རེབ་ཐོག་མདའ།
འདས་སོང་ལོ་ཟླ་དེ་བདག་གིས་གླེང་གི་མེད།།
མ་འོངས་དམིགས་འདུན་དེ་ཁྱེད་ཀྱིས་མ་ལབ་རོགས།།
ངེད་གཉིས་ཁོ་ན་ལ་དབང་བའི་དུས་ཚོད་འདི།།
ལག་ཟུང་དམ་པོའི་ངང་མཉམ་དུ་ཆས་ན་བསམ།།
ཕ་སྤུན་དགེ་བཤེས་ཁོ་ཁག་ལ་མ་འཇོག་པར།།
ཡུལ་གཅིག་ཕོ་གསར་ཚོས་མཐོང་ན་མ་འཚེར་དང་།།
ང་ཡི་སེམས་པ་འདིའི་ཟབ་ས་གཏིང་ས་ན།།
ལས་ཀྱི་མདུད་པ་དེ་ཁྱེད་ལ་མདུད་བསམ་ཡོད།།
ཕྱི་ཡི་ཁ་དོག་ལ་སེམས་དེ་མ་ཆགས་པར།།
ཤོག་སྒོར་མཐུག་པོ་དེར་ལང་ཚོ་མ་བརྗེས་དང་།།
ནང་སེམས་བརྩེ་བ་ཡི་སྐྱིད་ཀྱི་ས་བོན་ཞིག །
སེམས་པ་དམར་པོ་འདིས་ལེགས་སྐྱེས་བསྒྲིགས་ནས་ཡོད།།
ནུབ་ཀྱི་འཚོ་བ་ལ་ཡིད་སེམས་མ་མཁྲེང་བར།།
མཐོ་སྒང་ཕ་ཡུལ་དེ་དེ་ལྟར་མ་བོར་དང་།།
བྱིས་དུས་འཚོ་བ་ཡི་གཏམ་རྒྱུད་ཟབ་མོ་དེ།།
མལ་ས་དྲོན་མོ་ནས་ལན་ཅིག་གསན་ན་སྙམ།།
བོད་སྐད་གཙང་མ་དེ་ངག་ནས་མ་བོར་ལ།།
གཤིས་ཀ་འཇམ་པོ་དེ་དུས་ཀྱིས་མ་ལྷད་དང་།།
ཨ་ཅེ་འབྲུག་མོ་ཡི་ཚ་མོ་ངོ་མ་ཞིག།
སྙིང་སྡུག་མཛའ་མོ་བཞིན་ག་ལེར་འཛིན་ན་བསམ།།
དེང་རབས་གསར་བ་ཡི་རྗེས་ལ་ལུས་སོང་རུང་།།
མེས་པོ་གོང་མ་ཚོའི་སྲོལ་དེ་མ་བསྒྱུར་རོགས།།
ཁ་ངོ་ཚོན་མདོག་གིས་ཡག་ཅིག་དོད་དང་རུང་།།
སྐྲ་ལོ་རིང་པོ་དེ་ཕྲག་ནས་མ་གཅོད་དང་།།
བློ་ལ་འབབ་ནི་ཅིག་ལག་པས་མ་ཟིན་ཀྱང་།།
རིགས་མཐུན་ཕུ་ནུ་ཞིག་ཤོར་དུ་མ་འཇུག་རོགས།།
ཚེ་གཅིག་སྐྱ་ཡ་ཡི་ཚེ་བསོད་མེད་ཀྱང་རུང་།།
རང་གི་ལུས་པོ་འདི་གཞན་ལ་མ་གཡོར་རོགས།།
དབྱིན་ཇིའི་སྐད་ཡིག་དེ་བཀོལ་སྤྱོད་ཆེ་བ་དང་།།
ནུབ་ལུགས་གོམས་གཤིས་དེ་ལུས་ལ་འཇའ་ན་ཡང་།།
བོད་ཟས་ཟ་ཁང་གི་སྦྱིན་བདག་བོད་པ་ལ།།
