ཉི་མ་འཚོ༌། ནོར་གླིང༌།
བུད་མེད་ལགས། ཁྱེད་ལ་སྐྲ་རིང་མ་དང་བློ་ཐུང་མ་ཞེས་འབོད་དུས། ཁྱེད་ལ་ཁབ་མགོས་བཙུགས་པ་ལྟ་བུའི་ན་ཟུག་སྐྱེས་ཨེ་མྱོང༌། ཁྱེད་ལ་དགྲ་བོས་གཤེ་བ་ལྟར་གྱི་ཁོང་ཁྲོ་ཟ་ཨེ་མྱོང༌། སྐྲ་རིང་བ་ནི་ངའི་མཛེས་སྡུག་གི་ཆ་ཤས་ཤིག་ཡིན་པས་ཁྱེད་ཀྱི་བདེ་སྐྱིད་ཀྱི་ལོངས་སྤྱོད་ཅིག་དང༌། བློ་ཇི་ལྟར་བློ་ཐུང་ན་ཁྱེད་ཀྱང་ང་དང་མིའི་རིགས་གཅིག་མཚུངས་ཡིན་པས་བློ་ཐུང་ཐུང་ལས་ཆུ་རྒྱུན་བཞིན་རིང་མོ་ཞིག་གཏན་ནས་ཡོད་མི་སྲིད་ཅེས་དྲང་བདེན་གྱི་གནས་ལུགས་ཤིག་བཤད་འདོད་སྐྱེས་མྱོང་ངམ།
བུད་མེད་དང་བོང་བུས་སྐྱིད་མི་ཐེག་ཅེས་འཕྱ་དུས། རང་ཉིད་ནི་མི་ནུས་མེད་ཅིག་དང་ཡང་ན་གང་ཡང་མི་ཤེས་པའི་གླེན་མ་ཞིག་ཡིན་ནམ་སྙམ་དེ། རང་ཉིད་རང་ལའང་ཡིད་མི་ཆེས་པ་ལྟ་བུའི་སེམས་ཚོར་སྐྱེས་མྱོང་ངམ། ཡང་ན་བདེ་བ་མི་འདོད་པའི་སེམས་ཅན་སུ་ཡང་མེད་ཅེས་སྤྱི་ཡོངས་ཀྱི་ཚོར་སྣང་སྙིང་ལ་བཅངས་ཏེ་ཁ་ལན་སློག་འདོད་སྐྱེས་མྱོང་ངམ།
བུད་མེད་ཀྱི་ཁ་ལ་མ་ཉན་ཞེས་ཁྱེད་ཀྱི་སྐད་ཆ་ལ་རིན་ཐང་གང་ཡང་མི་འཇོག་དུས་ཁྱེད་ལ་རང་ཉིད་ཀྱང་མི་ཞིག་ཡིན་ཨང་སྙམ་པའི་བློ་སྤོབས་སྐྱེད་མྱོང་ངམ། ཁྱེད་ཀྱིས་རང་ཉིད་ལ་དཔྱོད་ཤེས་ཀྱི་བསམ་བློ་དང་བླང་དོར་གྱི་བློ་མིག་ཡོད་པའི་ཡིད་ཆེས་བྱས་མྱོང་ངམ། ཡང་ན་ཁྱེད་ཅག་ལ་ཟ་ལུགས་འགྲོ་ལུགས་སློབ་མཁན་གྱི་ཨ་མ་ཡང་བུད་མེད་རེད་ཅེས་ངོ་ཚ་གཏད་འདོད་རྒྱུ་བྱུང་ངམ།
བུད་མེད་འགྲོ་ས་གནས་ཡུལ་རེད་ཅེས་རང་ཉིད་ལ་གནས་ཡུལ་ལས་ལྷག་པའི་མི་ཚེའི་གདམ་ག་ཞིག་མེད་ཚུལ་གླེང་དུས། ཁྱེད་ཀྱིས་གནས་ཡུལ་ལས་ལྷག་པའི་འཇིག་རྟེན་ཞིག་ཅིག་བསྐྲུན་འདོད་སྐྱེས་མྱོང་ངམ། ཁྱེད་ཀྱིས་གནས་ཡུལ་ལས་ལྷག་པའི་རང་དབང་གི་ཁྱིམ་ཚང་ཞིག་ལ་རྨི་ལམ་བཏང་མྱོང་ངམ།
བུད་མེད་བདུན་མཉམ་དུ་ཡོད་ན་འདྲེ་མོ་དང་སྐྱེས་པ་བདུན་མཉམ་དུ་ཡོད་ན་ལྷ་ཡིན་ཞེས་གནམ་ས་ལྟ་བུར་འབྱེད་དུས། སྐྱེས་ཕོ་མོ་སུ་ཡིན་རུང་ཨ་མའི་བྱང་ཁོག་མ་བརྒྱུད་པ་སུ་ཡོད་ཅེས་ཁྱེད་ལ་འདྲ་མཉམ་གྱི་བསམ་བློ་འཁོར་མྱོང་ངམ། སྐྱེས་ཕོ་མོ་སུ་ཡིན་རུང་རྐང་བ་གཉིས་བཙུགས་ཏེ་འགྲོ་བ་ལས་བྱ་བཞིན་འཕུར་ནས་འགྲོ་མཁན་སུ་ཡོད་ཅེས་མཐོ་དམན་མེད་པའི་འདུ་ཤེས་རྙེད་མྱོང་ངམ།
