མཛེས་པའི་འཛུམ་མདངས་ཐིག་ལེ་མཆོག་མའི་སྤུན།
།སྙན་པའི་འགྱུར་ཁུག་དྲི་ཟའི་བུ་མོའི་གླུ།
།དཔྱོད་པའི་ཤེས་རབ་ཚངས་པའི་སྲས་མོའི་ཟླ།
།ཡངས་པའི་ཁྱོན་འདི་མཛངས་མའི་ཞིང་ཁམས་ཉིད།
མི་རིགས་གཞན་པ་དག་གིས་སོ་སོ་རང་རང་གི་རིགས་རུས་ཡིན་པའི་བུད་མེད་ཚོར་བསམ་མནོའི་འདང་ཚོད་ཀྱིས་བསྟོད་ཆོག་པ་བཞིན་ང་ཚོ་གདོང་དམར་གངས་ཅན་པས་ཀྱང་བསྟོད་ཆོག་ལ།
སྔར་བཙན་ཕྱུག་དར་རྒྱས་ཕུན་སུམ་ཚོགས་པ་བོད་བཙན་པོའི་སྐབས་ནའང་།
བོད་པའི་བུ་མོའི་དྭངས་རྩེར་བསླེབས་པའི་གཟུགས་བྱད་ལ་དཔེར་བགྱིས་ནས་རྗེ་བཙུན་སྒྲོལ་མ་བྲིས་པའི་ལོ་རྒྱུས་ཡོད།
དོན་དངོས་ལའང་བུ་མོ་མཛེས་མའི་གཟུགས་བྱད་ནི།
ཤེས་རབ་གསལ་བའི་རྣམ་དཔྱོད་ཀྱིས་ལྕོགས་ཚད་བྲིས་པའི་རི་མོའི་སྒྱུ་རྩལ་ལས་ཀྱང་ལྷག་པ་སྟེ།
དམར་བའི་མཆུ་སྒྲོས་རྐྱང་པའི་མཛེས་རིས་ཀྱང་ཐོན་ཐབས་མེད།
དགེ་ཆོས་ཀྱིས། རང་གི་རང་དོན་ཡུལ་གྱི་སྤྱི་དོན་དང་།
།རྒྱལ་བོའི་རྒྱལ་སྲིད་སྤྲང་བོའི་འཚོ་ཐབས་སོགས།
།ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང་། །མེད་དུ་མི་རུང་བ་ནི་བུད་མེད་ཡིན།
།སྡུག་པའི་ནད་གཡོག་བྱེད་པའི་མ་མ་དང་།
།སྐྱོ་བའི་སེམས་གསོ་གཏོང་བའི་སྙན་དངགས་མཁན།
།ཁྱིམ་གྱི་ལས་ཀུན་བྱེད་པའི་གཡོག་མོ་སྟེ།
།ཚེ་གཅིག་རྩེ་དགས་སྐྱོང་བའི་གྲོགས་མོ་ཉིད། །ཅེས་གསུངས་པ་བཞིན།
ཚེ་འདིའི་སྐྱིད་སྡུག་དར་རྒུད་གང་གི་སྐབས་ནའང་མཉམ་དུ་ཡོད་པའི་གྲོགས་བཟང་དྲིན་མོ་ཆེ་དེ་ཡིན་པས་བསྟོད་པའི་འོས་ཆོས་ཚང་བ་ལགས།
རང་རིགས་བུ་མོའི་ཁྱད་ཡོན་འབུར་དུ་ཐོན་པའི་སྙན་རྩོམ་མང་དུ་བྲིས་ན།
