༼བུད་མེད་ལས་འཕྲོས་པའི་བསྟན་བཅོས་སྔོན་པོ།༽
ཕོ་རོག་དཀར་པོ།
༡༽མི་རྣམས་ཀུན་གྱི་འབྱུང་གཞི་བུད་མེད་མཆོག།
ཚུལ་བཞིན་བསམས་ན་བདེ་བའི་རྩ་བ་རུ།།
ཡིན་པར་ཤེས་ནས་འབད་པ་དུ་མ་ཡིས།།
གཏན་ཏུ་འགྲོགས་འདྲིས་ཐུབ་པར་བྱིན་གྱིས་རློབས།།
༢༽ལན་ཅིག་ཙམ་ལ་འགྲོགས་པའི་བུད་མེད་ནི།།
ཤིན་ཏུ་རྙེད་སླ་དོན་ཆུང་ཤེས་གྱུར་ནས།།
ཉིན་མཚན་ཀུན་ཏུ་གཡོ་འོག་མི་ཚུད་པར།།
རྒྱུན་ཆད་མེད་པར་འཛེམས་པར་བྱིན་གྱིས་རློབས།།
༣༽བུད་མེད་སེམས་ནི་ཆུ་ཡི་ཆུ་བུར་བཞིན།།
མྱུར་དུ་འགྱུར་བའི་གཡོ་འཕྲུལ་དྲན་པ་དང་།།
ངན་གཡོའི་རྗེས་སུ་ལུས་དང་གྲིབ་མ་བཞིན།།
ཕུང་སྦྱོར་ངན་རྒུའི་རིགས་ཀུན་རྗེས་འབྲངས་པ།།
༤༽ངེས་པ་བརྟན་པོ་རྙེད་ནས་བུད་མེད་ཚོགས།།
ཕྲ་ཞིང་ཕྲ་མོའི་བློ་ཡིས་དཔྱོད་པ་དང་།།
འདོད་དོན་མཐའ་དག་སྒྲུབ་པར་བྱེད་མཁན་ལ།།
རྟག་ཏུ་བརྩེ་བ་ལྡན་པར་བྱིན་གྱིས་རློབས།།
༥༽སྤྱད་པས་མི་ངོམས་བུད་མེད་འདོམས་ཀྱི་སྒོ།།
ཡིད་བརྟན་མི་རུང་ཆག་སྒོ་ཀུན་འབོད་པའི།།
ཉེས་དམིགས་རིག་ནས་ཆགས་བྲལ་གོ་འཕང་ལ།།
དོན་གཉེར་ཆེན་པོས་འབད་པར་བྱིན་གྱིས་རློབས།།
༦༽རྣམ་དག་བུད་མེད་ཅིག་ལ་འཕྲད་པ་ན།།
དྲན་དང་ཤེས་བཞིན་བག་ཡོད་ཆེན་པོའི་ངང་།།
བདེ་སྐྱིད་རྩ་བ་བརྩེ་དུང་འཚོ་བ་ལ།།
མི་ཚེའི་སྙིང་པོར་བྱེད་པར་བྱིན་གྱིས་རློབས།།
༧༽རང་ཉིད་འཁྲིག་བདེར་དགའ་བ་ཇི་བཞིན་དུ།།
མ་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར།།
མཐོངས་ནས་འཁྲིག་སྤྱོད་བྱ་བའི་ཁུར་ལེན་པའི།།
གཞན་ཕན་བསམ་བློ་འབྱུང་བར་བྱིན་གྱིས་རློབས།།
༨༽སེམས་ཙམ་བསྐྱེད་ཀྱང་འཁྲིག་ཐབས་མང་པོ་ལ།།
གོམས་འདྲིས་མེད་ན་བུད་མེད་མི་ཚིམས་པར།།
ལེགས་པར་མཐོངས་ནས་གཞང་འཚོང་བུད་མེད་ལྟར།།
བརྩོན་པ་དྲག་པོས་སློབ་པར་བྱིན་གྱིས་རློབས།།
༩༽ལོག་པའི་ཡུལ་ལ་གཡེང་བ་འཕེལ་བྱེད་ཅིང་།།
