནས་དམར་མཆོད་བྱེད་འདོད་པ་མིན་ནམ། ཁྱོད་ཚོས་དེ་འདྲ་དག་བཤད་དྲག་ནས་རང་རྐུབ་རང་གིས་ཕུད་པ་རེད། སྙིང་རྗེ་ཡ། ཨ་ཙ་མ་ཞེ་སྡང་ཅན་གཅན་གཟན་སྟག་དང་གཏི་མུག་ཅན་རྩྭ་གཟན་ར་ལས་ཀྱང་བླུན་པ་ཞིག་རེད་མི་འདུག་གམ།
བུ་མོ་མེ་ཏོག་ལྷ་མཛེས་ལ་རྒྱབ་སྐྱོར་ཡོད།
ངའི་གསར་འགྱུར་འདི་མཐོང་དུས་མིག་ནས་མཆི་མའི་ཆར་རྒྱུན་འབབ་བཞིན་བྲང་ལ་ཁུ་ཚུར་གྱིས་ལན་གསུམ་བརྒྱབ་པ་ཡིན། ཨ་་་་་༧རྒྱལ་དབང་ཐམས་ཅད་མཁྱེན་པ། ད་དུང་ང་ཚོ་བོད་མི་རིགས་ཀྱི་བསམ་བློ་འདི་འདྲ་ཞིག་ཡིན་པ། ཆེས་ཐ་ཆད། མུན་ནག ཀླ་ཀློ འདི་ཚོའི་མིང་ལ་འཇིགས་བསྐུལ་རིང་ལུགས་པ་མི་འདོགས་པར་སུ་ལ་འདོགས། ངས་བུ་མོ་དེའི་ཆེད་དུ་ངོ་རྒོལ་ལས་འགུལ་ཞིག་སྤེལ་འཆར་ཡོད་དེ། ཡང་༧རྒྱལ་དབང་ཐམས་ཅད་མཁྱེན་པས་ང་ཚོ་བོད་མི་རིགས་ནི་ཡ་རབས་བཟང་སྤྱོད་ལྡན་པ་ཞིག་ཡིན་པར་ངོས་འཛིན་དང་གསལ་བསྒྲགས་འཛམ་གླིང་ལ་ཁྱབ་ཟིན་པས། ངའི་སེམས་ཁོང་གི་བླ་མ་༧རྒྱལ་དབང་ཡིད་བཞིན་ནོར་བུ་འདཟམ་གླིང་མི་མང་གི་མདུན་ནས་ངོ་ཚ་གི་རེད་བསམ་ནས་སྤེལ་ཐུབ་སོང་། བུད་མེད་ཚོ་ཡར་ལོངས་ཤོག ང་ཚོས་བུད་མེད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་དགོས། དུས་རབས་འདིས་ཀླ་ཀློ་ཚོར་ངོ་རྒོལ་བྱེད་དགོས། ཕོ་མོ་འདྲ་མཉམ། མི་རིགས་འདྲ་མཉམ་ལ་ང་ཚོས་སྲུང་བརྩི་བྱེད་དགོས། ཀླ་ཀློ་དེ་ཚོ་རྩ་མེད་མ་བཟོས་ན་ང་ཚོའི་བོད་པའི་བུད་མེད་ཚོས་ད་དུང་མུ་མཐུད་དུ་མནར་གཅོད་མྱང་གི་རེད། བུད་མེད་ཚོ་ཡར་ལོངས་ཤོག་་་་་་་་་
ཟླ་བ་གཅིག་ལྷག་རིང་ལ་མཆན་འགོད་མ་ཐུབ་ཡང་དེ་ཐད་གར་འགྲོ་ཐུབ་སོང་དཔེ་ཡག་པོ་བྱུང་སོང་།
ཟླ་བ་གཅིག་ལྷག་རིང་ལ་མཆན་འགོད་མ་ཐུབ་ཡང་དེ་རིང་ཐད་གར་འགྲོ་ཐུབ་སོང་དཔེ་ཡག་པོ་བྱུང་སོང་།
ཏྲེཧོ་སྐལ་བཟང་ལགས༏་ཁྱེད་ནི་ལྷགས་བསམ་སྙིངས་རྟོབས་ཅན་གྱིས་མི་ཞིག་ཡིན་པ་ངས་གསལ་བོ་ཤེས་སོང,ཁྱེད་གྱིས་ཉམས་ཆུང་མ་བུ་གཉིས་ལ་ཁ་མིན་དོན་གྱིས་རོག་པ་བྱེད་པ་དེ་ངས་སྙིངས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན༏་གལ་ཏེ་ཁྱེད་སོང་ན་གཟབ་གཟབ་བྱེད་རོག་གནང་ཁྱེད་ལ་རོག་པ་ཞིག་དགོས་ན་གསུང་དང་ང་ཁྱེད་མཉམ་ཏུ་འགྲོ་ཆོག༏་ཁ་པར་དང་ཁ་བྱིང་མིང་འགྲ་པར་སོགས་རེག་ན་བསྐུར་རོག་གནང༏
ཏྲེའི་ཧོར་སྐལ་བཟང་ལགས་ཁྱེད་རང་ས་གནས་དེར་ཕེབས་བདེན་ངེས་ཡིན་ན་མི་ངན་དེ་དག་གི་གནས་ཚུལ་རྒྱུས་ལོན་གྱི་པར་དང་། ལོ་རྒྱུས་བཅས་ཕྱོགས་གང་ས་དང་། ལྷག་པར་ཁེ་ན་ཌའི་གཞིས་ཆགས་འདེམས་སྒྲུག་ཚོགས་ཆུང་ལ་གཏོང་ཐུབ་པ་དང་། བུད་མེད་དེ་ཁེ་ན་ཌའི་གཞིས་ཁོངས་སུ་བཅུག་ཐུབ་པ་ཞིག་གནང་རོགས།
ཡ་ལྷག་པ་ཡེ་ཤེས། གཞན་གྱིས་བཤད་ཡོང་དུས་ཞེ་སྡང་གི་མེ་འབར། ང་རྒྱལ་གྱི་རླུང་འཚུབས། འདོད་ཆགས་ཀྱི་ཆུ་རང་བཞིན་གྱིས་འཁོལ་ཡོང་གི་འདུག་པ། སོ་སོའི་ཐོག་ལ་བབས་ཡོངས་དུས་སྡུག་བསྔལ་གྱི་ཚོར་བ་དྲག་པོ་མྱོང་ནས་སེམས་ཁམས་མ་བདེ་ནས་ལམ་སེང་གོ་རྒྱུ་མེད་པའི་མཆན་རྦུད་ཙམ་མ་བྲིས་རང་བྲིས་ཆགས་ཀྱི་འདུག་པ། བཟོད་སྒོམ་གཏན་ནས་གནང་ཐུབ་ཀྱི་མི་འདུག་ག གཞན་དང་གཞན་གྱི་ཆོས་ལུགས་ལ་ཚིག་མཚོན་འདེབས་ཡོང་དུས་དེ་འདྲའི་ཚོར་སྣང་མེད་པར་སྟག་གཟིག་ངར་ངར་བྱེད་ཆོག་ཆོག་རེད་འདུག་ག མི་རང་ས་ལ་བཞག་པ་དང། རང་མི་ས་ལ་སྡོད་རྒྱུའི་བརླབས་ཆེན་གྱི་ཉམས་ལེན་བསྐྱངས་ཐུབ་ཀྱི་མི་འདུག་ག བལྟས་མོ་ག་ལེ་ག་ལེ་ཡོད། སྔོན་ཚུད་ནས་ཁྲག་ཤད་སྨན་ཡག་པོ་ཟ་ན་མ་གཏོགས། གཏན་གཏན་ཤི་ཡོང།
