ཁྲོ་གཏུམ།
འབྲོག་ཐང་ནས་མེ་སྦར་མྱོང
སྔར་བཞིན་སྣང་བ་དགུང་སྔོན་གནམ་ཡིན
སེམས་པ་མེ་དང་གཅིག་ཡིན
རི་བོ་ལ་བྱིན་མྱོང
དེ་བཞིན་སྣང་བ་དབྱར་གཞུང་ཡིན
ཤོག་བུའི་ཐོག་ནས་ཡིག་གེ་བཀླགས་མྱོང
བསམ་བློའི་རྒྱགས་ཕྱེ་རུ་འགྲོ་མྱོང
དུས་རབས་གླེང་མྱོང
དེ་ནི་འཕུར་ས་དེ་ཡིན་པ་ཤེས་མྱོང
དེ་ལྟར་འཕུར་བའི་འཚང་ཁའི་ཁྲོད་དུ
ད་རུང་ལྷག་ཡོད་པ་གང་མང་ཞིག་ལ་འགྲན་དགོས་སམ
༢༠༢༡/༧/༡༧ ཉིན།