ཡང་དག་དོན་ལ་ཀུན་ནས་རྨོངས་བྱེད་པའི།།
ཕོ་མོ་གཉིས་སྦྱོར་བདེ་ཆེན་ཆགས་པའི་ལམ།།
མྱུར་དུ་ཉམས་སུ་མྱོང་བར་བྱིན་གྱིས་རློབས།།
༡༠༽ཐུན་མོང་འཁྲིག་ཐབས་ཀུན་ལ་མཁས་པ་ན།།
འཁྲིག་སྤྱོད་ཀུན་གྱི་མཆོག་གྱུར་ནུབ་གླིང་ལུགས།།
ན་གཞོན་ཕོ་མོའི་འཇུག་ངོགས་དམ་པ་དེར།།
ཐེ་ཚོམས་མེད་པར་འཇུག་པར་བྱིན་གྱིས་རློབས།།
༡༡༽དེ་ཚེ་གཉིས་སྦྱོར་བདེ་ཆེན་འབར་བའི་གཞི།།
རྣམ་དག་འཁྲིག་ཐབས་སྒྱུ་རྩལ་སྤྱོད་པ་ལ།།
བཅོས་མ་མིན་པའི་ཆ་ལུགས་ཀུན་འཁྲབས་ནས།།
སྲོག་གི་རྩ་ཡང་སྦྲིད་པར་བྱིན་གྱིས་རློབས།།
༡༢༽དེ་ནས་འཕྲད་པའི་སྙིང་པོ་སིམ་ཚོར་གྱི།།
བདེ་བ་ཇི་བཞིན་རྟོགས་ནས་བརྩོན་པ་ཡིས།།
ཉིན་མཚན་དུས་ཀྱི་ཁྱད་པར་མི་བལྟ་བར།།
གོ་སྐབས་དམ་པོར་འཛིན་པར་བྱིན་གྱིས་རློབས།།
༡༣༽དེ་ལྟར་བདེ་ཆེན་སྤྲོད་པའི་བུད་མེད་དང་།།
འཁྲིག་བདེ་དོན་དུ་གཉེར་རྣམས་མཐུན་འགྲིག་ཅིང་།།
ཕྱི་དང་ནང་གི་དབྱེན་དཀྲུག་ཕྲ་མའི་ཚོགས།།
ཉེ་བར་ཞི་ཞིང་མེད་པར་བྱིན་གྱིས་རློབས།།
༡༤༽སྐྱེ་བ་ཀུན་ཏུ་ཡང་དག་བུད་མེད་དང་།།
འབྲལ་མེད་འཁྲིག་བདེའི་དཔལ་ལ་ལོངས་སྤྱོད་ཅིང་།།
འཐམ་དང་འཁྱུད་པའི་ལས་ཀུན་རབ་རྫོགས་ནས།།
ཟུང་འཇུག་བདེ་ཆེན་དགའ་སྟོན་མྱུར་འབར་ཤོག། །།
ཅེས་པ་འདི་ཡང་རྒྱ་དཀར་ནག་དང་། བལ་བོད་ཀྱི་རྒྱལ་ཁམས་སུ་འཁྱམས་ཉུལ་གྱི་འགྲུལ་བཞུད་པ་རྣལ་འབྱོར་རློན་པའམ་ཕོ་རོག་དཀར་པོ་རུ་འབོད་པས་རྒྱ་གར་ཤར་ཕྱོགས་རྡོ་རྗེ་གླིང་གི་གྲོང་ཁྱེར་ནས་ཕྱི་ལོ་༢༠༠༥ ཟླ་ ༥ ཚེས་ ༢༠ ལ་བྲིས་པ་དགེ་ལེགས་འཕེལ།།
ཙོང་ཁ་པ་ཡི་ཡོན་ཏན་གཞིར་གྱུར་དང་།།
ཆབ་བྲག་ཕོ་ཉའི་རྩོམ་འབྲི་གཞི་གྱུར་མ།།
ཕོ་རོག་དཀར་པོའི་བུད་མེད་གཞི་གྱུར་གསུམ།།
སྐྱེས་བུ་རབ་འབྲིང་ཐ་མའི་ཆོས་ལུགས་ཡིན།། །།
ཞེས་ཀྱང་སྨྲ་བར་འདོད་དོ།།