ངན་པ་ལང་ཤོར་དུ་སོང་བའི་མཆན་འདེབས་མཁན་འགའ་ཞིག་གིས་ནམ་ཡང་སྐབས་བབས་ཀྱི་བརྗོད་བྱར་མི་བསམ་པར་རྙོག་གླེང་འབའ་ཞིག་བཙན་ཚུགས་ཀྱིས་འདེད་ཡོང་གི་འདུག དེས་དབང་གིས་བགྲོ་གླེང་གི་ཁ་ཕྱོགས་ལ་ཤུགས་རྐྱེན་ཐེབ་འགྲོ་བ་དང་དོན་དངོས་ཀྱི་མཆན་མཁན་ཚོར་ཡང་སུན་སྣང་སྐྱེ་རུ་འཇུག་གི་འདུག
༼དེས༽ཞེས་པ་༼དེའི༽དང་ ༼ཐེབ་༽ཞེས་པ༼ཐེབས༽ལ་བཅོས་རོགས།
སྤྱིར་རྨུ་ཐག་གི་བུ་རྒྱུད་ལགས་ཀྱི་གསུངས་པ་དེ་དངོས་བདེན་ལགས་པས་རྗེས་སུ་ཡིད་རངས་ཞུ་རྒྱུ་ལས་མ་འདས། འོན་ཀྱང་གནའ་མི་བོད་ཀྱི་གཏམ་དཔེར། ཝ་མི་བརྒྱལ་ཁག་མེད་འདྲེ་ཡིས་འགྲམ་ལྕག ནམ་མི་ལང་ཁག་མེད་ཉི་མས་རྦུད་རྒྱགས་ཟེར་སྲོལ་ཡོད་པ་ལྟར་རེད། དེས་ན་བཟང་ལ་བཟང་ལན་མེད་ན་བཟང་བྱས་ཉུང་དུ་ཉུང་དུ། ངན་ལ་ངན་ལན་མེད་ན་ངན་བྱས་མང་དུ་མང་དུ། ཞེས་པའི་དཔེ་ལྟར་གྱུར་ཉེན་འདུག་པས་དེ་དོན་མཁྱེན་པར་མཛོད་ཅིག ཁོས་བོན་ལ་སྡང་གཟུགས་མཚམས་འཇོག་མ་གནང་བར་ངས་ཀྱང་ཁོ་ལ་རྒྱུ་མ་ཕུ་དེད་ཀྱི་ལམ་ནས་ལས་སླ་པོ་མི་འཇོག་ཐག་ཆོད་ཡིན་ནོ། ཁོས་བོན་ལ་སྡང་གཟུགས་མཚམས་འཇོག་གནང་བའི་དུས་ཀྱི་སྦྲང་ཆར་བབ་ཉིན་ནས་བཟུང། ང་གཉིས་འཆམ་མཐུན་གྱི་གྲོགས་པོ་ཞིག་ཀྱང་འགྱུར་རྒྱུ་ཉག་ཅིག་ཡིན་པས་དེ་དོན་དབྱིངས་ཁྲེལ་མི་གནང་བར་ཞུ།
ཆོས་རྗེ་ཀུན་ལེགས་ཀྱིས། ལས་འབྲས་མི་བསམ་པའི་བླ་མ་ཡང་བདུད་ཡིན། ཞེས་གསུངས་འདུག་པ་དང་། ཡང་། དགོན་པར་བུད་མེད་འདུག་ན་དཀའ་བརྒྱུད་པ་ཡིན་པའི་རྟགས། འགྲོ་ལ་སྙིང་རྗེ་འདུག་ན་དཀའ་བརྒྱུད་པ་ཡིན་པའི་རྟགས། ཞེས་གསུངས་པ་ལྟར། རབ་བྱུང་བ་ཞིག་གི་ངོས་ནས་བཤད་ན་ཤག་ཏུ་བུད་མེད་སྡོད་མི་ཆོག་པའི་ཁྲིམས་ཡོད་ཀྱང་། དགེ་སློང་འཆར་ཀ་ལྟ་བུས་ཁྱིམ་པ་མང་པོ་བདེན་པ་ལ་བཀོད་པའི་ལོ་རྒྱུས་ཡོད་པ་དང་། མཐར་རང་གི་སྲོག་ཡང་འཕྱོན་མའི་ཁྱིམ་དུ་ཤོར་བ་སོགས་གནའ་སྔ་མོའི་དུས་ནས་བུད་མེད་ཀྱི་ལུས་རྟེན་ནི་ཕུང་འདྲེའི་གཞི་ཡིན་པར་ངོས་འཛིན་བྱས་པ་དང་། མཐར་ཐུག་སངས་རྒྱ་བ་ལ་ཡང་བུད་མེད་ཀྱི་ལུས་རྟེན་ལ་མ་བརྟེན་པར་ཐབས་མེད་པས་ཀུན་ལེགས་ཀྱིས་གསུངས་པ་དེ་བདེན། རྒྱུད་རྒྱལ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ་ལས། བྷ་ག་གསང་བའི་པདྨོ་ནི།།རྒྱལ་བ་རྣམས་ཀྱི་ཕོ་བྲང་སྟེ།།འདས་པའི་སངས་རྒྱས་བྱུང་བའི་གནས།།སླད་ཀྱིས་བྱོན་པ་གཤེགས་པའི་ཤུལ།།ད་ལྟར་སངས་རྒྱས་བཞུགས་པའི་རྟེན།།རྣལ་འབྱོར་ངོ་ལ་དེ་ལྟར་སྣང་།།མ་རྟོགས་པ་ལ་འཁོར་བའི་ལམ།།ཞེས་སོགས་གསུངས་པ་ལྟར། བུད་མེད་ཀྱི་ལུས་རྟེན་ནི་འཁོར་འདས་ཀུན་གྱི་རྩ་བ་ཞིག་ཡིན་པ་འདྲ། གོང་སྨོས་སྐྱོན་ཡོན་འདི་དག་བུད་མེད་ཀྱི་ལུས་སྟེང་ན་ཡོད་པ་གཅིག་བུ་ཞིག་མིན་པར་དེ་ལ་ལོངས་སྤྱོད་པ་པོའི་ཀུན་སློང་གི་ཁྱད་ཞུགས་པས་ཡིན་པ་འདྲ། ཚན་རིག་པས་བཤད་པ་ལྟར་ན་སྲོག་ལྡན་དང་སྲོག་མེད་རིགས་ལའང་མོ་རྡུལ་དེ་ཚོ་མཁོ་སྤྱོད་ཆེ་བ་དཔེར་ན། གློག་དང་། ཚ་དྲོད། རྫས་འགྱུར་གྱི་ནུས་པ་ཕལ་ཆེ་བ་མོ་རྡུལ་འཁོར་སྐྱོད་ལ་རག་ལས་པ་དང་། མོ་རྡུལ་དེ་ཚོས་ཕོ་རྡུལ་ལ་སྐོར་བ་རྒྱག་གི་ཡོད་པ་དང་དེ་ལ་བརྟེན་ནས་འཇིག་རྟེན་བསྐྲུན་པ་དང་། འགྲོ་བ་མིས་ལོངས་སྤྱོད་བཞིན་པའི་དངོས་པོ་འདྲ་མི་འདྲ་བྱུང་བ་རེད། ཕྱིའི་དངོས་པོའི་ལོངས་སྤྱོད་མཐའ་དག་ལ་དབང་སྒྱུར་བ་བོ་ནི་ཆོས་ལུགས་པ་དག་གིས་བཤད་པ་ལྟར་ངར་འཛིན་དང་ཉོན་མོངས་དུག་གསུམ། མྱོང་ཚོར་ཟེར་བ་དེ་ཚོ་རེད། འགྲོ་བ་མིའི་ཀུན་སྤྱོད་ཐད་ལ་ཚན་རིག་པ་ལ་སྐད་ཆ་བཤད་ཡ་མེད་པ་དང་འདིའི་ཐད་ལ་ཆོས་ལུགས་པ་དག་གིས་སྙིང་རྗེ་དང་བསམ་བཟང་་གི་བསམ་བློའི་སློབ་གསོ་དེ་ཚོ་རླབས་ཆེན་རེད།