བུད་མེད་ཀྱི་འདུག་ས་ནི་ཐབ་ཚང་ཡིན་ཞེས་གཡོག་མོ་ཞིག་གི་གནས་བབ་ལ་མར་གཡུག་དུས། ཁྱེད་ཀྱིས་ང་ནི་ཁྱིམ་ཚང་འདིའི་རླབས་ཆེན་གྱི་མ་ཡུམ་ཡིན་ཞེས་གནམ་ས་གཉིས་ཀྱི་གོ་ཐུབ་པ་ཞིག་བསྒྲགས་དགོས་སྙམ་མྱོང་ངམ།
བུད་མེད་ནི་གྱོན་ཆས་དང་མཚུངས་པས་བརྗེ་ལེན་བྱེད་དགོས་ཞེས་བཟི་གཏམ་ཁྲོད་ནས་ཅ་དངོས་བཞིན་གཞན་ལ་གཡར་དུས། ཁྱེད་ཀྱིས་ང་ནི་ཤ་ཁྲག་གིས་གྲུབ་པའི་ཕུང་བོ་ཡིན། ང་ལ་དགའ་སྐྱོ་ཆགས་སྡང་གི་འདུ་ཤེས་ཡོད་སྙམ་མྱོང་ངམ། ཁྱེད་ཀྱིས་ང་ལ་གྱོན་ཆས་ཤིག་གི་རིན་ཐང་ལས་མི་འཇོག་ན་ཁྱེད་རང་ལའང་མི་ཞིག་གི་འདུ་ཤེས་རྙེད་དཀའ་བས་གཅིག་གིས་གཅིག་ལ་འཁྲེང་དོན་མི་འདུག་སྙམ་མྱོང་ངམ།
ཤོག་སྒོར་ཁ་ཤས་ཀྱིས་སྲབ་མཐུག་བརྩད་དེ་ཁྱེད་ཀྱི་རིན་གོང་གླེང་དུས། ཁྱེད་ཀྱིས་ང་ནི་མི་ལུས་རིན་པོ་ཆེ་ཐོབ་པའི་འགྲོ་བ་མིའི་རིགས་ཡིན་པས་རིན་ཐང་གཞལ་དུ་མེད་སྙམ་མྱོང་ངམ། ཁྱེད་ཀྱིས་ང་ནི་ཚོང་རྫས་བཞིན་རིན་གོང་བཅོག་འཕྲི་སྣོན་འཐེན་བྱས་ཏེ་ཡིན་གཅིག་མིན་གཉིས་བཙོང་དགོས་དོན་ཅི་ཞེས་རྒོལ་ལན་སློག་འདོད་སྐྱེས་མྱོང༌།
(དྲ་གྲོགས་ཚོ་དང་ཀློག་པ་པོ་རྣམས་ལ་ཞུ་རྒྱུ། ཉི་མ་མཚོས་བུད་མེད་ཀྱི་ཐོབ་ཐང་རྩོད་ཀྱི་འདུག་ཅེས་ངའི་མགོ་ལ་ཐོ་བས་མ་རྡུང་རོགས། ངས་རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་དངོས་ཡོད་ཐ་སྙད་ཁ་ཤས་སྒྲིག་ཏེ་བུད་མེད་ཚོར་སྤོབས་པའི་མགོ་བོ་རེ་འདེགས་པར་སྐུལ་བ་ཡིན།)
འ་ལ་ལ་ལ། ངོ་ནས་རྩོམ་ཡིག་རྫུག་པོ་ཅིག་བྲིས་འདུག་དཀོན་མཆོག་གསུམ། འདི་འདྲ་འབྲི་དགོས་ནི་རེད། འདི་ནི་སྤྱི་ཚོགས་ཅིག་ལ་ཁ་གཏད་ནས་འབྲི་དགོས་ནི་རེད། ཡིན་ན་ཡང་ཁྱིམ་ཚང་ནས་ནས་འདི་འདྲ་རྐྱང་བསམ་ཉན་ནི་མ་རེད། གཟའ་ཟླ་ཚན་ཚུན་འཆམ་པོ་བྱེད་དགོས་ནི་རེད། ཕན་ཚུན་བསྟུན་ཤེས་བྱེད་དགོས་ནི་རེད། ཁྱིམ་ཚང་ནི་ཉི་མ་གཅིག་མ་རེད། ཟླ་བ་གཅིག་མ་རེད། ལོ་གཅིག་མ་རེད། མི་གཅིག་གིས་མ་རེད། མི་གཉིས་ཀྱིས་མ་རེད། བུ་རབས་ཚ་བརྒྱུད་ཚང་མའི་རེད། འདི་ནི་བུ་མེད་གཅིག་བའི་ཕྱོགས་ནས་མ་ཡིན་པར་ཁྱོ་ཀའི་ཕྱོགས་ནས་ཀྱང་བསམ་གཞུགས་བྱེད་དགོས་ནི་རེད།
