བསྟན་འཛིན་འོད་ཟེར།
རྣམ་འདྲེན་བཞི་བ་ཤཀྱའི་སྲས་པོ་དང།།
རྒྱན་དྲུག་མཆོག་གཉིས་རྒྱ་བོད་མཁས་གྲུབ་ཚོགས།།
མེས་དབོན་རྣམས་སོགས་ཆོས་རྒྱལ་རིམ་བྱོན་རྣམས།།
བསྐྱེད་པའི་མ་ནི་རྒྱམ་ཡུམ་བུད་མེད་ཡིན།།
ཤེས་རབ་རང་བཞིན་བྱམས་བརྩེའི་བདག་ཉིད་མ།།
ལྷག་བསམ་རབ་དཀར་གཤིས་བཟང་རྒྱུད་འཇམ་མ།།
དལ་འབྱོར་རིན་ཆེན་ལུས་བཟང་སྟེར་མཁན་མ།།
དེ་རིང་མ་ཡུམ་རྣམས་ལ་རྟེན་འབྲེལ་ཞུ།།
རིན་ཆེན་སྐུ་དེ་འགྱུར་མེད་རྡོ་རྗེའི་གཤེས།།
སྙན་པའི་གསུང་ནི་འགག་མེད་ཚངས་པའི་དབྱངས།།
བྱམས་བརྩེའི་ཐུགས་བསྐྱེད་མཐའ་བྲལ་ནམ་མཁའི་ཁམས།།
ནམ་ཡང་འགྱུར་མེད་སྟག་བརྟན་རྡོ་རྗེའི་རྒྱ།།
3/8/15 ལ་བྲིས།
དངོས་པོ་ཐམས་བཅས་སྐྱེ་བའི་རྒྱུ་།
རྒྱུ་དང་འབྲས་བུ་རྟེན་འབྲེལ་བཟང་།
བུད་མེད་མེད་པའི་སྔ་རོལ་ན་།
འཇིག་རྟེན་མི་ཡི་མིང་ཡང་མེད་།
སྐལ་བ་སྟོང་གི་སངས་རྒྱས་ཀྱང་།
ཐབས་ཤེས་བཟུང་ནས་གླིང་འདིར་ཕེབས་།