ཁ་ལྕེ་མི་དག་ཀྱང་ནུབ་ལུགས་མ་སྟོན་རོགས།།
ཁ་པར་སྐུད་སྣེ་ལས་ཁས་ལེན་མ་བྱས་ཀྱང་།།
མྱི་ཚོགས་འདུ་ས་ནས་ཟུར་མིག་བཟུང་ཚར་ཡོད།།
མི་འདོད་རྫུ་བག་གིས་ཕྱི་ལུས་ཁེངས་ན་ཡང་།།
ནང་སེམས་འདོད་པ་དེ་སྔོན་ནས་རྟོགས་ཏེ་ཡོད།
རིགས་རུས་ཡག་རྩོག་གི་ལྟ་བ་མ་འཁྱེར་བར།།
ཆོལ་ཁ་ཕྱོགས་རིས་ཀྱིས་ནང་སེམས་མ་རྙོག་ན།།
ཁ་སང་དེ་རིང་གི་བདག་གི་སེམས་པ་འདི།།
ཁྱོད་ཀྱི་ཟུར་མིག་གིས་ཅུང་ཙམ་ཁུག་ནས་ཡོད།།
ཕྱི་ལོ ༢༠༡༣ ལོའི་ཟླ ༨ ཚེས ༥ ཉིན་རང་ཤག་ནས་བྲིས།
ཐུག་མ་ཐག་ནས་སྙིང་གཏམ་དེ་མ་ཤོད།།
ལྟ་ཚུལ་ཙམ་ལ་རེ་བ་དེ་མ་འཛིན།།
ཕོ་གསར་ཞིག་གི་ཉམས་དེ་མ་འདོར།།
ག་ལེར་བུ་མོ་དེར་ཞིབ་འཇུག་བྱོས་ཨ།།
ང་ཡང་དེང་སང་བརྩེ་བའི་ནང་ལ་ལྷུང་ནས་ཅི་བྱེད་མི་ཤེས་ནས་བསྡད་ཡོད་དུས་ཤིག་ཡིན། འདི་འདྲ་ཞིག་མ་བྲིས་ན་འདུག་ཐུབ་ས་མ་རེད་བསམ་གི་ཡོད།
ཨ་བརྩེ་བ་ཡ་བརྩེ་བ། ཁྱོད་མེད་ན་མེ་ཚེ་ཅང་ཅང་རེད་ཟེར། ཡིན་ནའང་ཁྱོད་ཀྱིས་བཟོས་པའི་གཟུགས་མེད་ཀྱི་སྡུག་བསྔལ་ནི་བཟོད་པར་དཀའ། ཁྱོད་ཚོས་ཡིད་མི་ཆེས། ང་དང་མོ་ཡང་བརྩེ་བའི་དྲ་བ་ནང་འཛིང་ནས་ཡོད། མདང་མཚན་མོ་ཉིན་ཤས་ངེད་གཉིས་ཁ་པར་གཏོང་རེད་བྱེད་མཚམས་འཇོག་ནས་སླར་གཏོང་རེས་བྱས། མོའི་སྐད་མདང་སྙོམ་པོས་ངང་བཤད་པའི་སྐད་ཆ་ཚིག་འབྲུ་རེ་རེས་ངའི་སྙིང་ལ་ཚ་ཤར་བཏང་། ཉལ་གོས་ནང་ཉལ་བཞིན་་མིག་མཆི་མས་བརླན།
མེ་ཏོག་དཀར་པོ་ལགས། ང་ལ་མཚོན་ན་བུ་མོ་ཞིག་ཐོབ་བཞག་པ་འདི་དེ་ཙམ་གྱི་བྲོ་བ་ཅན་ཞིག་མ་རེད། བརྩེ་དུང་གི་བྲོ་བ་ཆེ་ས་དེ་ཐོབ་ལ་མི་ཐོབ་བྱེད་ནས་རྗེས་འདེད་པའི་བརྒྱུད་རིམ་དེ་རེད། ཁྱེད་དེ་ལྟར་ཨེ་རེད།