སྤོབས་པ་མཐའ་ཡས་ལགས་ཀྱི་མཆན་༢༤བ་ལ་རྒྱབ་སྐྱོར་ཡོད། གཞན་མཆན་ཚང་མ་བཀླགས་ཀྱིན་བཀླགས་ཀྱིན་བོད་མི་རིགས་ཀྱི་བདེ་སྡུག་བཤད་དེ། བྱ་བ་དེ་མ་རུངས་པ་རེད་ཟེར་བཞིན་རང་གིས་ཅི་ཞིག་བཤད་ཀྱིན་ཡོད་པ་ཚོར་གི་མེད་ཚོད་འདུག བྱ་བ་དེ་མ་རུངས་པ་རེད་ཟེར་བཞིན་བྱ་བ་དེའི་རིགས་མི་མཐུད་སྤེལ་དགོས་ཞེས་སྐུལ་སློང་བྱེད་ཀྱི་ཡོད་པ་དག་མཐོང་དུས་སེམས་བསམ་པའི་གཏིང་ནས་ཁོ་ཆད་སོང་། ངོ་མ་ཐང་ཆད་སོང་། གྲོགས་ཚོ་རང་གི་ཚོར་བའི་ཁ་ཕྱོགས་དང་བསྟུན་ནས་སྐད་ཆ་མི་བཤད་པར་སྔ་ཕྱི་བར་གསུམ་ལ་ཞིབ་མོའི་བློ་ཡིས་ལེགས་པར་རྟགས་ཏེ་རྗེས་ཕྱོགས་འདི་ལྟ་བུ་མི་འབྱུང་པའི་ཆེད་དུ་རང་གི་ཉེ་རིང་ཚང་མར་གླེང་སློང་བྱེད་རྒྱུ་གལ་འགང་མི་ཆེའམ།
དོན་དེའི་སྐོར་བོད་ནང་ནའང་བཤད་ཀི་འདུག ར་རྫ་འཇམ་དབྱངས་སྐྱིད་ཀྱིས་རྩོམ་ཡིག་ཅིག་བྲིས་པ་དེའི་སྐོར་ཁ་བརྡ་འདིར་རུ་ཤུལ‚ཆོས་གྲུབ་ཀྱི་རྩོམ་ཡིག་༼བཤད་འདོད་པའི་སྐད་ཆ་ཞིག་༽ཟེར་བར་འཇམ་དབྱངས་སྐྱིད་ཀྱི་རྩོམ་ཡིག་དྲངས་འདུག་པ་ལགས་ན་དེར་གཟིགས་རོགས། འོ་བཤད་རྒྱུ་ཞིག་ལ་འཇམ་དབྱངས་སྐྱིད་ཀྱི་དྲ་བའི་ཁ་བྱང་ཤེས་ནི་ཡོད་ན་འདིར་འགོད་རོགས་ཞུ།
མང་ཆེ་བས་འདྲེ་ཤར་སྒོ་ལ་བཞག་ནས་གླུད་ནུབ་སྒོ་ལ་འཕངས་འདུག
ཡང་ལྷག་པ་ཡེ་ཤེས་ཟེར་བ་དེས། ཨོ་ཨོོོ། གདོན་གཟུགས་བསྟན་པ་ཟེར་དུས་སྟག་རྭ་དང་རི་རྭའི་ཆོས་ལུགས་ལ་ཕོག་ཐུག་སོང་བཞག ཡེ་ཤེས་པ་ང་ཡང་ཁྱེད་ཚོས་ལྷ་ཀླུ་གཞི་བདག་ལ་སྐྱབས་གནས་སུ་ཁས་བླངས་ནས་དམར་མཆོད་བྱེད་འདོད་པ་མིན་ནམ། དུས་རབས་ཉེར་པའི་སྐབས་སུ་ཐོན་ཡོད་པར་མ་ཤེས་པའི་ཕོ་མོ་འདི་ཚོ། གཉིས་ཀ་ལན་པ་རེད། ལྷག་པར་བུད་མེད་དེ་ལུས་གཅེར་བའི་བྱུང་ནས་མནར་གཅོད་གཏོང་བ་སྔོན་བོན་གྱི་ཆོ་ག་བཞིན་བྱེད་པ་འདི་ཤིན་ཏུ་ཐ་ཆད་པ་རེད། ཅེས་བརྗོད་ནས་ཁུངས་མེད་ལུང་མེད་ཀྱི་དཀྲོགས་གཏམ་འགའ་སྤེལ་ཀ་བྱས་འདུག་ཀྱང། དོན་དངོས་རང་བྱས་མི་ལ་གཡོག་ཐབས་ཁོ་ན་ལས་དོན་གྱི་སྙིང་པོ་གང་ཡང་མེད་པའི་གཏམ་ཞིག་ཏུ་སྣང་ངོ། དམར་མཆོད་དང་མནར་གཅོད་བཏང་བའི་སྲོལ་འདི་བོན་པོའི་ཕྱག་ལེན་ནམ་ཡང་ན་བན་དྷེའི་ཕྱག་ལེན་གང་ཡིན་ལོ་རྒྱུས་ལ་གཟིགས་དང་གསལ་ངེས་རེད། ད་ལན་བསྟན་ཤིག་སྒང་གཞིས་ཆགས་ཏུ་བུད་མེད་ལ་མནར་གཅོད་གཏོང་བ་འདི་སྔོན་བོན་གྱི་ཆོ་ག་བཞིན་བྱེད་པ་ཟེར་ནས་ལོག་བཤད་བྱས་འདུག་མོད། དེ་ནི་དོན་ལ་འབྲུག་སྒྲའི་སྟོང་སྐད་ཙམ་ལས་ཁུངས་ལྡན་གྱི་ལོ་རྒྱུས་ཐོག་ནས་གསལ་ཁ་གང་ཡང་འགོད་རྒྱུ་མེད་པ་འདི་སེམས་ཤིན་ཏུ་སྐྱོ། ངས་ཁྱོད་ལ་ཁུངས་ལྡན་གྱི་ལོ་རྒྱུས་ཐུང་ཐུང་ཞིག་གླེང། དེ་ཙམ་གྱི་ཁྱོད་རང་འདི་བན་དྷེའི་ཕྱག་ལེན་དང་བོན་པོའི་ཕྱག་ལེན་གང་ཞིག་ཡིན་པ་ངོས་ཟིན་ཐུབ་ངེས་རེད། ཡང་བསྐྱར་དྭོགས་པ་ཆོད་ཀྱི་མི་འདུག་ན་རྗེས་སུ་ག་ལེར་ག་ལེར་ར་སྤྲོད་ཞུས་ཆོག ཁྱེད་ཅག་རྣམས་ཀྱིས་བྱང་ཆུབ་སེམས་དཔར་གྲགས་པའི་ནང་པ་སངས་རྒྱས་པའི་དགེ་སློང་ལྷ་བླ་མ་ཡེ་ཤེས་འོད་ཅེས་སུ་གྲགས་པ་དེ་ཡིས། བྱ་སྤྱོད་ལ་གཅིག་ལྟོས་དང། གསལ་གསལ་ཐིང་ཐིང་རེད་འདུག་ག