དེ་ནས་དེང་སངས་གི་ལུགས་སྲོལ་ལྟར་གཉེན་རང་ཐག་རང་ཆོད་དང་། གནའ་རབས་ཀྱི་ལུགས་སྲོལ་ལྟར་གཉེན་ཕ་མས་ཐག་གཅོད་བྱས་པ་འདི་གཉིས་དགེ་མཚན་གང་ཆེ་ཟེར་ན་འདི་ནི་གླེང་རིན་ཡོད་པ་ཞིག་རེད། ད་དུང་གནའ་རབས་ལུགས་སྲོལ་ལྟར་བྱས་ན་ཡང་། ལོ་ཆུང་སྐབས་སུ་བུད་མེད་ལ་ཁ་ཆུང་དབང་ཆུང་ཡིན་པ་བདེན། འོན་ཀྱང་ལོ་སུམ་ཅུ་བརྒལ་རྗེས་སྐྱེས་སྨན་ནི་ཁྱིམ་གྱི་བདག་མོ་རེད། བྱིས་པ་ཚོའི་ཨ་མ་རེད། ཁྱིམ་ཚང་ནང་གི་དབང་ཆེ་ཤོས་རེད། འདི་ནི་དངོས་ཡོད་རེད། འོན་ཀྱང་དེང་རབས་ལུགས་སྲོལ་ལྟར་བྱས་ན་ཡག་པོ་ཅིག་བཤད་ཤེས་ཀྱི་མི་འདུག རང་དབང་རང་འཐད་ཟེར་ནས་འཆང་ས་གྲངས་ཀ་བརྒྱབ་འགྲོ་གི འདི་ཡང་བརྡབ་བསིགས་ཆེན་པོ་ཅིག་རེད། འོན་ཀྱང་རང་དབང་རེད་པ།
ཉི་མ་ངཚོ།
ཁྱེད་ཀྱིས་ཞིབ་ཚགས་པོས་སྤྱི་ཚོགས་ལ་བསམ་གཞིགས་དང་།
ནན་ཏན་གྱིས་ཞིབ་བརྟག་བྱས་རྗེས་དེ་འདྲའི་ཡིད་མུག་དགོས་དོན་ཅི།
དཔྱད་གཞིའི་སྤྱི་ཚོགས་དེའི་ཟུར་གཞན་དེ་ནས་ཅིག་གཟིགས་དང་།
ཁྱོད་ལ་རང་ཉིད་བུད་མེད་ཅིག་ཡིན་པའི་སྤོབས་པ་དང་སེམས་ཁོམས་ནས་འཛུམ་མདངས་རྒྱས་ཡོང་བ་ཡོད།
བཀའ་ཁྲི་ཟམ་གདོང་ལགས་ཀྱི་ཆུང་དུས་སྐབས་ཀྱི་ཡིད་མུག་གི་སྙུང་གཞི་དེ་དེང་སང་ཡང་བསྐྱར་སླེབས་ཀྱིན་ཡོད་པས་ཁ་སྔོན་བཀའ་ཁྲི་ནས་རྩ་དགོངས་ཞུ་དགོས་པའི་རྒྱུ་མཚན་གཅིག་དེ་རེད་འདུག་ག
དངོས་གནས་བོད་ཀྱི་མཛངས་མ་ཟེར་ན་ཁྱེད་ལ་འདོགས་ན་འདོགས་རིན་ཆོག་གི་འདུག རང་རེའི་བོད་ཀྱི་བུད་མེད་ཀྱིས། ཐོབ་ཐང་ལེན་ཤེས་ཀྱི་མི་འདུག ཐོབ་ཐང་དེ། བཙན་པོ་དབང་ཡོད་ཀྱིས་ལེན་ཐུབ་ཀྱི་མ་རེད། ལོན་ཀྱང་བརྟན་པོ་ཡོང་གི་མེད། ཐོབ་ཐང་དེ་སོ་སོའི་ཤེས་འཇོན་གྱིས་ལེན་དགོས་ཀྱི་རེད།
ཚད་ལས་བརྒལ་བའི་ཐོབ་ཐང་དགོས་ཟེར་ན། ལོན་ཡ་ཡང་ཡོད་མ་རེད།
ཕོ་མོ་གཉིས་འདྲ་མཉམ་དགོས་ཟེར་བ་འདི་ལ་བླ་རྒན་ང་ཡང་འཐད་པ་ཡོད།
ཕོ་མོ་སུ་ཡིན་ལ་འདྲ་མཉམ་གྱི་ཐོབ་ཐང་ཡོད་་་་་་་་་་་་་་་་
ཕོས་ནུས་མོས་མི་ནུས་པ་དང་མོས་ནུས་ལ་ཕོས་མི་ནུས་པའི་ཡོན་ཏན་གཉིས་ཀ་ལ་ཡོད་ཅིང་གཅིག་ལ་ཡོད་གཅིག་ལ་མེད་པའི་སྐྱོན་གཉིས་ཀ་ཡོད་དོ་ཞེས་པ་འདི་འཇིག་རྟེན་གྱི་སྡོམ་ཚིག་ཆེན་པོ་ཞིག་རེད་་་་་་་་་་་་་་་
ཕོ་མོ་འདྲ་མཉམ་ཞེས་པ་དེར་སྡོམ་ཚིག་འདིའི་ངང་ནས་བལྟས་ན་གོ་བ་ཐོར་མི་འགྲོ་བའི་ཁྱད་པར་ཞིག་བརྟན་བརྟན་ཡོད་ས་འདུག་་་་་་་་་་་་་་་་་
རང་གིས་ནུས་ན་ཐོབ་ཐང་འདྲ་མཉམ་རེད་ཟེར་གྱི་ཡོད་ས་རེད་མ་གཏོགས་ཕོ་ཚང་མས་ནུས་པའང་མི་གཅིག་པ་གསལ་བོ་རེད་པ།
ཚང་མས་་་་་་ཚང་མའི་