ཨོ། ཁོང་ཡང་གྲྭ་རྒན་ཞིག་ཡིན་ས་རེད། འབྲི་སྟངས་ཀི་ཆ་ནས་ཡག་པོ་བྲིས་ཞག ད་མགྱོགས་པོར་ཉམས་སུ་བླངས་ན་དགའ་བ་མེད་འགྲོ ཞེ་དྲག་རྒན་པ་ཆགས་ན་བུ་ཆུང་ཡང་རང་བཞིན་གྱིས་ཉོབ་འདང་ཤོར་འགྲོ་བས་སེམས་ཀྱི་འདོད་ཀྱང་ཁོས་ཞེ་དྲག་འཇོན་ནི་མ་རེད། ཆགས་སྤྱོད་ཟེར་དུས་རང་ཉིད་ཀྱི་འདོད་ཁུ་ཕྱིར་བཏོན་པ་ཙམ་གྱིས་མི་འགྲིག་ག ཕ་རོལ་བ་ལའང་འདོད་པ་ཡིད་ཚིམ་ཞིག་སྤྲོད་དགོས་པའང་བཤད་མི་དགོས་པ་རེད།
ཨ་ཙི། ཐན་ལྟས། ཕོ་རོག་ནག་པོ་ཕོ་རོག་དཀར་པོར་གྱུར་འདུག ངག་གི་ཞལ་འདོན་སྒྲོལ་མ་ཉེར་གཅིག་དང་ཡོན་ཏན་གཞིར་གྱུར་སོགས་ཀྱང་ཆགས་གཏམ་འབའ་ཞིག་ལ་ཁ་བསྒྱུར་འདུག ཕོ་རོག་ཟེར་བ་འདི་དཀར་པོར་གྱུར་རྗེས་རྩོམ་ཁ་སྒྱུར་རྒྱུ་མ་གཏོགས་ཅང་འབྲི་མི་ཤེས་པ་འདྲ།
འཇིག་རྟེན་ན་འདི་ལ་སྙན་ངག་ཏུ་གྲགས་སོ།
ཕོ་རོག་ནག་ཀྱང་བསམ་པ་དཀར།
དེས་ན་ཕོ་རོག་དཀར་པོ་ཡིན།
རྩོམ་ལུས་གཞན་དང་རྩོམ་སྙིང་རང།
དེས་ན་གསར་རྩོམ་ཞེས་ཀྱང་རུང།
རྩོམ་མགོ་རྩོམ་མཇུག་ལེགས་པར་སྣང།
བར་གྱི་བརྗོད་བྱར་དོན་གཅིག་མང།
དེས་ན་སླར་ཡང་བསམ་ཞིབ་ཀྱིས།
བཟོ་བཅོས་ཐེངས་གཅིག་བྱེད་པར་རིགས།
ཧ་ཅང་ཡག་པོ་བྲིས་འདུག བོད་རྒན་དག་གིས་དངས་ལེན་བྱེད་ཐུབ་མིན་མི་ཤེས།
འདོད་པའི་མི་ལ་འདོད་པ་སྦྱིན་པ་དེ། དགེ་བ་མ་གཏོགས་སྡིག་པ་ག་ལ་ཡོད།
ཞེས་སོགས་གསུངས་པ་དངོས་གནས་ཡིན་བཟོ་འདུག་དྭ།
ཁེར་རྐྱང་འཚོ་བའི་མི་ཚེ་སྐྱེལ་བས་ཀྱང་།།
འདི་འདྲའི་སྙན་ངག་བྲིས་པའི་ངང་ཚུལ་འདི།།
ཕལ་ཆེར་ཁོང་ལ་གཞལ་དཀའི་རྟོགས་པ་ཞིག།
འཁྲུངས་པ་མིན་ན་ཁོང་ལ་མྱོང་བ་མེད།།
འོན་ཀྱང་ཁོང་གིས་བྲིས་པའི་མྱོང་བ་འདི།།
གློག་བརྙན་ལ་སོགས་སྟོང་བསམ་བྱས་ནས།།
ཕལ་ཆེར་བྲིས་པ་ཡིན་པ་་ཀུན་གསལ་ངེས།།
དེ་ལྟ་དེ་ལ་ལྟ་རིན་ཅུང་ཙམ་མཐོང་།།
ཕོ་རོག་དཀར་པོ་འདི་ངོ་མ་འབྲུག་པ་ཀུན་ལེགས་ཀྱི་ཡང་སྲིད་ཡིན་པ་འདྲ།
