ཀླུ་ཐང་ཆུ་སྐྱེས། (བསྟན་འཇམ་གྱིས་འོས་སྦྱོར་བྱས།)
དུས་རབས་ཀྱི་རླབས་རྒྱུན་དང་འགྲོག་ནས་ང་ཚོ་གངས་ཅན་པའི་ཡུལ་དུའང་ཕོ་མོ་འདྲ་མཉམ་གྱི་ལྟ་བ་གླེང་མཁན་དང་རྩོད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། འདི་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་ཡིན་པས་དགའ་འོས་པ་ཞིག་ཀྱང་རེད། དེ་དང་མཉམ་དུ་ཕོ་མོའི་མིང་འདོག་སྟངས་ལའང་སྤྱི་ཚོགས་སུ་གླེང་སློང་མང་པོ་ཞིག་འདུག་ཀྱང་གཙོ་བོ་བུད་མེད་དང་སྐྱེས་དམན་ཅེས་པའི་མིང་ཚིག་འདི་གཉིས་རེད།
འདི་ལ་བླུན་རྨོངས་པ་འགའ་ཞིག་གིས་བཤད་དོན། བུད་མེད་ཅེས་པ་ནི་སྐྱེས་མ་ཚོ་འཁོར་བ་དང་ངན་སོང་གི་གནས་ལས་ཡར་འབུད་མི་ཐུབ་པས་ཡིན་ཟེར་རོ། འདི་ནི་དགོད་བྲོ་བའི་བྱིས་པའི་ལབ་རྡོལ་ཅིག་སྟེ།བདག་ཅག་གི་སྟོན་པའི་འཁོར་གྱི་དགེ་སློང་ཕ་དང་དགེ་སློང་མ། དགེ་ཚུལ་ཕ་དང་མ་བཅས་ལ་འཁོར་རྣམ་བཞི་ཟེར་ལ། དགེ་སློང་མ་ལ་སྐྱེས་དགུའི་བདག་མོས་མཚོན་དགྲ་བཅོམ་མ་གྲངས་ལས་འདས་པ་བྱུང་བ་སངས་རྒྱས་ཀྱི་རྣམ་ཐར་སོགས་སུ་གསལ་བའི་དེ་ཙམ་ཡང་མ་མཐོང་བའི་ནོངས་སོ།
ཡང་འགའ་ཞིག་གིས་སྐྱེས་མའི་རྟེན་ལ་འཚང་རྒྱ་མི་ཐུབ་པའམ་སྐྱེས་མ་ཡིན་བཞིན་དུ་སངས་རྒྱས་ཀྱི་ས་ལ་འབུད་མི་ཐུབ་པས་སོ་ཟེར། དེ་འང་སྔར་ལྟར་ཏེ། འཕཊ་མ་རྗེ་བཙུན་སྒྲོལ་མའི་སེམས་བསྐྱེད་ཚུལ་དང་སངས་རྒྱ་ཚུལ་སོགས་ཁོང་གི་རྣམ་ཐར་མ་མཐོང་པ་གསལ་བར་བྱས་པ་ཡིན་ལ། གཞན་ཡང་གང་ལ་སངས་རྒྱ་བྱེད་ཀྱི་རིགས་ཡོད་ན་དེ་སངས་རྒྱ་ཐུབ་པ་ནི་རིགས་པས་ཀྱང་འགྲུབ་བོ།
ཡང་ཁ་ཅིག་གིས་སྐྱེས་པ་ཚོའི་གོང་དུ་འབུད་མི་ཐུབ་པས་ཟེར།དེའང་མ་གྲུབ་སྟེ། མ་ཅིག་ལབ་ཀྱི་སྒྲོལ་མ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་སོགས་སྐྱེ་འགྲོ་ཕོ་མོ་ཡོངས་ཀྱི་མགོན་དང་སྐྱབས་དང་། ཕྱག་བྱ་བའི་འོས་སུ་གྱུར་བ་ཤིན་ཏུ་མང་བས་དེ་ཡང་སྔར་གྱི་སྐྱོན་སོ་ན་གནས་སོ།