གནའ་སྔ་མོའི་གཏམ་དཔེ་འདི་ཚོ་ནི་གནའ་སྔ་མོའི་སྤྱི་ཚོགས་ཤིག་གི་བཞིན་རས་སྟོན་བྱེད་མེ་ལོང་ལྟ་བུ་ཞིག་ཡིན་པ་མ་ཟད། འདི་ཚོ་ནི་དོན་དངོས་ཀྱི་འཚོ་བ་དང་འཚམས་ཤིང་གནས་ལུགས་དང་རྒྱུ་མཚན་གྱིས་ཕྱུག་པའི་མཚན་ཉིད་ཀྱི་སྡོམ་ཚིག་རྐྱང་རྐྱང་རེད་ཅེས་བཤད་ནའང་ནོར་འཁྲུལ་ཆེན་པོ་ཡོད་མི་སྲིད།
གནའ་སྔ་མོར་བུད་མེད་ཅིག་གི་ལས་དབང་ནི་ལུང་ཁུག་ཅིག་ཏུ་རང་ཁྱིམ་ཁོ་ནར་སྡོད་རྒྱུ་དེ་ཡིན་པས་རང་བཞིན་གྱིས་ལྟ་རྒྱ་མཐོང་རྒྱ་ཆུང་བ་ཡོད་པ་རེད། དེས་ན་བློ་ཆུང་ཞིག་གི་ཁ་ལ་སུ་ཡིས་ཉན།
བདེ་འཇགས་མིན་པའི་སྤྱི་ཚོགས་ནང་ཁྱིམ་ཚང་གི་ཕྱིའི་འགན་ཁག་པོ་དང་གཙོ་བོ་རྣམས་རང་བཞིན་གྱིས་ཁྱོ་གས་འཁྱེར་དགོས་པ་བྱུང་བས་ཁོ་ཚོ་ཁྱིམ་ཚང་གི་དཔོན་པོ་ཡང་ཡིན་པ་རེད། དེས་ན་སྔོན་མའི་དཔོན་པོ་ཞིག་དང་དཔོན་པོའི་ཁྱབ་ཁོངས་ཀྱི་མིའི་བར་ན་ཁྱད་པར་ག་འདྲ་ཞིག་ཡོད་པ་བཤད་དགོས་ན་ངལ་བའི་རྒྱུ་ལས་མི་འདུག
དེ་ལྟར་ནུས་པ་དང་ལྟ་རྒྱ་ཐོས་རྒྱ་ཆུང་བའི་བུད་མེད་རྣམས་རང་བཞིན་གྱིས་ཟུར་ཁུག་ཅིག་ཏུ་དེད་པ་དེ་ཡིས་ཁོ་ཚོའི་ལྷན་སྐྱེས་ཀྱི་ཤེས་འཇོན་སྐྱེད་སྲིང་བྱེད་རྒྱུར་ཡང་ད་བར་འགོག་རྐྱེན་ཕྲད།
ད་ལྟའི་ཆར་ཕོ་མོ་འདྲ་མཉམ་ཟེར་བའི་སྒྲ་སྐད་སྙན་པོ་འདི་གོ་ལ་ཟླུམ་པོ་འདིའི་གྲུ་ཁ་གང་སར་གྲག་བཞིན་པའི་སྐབས་འདིར། བུ་མོ་ཉི་མ་མཚོའི་སེམས་ནང་གནའ་མོའི་གཏམ་དཔེ་འགའ་ད་རུང་སེམས་ནང་གི་སྐྲང་འབུར་དུ་གྱུར་ཡོད་པ་འདིར་བལྟས་ན། གཏམ་དཔེ་འདི་ཚོ་ད་རུང་བོད་སྤྱི་ཚོགས་ནང་བེད་སྤྱོད་གཏོང་ཆོག་གི་ཡོད་པ་དང་གཏོང་གི་ཡོད་པའི་མངོན་རྟགས་སུ་འདུག
ཕོ་མོ་འདྲ་མཉམ་ཟེར་བ་འདིས་ང་ཚོར་ཅི་ཞིག་ཤོད་ཀྱི་འདུག་ཟེར་ན། དེས་ཕོ་མོ་འདྲ་མཉམ་མེད་པ་གཅིག་པོ་སྟོན་གི་མེད་པར་དེས་མིའི་སྤྱི་ཚོགས་ནང་འདྲ་མཉམ་ཟེར་བ་ཞིག་མེད་པ་དེ་སྟོན་གྱི་ཡོད་པ་རེད། ཕོ་མོའི་འདྲ་མཉམ་དེ་ནི་འདྲ་མཉམ་མེད་པ་མང་པོ་ཞིག་ཡོད་པའི་ནང་གི་ཟུར་གཅིག་རང་གཅིག་རེད། ང་ཚོར་ཁྲིམས་ཟེར་བ་ཞིག་དགོས་པའི་འགག་རྩའང་འདི་རིགས་ལ་ཐུག་པ་ལོས་ཡིན།
ཇི་སྲིད་བདག་གཞན་མཉམ་བརྗེའི་གོ་དོན་མ་རྟོགས་དེ་སྲིད་དུ།། འདྲ་མཉམ་ཟེར་བ་གོ་ཁའི་རྒན་མོའི་ཁ་ཡི་མ་ཎི་ཡིན།། རང་གི་ཆེད་དུ་རང་གིས་བསམ་ནས་ཁྲིམས་ཤིག་མ་བཟོས་ན།། རང་གཞན་ཐམས་ཅད་སྐྱིད་པའི་དུས་ཤིག་ཡོང་ཐབས་གང་ང་ཡོད།།