ངས་ཅིག་བཤད་ན་ཡིད་མི་ཆེས་སྲིད། ཅིའི་ཕྱིར་ན་འདིའི་ཐོག་ངེད་གཉིས་ཀྱི་བསམ་ཚུལ་སྤུ་གང་གི་ཁྱད་པར་མིན་འདུག་པས་སོ།། དེ་ག་རང་རེད། ངེད་གཉིས་ང་སང་ཧ་ལམ་ཟླ་གཅིག་གོང་ནས་འགྲིག་མ་འགྲིག་ཏོག་ཙམ་བྱུང་། དེ་རྗེས་ཉིན་བཅོ་ལྔའི་རྗེས་སུ་ཁ་པར་བརྒྱུད་སྐད་ཆ་ཏིག་ཙམ་བཤད། དེ་རྗེས་ངའི་ངོས་ནས་རྔན་པ་ཇིནས་དོར་མ་ཞིག་དང་སྟོད་གོས། ཉི་གདུགས་སྙིང་རྗེ་པོ་ཞིག་བཅས་མོ་རང་གི་སྤུན་མཆེད་བུ་མོ་ཞིག་བརྒྱུད་བསྐུར་མོད། ཁ་པར་མ་བཏང་། ཉིན་གཉིས་རྗེས་མོས་ཁ་པར་ཚར་གསུམ་བཏང་སོང་མོད་ངས་མ་ལེན། མདང་དགོང་གཟོད་མ་ཐུབ་པར་ཁ་པར་བཏང་ནས་སྐར་མ་བཅོ་ལྔའི་རིང་སྐད་ཆ་བཤད། མོའི་སྐད་ངག་གིས་ངའི་སེམས་ལ་བྱིས་པ་གཅིག་དང་འདྲ་བ་བཟོས་བྱུང་།
ཨ་གནམ་རྒན་མ་་་ཐོབ་ལ་མི་ཐོབ་བྱེད་ནས་རྗེས་འདེད་དེ་བརྩེ་བ་རེད་ཨེ། ཐོབ་ལ་མི་ཐོབ་པར་ལྷག་བསྡད་པའི་བུ་མོ་དེས་ཁྱེད་ལ་བརྩེ་བ་སྤྲད་ཨེ་མྱོང་། ཕོ་མོའི་བར་གྱི་བརྩེ་བ་ངོ་མ་དེ་གཉིས་ཀ་འགྲོགས་ཏེ་སྐྱིད་སྡུག་གང་བྱུང་ཡང་གཅིག་གིས་གཅིག་བློས་གཏོང་མི་བྱེད་པའི་ཡིད་ཆེས་དང་་་དགའ་སྣང་གི་ཚོར་བས་ཟིན་དགོས་པ་ཞིག་མ་རེད་པས་ལགས།
ཡ་ཡ། འདྲེ་རྐང་ཏོ་ལགས། མི་ཞིག་གི་རྗེས་ལ་དེད་ནས་རྒྱུག་ཐུབ་རྒྱུ་དེ་ཡང་བརྩེ་བ་མིན་རུང་དུང་བ་ཡིན་རྒྱུ་རེད་པ། གང་ལྟར་ང་དེང་སང་བརྩེ་བའི་ནང་ལ་ལྷུང་ནས་ཅི་བྱེད་འདི་བྱེད་མི་ཤེས་པ་ཞིག་ཆགས་བསྡད་ཡོད།
སྤོབས་མཐའ་ལགས་ཁྱེད་བརྩེ་བས་བཟི་འདུག ཡིན་ནའང་བརྩེ་བ་བཟི་ས་དེ་འགྲོ་དྲུག་སེམས་ཅན་ཡིན་ནམ། ཡང་ན་འོག་རྟ་གྲོ་དམར་དེ་ལ་ཡིན་མིན་ཁ་ཚོན་ཆོད་མ་ཐུབ།
སྙན་པོ།
མི་གང་མང་ཞིག་གིས་བརྩེ་དུང་ལ་མཐའ་མེད་ཟེར། འོན་ཏང་་་་་་་།