དེ་ན་གུས་པས་བུད་མེད་ཅེས་པའི་མིང་འདི་འདོད་རྒྱལ་དང་རྗེས་གྲུབ་གང་ཡིན་དོགས་པ་ཟ་ཞིང་། གལ་སྲིད་རྗེས་གྲུབ་ཡིན་པའི་དབང་དུ་བཏང་ན་མོའི་རྟགས་སམ་མཚན་མ་ཕྱིར་བུད་མེད་པས་རྒྱུ་མཚན་གྱིས་བཏགས་སམ་སྙམ།
འོན་ཏེ་འདི་དམའ་འབེབས་ཀྱི་ཚིག་ཤིག་ཏུ་མ་མཐོང་སྟེ། དེ་ལྟ་ན་མིག་དང་ལྡན་པ་ལ་མིག་ལྡན་ཞེས་བཏགས་ནའང་དམའ་འབེབས་སུ་ཅིའི་ཕྱིར་མི་འགྱུར། སྐྱེས་དམན་ཅེས་པའང་སྤྱིར་བུད་མེད་ཀྱི་རྟེན་ནི་སྐྱེས་པ་ལས་སྡུག་བསྔལ་མང་པའི་རྒྱུ་མཚན་གྱིས་བཏགས་ལ་དཔེར་ན་སྐྱེས་པ་ལས་ལུས་ཀྱི་སྟོབས་ཆུང་བ། རིམས་འགོག་གི་ནུས་པ་ཞན་པ། མོ་ནད་མང་བ། བྱིས་པ་བཙའ་བའི་གདུང་བ། ཟླ་མཚན་བཞུར་བ། ནུ་མའི་འབྲས་སྐྲན་སོགས་མང་པས་ཡིན་སྲིད་དོ། དེ་བས་དེ་ཡང་སྐྱེས་པ་ལས་དམན་པ་རེད་ཟེར་བ་མ་ཡིན་པ་ཤེས་པར་གྱིས་ཤིག
༼མཚོ་སྔོན་པོ་ཟིན་བྲིས་ལས།༽
སྐྱེས་དམན་མ་རེད་་་སྐྱེས་སྨན་རེད་་་སྨན་ཤར་བུ་མོ་་་་དཔྱད་པ་ཡག་པོ་བཏང་མི་འདུག་
མིང་དེ་ཚོ་ལ་ཆོས་ཚིག་དང་ཆོས་ལུགས་པས་འགྲེལ་མི་ཐུབ། དེ་ནི་ཆོས་མ་བྱུང་གོང་ལ་བུད་མེད་ཡོད་པས་ཡིན། ཡིན་ན་ཡང་། ཆོས་ཚིག་གི་ལམ་ནས་མང་སྦྱོར་བྱས་བ་ཞིག་ཡིན་ཤེས་ཆེ། ལྷ་ས་ཆོས་ཀྱི་ཞིང་ས་ན་བཀོལ་བ་ཚད་མཐོ། ཡང་ན་འབྲོག་པ་དང་གདོན་མ་མིའི་ངག་རྒྱུན་ལ་གཞི་བཅོལ་དགའ་བ་རེད།
བུ་མེད་ལ་སྐྱེས་དམན་ཞེས་པ་ནི་སྐྱེས་པ་དམན་པའམ་སྐྱེས་པ་གཞན་པའི་དོན་ཡིན་སྐྱེས་སྨན་མ་ཡིན་པར་སྐྱེས་དམན་ཡིན་དགོས་སོ་།
སྔར་ནས་དར་ཞིང་བེད་སྤྱོད་ཀྱིན་གྱི་སྐྱེས་དམན་ཟེར་བ་དེ། དེང་སང་ཕོ་མོ་འདྲ་མཉམ་གྱི་སེམས་བློའི་ཤུགས་ཀྱིས་ང་ཚོ་བོད་པ་ཚོས་ཚིག་འདི་བཀོལ་བར་དོགས་པ་ཆེན་པོ་ཞིག་གིས་ལབ་ཐུབ་ཀྱི་མི་འདུག
གཞིས་ཆགས་སུ་ཚིག་འདི་འབོད་ཀྱིན་འདུག་ཀྱང་། ཤེས་ཡོན་དང་ཡར་ཐོན་སྤྱི་ཚོགས་ཀྱི་ཁྲོད་དུ་སྐྱེས་དམན་ཟེར་བ་དེར་འཛེམ་ཟོན་བྱེད་དེ། དཔེར་ན་གཞན་ཞིག་ལ་ངོ་སྤྲོད་བྱེད་སྐབས་ཀྱང་། ཁོང་ངའི་སྐྱེས་དམན་རེད་ཟེར་བར་དོགས་ནས་་་་ཁོང་ངའི་་wife རེད། སོགས་ཟེར།