མཚན་ལྡན་འགའ་ལས་མ་གཏོགས་པ། བུད་མེད་དག་ལ་ཡོན་ཏན་ཆུང། བུད་མེད་བློ་ནི་ཆུ་འདྲ་དེ། ཆུ་ཡི་སྙིང་པོ་ལྦུ་བ་ཡིན། ཨོལ་གོང་མདུད་པ་མེད་པ་ཡི། གསང་བའི་ཚིག་ནི་མི་ཐུབ་བོ། ཧ་ཧ་དྲྭ་གྲོགས་ཚོ་བུད་མེད་ལ་སྙིང་གཏམ་མ་ཤོད་མ་གཏོགས། ཁོང་ཚོས་སྐད་ཆ་ནམ་ཡང་གསང་ཐུབ་ཀྱི་མ་རེད། ཅེས་བཤད་སྲོལ་འདུག ལོ་ཤས་སྔོན་englandཞེས་པའི་རྒྱལ་ཁབ་དེར་བུད་མེད་སྟོང་ཕྲག་ལྔ་ཙམ་བསྡུས་ནས། བུད་མེད་ཀྱི་སྐད་ཆ་གསང་ཐུབ་མིན་གྱི་སྐོར་བགྲོ་གླེང་བྱས་པར། ཕལ་ཆེ་བས་གསང་མི་ཐུབ་པ་ངོས་འཛིན་བྱས་འདུག ལ་ལས་ཆུ་ཚོད་བཞི་ཙམ་མ་གཏོགས་གསང་མི་ཐུབ་པ་དང། ལ་ལས་བདུན་ཕྲག་གཅིག་ཙམ་མ་གཏོགས་གསང་མི་ཐུབ་པ་བཅས་བཤད་འདུག གང་ལྟར་ཤོད་ཧ་ཅང་གི་ཤོད་སྙིང་འདོད་ཀྱི་ཡོད་ས་རེད། དེར་མ་ཟད། བུད་མེད་ཡིན་ན་སྐད་ཆའི་གསང་བ་ཤོར་ས་དང་པོ་དེ་རང་གི་ཨ་མ་ཡིན་པ་དང། དེ་ནས་རང་གི་ཁྱོ་ག། དེ་ནས་རང་གྲོགས་པོ་དང་གྲོགས་མོ་ཚོ་རེད། ཅེས་ཀྱང་ཤོད་སྲོལ་འདུག
བུད་མེད་ཀྱི་སྐད་ཆ་གསང་མ་ཐུབ་པ་ཡིན་ན་ཕྱོགས་གཅིག་ནས་སྟག་ར་ཡིས་གསུངས་པ་ལྟར་སྙིང་གཏམ་ཁག་ཆུ་ཚོད་བཞི་དང་ཉི་མ་བདུན་ཙམ་ལ་གསང་མ་ཐུབ་པར་གཞན་ལ་བཤད་པའི་ཉེས་སྐྱོན་དག་ཡོང་སྲིད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བསམ་བློ་གུ་ཡངས་ཐོག་བཏང་ན་བུད་མེད་ཚོས་སྐད་ཆ་གསང་མ་ཐུབ་པ་དེ་ངས་ཡོན་ཏན་ཞིག་ཏུ་མཐོང་། དེ་གང་ཡིན་ཟེར་ན་དེང་སང་སྙིང་གཟེར་གྱི་རྐྱེན་པས་ཚེ་སྲོག་ཤོར་འགྲོ་མཁན་ཚོའི་ནང་ཕལ་ཆེ་བ་ཞིག་སྐྱེས་པ་ཕོ་རེད། དེ་ནི་སྐྱེས་པ་ཕོ་ཚོས་སོ་སོའི་སེམས་ནང་གི་དཀའ་ངལ་རྣམས་གཞན་ལ་མ་བཤད་པར་སེམས་ནང་ལ་ཉིན་མཚན་ཀུན་ཏུ་ཉར་ནས་ཀླད་པའི་ནང་ཡར་བསྐོར་མར་བསྐོར་བྱས་པའི་རྐྱེན་གྱིས་ཁྲག་གི་རྒྱུ་བ་ལ་གནོད་ཚབས་ཆེན་པོས་ན་ཚ་འདྲ་མིན་ན་བ་དང་སེམས་ཀྱི་དཀའ་ངལ་དེ་ཞི་བའི་