བུ་མོར་ལྷན་སྐྱེས་སུ་ཡོད་པའི་ཡོན་ཏན་རིན་པོ་ཆེ་རྣམས་གསལ་རྗེན་དུ་གྱུར་ཏེ་རང་གཞན་སུ་ལའང་རིན་ཐང་ངོ་འཕྲོད་པའི་ཞེན་པ་དཀར་པོས་བཟའ་མཐའ་འཁྱོལ་ཞིང་།
བུ་མོ་ཚོ་ཡིན་ནའང་རང་གི་རིན་ཐང་སྲུང་སྐྱོབ་ཀྱི་འདུ་ཤེས་བརྟན་པོས་སྤྱོད་ངན་ཕམ་མོ་ཆེ་ཟློག་ཐུབ་པ་སྟེ།
བུ་མོའི་རིན་ཐང་ཤོར་བ་ན་གདོད་བུ་མོ་དེ་འཆོལ་མར་འགྱུར་བཞིན་ཡོད།
སྐྱ་བོ་ཡིན་ན་ནི། ཚེ་གཅིག་གི་སྐྱ་ཡ་ལ་མི་བསྟོད་ན་འོ་ན་གང་ལ་བསྟོད།
རབ་ཏུ་བྱུང་བ་ཡང་འགྲོ་བ་རྣམས་བྱམས་པ་ཡིད་འོང་གི་གྲོགས་སུ་མཐོང་དགོས་ཤིང་།
རང་བཞིན་ཐད་ཀར་བརྗོད་པ་ལ་འཛེམ་ཟོན་དགོས་དོན་ཅི།
ཚིག་གི་འགྱུར་ཁུག་ནི་ལྟོགས་པའི་སྣང་ངོའི་ཟས་ལྟར་གྱུར་ནས་རབ་བྱུང་དག་ཅི་བས་ལེགས་པ་ལྟ་བུར་ཡོད།
ཕོ་མོ་ཕན་ཚུན་དགའ་བ་ནི།
གཟུགས་པོའི་གྲུབ་ཆས་དགོས་པའི་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ཅིང་།
ལྷག་ཏུ་མཚན་མཐུན་ཆགས་སྤྱོད་པ་རྣམས་མཐོང་བ་ན།
རང་ཉིད་ལུས་སེམས་གཉི་ག་ཕོ་མོ་དངོས་གནས་པ་ཞིག་ཡིན་པའི་སྤོབས་པའང་སྐྱེར་འོས་པ་ཡིན་ནོ། །
བུ་མོ་ལ་མངལ་འཛིན་པའི་ནུས་བ་མེད་རྒྱུ་ན། བཟའ་ཚང་ཟེར་བ་འདི་ཡོད་མི་དགོས་བ་ཞིག་ཡིན་པ་རེད། བཟའ་ཚང་ཟེར་བ་ཞིག་མེད་རྒྱུ་ན། ཚང་མ་ཨ་ཁུ་དང་ཨ་ནེ་བྱས་ནས་སྐྱིད་པོ་ཡག་ཐག་ཆོད་གཏོང་ཐུབ་པའི་མཐར། མྱི་རབས་གཅིག་གི་རང་ལ་འཇིག་རྟེན་འདི་མིའི་འགྲོ་བས་སྟོང་ཐུབ་པ་ཞིག་རེད།
བུ་མོ་ལ་མངལ་འཛིན་པའི་ནུས་བ་མེད་རྒྱུ་ན། འཇིག་རྟེན་ན་བུ་མོའི་ཁ་དབང་ངོ་དབང་སྲུང་ཐུབ་ནིའི་ལྷ་དགའ་ལྡན་ཞིག་ཡོད་མི་སྲིད་པ་རེད། བཟའ་འཁོན། གཡུག་བསྐྱུར། ཚིག་ངན། ཁ་མཆི། ཕྲག་དོག་སོགས་དགོས་མེད་མང་པོ་ཞིག་བདེ་མོ་བྱོས་ཟེར་བའི་ཚིག་འབྲུ་འདིས་མཇུག་བསྡུ་ཐུབ་པ་རེད། བསྟོད་པ་འཐེན་དེ་ལས་ཀྱང་མི་དགོས་པ་རེད།