མདོར་ན། ང་ཚོའི་སྤྱི་ཚོགས་ཀྱི་བསམ་རྒྱ་ཡངས་སུ་འགྲོ་བའི་རྐྱེན་གྱིས་ཚིག་འདི་བཀོལ་བར་མ་དགའ་བ་བྱེད་ཀྱི་འདུག སྐྱེས་དམན་ཟེར་བའི་ཚབ་ཏུ་ཚིག་གཞན་ཞིག་དགོས་པར་འདུག་ཟེར་བ་ཡིན། སྐྱེས་མ་ནི་ཨ་མར་གོ་ཞིང་། མཛའ་མོ་ཟེར་བའང་་་་
སྐྱེས་པ་ཕོ་ལ་ཡོད་པའི་དངོས་པོ་གཅིག་་བུད་མེད་ལ་མ་ཚང་བ་ནས་སྐྱེས་དམན་།
དང་བུད་མེད་དང་སྐྱེས་དམན་སོགས་ནི་མིང་གི་རྣམ་གྲངས་ཡིན་་པ་དེ་ལས་
མང་བའི་མིང་མང་པོ་ཡོད་པ་སྨོན་ལལམ་ཚིག་མཛོད་ལ་གཟིགས་རོགས་གནང་།
སྐྱེས་དམན་རང་རེད་དོ།
སྐྱེས་པ་ཕོ་རྣམས་དགའ་དུས་སྐྱེས་སྨན་དང་མ་དགའ་དུས་སྐྱེས་དམན་ཡིན། ཚིག་འདི་གཉིས་ཀས་ཀྱང་བུད་མེད་ཀྱི་ལས་དབང་དང་ཁེ་དབང་ལ་གསལ་བཤད་དང་སྡོམ་ཚིག་ཅིག་བཞག་ཡོད་པར་འདོད། གཞན་བུད་མེད་ཅེས་པ་གསང་གནས་སམ་འདོམས་ཀྱི་དབང་བོ་ཡར་སྐྱེ་བ་ལས་ལྡོག་སྟེ་བུད་ནས་མེད་པར་གྱུར་བས་བུད་མེད་དེ་སྐྱེས་པ་ནི་དེ་ལས་ལྡོག་སྟེ་མཚན་མ་ཡར་སྐྱེས་པའོ།
སྐྱེས་དམན་་་མ་རེད་་་སྐྱེ་དམན་་་རེད། སྐྱེ་སྒོ་མ་དག་པའམ་སྐྱེ་བ་དམན་པ་རེད་ཟེར་ནས་བཤད་པ་རེད། འདི་ནི་སྐྱེ་བ་སྔ་ཕྱི་འདོད་མཁན་གྱི་ཆོས་ལུགས་པའི་འདོད་ཚུལ་རེད། འདོད་ཚུལ་འདིས་བོད་ཀྱི་བུ་མོ་ཚང་མ་སྐྱེ་བ་འདི་ལ་མགོ་འཕར་ས་མེད་པ་བཟོས་པ་རེད། ད་བསམ་བློ་ཡག་པོ་ཐོངས། མིའི་ལད་མོ་སྤྲེའུས་བྱས། སྤྲེའུའི་མཇུག་མ་མེ་ལ་འཚིག ཟེར་བ་མིན་ན་ཅི་ཡིན། ད་དུང་སྐྱེས་པ་ཕོ་ལུས་དང་བཟའ་མ་མོ་ལུས་ཟེར་ནས་ཕོ་མཆོག་མོ་དམན་གྱི་བསམ་བློའི་འདུ་ཤེས་འདི་དག་གི་བྱུང་ཁུངས་དངོས་གནས་དེ་འཁོར་བ་སྡུག་གི་བཙོན་རར་འདོད་པའི་ཆོས་ལུགས་ཀྱི་ལྟ་གྲུབ་ལས་བྱུང་བ་རེད། འཁོར་བ་སྡུག་གི་རྒྱ་མཚོ་ཡིན་པ་དང་དེའི་བྱེད་གཏེ་མི་བྱེད་དགུ་བྱེད་བྱེད་མཁན་དེ་བུད་མེད་ཚོ་ཡིན་པར་ངོས་འཛིན་བྱས་པ་རེད། སྙིང་མི་རྗེའམ། ད་དུང་ཞེ་བོ་ཡིན་མདོག་མདོག་བཤད་མ་ཡོང་ཨ། བསམ་འཆར་འདི་ཚོའི་རྩ་བ་ཐུག་ས་དེ་འཁོར་ཁྱིམ་སྤང་བྱ་ཡིན་པར་འདོད་པའི་ཆོས་ལུགས་ཀྱི་ལྟ་གྲུབ་ལས་བྱུང་བ་ཞིག་མིན་ན་ཅི་ཡིན། ། མཛེས་མཛེས་སྙན་སྙན་མ་བཤད་ན་དགའ། །