དགེ་ཆོས་མཆོག་གིས།
ཤིང་ལ་རྡོ་ཡི་ལྷན་པ་བརྒྱབ་པའི་ཚེ།།
བུད་མེད་རང་བཞིན་བརྟན་པ་ག་ནས་འོང་།།
བདག་གིས།
བུ་མོའི་རང་དབང་ཤེས་རྒྱུ་གལ་ཆེན་ཡིན།།
ཐམས་ཅད་རང་དབང་ཟེར་བས་མི་ཡོང་ངོ་།།
ཐོབ་ཐང་རྩོད་བ་འདིའང་མཐའ་གཅིག་ཏུ་འདྲ་མཉམ་ལྟ་བུའི་ལྟ་བའི་ཐོག་ནས་འགྲེལ་བརྗོད་བྱེད་པ་དང་། ཁྲིམས་ལུགས་བྱེ་བྲག་པ་ལ་སྦྱར་ནས་ཐོབ་ཐང་རྩོད་པ་སོགས་འདིའི་གོ་དོན་བཤད་དུས་དབྱེ་བ་ཕྱེ་དགོས་པར་སྙམ།
གཞོན་ནུ་ཟླ་མེད་ལགས།
ཁྱེད་རང་ཨ་མདོ་ཞིག་རེད་འདུག་ག
ཁྱེད་ཀྱི་མཆན་ཞིག་ལས་ཨ་མདོ་མིན་པ་འདྲ་ཞིག་བྲིས་འདུག་མོད།
དེ་རིང་ངས་ཁྱེད་ཀྱིས་རྫིག་པོ་ལ་རྫུག་པོ་བྲིས་ཡོད་པ་ལས་ཐག་ཆོད་སོང་།
ཉི་མ་འཚོ་ལགས།
མུ་མཐུད་དུ་སྤེལ་རོགས།
རྩོམ་ཡིག་འདིས་ཐོབ་ཐང་རྩོད་ཀྱིན་མེད་ཟེར་ནས་དག་སེལ་ཤ་ཚ་མོ་ཞིག་བྱས་ནས་བཞག་འདུག
ཉི་མ་མཚོ་ཡོང་སྟངས་འདི་ལྷོད་ཤིག་ཤིག་ཡག་པོ་འདྲ་རེད།
དེ་མིན་བུ་མོ་ཁ་ཤས་ཤིག་ཡོང་དུས་ཅིག་ཡིན་མིན་དགོས་ཟེར་ནས་གཏམ་བཤད་རྫིག་པོ་རེ་བྱེད་ཞོལ་
འཛུལ་ཡོང་གིན་འདུག
སྤྱིར་ཕོ་མོའི་འདྲ་མཉམ་ཟེར་བ་འདི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མིའི་ཐོབ་ཐང་འདྲ་མཉམ་དགོས་པ་དངོས་ཡོད་དང་མཐུན་པ། འདོད་མོས་དང་མཚམ་པ་ཞིག་རེད། ཡིན་ནའང་འདྲ་མཉམ་ཀྱིས་བསྐྱོད་ཐུབ་པ་ནི་ཏོག་ཙམ་དཀའ་གནད་ཅན་ཞིག་རེད་སྙམ།
དེ་ཙམ་ཡིན།
འཆི་བདག་སྐྱབས་ལགས་ལ། ངས་ཨ་མདོ་བ་ཅིག་མིན་མདོགས་རྩ་ནས་བསྟན་མ་མྱོང་མོད། འཚམ་ལམ་རེར་དེ་ལྟར་གོ་འགྲོ་བ་ཡང་ཡོད་སྲིད། བསམ་འཆར་གནང་དགོས་པ་རེད། ཕ་ཡུལ་བརྗེད་རུང་ཕ་སྐད་བརྗེད་མི་ཉན་ཟེར་ནི་རེད། དེ་མིན་ཡིག་ནོར་དག་བྱས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྔོན་མ་ང་ཞུ་དག་པ་དང་དགེ་རྒན་གྱི་ཞབས་ཞུ་སྒྲུབ་སྐབས་ངོ་ནས་ཀླད་པ་ཁོ་རང་དག་ཡིག་དང་ཚིག་མཛོད་ཅིག་ཡིན། དེང་སང་རྒྱུན་རིང་ཡི་གེ་མ་བྲིས། དེའི་སྒང་ལ་གློག་ཀླད་འདི་བེད་སྤྱོད་གཏོང་སྐབས་ཡི་གི་མཛུག་གུ་བཅུས་འབྲི་དགོས་དུས་ཡིག་ནོར་ཤོར་འགྲོ་གི་འདུག ཡ་ཡ་ཐུགས་རྗེ་ཆེ་དག་བྱས་གནང་པར། འོན་ཀྱང་གོང་དུ་ཞུ་བ་ནང་བཞིན་ང་རང་གི་སྐྱོན་ཡིན་པ་ལས་ཨ་མདོ་བའི་སྐྱོན་མ་རེད་ཞུ་རྒྱུ་ཡིན།།