རེད་དེ། རང་གི་བུ་རབས་ཚ་རྒྱུད་སྤེལ་ས་ལ་སྟེན་པ་དང་བསྟེན་པའི་ཉིན་མོ་ནས། བསྟོད་པས་མ་ཚད་སྐྱག་པ་འབྱིད་དགོས་རུང་། ལྡག་པས་མ་ཚད་མྱིག་ཆུ་གཏོང་དགོས་རུང་། ཨ་མ་ཚང་གི་གནམ་གཤིས་མ་དྭངས་བར། སྟོད་རྒྱལ་བོ་ཚུན་ཆད། སྨད་གྲྭ་ལོག་ཡན་ཆད། རྒན་མོས་ཅི་གསུངས་བཀའ་རེད། འདི་བྱོས་ཟེར་ན་ཡ་རེད།
ད་སྐྱིད་པོ་ཞེ་དྲག་ཡོད་པ་རེད་ཟེར།
བུད་མེད་བྱེ་བྲག་པ་ལ་བསྟོད་འོས་པ་མང་བ་དང་དེ་བཞིན་སྨད་དགོས་ས་ཡང་མང་། བུད་མེད་ཅེས་ཡོད་ཚད་ལ་ལྷན་དུ་བསྟོད་སྨད་བྱེད་སྟངས་དེ་འདྲ་ངས་ནི་ཤེས་ས་མ་རེད།
ཀུན་མཁྱེན་པད་དཀར་གྱི་ཞལ་སྔ་ནས། ཕན་ཚུན་གཅིག་གིས་གཅིག་བསྟོད་ན། །ཧ་བོ་བས་ནི་གངས་བས་དཀར། །ཕན་ཚུན་གཅིག་གིས་གཅིག་སྨད་ན། །རྫ་བོ་བས་ནི་རི་བས་ནག། །དེ་འདྲ་ཞིག་གསུངས་འདུག།
མཛེས་པའི་འཛུམ་མདངས་ཐིག་ལེ་མཆོག་མའི་སྤུན།
།སྙན་པའི་འགྱུར་ཁུག་དྲི་ཟའི་བུ་མོའི་གླུ།
།དཔྱོད་པའི་ཤེས་རབ་ཚངས་པའི་སྲས་མོའི་ཟླ།
།ཡངས་པའི་ཁྱོན་འདི་མཛངས་མའི་ཞིང་ཁམས་ཉིད། ཟེར་ན།
ངས་ནི།
སྐུ་མཛེས་ཐིག་ལེ་མཆོག་མའི་སྤུན། །
ངག་སྙན་དྲི་ཟའི་བུ་མོའི་གླུ། །
དཔྱོད་ཤེས་ཚངས་པའི་སྲས་མོའི་ཟླ། །
བོད་མོ་མཛངས་མའི་ཞིང་ཁམས་ཉིད། །
དགེ་ཆོས་ལགས་ཀྱིས།
རང་གི་རང་དོན་ཡུལ་གྱི་སྤྱི་དོན་དང་། །
རྒྱལ་པོའི་རྒྱལ་སྲིད་སྤྲང་པོའི་འཚོ་ཐབས་སོགས། །
ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང་། །
མེད་དུ་མི་རུང་བ་ནི་བུད་མེད་ཡིན། །གསུངས་པ་བཞིན།
དིང་སང་།
རང་གི་རང་དོན་རྒྱལ་ཁབ་སྤྱི་དོན་དང་། །
སྲིད་སྐྱོང་ཆབ་སྲིད་སྤྲང་མི་མངས་འཚོ་ཐབས་སོགས། །