མནར་གཅོད་བཏང་སྟངས་དང་དམར་མཆོད་བྱེད་སྲོལ་དེ་ལས་ཚབས་ཆེ་བ་ཞིག་གང་ན་ཡོད། གུ་གེ་ཚེ་རིང་རྒྱལ་པོའི་ཆེད་རྩོམ་ཕྱོགས་བསྒྲིགས་དུ་ལུང་འདྲེན་མཛད་པ། མངའ་རིས་རྒྱལ་རབས་ལས། བོན་པོ་ཐམས་ཅད་བསྡུས་ནས་ཁག་པ་གཅིག་ནང་དུ་བཅུག་ནས་མེ་ལ་བསྲེགས། བོན་དཔེ་ཐམས་ཅད་བསྡུས་ནས་ཆབ་ལ་རྫངས། ཞེས་དང། ལྷ་བླ་མའི་རྣམ་ཐར་ལས། བོན་པོ་ཐམས་ཅད་བསྡུས་ནས་ཁང་པ་གཅིག་ཏུ་བཅུག་ནས་ཧོམ་ལ་གཤེགས་བཤད་དོ། བོན་དཔེ་རྣམས་འགའ་ཞིག་ཆབ་ལ་སྦྱངས། འགའ་ཞིག་ཞུགས་ལ་གསོལ། འགའ་ཞིག་སར་བཞུགས་པར་གསོལ་ཞིང། འགའ་ཞིག་དྲི་གཞོན་ལ་སྤྱན་དྲང་བར་བྱ། ཞེས་སུ་གསལ་བ་དེ་དག་དམར་མཆོད་ནང་ནས་མི་གསོན་བསྲེགས་བྱས་པའི་དམར་མཆོད་དེ་ཚོ། སུས་བྱས་འདུག་ཡག་པོ་ལྟོས་དང། དེ་ཚོ་སུའི་ཕྱག་ལེན་རེད་འདུག་ཡག་པོ་ལྟོས་དང། ཧ་གོ་ངེས་རེད། ཡང་བསྐྱར་ང་ནང་པ་སངས་རྒྱས་པ་ཟེར་ནས་འཇིང་པ་སྦོམ་མདོག་བྱས་མ་བྱས་གང་ཡོད། ངས་ཁྱོད་རང་ལ་ཁར་སྔོན་ནས་གོ་བརྡ་སྤྲད་ཡོད་པ། འདི་ནི་ཁྱོད་རང་གིས་བོན་ལ་སྡང་གཟུགས་བྱས་པའི་རྐྱེན་གྱིས་གླེང་དགོས་བྱུང་བ་ཞིག་ཡིན་པས། གྱོད་ཀྱི་གཞི་མ་ཡང་ཁྱོད་རང་ཁོ་ནའོ། ཡང་བསྐྱར་ལྕེ་ལ་བདག་པོ་མ་བརྒྱབ་ན་ངས་ཁུངས་ལྡན་གྱི་ལོ་རྒྱུས་འབྲེལ་ནས་གཅིག་གཅིག་གཉིས་གཉིས་ལྷང་ལ་འབུད་ངེས་ཡིན་པ་ལས་ཁུངས་མེད་ལུང་མེད་ཀྱིས་ཁྱོད་ལྟ་བུའི་དཀྲོག་གཏམ་མི་སྤེལ་ཐག་ཆོད་ཡིན། ཁྱོད་ལ་ཁུངས་ལྡན་གྱི་ལོ་རྒྱུས་གང་ཡང་བཤད་རྒྱུ་མི་འདུག་ག ཁྱོད་རང་གི་ཤོད་སྟངས་ནི་ནར་མ་སོན་པའི་བྱིས་པའི་ཁ་ཁྲུག་ལྟ་བུའམ་ཡང་ན་སྣང་བ་གང་ཤར་ཁ་ནས་ཤོད་མཁན་གྱི་བཟའ་ཟླ་ངན་པའི་དམོད་ངན་འབའ་ཞིག་ལས། ཁུངས་ལྡན་ལོ་རྒྱུས་ཀྱི་རིམ་པ་གང་ཡང་མི་འདུག་གོ
བཀའ་དྲིན་ཆེ་སྟག་ར་ཚང་ལགས། དེ་འདྲའི་རྣམ་དཔྱོད་དང་ལོ་རྒྱུས་དེ་བོན་གྱི་སྟག་ར་ཁུངས་ལྡན་ཡིན་ནམ། ལྷ་བླ་ཡེ་ཤེས་འོད་ནི་ནང་ཆོས་དོན་དུ་སྐུ་སྲོག་བཏང་ནས་ཇོ་བོ་རྗེ་གདན་འདྲེན་གྱིས་གསུངས་པའི་ལོ་རྒྱུས་མཐོང་ན་ངུ་བྲོ་བ་དུ་མ་ཡོད། ང་ལ་དགོས་མཁོ་ཡོད་པ་ཡང་དེ་ཡིན། ངས་མོར་ཙམ་བཤད་ཡོད། ད་དུང་ཁྱོད་ཀྱིས་ཤོད་དང་། ཤམ་ཐབས་སྔོན་པོའི་བོན་སྒོའི་ཐོག་མ་འདི་ནས་བྱུང་བར་ང་སྨྲའོ། ཞེས་པའི་ངའི་སྒྲུབ་བྱེད་རེད། བོ་ལོ་ཁྱོད་གཤིན་རབ་ཀྱིས་སྐྱོབས།
ངུ་བྲོ་བའི་གཏམ་རྒྱུད་དུ་མ་ཞིག་ཡོད་པ་སྲིད་ཀྱང། མི་ཚོ་མང་པོ་ཁང་པ་གཅིག་གི་ནང་དུ་བཅུག་ནས་གསོན་བསྲེགས་བྱས་ཏེ་དམར་མཆོད་བྱེད་པ་ལས་ཚབས་ཆེ་བ་ཞིག་ངུ་རྒྱུ་སུ་ལ་ཡོད། དྲང་བདེན་གྱི་ལམ་ནས་རྟོག་དཔྱོད་ཞིག་མཛོད་དང། ཁྱོད་ལྷག་པ་ཡེ་ཤེས་ཡིན་ན་འདྲ། ཁྱོད་སྤོབས་མཐའ་ཡིན་ན་འདྲ། གང་ལྟར་ལྷ་བླ་ཡེ་ཤེས་འོད་ཀྱིས་སྐུ་སྲོག་བཏང་ནས་ཇོ་བོ་རྗེ་གདན་འདྲེན་ཞུས་ནའང་འདྲ། མདོར་ན་མི་ཚོགས་མང་པོ་གསོན་བསྲེགས་ཀྱི་བདུད་ལས་དོན་དུ་གཉེར་མཁན་ཞིག་ཡིན་ཕྱིན་ཆད། དེ་ལ་ནང་པ་སངས་རྒྱས་པ་ཞེས་ཁ་ནས་མིང་མཛེས་ཇི་ཙམ་བཤད་ཀྱང་དོན་ལ་ནང་པ་སངས་རྒྱས་པར་ཁས་བླང་ཐུབ་བམ། ཡ་ལྷག་པ་ཡེ་ཤེས་ལགས། གལ་ཏེ་དེ་དུས་མི་ཚོགས་གསོན་བསྲེགས་བྱས་པའི་སྐབས་ཁྱོད་ཀྱི་དྲིན་ཅན་གྱི་ཕ་རྒན་དང་མ་རྒནགཉིས་པོ་དེའི་ཁོངས་ཡོད་རྒྱུ་ན། ཁྱོད་ཀྱིས་ཅི་སེམས། སྐད་ཆ་དྲང་པོ་ཞིག་ཤོད་ཨ། ཁྱོད་ལ་ཚོར་བ་ཅི་འདྲ་ཞིག་ཡོངས་ས་རེད། ཁྱོད་རིགས་པ་སྨྲ་བ་ཞིག་ཡིན་མིན་དེ་ནས་ཐག་ཆོད་ཀྱི་རེད། ཡང་སྐབས་དེའི་རིང་ཁྱོད་རང་དེའི་ཁོངས་སུ་ཡོད་རྒྱུ་ན། ཁྱོད་ཀྱིས་ཅི་ཞིག་སེམས་ས་རེད། སྐད་ཆ་དྲང་པོ་ཞིག་ཤོད་ཨ། ཁྱོད་གླེན་པ་ཞིག་མ་ཡིན་པའི་དབང་དུ་བཏང་ན། ཁ་ནས་བཤད་པ་དང། ལུས་ཐོག་ཏུ་མྱོང་བ་གཉིས་ལ་ཁྱད་པར་ཇི་ཙམ་ཡོད་མེད། ཁྱོད་ཀྱིས་ཤེས་མདོག་ཁ་པོ་རེད།