ཡང་འདི་ན་ལ་རྫོགས་ཆེན་དང་ཕྱག་ཆེན་མ་གཏོགས་ནང་ཆོས་ཡོངས་རྫོགས་ལ་རྒོལ་འདུག།
འོག་གི་ཚིག་བརྗོད་དེ་འདིར་དགོད་དགོས་ཀྱང་། སེམས་གཡེངས་པས་གཞན་དུ་ཕྱིན་འདུག་པ་དགོངས་དག་ཞུ།
ལ་དྭགས་ལ་ལྷ་བབས་པ་ཡིན་པའི་མིས་ཕོ་ཞིག་ལ་སྐྱེས་པ་ཞེས་འབོད། དེས་ན་མོ་ལ་སྐྱེས་མ་ཞེས་དགོས་སོ་སྙམ། སྐྱེས་མ་ཞེས་པ་གྱུར་ནས་གཅིག་གིས་སྐྱེ་དམན་བྲིས་པ་དེ་ཡོངས་གྲགས་ཆགས་པ་ཡིན་ནམ་སྙམ། བུད་མེད། ཅེས་པ་ལ་སྒྲ་བཤད་ཚད་ལྡན་ཞིག་མེད་པས། འདོད་རྒྱལ་གྱི་ཚིག་ལྟ་བུ་ཞིག་ཏུ་སྣང་ངོ་།
བུད་མེད་སྒྲ་བཤད་སྐོར་ལ་བདག་གི་འདོད་པ་ལ་འགྱུར་བ་བྱུང་། འདི་ཡི་སྐོར་ལ་བདག་གིས་བསམ་བློ་བཏངས། ཚིག་མཛོད་དག་ལ་བལྟས་པ་ན། རྒྱ་གར་པ་ཤ་རཙྩནྡྲ་དཱ་ས་ཡི་བོད་ཨིན་ཚིག་མཛོད་འདི་ཤིན་དུ་ཕན་ཐོགས་ཆེ་བ་བྱུང་། དེ་ཉིད་དུ། “མཚན་མ་ཕྱི་ལ་མ་བུད་པས་བུད་མེད་ཅེས་པ་ཡིན།” ཞེས་ངེས་པ་སྟེར་བའི་ཚིག་སྟེ། འདི་འདྲ་ཞིག་སྔོན་དུ་ཡང་ཐོས་པ་གསལ་པོར་མ་དྲན། ད་ལྟར་དྲན་པ་དེ་གསལ་པོར་ཆགས། དེས་ན། བུད་མེད། ཅེས་པ་འདོད་རྒྱལ་གྱི་མིང་ཚིག་མ་ཡིན་པར་རྗེས་སྒྲུབ་ཡིན་པར་ངེས་སོ།
བུད་ནི་གོང་དུ་སྨྲས་པ་ལྟར་མཚན་མ་བུད་ནས་མེད་པར་གྱུར་པ་སྟེ་སྐྲ་བུད་པ་དང་སོ་བུད་པ་ལྟ་བུ་མེད་པར་གྱུར་པ་ལའང་འཇུག་པ་འདྲ་བས་དཔྱད་པར་མཛོད།
བུ་ཆུང་ལྟར། མཚན་མ་ཕྱི་རུ་བུད་བུད་ཅིག མེད་པས་ན། བུད་མེད་ཅེས་གྲགས་པ་འདྲ། བུད་བུད་ནི། ཐུང་ཐུང་ཅིག་ཞེས་པའི་དོན་ནོ།།