བུ་མེད་འཚོའི་ཐབས་བརྩོད་བྱེད་བཞིན་པའི་འདྲ་གཉམ་ཟེར་བ་འདི་ཕོ་དང་འགྲན་ཟླུར་གྱི་ལང་ནས་ཡོང་རྒྱུ་ཞིག་ལས་བོད་རྒྱའི་དཀའ་རྙོག་ནང་བཞིན་ཐབས་བརྩོད་ཞིག་མ་ཡིན་པ་གསལ་པོ་རེད་་་་་་་་་་དེས་ན་གནས་དོན་འདི་ལ་བུ་མེད་རང་སོ་སོའི་ནུས་པ་འདོན་དགོས་པ་གལ་ཆེན་ཞིག་ལས་གཞན་གྱི་རོགས་རམ་ཟེར་བ་ཞིག་ཡོང་ས་མེད་
དེ་ཡང་སོ་སོ་བུ་མེད་ཞིག་ཡིན་ན་དང་པོ་ནང་མིའི་ནང་དང་དེ་ནས་རིམ་གྱི་ཚོགས་སྡེ་ཁག་དེ་བཞིན་སྤྱི་ཚོགས་ནང་དམིག་དཔེ་འོས་པའི་དབང་བརྒྱུར་ཞིག་གནང་ཐུབ་ན་འདྲ་གཉམ་ཟེར་བ་དེ་རང་བཞིན་གྱི་ཡོང་བ་ཡིན་་དེ་ལ་སུ་ཞིག་བཀག་འགོག་བྱེད་ཀྱི་མེད་པ་ཡང་གསལ་པོ་རེད་་་་་་ལྷག་དོན་ང་འཚོ་བོད་པས་སྤྱི་ཚོགས་ནང་བུ་མེད་ལ་འདྲ་གཉམ་གྱི་ལྟ་ཚུལ་ཆེ་ཤོས་ཞིག་རེད་དེ་་་་་་་བུ་མེད་ཁོ་རང་འཚོའི་ནུས་པས་མ་འདང་པའི་གནས་ལུག་འོག་རང་སོ་སོའི་ཁྱིམ་མི་ནང་དང་སྤྱི་ཚོགས་ནང་རང་བཞིན་གྱི་བུ་མེད་ཟེར་བ་དེ་ལ་སྐྱོན་ཞིག་མཐོང་ཏེ་ཧ་ལམ་བུ་མེད་ཟེར་བ་དེ་ལ་ཡིད་གཏད་མེད་པ་དང་ལས་དོན་ག་རེ་ཡིན་ན་སྤུས་ཚད་མི་ལྡན་པ་ཅེས་གསུངས་བཞིན་པ་དངོས་ཡོད་རེད་་་་་་་དཔེ་ན་ལོ་རེ་ཚོགས་བཞིན་པའི་བོད་ཀྱི་མཛངས་མ་འགྲན་བརྒྱུར་ཟེར་བ་དེ་ཡང་བུ་མེད་འཚོའི་བརྩོད་བཞིན་པའི་འདྲ་གཉམ་གྱི་གོ་དོན་ལ་ཁ་གཏད་ཆེ་ཤོས་ཞིག་རེད་་་་་དངུལ་གྱི་ཁྱད་དུ་བཟོས་པའི་ལས་དོན་འདི་ནི་ནམ་ཡང་བོད་ཀྱི་མེད་འཚོའི་བཞག་ནུས་ཀྱི་མ་རེད་་་་་་་དངོས་གནས་བྱེད་ན་འདི་ནི་བུ་ཞིག་གི་ཆང་རག་མཐུང་པ་ནང་བཞིན་ཐབས་སྡུག་ཞིག་ཡིན་ཡང་བོད་ཀྱི་བུ་འཚོའི་རང་གི་རང་ལ་སེམས་གསོ་མེད་པ་སྒོར་མོའི་དབང་རྒྱུར་ཀྱི་ནང་ཏུ་མཛུལ་གྱི་ཡོད་་་་་་་་་་ངས་ཚེ་རིང་སྐྱེད་ཟེར་བའི་བུ་མོ་དེ་ལ་བཤད་མྱོང་སོ་སོའི་གནས་སྐབས་ཁེ་ཕན་རྩམ་ལ་ལགཙོ་བོ་བསམ་མི་རིག་ལ་གནས་ལུག་དེའི་བྱུང་རིམ་དང་འབྱུང་འགྱུར་ལ་བསམ་དགོས་པ་གལ་ཆེན་རེད་་་་་་་་་་གལ་ཏེ་ཁྱོད་བོད་ཀྱི་བུ་མེད་ཡག་པོ་ཞིག་བྱེད་འདོད་ན་དངུལ་གྱི་དབང་བརྒྱུར་ནང་ཚུད་མི་ཉེས་ལ་་ཡར་རབ་བཟང་སྤྱོད་ཟེར་བ་དེ་བོད་པ་གཅིག་པའི་་སྐད་ཆ་ཞིག་མ་རེད་མཛོམ་གླིང་གི་མི་མང་ཡོངས་ལ་དེ་ལྟར་ཡོད་ཡོད་པ་རེད་་་་་་་་་དངོས་གནས་བོད་ཀྱི་བུ་མོ་རྣམས་ལ་ཕོ་མོ་འདྲ་གཉམ་ཞིག་ཡོངས་དགོས་ན་་་་ད་ལྟ་ཡོད་བཞིན་པའི་སོ་སོའི་སྤྱོད་པ་ལ་འགྱུར་བ་ཞིག་བཏང་དགོས་པ་མཐོང་