ལྷག་ཤེས་ལགས། གཏམ་ལ་གཏམ་ལན་ཡོད་ན། རྗེས་སུ་ཡང་བསྐྱར་ག་ལེར་ཐུག་འཕྲད་བྱ་ཆོག་གི་རེད། ཁུངས་མེད་ཀྱི་སྦིར་གཏམ་སྒྲོགས་ནས་བསྡད་ན་། དེ་ཙམ་ལས་ཕན་པ་མེད། རང་གཞན་གཉིས་ཀ་ལ་བློ་བསྐྱེད་རགས་ཀྱི་མ་རེད། སྐད་ཆ་ཁུངས་ལྡན་ཤོད། ལན་དོན་ལྡན་རྒྱབ་ཤོག་ཨ།
རྣམ་པ་ཚོ་སྐུ་མཁྱེན། མི་དགོས་པའི་གླེང་མོལ། དོན་མེད་ཀྱི་རྙོག་གཏམ། དགྲ་དགའ་གཉེན་སྡུག་གི་སྐད་ཆ། འདི་དག་བཤད་ན་དགེ་མཚན་ཅི་ཡོད། རང་གཞན་སུའང་སྐྱོན་དང་ཞན་ཆ་མེད་ས་ཞིག་གནམ་འོག་འདིར་ཡོད་མི་སྲིད། དེས་ན་ཐུགས་དཀྱིལ་ཀུ་ཡངས་ཀྱི་སྒོས་འུ་ཅག་ཀུན་ལ་ཕན་པའི་བསམ་ཚུལ་རེ་སྤེལ་རོགས།
སྲིད་འིདའི་བདེ་སྡུག་གློག་གི་བཟློས་གར་བཞིན༏་སྐད་ཅིག་མི་རྟགས་རྣ་ཆོགས་འགྱུར་ནས་འགྲོ༏་དེ་བཞིན་བདེ་སྡུག་དགྲ་གཉེན་ཐམས་ཅད་ལ༏་ཡིད་སྟོན་མ་མཇད་བསླུ་བའི་ཆོས་ཅན་ལགས༏་
བདེན་པ་ཡིན་ཡང་ནང་ཚང་སྟོན་མི་ཉན།། ཕན་གནོད་གཉིས་ལ་ངེས་པར་བསམ་བློ་གཏོང་།། ཁ་བརྡ་དྲ་རྒྱ་ཁྱེད་ལ་བདག་མེད་པས།། མཛམས་གླིང་སྤྱ་ཡི་མཐོང་བའི་མེ་ལོང་ཡིན།།
དངོས་གནས་མི་གཉོམ་ཆུང་ཞིག་ལ་ཐུབ་ཚོད་བྱས་པ་རེད་འདི་འདྲའི་བྱ་སྤྱོད་སྤེལ་ན་ཕོ་མོ་གཉིས་ཀ་འདྲ་མཉམ་གྱི་ཁྱད་ལས་བྱས་ན་དེ་ལ་དགག་བྱ་མི་འདུག་་་་་ཐབས་སྡུག་གི་ལས་གཞི་སྤེལ་ས་ཉམ་ཆུང་ཞིག་ཡིན་པ་ཡིད་སྐྱོ་བ་ལ་མི་དེ་ཚོའི་གྲས་བོད་པའི་སྤྱི་ཙོགས་ནས་ཕྱིར་ཕུད་དགོས་པ་མ་ཟད་ཚོགས་པ་སྐྱིད་སྡུག་སུ་ཡིན་ཡང་ཁྱད་ལས་དྲག་པོ་ཞིག་མུ་མཐུད་སྤེལ་དགོས་་་་་་་ད་དུང་བུད་མེད་ཚོགས་པ་རང་དངོས་ནས་དེ་བས་གནོན་ཤུགས་སྤྲད་དགོས་་་་་་ང་ཚོ་བོད་གཞེས་བྱེས་ཉིས་ཆར་ངོ་གནོང་དགོས་པ་དང་ཡ་རབས་སྤྱོད་བཟང་དང་མང་གཙོ་ཟེར་བ་ཁ་ནས་བཤད་ས་མེད་པ་བཟོས་སོང་བས་འདིས་རིགས་ལ་མི་མང་ཚང་མའི་རྡོག་རྩ་ཆིག་སྒྲིལ་གྱི་གནོན་ཤུགས་ཡིད་ཚིམ་པ་སྤྲད་དགོས་སྙམ།
བཀའ་ཤག་དང་གཞུང་ནས་འདི་ལ་དགོངས་འཆར་དང་ཐག་ཆོད་གང་ཡང་མེད་པར་རྒྱ་ཡན་དུ་བཏང་བ་ནི་ཆེས་བློ་ཕམ་ཡོད། གོང་གི་ཀླ་ཀློ་འདྲ་བའི་མི་ངན་དེ་ཚོ་དངོས་བཙན་བྱོལ་གཞུང་གི་ཁྲིམས་འོག་ཏུ་ཡོད་ཚེ་རང་བཙན་ལག་དེབ་སོགས་ཕྱིར་བསྡུ་བྱ་དགོས་རེད། ད་ཡིན་ན་གཞིས་ཀྱི་རྩོམ་པ་པོ་མང་པོ་ཞིག་གིས་རྩོམ་ཡིག་ཐོན་བཞིན་འདུག་ལ། འདིའི་རིགས་ལ་བློ་བཟང་སངས་གེ་གཙོས་ང་ཚོས་འགྲེལ་བཤད་ཇི་ལྟ་རྒྱག་རྒྱུ་ཡིན།
http://tibet.net/tb/2011/08/31/བསྟན་འཛིན་སྒང་བོད་མིའི/
བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ནང་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༦ ཉིན་བཟའ་ཚང་དབར་གྱི་རྙོག་གླེང་བཅད་ཁྲ།
༢༠༡༡ ཟླ་ ༨ ཚེས་ ༣༡ རེས་གཟའ་ལྷག་པ།
རྙོག་གླེང་གི་བྱུང་རིམ་ལོ་རྒྱུས།
༄༅། །བསྟན་འཛིན་སྒང་གཞིས་གྲོང་དང་པོའི་ནང་གནས་སྡོད་གཞིས་མི་དཀོན་མཆོག་བསྟན་པ་དང་བཟའ་ཟླ་པ་སངས་སྒྲོལ་མ་གཉིས་ཀྱི་དབར་ལ་དམན་རིན་འཛིན་སྒྲོལ་མས་ལོ་མང་སྔོན་ནས་འབྲེལ་བ་བྱེད་བཞིན་ཡོད་པ་ལ་དོ་བདག་ནང་ཁུལ་ནས་མནའ་སྐྱེལ་དམ་བཅའ་དང་སློབ་གསོ་རབས་དང་རིམ་པ་ཕྱི་ནང་གཉིས་ཀྱི་སྤུན་མཆེད་རྣམས་ནས་བརྒྱབ་སྟེ་ནང་འགྲིག་བྱས་པ་ལས་ས་གནས་ཀྱི་སྤྱི་མི་བརྒྱ་དཔོན་སུ་ལའང་ཞུ་གཏུགས་མ་བྱས་པ་དངོས་ཡོད་རེད་འདུག