བྱ་བ་ཆེ་ཆུང་གང་དང་གང་བྱེད་ཀྱང་། །
མེད་དུ་མི་རུང་བ་ནི་བུད་མེད་རེད། །ཅེས་དང་།
དགེ་ཆོས་ལགས་ཀྱིས།
སྡུག་པའི་ནད་གཡོག་བྱེད་པའི་མ་མ་དང་། །
སྐྱོ་བའི་སེམས་གསོ་གཏོང་བའི་སྙན་དངགས་མཁན། །
ཁྱིམ་གྱི་ལས་ཀུན་བྱེད་པའི་གཡོག་མོ་སྟེ། །
ཚེ་གཅིག་རྩེ་དགས་སྐྱོང་བའི་གྲོགས་མོ་ཉིད། །ཅེས་གསུངས་པ་བཞིན།
ངས་ནི།
སྡུག་པའི་ནད་གཡོག་བྱེད་པའི་སྨན་གཡོག་དང་། །
སྐྱོ་བའི་སེམས་གསོ་གཏོང་བའི་གླུ་གཞས་མཁན། །
ཁྱིམ་གྱི་ལས་ཀུན་བྱེད་པའི་གཙོ་དཔོན་མོ། །
ཚེ་གཅིག་རྩེ་དགས་སྐྱོང་བའི་གྲོགས་མོ་ཉིད། །ཚིག་བསྒྱུར་བྱས་ནའང་འགྲིགས།
དང་པོ་ལང་ཚོའི་སྒེགས་ཀྱིས་སྤུད་པ་ལྷ་མོ་འཛུམ་དཀར་མ།
བར་དུ་ནུ་བཟུང་གཡས་བསྒྱུར་གཡོན་བསྒྱུར་སྲིན་མོ་གདོང་དམར་མ།
ཐ་མར་ལུས་གཟུང་རྫོགས་པར་འཕྲོག་པའི་སྲོག་གཅོད་དབུགས་ལེན་མ།
ཁམས་གསུམ་འཁོར་བ་ཀུན་བསྐྱེད་འཁོར་བ་དུག་གི་བ་མོ་ཆེ།
ཐར་པའི་རྩ་བ་སོར་སྡོམ་བརླག་པར་བྱེད་པ་མོ།
བཅུ་དྲུག་བདེ་བའི་ཐིག་ལེ་འཕྲོག་པར་བྱེད་པ་མོ།
ཆགས་སྡང་གཞི་མས་བྱང་སེམས་ཉམས་པར་བྱེད་པ་མོ།
ཐར་མེད་འཁོར་བའི་འདམ་དུ་བཙུད་པར་བྱེད་པ་མོ།
དང་པོ་ལང་ཚོའི་སྒེགས་ཀྱིས་སྤུད་པ་ལྷ་མོ་འཛུམ་དཀར་མ།
བར་དུ་ནུ་བཟུང་གཡས་བསྒྱུར་གཡོན་བསྒྱུར་སྲིན་མོ་གདོང་དམར་མ།
ཐ་མར་ལུས་གཟུང་རྫོགས་པར་འཕྲོག་པའི་སྲོག་གཅོད་དབུགས་ལེན་མ།
ཁམས་གསུམ་འཁོར་བ་ཀུན་བསྐྱེད་འཁོར་བ་དུག་གི་བ་མོ་ཆེ།
འདིའི་འགྲན་ཟླར།
ཐོག་མར་ལང་ཚོའི་སྒེགས་ཉམས་མིང་ཟུང་ལྟ་བ་མོས། །
བར་དུ་ནུ་ཟུང་བདེ་བ་དཔག་མེད་སྦྱིན་པ་མོ། །
ཐ་མར་ལུས་གཟུང་ཁུ་བ་སྤྱི་བོར་འདྲེན་བྱེད་མ། །
