ཆང་སྐྱེས།
དང་པོ་ཁྱེད་དང་མ་ཐུག་ཆོག་ག།
གཉིས་པ་འབྲེལ་འདྲིས་མེད་ན་བསམ་བྱུང་།།
ཁྱེད་རང་མཐོང་བའི་སྐད་ཅིག་དེ་ལ།།
བདག་སེམས་ཁྱེད་ལ་དབང་མེད་ཤོར་སོང་།།
དྲན་པའི་སྒོ་མོ་ནང་ལ་བཀུག་སྟེ།།
ཡིད་ཀྱི་སྒེའུ་ཁུང་དལ་གྱིས་ཕྱེས་ཚེས།།
གངས་དཀར་སེམས་ཀྱི་རི་བོའི་རྩེ་ནས།།
ཁྱོད་ཞལ་ཟླ་བ་ཡུན་གྱིས་འཛུམ་བྱུང་།།
སྙིང་གི་དྲན་གདུང་ལག་པས་སྐྱོར་ཏེ།།
ཐ་མག་རྐང་གཅིག་ཤུགས་ཀྱིས་རྔུབ་བཞིན།།
ཟིན་བྲིས་དམར་པོའི་ཤོག་ལྷེ་སྟེང་ལ།།
ཁྱོད་ལ་རན་པའི་སྙན་ངག་བྲིས་ཡོད།།
ཁོ་བོའི་བློ་ལ་འབབ་ཕྱོགས་ཤིག་དང་།།
ཁྲ་ཆུང་མིག་གིས་ལྟ་ཕྱོགས་ཤིག་གིས།།
འཛུམ་གྱིས་ཕྱུག་པའི་བུ་མོ་མཚོ་མཚོ།།
རྨི་ལམ་ཞིང་གི་མེ་ཏོག་རྐང་གཅིག།
བརྩེ་དུང་ཟེར་བ་སྐོར་ལོག་དགུ་ལོག།
ལས་དབང་ཟེར་ནོ་ཁ་ནག་ཞེ་ནག།
ང་དང་སྙིང་གི་མཛའ་མཐུན་བུ་མོ།།
ཞག་གཅིག་འགྲོག་པའི་དབང་སྐལ་མེད་སོང་།