དེ་ནས་ཉིན་ཤས་སྔོན་དམན་པ་སངས་སྒྲོལ་མས་ཁོ་མོའི་བཟའ་ཟླ་དཀོན་མཆོག་བསྟན་པའི་ལག་ཐོག་ཁ་པར་བརྒྱུད་དམན་རིན་འཛིན་སྒྲོལ་མ་དང་དཀོན་མཆོག་བསྟན་པའི་དབར་གབ་མཐུན་གྱིས་ལུས་འབྲེལ་བྱས་པའི་འདྲ་པར་དངོས་མཐོང་ལག་འཛིན་བྱུང་བ་ལ་ཁོ་མོ་ཡིད་ཀྱི་མ་བཟོད་པར་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༦ ཉིན་གྱི་སྔ་དྲོ་བཟའ་ཟླ་དཀོན་མཆོག་བསྟན་པ་ས་གནས་སུ་མེད་པ་དང་སྐབས་བསྟུན་དམན་པ་སངས་སྒྲོལ་མས་ནང་མི་སྤུན་མཆེད་མཉམ་ངན་གྲོས་ཀྱིས་དམན་རིན་འཛིན་སྒྲོལ་མ་ལ་ཉེས་རྡུང་དང། མགོ་སྐྲ་གཏུབ་པ། གདོང་ནག་བཟོས་པ། མཐར་གཅེར་བུ་བཟོས་ཏེ་འཐེན་དྲུད་ཀྱིས་ཁྲོམ་སྐོར་བྱས་པ་སོགས་གཞིས་ཆགས་ཙམ་དུ་མ་ཟད། བོད་མི་ཡོངས་ཀྱི་བསམ་ཡུལ་ལ་མེད་པའི་ངོ་ཚ་ཁྲེལ་མེད་ཀྱི་བྱ་སྤྱོད་བྱས་ཀྱང་དོ་བདག་དམན་རིན་འཛིན་སྒྲོལ་མ་ནས་སྤྱི་བརྒྱ་དང་གཞིས་ལས་ཁང་དུ་སྙན་སེང་ཙམ་ཡང་ཞུས་མེད། འོན་ཀྱང་ཕྱི་ཚེས་ ༢༠ རེས་གཟའ་ལྷག་པ་ཉིན་ས་གནས་འཐུས་ཚོགས་དང་བརྒྱ་དཔོན་ཡོངས་ནས་ས་གནས་འགོ་འཛིན་ལས་ཁུངས་སུ་གནས་ཚུལ་འདིའི་ཐད་གཞིས་མི་ཡོངས་ནས་སེམས་འཚབ་ཀྱིས་ངེས་པར་དུ་གྲོས་བསྡུར་དགོས་པ་དང། ཡུལ་མི་ནས་ཀྱང་བསམ་ཚུལ་འདྲ་མིན་གྱིས་ས་གནས་འགོ་འཛིན་ལས་ཁུངས་སུ་དྲི་རྩད་བྱུང་བ་བཞིན་ས་འགོ་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༥ ཉིན་རྒྱབ་ཆུ་ཚོད་ ༢།༠༠ ནས་དགོང་དྲོ་ཆུ་ཚོད་ ༨།༠༠ བར་ས་གནས་འཐུས་ཚོགས་མཉམ་འཛོམས་ཐོག་གྲོས་བསྡུར་དང་ཚང་མས་མོས་མཐུན་གྱིས་སྐྱོན་འཛུགས་དང་ཉེས་ཆད་བཅས་ཐག་གཅོད་བྱུང་བ་གཤམ་གསལ།
ས་གནས་མི་མང་ནས་སྐྱོན་འཛུགས།
ཉིན་འདིའི་རྐྱེན་ངན་བྱུང་བ་ལ་བཟའ་ཚང་ཁ་བྲལ་ཆགས་མེད་ལ་མ་ལྟོས་པར་མི་མང་གི་བསམ་ཚུལ་ནང་སྤྱིར་གཞིས་ཆགས་ནང་བཟའ་ཚང་དབར་གྱི་རྙོག་གླེང་ཆེ་ཆུང་ཡོང་བཞིན་ཡོད་པ་ལ་ཐག་གཅོད་ཀྱང་ཆེ་ཆུང་མང་པོ་བྱུང་ཡོད། འོན་ཀྱང་དམན་པ་སངས་སྒྲོལ་མས་རང་ཐག་རང་གཅོད་ཐོག་ཕྱི་མི་མཉམ་ཁྲིད་བྱས་ནས་དམན་རིན་འཛིན་སྒྲོལ་མ་ལ་
ཁྲིམས་བཅད་བཏང་ཡོད་པ་ས་གནས་འགོ་འཛིན་ལས་ཁུངས་དང་གཞིས་ཆགས་ཀྱིས་ཁྲིམས་ལ་བརྩི་སྲུང་མེད་པའི་བྱ་སྤྱོད་ལ་ཐག་གཅོད་དགོས་རྒྱུ།
སྐྱོན་གནད།
དོན་ཚན་དང་པོ། དམན་རིན་འཛིན་སྒྲོལ་མའི་བྱ་སྤྱོད་ལ་པ་སངས་སྒྲོལ་མའི་ནང་མི་སྤུན་མཆེད་ནས་གཅེར་བུར་ཁྲོམ་སྐོར་བྱས་པ།
དོན་ཚན་གཉིས་པ། དམན་པ་སངས་སྒྲོལ་མའི་གཅེན་མོའི་བཟའ་ཟླ་ཕྱི་མི་གཞིས་ཆགས་ནང་དུ་ཁྲིད་ནས་ཐེ་བྱུས་བྱས་པ།
དོན་ཚན་གསུམ་པ། དམན་པ་སངས་སྒྲོལ་མའི་སྤུན་མཆེད་གཅུང་པོ་གཞིས་མི་བསྟན་འཛིན་མཆོག་སྒྲུབ་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་སྤྱི་པའི་འགན་འཁུར་བྱེད་མི་ཡིན་པའི་ཆ་ནས་བཀག་འགོག་མ་བྱས་པའི་སྐྱོན།
དོན་ཚན་བཞི་པ། རྙོག་གླེང་བྱུང་གཞི་གཙོ་བོ་གཞིས་མི་དཀོན་མཆོག་བསྟན་པ་དང་དམན་རིན་འཛིན་སྒྲོལ་མ་གཉིས་ཡིན།
ཉེས་ཆད།
དོན་ཚན་དང་པོ་དང་གཉིས་པ། དམན་པ་སངས་སྒྲོལ་མ་དང་ཉིན་དེར་ཡོད་པའི་ནང་མི་སྤུན་མཆེད་རྙོག་གླེང་ནང་ཐེ་བྱུས་བྱེད་མཁན་སྤྱི་ཡོངས་ནས།
༡༽ ༸གོང་ས་མཆོག་གི་སྐུ་པར་མདུན་དུ་མཇལ་དར་དང་འགྱོད་ཕྱག་ཞུ་རྒྱུ་གཙོ་བོར་འགྱུར་བའི་མི་མང་གྱི་སྐུ་ཚབ་མདུན་ལ་དགོངས་སེལ་ཞུ་རྒྱུ།
༢༽ གནས་ཡུལ་ས་གནས་སུ་རྐྱེན་ངན་བར་ཆད་མ་ཡོང་སླད་ས་གནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་བརྒྱུད་བཀའ་ལུང་ཞུས་ནས་ཞབས་རིམ་ཇི་ཕེབས་བསྒྲུབ་རྒྱུ།
