བུད་མེད་ཀྱི་ནུས་ཤུགས་སྐོར་ལ་བཅར་འདྲི། Posted on 2016-07-042016-07-04 By ཁ་བརྡ་ 4 Comments on བུད་མེད་ཀྱི་ནུས་ཤུགས་སྐོར་ལ་བཅར་འདྲི། བཅར་འདྲི།
བུད་མེད་ཀྱི་ནུས་ཤུགས་གོང་འཕེལ་དུ་ཇི་ལྟར་སྤེལ་སྟངས་སྐོར་ལ་བགྲོ་གླེང་བྱས་འདུག བུད་མེད་ཀྱི་ནུས་ཤུགས་གོང་འཕེལ་དུ་གཏོང་སྟངས་གཙོ་བོ་དེ་བུད་མེད་ཚོར་སློབ་སྦྱོང་ལེགས་པོ་སྤྲོད་རྒྱུ་དེ་རེད། ཕོ་མོ་འདྲ་མཉམ་དགོས་ན་སློབ་སྦྱོང་འདྲ་མཉམ་དགོས་པ་རེད། ཕོ་མོ་གཉིས་ལ་ཡོན་ཏན་འདྲ་མཉམ་ཡོད་ན་འདྲ་མཉམ་དངོས་གནས་དེ་རེད། །
ཕོ་མོ་འདྲ་མཉམ་ཟེར་བའི་ཚིག་འདི་ལ་བློ་ལྡན་ཚང་མས་ ཐུགས་སྣང་ཆེ་ཙམ་གནང་དགོས་པ་ནི་ཕོ་མོའི་ལས་དབང་ལ་ འགྱུར་བ་གཏོང་དགོས་ན་དང་པོ་ནང་པ་ཡིན་པའི་ཆ་ནས་ལས་ འབྲས་ལ་རྩི་སྲུང་དགོས་ན་ཕོ་མོའི་འབྱུང་ཁུང་ལ་རྩད་ཞིབ་གནང་ནས་ཕོ་མོ་་འདྲ་མཉམ་བཟོ་དགོས་པ་དེ་གནད་འགག་ཅིག་རེད་ གཉིས་པ་ཕོ་མོ་འདྲ་མཉམ་གྱི་སྤྱི་ཚོགས་ནང་ཞུགས་དགོས་ན་བུད་མེད་ལ་སློབ་སྦྱོང་ཟུར་དུ་སྤྲོད་ཐུབ་པའི་ཤེས་ཡོན་སྲིད་ཇུས་ བཟོ་དགོས་པ་དེ་གལ་ཆེན་པོ་རེད་།
ད་ལྟའི་དུས་སུ་བཙན་བྱོལ་སྤྱི་ཚོགས་ནང་གི་ཆབ་སྲིད་པ་ཚོའི་བུད་མེད་ཀྱི་ཐོབ་ཐང་དང་ནུས་སྟོབས་གླེང་ནས་ཟབ་སྦྱོང་དང་བགྲོ་གླེང་ལ་དུས་ཚོད་གཏོང་བཞིན་པ་དང་ ནམ་ཞིག་ཡང་ཆབ་སྲིད་པ་ཚོའི་ཕོ་གི་ཐོབ་ཐང་དང་ནུས་པ་གླེང་རྒྱུའི་དུས་ཚོད་ཡང་ཤར་མ་སྲིད་པ་མིན་མང་ཚོགས་ནས་ཆབ་སྲིད་མི་སྣའི་ཁྲབ་འཁྲིད་ལ་མགོ་བོ་ནམ་ཡང་འཁོར་མི་ཉན་ནོ་།
བུད་མེད་ཀྱི་ནུས་ཤུགས་གོང་འཕེལ་དུ་ཇི་ལྟར་སྤེལ་སྟངས་སྐོར་ལ་བགྲོ་གླེང་བྱས་འདུག བུད་མེད་ཀྱི་ནུས་ཤུགས་གོང་འཕེལ་དུ་གཏོང་སྟངས་གཙོ་བོ་དེ་བུད་མེད་ཚོར་སློབ་སྦྱོང་ལེགས་པོ་སྤྲོད་རྒྱུ་དེ་རེད། ཕོ་མོ་འདྲ་མཉམ་དགོས་ན་སློབ་སྦྱོང་འདྲ་མཉམ་དགོས་པ་རེད། ཕོ་མོ་གཉིས་ལ་ཡོན་ཏན་འདྲ་མཉམ་ཡོད་ན་འདྲ་མཉམ་དངོས་གནས་དེ་རེད། །
ཕོ་མོ་འདྲ་མཉམ་ཟེར་བའི་ཚིག་འདི་ལ་བློ་ལྡན་ཚང་མས་
ཐུགས་སྣང་ཆེ་ཙམ་གནང་དགོས་པ་ནི་ཕོ་མོའི་ལས་དབང་ལ་
འགྱུར་བ་གཏོང་དགོས་ན་དང་པོ་ནང་པ་ཡིན་པའི་ཆ་ནས་ལས་
འབྲས་ལ་རྩི་སྲུང་དགོས་ན་ཕོ་མོའི་འབྱུང་ཁུང་ལ་རྩད་ཞིབ་གནང་ནས་ཕོ་མོ་་འདྲ་མཉམ་བཟོ་དགོས་པ་དེ་གནད་འགག་ཅིག་རེད་
གཉིས་པ་ཕོ་མོ་འདྲ་མཉམ་གྱི་སྤྱི་ཚོགས་ནང་ཞུགས་དགོས་ན་བུད་མེད་ལ་སློབ་སྦྱོང་ཟུར་དུ་སྤྲོད་ཐུབ་པའི་ཤེས་ཡོན་སྲིད་ཇུས་
བཟོ་དགོས་པ་དེ་གལ་ཆེན་པོ་རེད་།
བླུན་བཤད་རང་རེད། བུད་ཀྱི་ནུས་སྟོབས་ནི་ཨ་མ་རེད་ལ། སྐྱེ་ཆེན་ཕོ་མོ་ཐམས་ཅད་ཨ་མ་ལས་བྱུང་ཡོད།