ཁམས་གསུམ་འཁོར་བའི་རྩ་བ་གཅོད་མཁན་མཁའ་འགྲོ་མ། །
ཐར་པའི་རྩ་བ་སོར་སྡོམ་བརླག་པར་བྱེད་པ་མོ།
བཅུ་དྲུག་བདེ་བའི་ཐིག་ལེ་འཕྲོག་པར་བྱེད་པ་མོ།
ཆགས་སྡང་གཞི་མས་བྱང་སེམས་ཉམས་པར་བྱེད་པ་མོ།
ཐར་མེད་འཁོར་བའི་འདམ་དུ་བཙུད་པར་བྱེད་པ་མོ།
འདི་ལ།
ཐར་པའི་རྩ་བ་སོར་སྡོམ་རྟེན་བཟང་སྩོལ་བ་མོ། །
ཆགས་སྡང་སྤོངས་ལ་བྱང་སེམས་སྙིང་རྗེར་སྐུལ་བ་མོ། །
རྩ་རླུང་སྦྱོངས་དུས་བདེ་དྲོད་ལུས་ལ་འདྲེན་བྱེད་མོ། །
མངོན་མཐོ་ངེས་ལེགས་ཐར་པའི་ལམ་དུ་བཙུད་པ་མོ། །
བུད་མེད་རྣམས་ནི་ཤེས་རབ་རང་བཞིན་ཡིན་པར་གསུངས། །
བུད་མེད་སྤྱི་ལ་སྨོད་ན་རྩ་ལྟུང་འགལ་བར་གསུངས། །
རྣལ་འབྱོར་ཕ་ཡིས་མོ་ལ་གཡས་བསྐོར་བྱ་དགོས་གསུངས། །
རྣལ་འབྱོར་བརྩོན་རྣམས་རྟག་ཏུ་དམ་ཚིག་སྲུང་དགོས་གསུངས། །
རྒྱལ་པོའི་རྒྱལ་སྲིད་སྤྲང་པོའི་འཚོ་ཐབས་སོགས། །ཞེས་པ་འདིའི། སྲིད་སྐྱོང་ཆབ་སྲིད་(སྤྲང་)མི་མངས་འཚོ་ཐབས་སོགས། །སྤྲང་ཚིག་བསུབ་རྒྱུ་ལྷག་འདུག་པས། སྲིད་སྐྱོང་ཆབ་སྲིད་མི་མངས་འཚོ་ཐབས་སོགས། །ལ་བཅོས་རོགས།
བསམ་ན་ཡིད་ལ་དགའ་བ་སྟེར་མཁན་བུ་མོ་ཡིན།།
འགྲོགས་ན་བློ་སེམས་ལྷོད་ལ་ཕབ་མཁན་བུ་མོ་ཡིན།།
རུམ་ན་མཚན་གང་ལུས་ངལ་གསོ་མཁན་བུ་མོ་ཡིན།།
ཉར་ན་ཚེ་གཅིག་སྐྱིད་ལ་བཀོད་མཁན་བུ་མོ་ཡིན།།
བུད་མེད་ཀྱི་ཡོན་ཏན་འདི་དག་ལ་སོམས། དེ་ནས་སྐྱོན་བརྗོད་གྱིད།
༡༽། རྒྱུད་ལ་བྱམས་པ་དང་སྙིང་རྗེའི་ས་འབོན་འདེམས་མཁན་རང་གི་མ་དྲིན་ཅན། མ་དྲིན་ཅན་དེ་མེད་ན། ད་ལྟ་ག་འདྲ་ཡོང་ས་རེད་དམ། བརྩེ་བའི་སྤྱན་དྲོན་མོ་མིག་ཆུས་ཁེངས་པ་འདི་གཟིགས་དང་། ང་ཚོས་ཁོང་ལ་བློ་ཕམ་ག་ཚོད་བཟོས་སམ།