ལྐུག་པ་ཁྱེད་ཚོ་ཡིན་ན། བུད་མེད་ཟེར་དོན་ནི་མཚན་མ་བུད་མེད་པས་རེད་ཟེར། མཚན་མ་བུད་ཡོད་དང་ཡོད། མོ་མཚན་བུད་ཡོད་པས་སོ། ཡང་གཅིག་བཤད་ན། སྐྱེས་བ་ལ་བུད་ཡོད་མི་འདོགས་པའི་རྒྱུ་མཚན་ཅི་རེད། བུད་ཡོད་མེད་བཤད་པའི་རྒྱུ་མཚན་ནི་འབྱར་ཡོད་མེད་དང་འབུར་ཡོད་མེད་ལ་གོ་དགོས་ཟེར་ན། ཁྱེད་ཚོའི་ཀླད་པའི་ནང་ན། སྨིན་རྒྱུ་ཞིག་ལྷག་ཡོད་པ་བསྟན་པ་ཙམ་རེད། དགའ་དགའ་བུད་ཡོད་ཚོ། ཧ་ཧ་ཧ། ད་དགད་མོ་མ་སློང་རོགས། གློ་བ་གཟེར་གི།
བུད་མེད་ཟེར་བ་ནི་མཚན་མ་ཕྱི་རུ་མ་བུད་པས་སོ། །
སྐྱེ་དམན་ནམ་སྐྱེ་མེད་ནི་མཚན་མ་ཕྱི་རུ་འབུར་དུ་མ་སྐྱེས་པས་སོ།།
ད་དུས་ཚོད་མང་པོ་འཕྲོ་བརླག་མ་གཏོང་། རྩ་བ་མེད་པའི་རྩེ་མོ་ཟེང་ཟེང་བྱེད་མ་འདུག
བུད་མེད་ཅེས་པ་ནི་ཕོ་ཡི་མཚན་མ་ལྟར་ཕྱིར་འབུར་དུ་དོད་པ་དེ་བུད་ནས་མེད་པས་ན་བུད་མེད་ཅེས་བཤད། སྐྱེ་དམན་ཞེས་པ་ནི་བོད་ཀྱི་བརྡ་རྙིང་སྐྱེ་སྨན་ཞེས་པར་རྒྱ་གར་ཆོས་ལུགས་བོད་ལ་སླེབས་པ་ནས་སྐྱེ་དམན་ཞེས་བཟོ་བཅོས་བྱས་པ་ཞིག་རེད་་་་
“མཚན་མ་ཕྱི་ལ་མ་བུད་པས་བུད་མེད་ཅེས་པ་ཡིན།” ཞེས་པ་ཡང་རྒྱ་གར་པས་ག་ལ་ཤེས། འོན་ཀྱང་བོད་ཨིན་ཚིག་མཛོད་འབྲི་བ་པོ་རང་གི་དགེ་རྒན་སློབ་དཔོན་སེང་ཆེན་མཆོག་གི་ཞལ་ནས་ཐོས་པ་ཡིན་སྲིད། དེ་དུས་བོད་ཀྱི་སྲིད་དབང་འཛིན་པ་པོ་དག་ལ་སློབ་སྦྱོང་ལེགས་པ་མེད་པས། སློབ་དཔོན་སེང་ཆེན་ཆུ་བོར་བསྟིམས་ནས་བཀྲོངས་ཞེས་གཙང་པ་ཞིག་གི་ཁ་རྒྱུན་ལས་ཐོས་སོ།
མཆན༡༢་བ་ལྟར་འདོད
སྐྱེས་མེད་སྐྱེས་སྨན་བུད་མེད་གསུམ།།
ཁར་བདེ་དོན་བདེ་སྲུང་ན་ལེགས།།
སྐྱེས་དམན་ཚིག་གི་ད་དང་ན།།
དོར་ན་མི་བདེ་གང་ཡང་མེད།།
བུད་མེད་ཅེས་པའི་མིང་འདི་བུ་ཡི་མཚན་པ་བུད་ནས་མེད་སོང་བས་ན་བུ་མེད་དུ་གྲགས་པར་ཁས་ལེན་ཐུབ་ན། བུ་ཅེས་པའི་མིང་འདི་བུ་ག་སྒོ་དགུ་གང་རུང་ཞིག་ནས་མར་ཟག་འོང་བས་ན་བུ་ཞེས་སུ་གྲགས་པ་ཡིན་ཟེར་ན་ཁྱེད་ཚོས་ཁས་ལེན་ཐུབ་བམ། །
མི་ཐུབ། བུ་ཟེར་བ་ལས་བུད་མི་ཟེར།
མེ་ཏོག་དཀར་པོ་ལགས། །
བུ་ག་སྒོ་དགུ་གང་རུང་ནས་མར་ཟག་པས་ན་བུ། བུ་ཡི་མཚན་མ་བུད་ནས་མེད་པས་ན་བུད་མེད། འདི་ལྟར་དུ་ཁས་ལེན་ཐུབ་བམ་ཟེར་བ་ཡིན་ལགས།