༣༽ དངུལ་རྐྱང་ཉེས་ཆད་སྒོར་ ༤༠༠༠༠།༠༠ ཐམ་པ་ཉིན་གྲངས་བཅུ་ཡི་ནང་ཚུད་གཞིས་ལས་ཁང་དུ་འབུལ་རྒྱུ།
དོན་ཚན་གསུམ་པ།
༡། གཞིས་མི་བསྟན་འཛིན་མཆོག་སྒྲུབ་ནས་བོད་མིའི་སྤྱི་ཚོགས་སྟེང་གི་འགན་འཁུར་ཆ་ཚང་ཕྱི་ལོ་ ༢༠༡༣ ཟླ་ ༡༢ བར་མཚམས་འཇོག་དགོས་རྒྱུ་དང།
༢། དངུལ་རྐྱང་ཉེས་ཆད་སྒོར་ ༥༠༠༠།༠༠ ཐམ་པ་ཉིན་གྲངས་བཅུ་ཡི་ནང་ཚུད་གཞིས་ལས་ཁང་དུ་འབུལ་དགོས་རྒྱུ།
དོན་ཚན་བཞི་པ།
རྙོག་གླེང་བྱུང་གཞི་གཙོ་བོ་གཞིས་མི་དཀོན་མཆོག་བསྟན་པ་ནས་དངུལ་རྐྱང་ཉེས་ཆད་སྒོར་ ༢༠༠༠༠།༠༠ ཐམ་པ་ཉིན་གྲངས་བཅུ་ཡི་ནང་ཚུད་གཞིས་ལས་ཁང་དུ་འབུལ་དགོས་རྒྱུ་དང་དམན་རིན་འཛིན་སྒྲོལ་མ་ལ་དམིགས་བསལ་གྱི་ཉེས་ཆད་གཏོང་མ་དགོས་པའི་ཐག་གཅོད་བྱུང་བའི་རྒྱུ་མཚན་ནི་ཉིན་དེར་ཁོ་མོ་དམན་པ་སངས་སྒྲོལ་མའི་ནང་མི་ནས་ཉེས་རྡུང་དང་ངོ་ཚ་ཚད་མེད་བཏང་བར་འཐུས་པ་ཞུ་རྒྱུའི་སྤྱི་མོས་ཐག་གཅོད་དུ།
མཐའ་དོན། ༡། གོང་གསལ་དངུལ་ཆད་ཆ་ཚང་མ་འོངས་ས་གནས་ཀྱི་ཆོས་ཕྱོགས་ཐོག་བེད་སྤྱོད་གཏོང་རྒྱུ་སྤྱི་མོས་ཐག་གཅོད་དང་བཅད་ཁྲ་ངོ་བཤུས་ཆ་ཚང་གཅིག་དབྱིན་ཡིག་ཐོག་ཡུལ་མི་ལ་འབུལ་རྒྱུ།
༢། བཟའ་ཚང་དབར་གྱི་གནད་དོན་ཐད་ནང་མི་ནང་ཁུལ་འགྲིག་ཐབས་བྱུང་ན་གང་ལེགས་དེ་མིན་ལས་ཁུངས་ནས་ཐག་ཆོད་དགོས་ཚེ་ཐག་གཅོད་བྱ་རྒྱུ།
༣། དམན་རིན་འཛིན་སྒྲོལ་མ་ཐད་མ་འོངས་བསྐྱར་དུ་བཟའ་ཚང་དབར་ལ་འབྲེལ་བ་གཞག་མ་ཆོག་པའི་གཞིས་ལས་ཁང་ནས་འགན་འཁུར་གཙོ་བོ་ལེན་པའི་ཐོག་སྤྱི་མི་བརྒྱ་དཔོན་ཡོངས་ཀྱིས་སློབ་གསོ་དང་དོ་བདག་དམན་རིན་འཛིན་སྒྲོལ་མ་དང་དཀོན་མཆོག་བསྟན་པ་གཉིས་ཀྱི་དབར་ཡིག་ཐོག་ཁས་ལེན་ལོགས་སུ་འཇོག་རྒྱུ་བཅས་སྤྱི་མོས་ཐག་གཅོད་དུ། བསྟན་འཛིན་སྒང་ས་གནས་འགོ་འཛིན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༥ ལ།
འདི་ཚོ་ཚང་མ་ཉོན་མོངས་ཀྱི་དགྲ་བོ་དེས་བཟོས་པ་རེད། ཁོ་སྟོབས་བོ་ཆེ་དྲག་ནས་རང་གཞན་ཀུན་ལ་བཙེས་པར་བྱེད། ད་གང་དྲག
ཨུ་ཧུ་ལ་ ད་ཟིགས་དང་ཁྲིམ་ཆད་འདིས་རང་གཟུགས་ཚངས་མ་མངོན་གྱི་འདུག་
བསྟན་འཛིན་སྒང་ས་གནས་འགོ་འཛིན་ལས་ཁུང་ནས་ ༢༠༡༡ ཟླ ༧ ཚེས ་༢༥བཅད་ཁྲའི་ནང་གསལ་ལ་པ་སངས་སྒྲོལ་མའི་ངན་རོགས་ཉིན་དེར་ཡོད་པའི་ནང་མི་སྤུན་ཆེད་ཚོ་༧་གོངས་ས་མཆོག་གི་སྐུ་པར་མདུན་དུ་ཕྱག་་ཚལ་རྒྱུ་དངུལ་སྒོར་༤༠༠༠༠་གནས་ཡུལ་ས་གནས་སུ་རྐྱེན་ངན་བར་ཆད་ཡོང་ཀླད་ཞབས་རིམ་སྒྲུབ་རྒྱུ་ཞེས་འཁོད་པར་ ཁྲིམས་ནི་འགྲོ་ཝ་མའི་སྤྱི་ཚོགས་ཀྱི་འབྲེལ་བར་ལེགས་སྒྲིག་བྱེད་པའི་བྱ་སྤྱོད་ཀྱི་གཞི་འཛིན་ས་ཞིག་ཡིན་ དེ་སྤྱི་ཚོགས་ཀྱི་ཐོན་སྐྱེས་འབྲེལ་བ་ངེས་ཅན་ཞིག་དང་འཚམས་མཐུན་ཡིན་པ་དང་རྒྱལ་ཁབ་ཀྱི་་སྟོབས་ཤུགས་ཀྱིས་ལག་བསྟར་བྱ་རྒྱུ་འགན་ལེན་བྱེད་པའི་མི་རྣམས་ཀྱི་བྱ་སྤྱོད་སྒྲིག་སྲོལ་གྱི་སྤྱི་བསྡོམས་དང་མང་ཚོགས་དང་རྒྱལ་ཁབ་ཀྱི་འདོད་བློའི་མཚོན་ཚུལ་ཡིན་པ་རེད་ དེར་དོན་ཚན་གཏན་འབེབས་གསལ་པོ་དང་ཡོངས་ཁྱབ་ཀྱི་ གཅུན་འདོམས་ནུས་པ་ལྡན་ཡོད་བཅའ་ཁྲིམས་དེ་སྤྱི་ཚོགས་ཀྱི་ཚད་འཛིན་ས་ཞིག་ཡིན་པའི་ངོས་ནས་མི་རྣམས་ཀྱིས་འབྲེ་ཝ་ངེས་ཅན་ཞིག་གི་ནང་གང་བྱས་ཆོག་པ་དང། གང་ཞིག་བྱེད་དགོས་པ།
གང་ཞིག་བྱས་མི་ཆོག་པ་བཅས་གཏན་འབེབས་གསལ་པོ་དང་ཞིབ་ཕྲ་བྱས་ཡོད་