༢༽། ཆུང་དུས་བརྩེ་བ་སྤྲོད་མཁན་རང་གི་སྲིང་མོ་དེ་དག་སོམས་དང་། དེ་དག་གི་བྱམས་དང་སྙིང་རྗེ་བསམ་བཞིན་བུད་མེད་ལ་མཐོང་ཆུང་བྱེད་ཕོད་པ་འདུག་གམ། ཨ་ཇོ་འདི་བཟོ། འདིར་འདུག། འདི་གྱོན་ཟེར་དུས། བུད་མེད་ལ་སྐྱོན་བརྗོད་ཇི་ལྟར་དྲན་ནམ།
༣༽། བར་ལ་བརྩེ་བ་དང་སྐྱོ་རོགས་གཟའ་ཟླ་རྣམས་སོམས་དང་། རང་གི་བུ་ཚ་དང་ཁྱིམ་ལ་བདག་པོ་རྒྱག་མཁན་གྱི་བུད་མེད་རྣམས་སོམས་བཞིན་བུད་མེད་ལ་སྐྱོན་བརྗོད་གྱིད་དང་།
༤༽། རང་ལ་མཐའ་གཅིག་ཏུ་ཡིད་ཆེས་བཅོལ་མཁན། བསམ་མེད་ཚོར་མེད་ཀྱི་རང་གི་བུ་མོ་དེ་དག་གི་ཁ་གདོག་ལ་བལྟས་ནས་བུད་མེད་ལ་སྙིང་རྗེ་མ་སྐྱེ་འམ།
༥༽། རྒས་དུས། རང་ལ་ནད་གཡོག་རྒྱུག་མཁན་གྱི་གཟའ་ཟླ་དང་། མིང་སྲིང་། སྨན་གཡོག། དེ་བཞིན་སྨན་པ་བུད་མེད་རྣམས་ལ་སོམས་དང་།
བུད་མེད་དགྲ་ལ་འཛིན་ནས་ཆོས་ཇི་ལྟར་ཉམས་ལེན་བགྱི་ལགས།
བུད་མེད་དགྲ་ལ་འཛིན་ནས་བྱང་སེམས་ཇི་ལྟར་བཀོལ་ལམ།
བུད་མེད་དགྲ་ལ་འཛིན་ནས་གསང་སྔགས་ཇི་ལྟར་རྟོགས་སམ།
བུད་མེད་དགྲ་ལ་འཛིན་ནས་མི་ཚེ་ཇི་ལྟར་སྐྱེལ་ལམ།
ཚང་མས་ཤེས་པའི་བུད་མེད་དགྲ་རུ་འཛིན་མཁན་གྱི་མི་སྣ་འདི་དག་རེད། ཁོང་ཚོའི་རྗེས་འབྲས་ལ་གཟིགས་དང་།
ཧེ་ཀྲི་ལ་ཟེར་བ་ཇར་མེན་གྱི་མི་སྡེབ་གསོད་གཏོང་མཁན་དེ་རྟེན་འབྲེལ་དང་པོ་དེ་རང་གི་ཨ་མ་དང་མ་འགྲིག་པར་ཆུག་པ་རེད་འདུག། ཧེ་ཀྲི་ལས། རང་གི་ཨ་མ་ཡང་གསོད་པར་བརྩམས་མོད།
སི་ཏ་ལིན་ཟེར་བ་རུ་སུའི་འགོ་པ་དེས་རང་གི་ཨ་མ་ལ་ཤིན་དུ་ནས་སྡང་པོ་ཡོད་ཚོད། ཁོས་ཨ་མ་ཤི་བའི་ཉིན་མོ་དེར་ཟ་མ་ཡག་པོ་ཞིག་བཟོས་ནས་སྟོན་མོ་ལྟ་བུ་བྱས་འདུག
