མཛེས་བའི་ལང་ཚོ་གདོང་ན་ཡག་ན་ཡང་།།
གངས་རིའི་བུ་མོའི་གཤིས་ཀ་དེ་ལྟར་མིན།།
སྐྱེས་གཟུགས་དར་ལ་སྒེག་ཉམས་དོད་ན་ཡང་།།
གདུང་དམར་བོད་པའི་དྲི་ཙམ་མེད་འདི་སྐྱོ།།
དབྱིན་སྐད་འཆད་པར་ཁ་ལྕེ་བདེ་ན་ཡང་།།
ཀ་ཁ་སུམ་ཅུར་དུངས་བ་བོར་ནས་ཡོད།།
སྒོར་མོ་བྱུང་ན་རང་ལུས་བཙོང་ནུས་པའི།།
ལྡི་ལི་བོད་སྒར་གྲོང་གི་བོད་མོ་ཚོ།།
སྟོད་ལྭའི་གོང་ཁ་ཇེ་དམའ་ཇེ་དམའ་རེད།།
སྨད་ལྭའི་འདབ་ཁ་ཇེ་ཐུང་ཇེ་ཐུང་རེད།།
ཁ་ངོ་ཐམས་ཅད་ཚོན་གྱིས་བཏུམ་མཁས་པའི།།
མ་ཅང་ཀྲེ་ལའི་གྲོང་གི་བོད་མོ་ཚོ།།
བོད་ལྭ་གོན་པར་གོམས་འདྲིས་མེད་ན་ཡང་།།
བོད་ཡིག་ཀློག་པར་དུངས་བ་དབེན་ན་ཡང་།།
ལང་ཚོ་འདོམ་གང་ཚོང་བའི་ས་སྲོད་ལ།།
ཁྱོད་ཀྱི་རིན་ཐང་ཤོག་སྒོར་སྟོང་ཚོ་འགའ།།
སྒོར་མོ་ཡོད་ན་ཡག་རྩོག་མི་བལྟ་ལ།།
ཕྱི་ནས་སླེབས་ན་རྗེས་སུ་སྙེགས་འགྲོ་བས།།
རང་དབང་ལུང་པའི་ནང་གི་བུ་མོ་ཚོ།།
བརྩེ་བའི་རིན་ཐང་མི་ཤེས་སྙིང་རེ་རྗེ།།
སྙིང་གཏམ་འཆད་ན་སྙན་མོ་ཏག་ཏག་མཁོ།།
ཁྲོམ་ལ་སོང་ན་འགྲོ་སོང་རྐྱང་རྐྱང་ཡིན།།
མ་ཅང་ཀྲེ་ལའི་གྲོང་གི་བུ་མོ་ཚོར།།
མཛེས་མའི་ལང་ཚོ་ལྡན་ཡང་རིན་ཐང་ཆུང་།།
དུངས་སེམས་སྟོན་ན་སྒོར་གྱི་མང་ཉུང་གླེང་།།
སེམས་གཏམ་འཆད་ན་རྣ་བ་གཞན་ལ་གཡེང་།།
མི་ཚེ་ཀྱག་ཀྱོག་ཞིག་གི་སྣེ་མོ་ན།།
ཁྱོད་ལ་སེམས་པ་བཅོལ་བ་ཀློའུ་རྟགས་ཤིག།
ཁྱོད་ཀྱི་ཟུར་མིག་ཞིག་གི་སྔ་གཞུག་ལ།།
སྙིང་གཏམ་ཚིག་གསུམ་གླེང་བ་བདག་གི་སྐྱོན།།
མི་ཚེ་གཅིག་གི་ལམ་ཁ་ཕར་ལ་ཞོག།
དགོང་ཚིགས་ཉལ་རོགས་དེར་ཡང་བདག་མི་འཐད།།
མཛེས་མ་སྒྲོལ་མ་དེ་འདྲ་ཡིན་མི་ཤེས།།
ཨ་ཅག་་བདེ་སྐྱིད་སྒོར་མོ་དགོས་མི་ཤེས།།
འོན་ཀྱང་བསྟན་འཛིན་མིང་གི་བུ་མོའི་ཁྲོད།།
འདི་འདྲ་མང་བ་བདག་གི་མིག་གིས་མཐོང་།།
ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༧ ཉིན་ཀྱི་ས་སྲོད་ཞིག་ལ་མ་ཅང་ཀྲེ་ལ་ནས།།
བློ་བཟང་མཐོང་དུས་དཔལ་དགྱེས་རྡོ་རྗེ་མཁྱེན། །
ཚུལ་ཁྲིམས་ངན་སྨད་འུར་སྒྲོག་རྨོངས་དད་ཅན། །
ངོ་ལྐོག་ཆེན་པོ་ཆོས་མཆེད་ཌ་རུའི་ཞལ། །
མཁན་པོ་ཁྲོ་ཐུང་ཚེ་རིང་ལོ་བརྒྱ་ཤོག །
དྲ་གྲོགས་རེབ་ཐོགས་མདའ་ལགས།
རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མི་རིགས་ཀྱི་སྐྱོན་རྐྱང་བྲིས།
དངོས་ནས་ཞབས་འདྲེན་རེད་།
ཨ་ལགས།
ཁྱོད་ལ་བརྗོད་གཞི་དེ་ལས་ཡག་པོ་ཞིག་ངའི་གཏེར་ཡ།
དཔེར་ན་རང་ཡུལ་ཀྱི་ཡུལ་མི་དེ་ཚོའི་ཉིད་རེའི་འཚོ་བ་དང་ཞེ་སྣང་འཚོ་བ་།
ད་དུང་རང་མི་རིགས་ལ་ཡ་རབས་བཟང་སྤྱོད་ཡོད་།ད་དུངདྲིན་་ཕ་མའི་ཁྱོད་ལ་བསླབས་ཡོད་པའི་གོམས་གཤིས་ཡག་སྡུག་ཡོད་།
དེ་ཚོ་གང་ལ་བཞག་ནས་རུལ་ཅིག་ཡ་ཡིན།
རེབ་ཐོགས་ལགས་་ངོ་་མ་ཁྱེད་རང་ཐུགས་རྗེ་ཆེ་རྩོམ་དེ་དཔེ་་སྙན་བྱུང་།
བྲིས་ཚད་བདེན་པ་ཡིན་ན། འབྲི་མཁན་རང་ལ་ཉམས་མྱོང་མེད་ན། མིག་གིས་དེ་ལྟར་མཐོང་ཐུབ་པ་མི་སྲིད་དོ། །
གཉིས་སྟོང་བཅུ་ཡི་ནང་ཞིག་ལ།།
མ་ཅང་ཀྲེ་ལར་ཉིན་ཤས་བསྡད།།
དགོང་མོ་རེ་ལ་བོད་མོ་འགའ།།
རེས་མོས་བྱས་ནས་བརྗེ་བོ་བརྒྱབས།།
ཨ་རིའི་ཡུལ་ནས་ཡོང་ན་ཡང་།།
ཨ་སྒོར་མེད་པར་མ་ཤེས་པར།།
ཨ་མ་ཟ་ཁང་སོགས་ནས་ཀྱང་།།
ཨ་ཅག་མཛེས་མས་མིག་བརྡ་བཏང་།།
ཕར་ལ་བལྟས་ན་ཡིན་མདོག་ཅིག།
དོན་ལ་སླེབས་དུས་རྩ་མེད་ཅིག།
མ་ཅང་ཀྲེ་ལིའི་བོད་མོ་ཚོ།།
ཨ་སྒོར་འགའ་ཡི་རིན་ཐང་ཙམ།།