ཁྲིམས་ནི་འགྲོ་ཝ་མའི་བདེན་དོན་གྱི་ཁེ་དབང་གསུང་ཀྱོང་འོས་འགན་གཏན་འབེབས་འམ་ དེའང་རྩ་འཛུགས་དངམི་སྒེར་གངརུང་གི་ལས་དོན་སྒྲུབ་པའི་ཙད་གཞི་ཞིག་ཏུ་གྱུར་ཡོད་པས་ཉེས་པར་དུ་ཁྲིམས་ལྟར་མང་གརྩོའི་ཀ་བ་གསུམ་གྱི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པའི་ཁྱབ་ཁོང་ནས་ཐགས་གཅོད་གནང་གྱུ་ལས་དེ་མན་ནང་འཁུལ་འགྲིག་ཐབ་ ལྷགས་པར་དུ་༧་གོངས་ས་མཆོག་གིས་སྐུ་པར་ཁྲིམ་ཀྱི་ལག་ཆར་བེད་སྤྱོད་བྱས་པ་དེ་ནི་བོད་མིའེ་རྩ་ཁྲིམ་དོན་ཚན་གངས་ཀྱི་ནང་དུ་འཁོད་མེད་ མ་ཟད་ས་གནས་ཡུལ་མིར་བར་ཆད་མ་ཡོང་ཀླད་ཞབས་རིམ ་སྒྲུབ་གྱུ་ཞེས་ དེ་ནི་བོད་མེད་རིག་འཛིན་ཀྱི་སྐུ་གཟུགས་དམར་ཧྲང་དེས་རྐྱན་པས་བོད་མེད་ཀྱི་ཐོབ་ཐངས་ལ་སྨ་འབེབས་དང མདོ་དོ་ས་གནས་གཞི་ལས་ ལ་ཡོངས་འབབས་
བསགས་ཆེད་ཙམ་ལས་མ་འདས
ཨུ་ཧུ་ལ་ ད་ཟིགས་དང་ཁྲིམ་ཆད་འདིས་རང་གཟུགས་ཚངས་མ་མངོན་གྱི་འདུག་
བསྟན་འཛིན་སྒང་ས་གནས་འགོ་འཛིན་ལས་ཁུང་ནས་ ༢༠༡༡ ཟླ ༧ ཚེས ་༢༥བཅད་ཁྲའི་ནང་གསལ་ལ་པ་སངས་སྒྲོལ་མའི་ངན་རོགས་ཉིན་དེར་ཡོད་པའི་ནང་མི་སྤུན་ཆེད་ཚོ་༧་གོངས་ས་མཆོག་གི་སྐུ་པར་མདུན་དུ་ཕྱག་་ཚལ་རྒྱུ་དངུལ་སྒོར་༤༠༠༠༠་གནས་ཡུལ་ས་གནས་སུ་རྐྱེན་ངན་བར་ཆད་ཡོང་ཀླད་ཞབས་རིམ་སྒྲུབ་རྒྱུ་ཞེས་འཁོད་པར་ ཁྲིམས་ནི་འགྲོ་ཝ་མའི་སྤྱི་ཚོགས་ཀྱི་འབྲེལ་བར་ལེགས་སྒྲིག་བྱེད་པའི་བྱ་སྤྱོད་ཀྱི་གཞི་འཛིན་ས་ཞིག་ཡིན་ དེ་སྤྱི་ཚོགས་ཀྱི་ཐོན་སྐྱེས་འབྲེལ་བ་ངེས་ཅན་ཞིག་དང་འཚམས་མཐུན་ཡིན་པ་དང་རྒྱལ་ཁབ་ཀྱི་་སྟོབས་ཤུགས་ཀྱིས་ལག་བསྟར་བྱ་རྒྱུ་འགན་ལེན་བྱེད་པའི་མི་རྣམས་ཀྱི་བྱ་སྤྱོད་སྒྲིག་སྲོལ་གྱི་སྤྱི་བསྡོམས་དང་མང་ཚོགས་དང་རྒྱལ་ཁབ་ཀྱི་འདོད་བློའི་མཚོན་ཚུལ་ཡིན་པ་རེད་ དེར་དོན་ཚན་གཏན་འབེབས་གསལ་པོ་དང་ཡོངས་ཁྱབ་ཀྱི་ གཅུན་འདོམས་ནུས་པ་ལྡན་ཡོད་བཅའ་ཁྲིམས་དེ་སྤྱི་ཚོགས་ཀྱི་ཚད་འཛིན་ས་ཞིག་ཡིན་པའི་ངོས་ནས་མི་རྣམས་ཀྱིས་འབྲེ་ཝ་ངེས་ཅན་ཞིག་གི་ནང་གང་བྱས་ཆོག་པ་དང། གང་ཞིག་བྱེད་དགོས་པ།
གང་ཞིག་བྱས་མི་ཆོག་པ་བཅས་གཏན་འབེབས་གསལ་པོ་དང་ཞིབ་ཕྲ་བྱས་ཡོད་
ཁྲིམས་ནི་འགྲོ་ཝ་མའི་བདེན་དོན་གྱི་ཁེ་དབང་གསུང་ཀྱོང་འོས་འགན་གཏན་འབེབས་འམ་ དེའང་རྩ་འཛུགས་དངམི་སྒེར་གངརུང་གི་ལས་དོན་སྒྲུབ་པའི་ཙད་གཞི་ཞིག་ཏུ་གྱུར་ཡོད་པས་ཉེས་པར་དུ་ཁྲིམས་ལྟར་མང་གརྩོའི་ཀ་བ་གསུམ་གྱི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པའི་ཁྱབ་ཁོང་ནས་ཐགས་གཅོད་གནང་གྱུ་ལས་དེ་མན་ནང་འཁུལ་འགྲིག་ཐབ་ ལྷགས་པར་དུ་༧་གོངས་ས་མཆོག་གིས་སྐུ་པར་ཁྲིམ་ཀྱི་ལག་ཆར་བེད་སྤྱོད་བྱས་པ་དེ་ནི་བོད་མིའེ་རྩ་ཁྲིམ་དོན་ཚན་གངས་ཀྱི་ནང་དུ་འཁོད་མེད་ མ་ཟད་ས་གནས་ཡུལ་མིར་བར་ཆད་མ་ཡོང་ཀླད་ཞབས་རིམ ་སྒྲུབ་གྱུ་ཞེས་ དེ་ནི་བོད་མེད་རིག་འཛིན་ཀྱི་སྐུ་གཟུགས་དམར་ཧྲང་དེས་རྐྱན་པས་བོད་མེད་ཀྱི་ཐོབ་ཐངས་ལ་སྨ་འབེབས་དང མདོ་དོ་ས་གནས་གཞི་ལས་ ལ་ཡོངས་འབབས་
བསགས་ཆེད་ཙམ་ལས་མ་འདས
དངོས་གནས་བསྟན་འཛིན་སྒང་གི་གནས་ཚུལ་ཐབས་སྡུག་པོ་ང་ཚོའི་དགྲ་བོས་གོ་ན་དགའ་འོས་པ་དང་། བོད་མིའི་ཞབས་ནས་འདྲེན་པའི་གནས་ཚུལ་དེའི་ནང་ཚུད་པའི་གང་ཟག་དེའི་རིགས་ལ་ད་དུང་ཡང་ཉེས་པ་ཆུང་དྲགས་འདུག་ན། བོད་མའི་སྒྲིག་འཛུགས་ཀྱི་ངོས་ནས་སམ། ཡང་ན་འབྲེལ་ཡོད་ཚང་མས་ཤུགས་རྒྱག་ནས་ཅི་ནས་ཀྱང་ཁེ་ན་ཌར་བསྐྱོད་རྒྱུའི་གོ་སྐབས་དེ་ངེས་པར་དུ་བཀག་དགོས་པའི་འབོད་བསྐུལ་ཞུ། རྒྱབ་བསྐྱོར་ཡོད་ན་མཆན་འགོད་རོགས་གནང་།