མའོ་ཙེ་ཏུང་གིས་རང་གིས་ཨ་མ་ལ་བཅངས་པའི་ཚོར་བ་དེ་ཁོ་པ་རྒུད་བྱེད་ཀྱི་རྒྱ་ཟེར་ནས། ཨ་མར་བཅངས་པའི་བརྩེ་གདུང་དེ་གཏོར་བར་སེམས་ནང་ལ་ག་ཚོད་འཐབ་རྩོད་བྱས་མིན་འདུག་གམ། རྗེས་མ་ཁོས་བཀའ་བཏང་ནས། ཁོ་པའི་ལོ་རྒྱུས་ནང་ལ་ཨ་མའི་སྐོར་བྲི་མི་ཆོག་ཟེར་བ་ཡིག་ཆ་བཏོན་རྒྱུ་འདུག
ས་ཏམ་ཧུ་སན་དང་ཨ་མའི་དབར་གྱི་སྡང་སེམས་རྣོན་པོ་དེ་ཁོ་པ་སྙིང་རྗེ་མེད་པའི་རྒྱུ་གཙོ་བོ་རེད་ཅེས་ཁོ་པའི་གཟའ་ཟླ་དང་པོ་དེས་བརྗོད་པ་མི་དྲན་ནམ།
སྦིན་ལ་ཊིན་དང་ཁོ་པའི་ཨ་མའི་དབར་ལ་འབྲེལ་བ་མེད་པའི་རྐྱེན་གྱིས་ཁོ་པ་ཡུད་པོར་འདུག་མཁན་གྱི་ཕྲུ་
གུ་ཞིག་ལ་གྱུར་འདུག་ཅེས་ལོ་རྒྱུས་པ་ཚོས་ཤོད་བཞིན་ལགས།
ངའི་ངོ་ཤེས་པ་ཁ་བརྡའི་ནང་ལ་ཡོང་ནས། རྙོག་ཁྲ་སྣ་ཚོགས་ཤོད་མཁན་དེས་མན་ཇུ་ཀྲི་ལར་རང་གི་ཨ་མའི་གདོང་ལ་ཆུ་འཁོལ་མ་ཤོས་པ་ང་ཚོས་ཤེས་ཀྱི་ཡོད། ང་ཚོ་ཁོང་ལ་འཇིགས་ནས། ནམ་ཡིན་རུང་གཡོལ་ནས་སྡོད་པ་ལས་རྩོད་པ་བྱེད་མ་ཕོད། ཁོང་ཆོས་བཤད་ན་ཤིན་དུ་ནས་མཁས་པ་དང་བྱང་མ་རེད། ཕྱི་ལ་མི་གཞན་རྒྱུས་མེད་མཁན་ཞིག་གིས་བལྟས་ན། འདི་འདྲའི་མི་སྣང་བ་ལ་འགྲོ་པོ་རེད། ཉིན་འགའ་ཤས་གཤིབ་དང་ཁོང་གི་གདོང་པ་ངོ་མ་དེ་འདོན་གྱི་རེད། ཁོང་གི་ཡང་ཡང་བུད་མེད་ལ་སྐྱོན་བརྗོད་ལྟ་བུའི་མཆན་འགོད་པ་དྲན་གྱི་འདུག
ཨ་རིའི་སྲིད་འཛིན་ཆུང་མའི་མིང་ལ་ཐོག་མའི་བུ་མོའི་ཞེ་ས་སྟེར།།
རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་གི་དཔོན་པོའི་མཉམ་དུ་ཆུང་མ་བསུ།།
རྒྱ་ནག་དམར་པོ་གདུག་རྩུབ་ཆེ་ཡང་དཔོན་པོའི་ཆུང་མ་གཡས་ནས་འཁྲིད།།
བོད་མིའི་བཀའ་སྐྱོང་འཛིན་པ་དེ་ཚོས་བོད་མོ་ལས་ངན་གང་ནས་གཡུག །།
སྲིད་སྐྱོང་བློ་སེང་ལགས་ཀྱི་བཙུན་མོ་ཡང་། ༼བོད་ཀྱི་བུད་མེད་དང་པོ༽འི་ཆེ་བསྟོད་བྱེད་ཐུབ་པ་ཅིག་མི་དགོས་སམ། ལགས། ཧ་ཧ།