ཐབས་སུ་འཆང་རག་སོགས་འཐུང་ནས་མཆིན་པ་སོགས་འཕྲོ་བརླག་ཏུ་སོང་ནས་ཚེ་སྲོག་ཕྱིན་མཁན་ཧ་ཅང་མང་བ་མདོར་ན་སེམས་ཀྱི་སྐད་ཆ་དཀའ་ངལ་སོགས་ནང་དུ་གསང་བའི་རྐྱེན་གྱིས་རེད། མ་ཟད་བུ་ཞིག་གི་བུད་མེད་ཞིག་ལ་སེམས་པ་ཡོངས་སུ་ཤོར་སྐབས་བུ་ཕལ་ཆེ་བས་ང་ཁྱོད་ལ་དགའ་གྱི་ཞེས་ལབ་མ་ཕོད་པར་གསང་ནས་མཐར་བུ་མོ་དེ་མི་གཞན་ལ་ཤོར་བ་སོགས་ཚང་མ་ནང་གི་སྐད་ཆ་དེ་གསང་བའི་རྐྱེན་གྱིས་རེད། བུད་མེད་ནི་སྐད་ཆ་ཚུ་ཚོད་ཁ་ཤས་མ་གཏོགས་གསང་མི་ཐུབ་པའི་རྐྱེན་གྱིས་སེམས་པ་དང་ལུས་ཀྱི་དཀའ་ངལ་རྣམས་ཚང་མ་སོ་སོའི་ཕ་མ་དང་ཁྱོ་ག་སོགས་ལ་བཤད་པའི་རྐྱེན་གྱིས་དཀའ་ངལ་རྣམས་ལམ་སེང་སེལ་ཐབས་བྱེད་པས་སེམས་ནང་གི་དཀའ་ངལ་དེ་ཡང་ཆུང་དུ་སོང་བ་དང་འཕྲལ་ཕུགས་གཉིས་ཀར་ཕན་ཐུབ། ཉེ་ཆར་ངའི་ངོ་ཤེས་པའི་མི་ཞིག་ལ་དཀའ་ངལ་ཕྲན་བུ་ཞིག་འཕྲད་ཡོད་པ་ནི་ཁོ་རང་ནི་བུ་ལོན་འོག་ཚུད་ནས་དཀའ་ངལ་དེ་དག་སོ་སོའི་ཕ་མ་སྤུན་གྲོགས་སོགས་ལ་གསང་ནས་བུ་ལོན་གསབ་ཆེད་དུ་མཐར་ཁོ་རང་གི་སྡོད་སའི་ཁང་པ་དང་ས་ཆ་རྣམས་མི་གཞན་ལ་བཙོངས་གྲབས་བྱེད་སྐབས་ཁོ་རང་ལ་ཁ་དཔར་ཞིག་སླེབས་ནས་མཐར་ཁོ་རང་གི་ཁང་པ་དང་ས་ཆ་རྣམས་མི་གཞན་ལ་མ་ཤོར་བར་བུ་ལོན་ཆ་ཚང་འཇལ་ཐུབ་པ་ཞིག་བྱུང་ཡོད། ཁ་དཔར་སླེབས་པ་ནི་ཁོ་རང་གི་སྐྱེ་དམན་གྱིས་ཉིན་ཁ་ཤས་སྔོན་ཁོང་གི་སྤུན་མཆེད་ཚོར་དཀའ་ངལ་རྣམས་ཆ་ཚང་སྦས་གསང་མེད་པར་བཤད་ནས་སྤུན་མཆེད་ཚོས་ཁོ་རང་ལ་ཁང་པ་དང་ས་ཆ་སོགས་འཚོང་མི་དགོས་པར་དཔལ་འབྱོར་རོགས་རམ་བྱེད་ཐུབ་པ་ཞིག་བྱུང་ཡོད། དེ་དང་འདྲ་བའི་བུད་མེད་ཚོས་སྐད་ཆ་གསང་མ་ཐུབ་པ་ནི་བུད་མེད་ཚོའི་ཡོན་ཏན་ཡིན་པ་རྒྱུ་མཚན་གཞན་ཡང་མང་པོ་ཡོད།།།
ངོ་མ་སྐལ་པ་བཟང་གི་ཡ། ནམ་རྒྱུན་བུ་མོས་གང་འདོད་བཤད་མི་ཕོད་ཞིང་ཐོག་མར་དགའ་གྲོགས་
གསང་བ་བཤད་མཁན་བུ་ཡིན་པ་ངོས་འཛིན་བསྡད་པ་ལྟ་བུ་རེད། དེ་རིང་གང་འདོད་བཤད་ནུས་