བུ་ལ་ཕྱོགས་ཞེན་ཅན། ཀླད་རྙིང་ཅན། མི་ཀུན་མི་དགའ་ས་ཁྱོད་ཀྱིས་ཉོན་ཞིག ཧ་ཧ་ཧ་ཧ་ཧ་ ད་ལྟ་རང་རེ་བོད་ཀྱི་བུད་མེད་རྣམས་ཕྲུག་གུ་ཆུང་ནང་བཞིན་རེད། ཕྲུག་གུ་ཆུང་ཆུང་ལ། ཕ་མས་རོགས་དན་མ་བྱས་ན། སློབ་སྦྱོང་གི་གོ་སྐབས་རེག་པ་ཁག་པོ་རེད། སློབ་སྦྱོང་གི་གོ་སྐབས་དང་། སློབ་གསོའི་གོ་སྐབས་མ་རེག་ན། སྤྱི་ཚོགས་གི་རྗེས་ཟིན་པ་ཞིག་ཡོངས་ཐབ་མེད། སྐྱ་སེར་ཡོངས་ཀྱིས། བུད་མེད་རྣམས་ལ་རོག་དན་བྱེད་ནས། སློབ་སྦྱོང་གི་གོ་སྐབས་དང་། ཤེས་ཚད་བུ་དང་འདྲ་བ་ཞིག་ཡོང་ཐབ་བྱེད་དགོས་འདུག སློབ་སྦྱོང་གི་ཤེས་ཚད་བུ་དང་འདྲ་བ་ཆགས་ཐུབ་ན། བོད་ཀྱི་བུ་མེད་ཀྱིས་ཐོབ་ཐང་འདྲ་མཉམ་དགོས་ཟེར་རྩོད་དགོས་ཀྱི་མ་རེད། བུད་མེད་ལ་མེད་པའི་བུ་ལ་ཐོབ་ཐང་ལྷག་མོ་ཞིག་གང་ཡང་མེད།
སློབ་སྦྱོང་གི་གོ་སྐབས་སྤྲད་པ་ཙམ་གྱིས་མི་ཕན། རྒྱལ་ཁབ་གཞན་གྱི་བུད་མེད་རྣམས་མིག་དཔེར་བསྟན་ཅིང་། སློབ་གསོས་སྙིང་སྟོབ་སྤེལ་དགོས་པ་མ་ཟད་ལས་འགན་རྣམས། བུད་མེད་ལ་མཐོང་ཆུང་མི་བྱེད་ནས་སྤྲད་དགོས། ཁ་ཡིས་བུད་མེད་རྣམས་ཐོབ་ཐང་འདྲ་མཉམ་ཡིན་ཟེར་བས་མི་ཕན། བུད་མེད་རྣམས་ཀྱིས་འཇོན་དང་མི་འཇོན་ལྟ་དགོས། བུད་མེད་རྣམས་ཀྱིས་ལས་འགན་གང་ཞིག་སྤྲད་ན། བུ་བཞིན་འཇོན་མ་རེད་བསམ་པའི་བསམ་གནོ་དེས། བུད་མེད་ལ་འདྲ་མཉམ་མེད་པ་གསལ་པོ་མཚོན་གྱི་ཡོད།
རིག་པའི་རལ་གྲི་ལགས་
ཁྱོད་ཀྱི་དོན་མ་གོ་བར་གནས་ལུགས་ཤེས་མདོག་མ་གནང་རོགས་་་་་་་་་་་་་་་ཁྱོད་ཀྱིས་ངས་བུ་ལ་ཕྱོགས་ཞེན་བྱེད་ཀྱི་འདུག་ཟེར་ན་་་་་་་་་་ཚིག་དོན་འདི་ཕྱོགས་ཞེན་ཀྱི་གཏམ་རེད་ཅེས་གསལ་པོ་གསུངས་ན་འགྲིག་གི་རེད་་་་་་་་་་་ངས་བཤད་དོན་སྙིང་པོ་ནི་བོད་ཀྱི་བུ་མེད་འཚོའི་སོ་སོ་བུ་དང་འདྲ་གཉམ་གྱི་ཐབས་ཐང་དགོས་ན་ངེས་་པ་ཏུ་ད་ལྟ་ཡོད་བཞིན་པའི་ཀུན་སྤྱོད་ངན་པ་རྣམས་འགྱུར་བ་བཏང་དགོས་པ་རེད་ཅེས་བཤད་གྱི་ཡོད་དཔེ་ན་ངས་ཚེ་རིང་སྐྱེད་ཟེར་བའི་བུ་མོ་དེ་ཁོ་རང་གཅིག་པུ་ལས་མེད་པར་བོད་ཀྱི་མཛེས་མ་འགྲན་འདུར་ཟེར་བ་ཞིག་བློ་བཟང་དབང་རྒྱལ་གི་གོ་སྒྲིག་འོག་ཨང་དང་པོའི་མིང་སྐམ་ཐོབ་སྐབས་བཤད་མྱོང་སོ་སོའི་གནས་སྐབས་ཁེ་ཕན་རྩམ་ལ་གཙོ་བོ་མི་བསམ་པར་གནས་ལུག་དེའི་བྱུང་རིམ་དང་འབྱུང་འགྱུར་ལ་བསམ་དགོས་པ་གལ་ཆེན་རེད་་་་་་་་་་ གལ་ཏེ་ཁྱོད་བོད་ཀྱི་བུ་མེད་ཡག་པོ་ཞིག་བྱེད་འདོད་ན་དངུལ་གྱི་དབང་བརྒྱུར་ནང་ཚུད་མི་ཉེས་ལ་་་་་་་་ཡར་རབ་བཟང་སྤྱོད་ཟེར་བ་དེ་བོད་པ་གཅིག་པའི་་སྐད་ཆ་ཞིག་མ་རེད་ མཛོམ་གླིང་གི་མི་མང་ཡོངས་ལ་དེ་ལྟར་ཡོད་ཡོད་པ་རེད་་་་་་་་་དངོས་གནས་བོད་ཀྱི་ བུ་མོ་རྣམས་ལ་ཕོ་མོ་འདྲ་གཉམ་ཞིག་ཡོངས་དགོས་ན་་་་ད་ལྟ་ཡོད་བཞིན་པའི་སོ་སོའི་ སྤྱོད་པ་ལ་འགྱུར་བ་ཞིག་བཏང་དགོས་པ་མཐོང་་་་
བསྔགས་འོས་བོད་རིགས་བུད་མེད་ཉི་མ་འཚོའི་སེམས་ཁོང་དྲོན་མོ་ནས་བརྡོལ་བའི་༼བུད་མེད་ཀྱི་ན་ཟུག་༽དང་། ༼ ང་ནི་ཡུལ་གྱར་བ་ཞིག་ཡིན༽ཞེས་པའི་རྩོམ་ཡིག་དེ་གཉིས་ནི་སྔོན་ཆད་ཧི་གཟུགས་ཟིན་བྲིས་ནང་ནས་བཀླགས་མྱོང་འདུག་ལ། དེ་ཡང་(མུ་ཏིག)་ཅེས་པའི་པུར་མིང་སྤྱད་དེ་བཀོད་འདུག་པ་ད་དུང་ང་ཡི་དྲན་ངོ་ན་གསལ་ལྷང་ངེར་འདུག དེ་ལས་༼བུད་མེད་ཀྱི་ན་ཟུག་༽ནི་བུད་མེད་ཅིག་གི་ངོས་ནས་དྲང་བདེན་དང་གནས་ལུགས་ཟབ་པའི་སེམས་ཚོར་དྲག་པོ་ཞིག་དང་། དུས་རབས་ཀྱི་དགོས་མཁོར་འཚམས་པའི་བོད་རིགས་བུད་མེད་ཚོའི་ཐོབ་ཐང་ཞེ་ཅིག་གི་ཁ་གཡང་དངོས་འབྲེལ་དེ་རེད།
ཁྱེད་རང་གིས་སྐད་ཡིག་གཞན་མ་ནས་མཐོང་ན་ཡག་པོ་རེད། དེ་ལ་ངོམ་སོ་གང་ཡང་དགོས་མ་རེད། ང་དང་ང་འདྲ་ལ་གསར་བ་རེད། ཡག་པོ་བྲིས་འདུག སྤྱིར་དྲྭ་གྲོགས་ཁ་ཤས་ཀྱིས། སོ་སོས་སྐད་རིགས་གཞན་ཏོག་ཙམ་ཤེས་ཀྱི་ཡོད་པ་དེ་སྒྲོགས་པར་འདོད་ནས། རྩོམ་རྐུན་རེད་འདོགས་བྱེད་པ་འདི་སོ་སོའི་ཕུག་གི་ཀུན་སློང་དེ་ཕྱི་རུ་ལམ་སེང་གཏོན་པ་རེད། གལ་སྲིད་ཁྱེད་རྣམ་པ་སྐད་རིགས་གཞན་ལ་དེ་འདྲ་མཁས་ཀྱི་ཡོད་ན། སྐད་རིགས་གཞན་གྱི་ཐོག་ཏུ་རང་རེའི་ཆོས་ལ་དགག་བཞག་དང་དམའ་འབེབ་བྱས་པའི་རྩོམ་ཡིག་མི་ཉུང་པ་ཞིག་རྒྱ་རིགས་ཀྱི་མཁས་པ་དང་། གནས་གཏན་སྡེ་བའི་མཁས་པ་རྣམས་ཀྱིས་བརྩམས་པ་ཐོས་བྱུང་། དེ་རྣམས་བསྒྱུར་ནས་དྲྭ་ཐོག་ལ་བཀོད་བྱུང་ན། ཁྱེད་ཀྱིས་སྐད་ཡིག་གཞན་མགོ་རྔ་ཚང་བ་ཞིག་ཤེས་པའི་ངོས་འཛིན་དང་། བསྟོད་བསྔགས་བྱེད་ཀྱིན་ཡིན། དེ་དང་བོད་ཀྱི་ཆབ་སྲིད་ལ། སྐྱོན་བརྗོད་དང་། དཔྱད་རྩོམ་སྐད་རིགས་གཞན་གྱི་ཐོག་ཏུ་ཡོད་པ་རྣམས་བསྒྱུར་ནས་བཀོད་ཤོག་དང་། དྲ་གྲོགས་མང་པོ་ཞིག་ལ། ཕན་ཐོག་ཡོང་གི་རེད།