སྐྱེས་མ་ཟེར་བ་དེ་ལེགས། སྐྱེས་པ་བརྒྱ་དང་སྐྱེས་མ་བརྒྱ་ཡི་བསུ་བ་ཡོད་ལྟ་བུ་སྔར་ནས་བཀོལ་སྲོལ་གནང་།
ཀློང་ཆུང་ལེགས།
བདག་གི་འདོད་པར་རྒྱབ་སྐྱོར་བཟང་། འདི་ཉིད་གཞུང་དཔེ་འགན་ཞིག་ན་ཡོད་ན། འདིར་འགོད་པར་མཛོད།
མོ་ལ་བྱིས་པ་བཙའ་བའི་སྡུག་བསྔལ་སོགས་སྡུག་བསྔལ་མང་ཚུལ་ཤོད་མཁན་འདི་ཚོས་མ་གོ་བ་འདི་ཡིན་ཏེ། སྤྱིར་ཕོ་མོ་གཉིས་ལུས་དང་སེམས་ཀྱི་སྟོབས་མོ་ཆེ་བར་འདོད་པ་དེ་ཡིན། རྒྱུ་མཚན་ནི་བུ་མོས་ལུས་དང་སེམས་ཀྱིས་སྡུག་བསྔལ་ལམ་དཀའ་ཚེགས་བསྲན་ནུས་པ་འདི་ཙམ་ཕོས་ནམ་ཡང་བསྲན་མི་ཐུབ་པས་སོ་ཟེར། མདོར་ན་མོ་ལ་སྡུག་བསྔལ་ཇི་ཙམ་མང་པོ་ཡོད་པ་བཤད་བཞིན་དུ་དེ་དག་བཟོད་པའི་བཟོད་བསྲན་མ་བཤད་ན་ཆ་མ་ཚང་བའི་བླུན་པོའི་གཏམ་ཡིན་ལ། དེ་དག་མ་ལུས་བཤད་ན་མོ་ལས་ཕོ་སྟོབས་ཆེ་བའི་རྒྱུ་མཚན་མི་རྙེད་པ་འདི་རེད།
སྤྱིར་ལུས་ཀྱི་ཤུགས་ཙམ་ཆེ་བ་ལ་ཟེར་ན་མངོན་སུམ་ལ་སུས་ཀྱང་མི་གཉོན་པས་། དེ་ཙམ་སུས་ཀྱང་ཁས་ལེན་པའི་སྤྱིར་བཏང་གི་གནས་ཚུལ་ཙམ་དང་། དོན་དངོས་ཐོག་རིག་རྩལ་གྱི་དུས་རབས་འདིར་ཕན་ཐོགས་དེ་ཙམ་མེད་པའི་གནས་ཚུལ་ཞིག་ཀྱང་རེད།
༸གོང་ས་ལྔ་པའི་གསུང་གཟུ་དཔང་ལས།
ལེགས་ལྡན་ཕྱག་དྲུག་ལས་གཤིན་དམག་ཟོར་ལྷ། །
གདོང་བཞི་མགོན་པོ་ལྕམ་དྲལ་བེག་ཙེ་སོགས། །
བསྟེན་མཆོད་སྒྲུབ་པའི་སྲུང་མ་དམ་ཅན་ལ། །
གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་གྱིས། །
དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། །
སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །
བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །
མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག །
དོལ་རྒྱལ་ཤུགས་ལྡན་འདི། སྨོན་ལོག་དམ་སྲི་འབྱུང་པོ་ཡིན་པས་མགོན་ཁང་ནང་ལ་བཞག་པ་དང་། བསྟེན་པ་སོགས་མི་རུང་ངོ་།།