མཁན་བུ་མོར་བཞག་འདུག་མོད་དེ་ནི་དུས་རབས་གསར་པའི་བུ་མོ་ཚོ་ཡིན་པ་ཡོད།
བུད་མེད་ཀྱི་ལས་དབང་འདི་འདྲ་རེད་ཟེར་སུ་ཞིག་དངོས་ལེན་བྱེད་ཐུབས་འུ་རེད། ཡག་པོ་བྲིས་འདུག་ཟེར་ཡང་མ་རེད། དོན་དམ་སྙན་ངག་ཏུ་གྲགས་པ་ཡིན་གྱི་རེད་བདེ་མོ།
བུད་མེད་ཀྱི་ལས་དབང་འདི་འདྲ་རེད་ན་ཟེར་སུ་ཞིག་དངོས་ལེན་བྱེད་ཐུབས་འུ་རེད། ཡག་པོ་བྲིས་འདུག་ཟེར་ན་ཡང་མ་རེད། དོན་དམ་སྙན་ངག་ཏུ་གྲགས་པ་ཡིན་གྱི་རེད་བདེ་མོ།
རྩོམ་ཡིག་དེ་རིགས་ནི་སྐྲ་ལོ་རིང་པོ་དག་ལ་འཚམ་པ་ལས།
ཆོས་གོས་གྱོན་པའི་དགེ་སློང་མགོ་རེག་དག་ལ་འཚམ་པོ་མི་འདུག
དེ་རིགས་ལ་སེམས་ཀྱི་སྡུག་བསྔལ་ཞེས་བརྗོད་ནའང་འགྲིགས།
འུ་ཐུག་ན་སོར་མོ་ལྔ་ལ་སྐྱབས་བཅོལ་རྒྱུ་རང་རེད་ལོ།
༡༽ཡོན་ཏན་ཀུན་གྱི་དགྲར་གྱུར་བུད་མེད་འདོམས།།
ཚུལ་བཞིན་སྤོང་བ་རབ་བྱུང་ཕའི་གཉེན་དུ།།
ལེགས་པར་མཐོང་ནས་ངེས་འབྱུང་བཅོས་མིན་གྱིས།།
ཁ་ལས་མིག་ཆེ་འཛེམས་པར་བྱིན་གྱིས་རློབས།།
༢༽ཡུད་ཙམ་རྙེད་པའི་བཙུན་པའི་སོར་སྡོམ་འདི།།
ཤིན་ཏུ་སྲུང་དཀའ་ཤོར་སླ་རྟོགས་གྱུར་ནས།།
ཉིན་མཚན་ཀུན་ཏུ་བུ་མོའི་གཡོག་འདྲ་བའི།།
ཁྱིམ་པ་སུན་འབྱིན་སྤོང་བར་བྱིན་གྱིས་རློབས།།
ཡོན་ཏན་ཀུན་གྱི་དགྲར་གྱུར་བུད་མེད་ཕྲུལ།།ཞེས་བཅོས་པར་ཞུ་རྒྱུ་དང་།
༸རྗེ་གུ་ཐང་པས།
སྡིག་ཅན་ཡིན་ཞེས་རཱཅན་མི་འབྱུང་གི།།
གཅེས་ཤིང་ཕན་པའི་ཟོལ་གྱིས་འཛུམ་བསྟན་ནས།།
རྩེ་དགོད་གཡེང་བའི་གྲོགས་བྱེད་བག་མེད་ཀྱི།།
ལས་ལ་སྦྱོར་དེ་སྡིག་པའི་གྲོགས་ཡིན་པས།།
འགོ་བའི་ནད་བཞིན་རིངས་དུ་ཕོངས་ཤིག་ཨང་།།
ཞེས་དང་།ཡང་།བསླབ་པ་གསུམ་གྱི་ཡོན་ཏན་རིམ་བཞིན་འགྲིབ་པར་བྱེད་པ་ནི།
ཡུན་རིང་འགྲོགས་ཚེ་ཡོན་ཏན་ཚོགས་སྒྲིབ་ལ།།
ཞེས་སོགས་གསུངས་པ་དོན་ལ་གནས་གནས་པའི་གདམས་ངག་འབའ་ཞིག་གོ།།