འབའ་སྲས།
བུད་མེད་ཁ་རྒོད་ཚོ་ལ་གཞས་ཤིག་ལེན།།
གཞས་འགོ་མེ་ཏོག་དམར་བོའི་ཚེར་མ་ཡིན།།
གྲྭ་བ་རྒོད་པོ་ཚོ་ལ་ཤགས་ཤིག་བརྒྱག །
ཤགས་རྟིང་ལྕགས་ནག་མདོང་གི་རྩེ་མོ་ཡིན།།
བུད་མེད་ཡིན་ལོ་ཟེར་ནས་གྲྭ་ལོག་ལ།།
སྡོམ་ཤོར་ཟེར་ནས་འཕྱ་དང་དམོད་ཁུལ་བྱེད།།
སྡོམ་པ་འཕྲོག་པའི་ཉེས་ཅན་ཁྱོད་མིན་ན།།
རྒོད་མ་བོང་མ་ཕག་མ་ག་ལ་ཡིན།།
གནམ་གྱི་ཕྱེད་ཀ་བུད་མེད་ཡིན་གྱུར་ན།།
དེ་ཡི་ཕྱེད་ཀ་གྲྭ་ལོག་ཆུང་མ་ཡིན།།
གྲྭ་ལོག་བན་ལོག་ཟེར་ནས་སྡིགས་མཁན་ཡང་།།
དེ་ཡི་ནང་གི་ཕྱེད་ཀའི་ཕྱེད་ཀ་ཙམ།།
དངོས་མིང་མི་གསལ་སུ་ཡིན་མི་ཤེས་པ།།
ཕོ་མིན་མོ་མིན་ལིང་ག་གསུམ་པ་ཅན།།
རང་ལུས་ཤ་ཁྲག་འགྱིག་གིས་བཟོས་བྱས་ཏེ།།
འབའ་སྲས་འབུ་ལིར་རྡོ་བ་འདོགས་རྒྱུ་ཟེར།།
བདེན་མིན་ཁབ་མིག་ཅན་གྱི་ཨི་ཁུང་དུ།།
ཚིག་ཉོག་གཡག་རྩུབ་སྐུད་པ་བཙན་གྱིས་བརྒྱུས།།
ཁ་སྣར་སྨད་པའི་སྐུད་སྣེ་དགུ་མདུད་དེ།།
ཁ་སྒང་བསམ་གཏན་ཁ་ཤ་འཚེམ་རྒྱུ་ཟེར།།
བདག་གི་ཁ་འདི་སྙན་ངག་སྐྱུག་པའི་ཁ།།
ཁོ་བོའི་ཁ་འདི་གཉའ་མཇེ་བསྟོད་པའི་ཁ།།
ང་ཡི་ཁ་འདི་གྲྭ་ལོག་བཟང་བོའི་ཁ།།
ཁ་འདི་འཚེམ་མཁན་ཡོད་ན་ཨ་མའི་བུ།།
མོ་ཞིག་ཡིན་ན་མཇེ་ཡིས་གཏམ་ཞིག་འཆད།།
གྲྭ་ལོག་སུ་ཡི་མཇེ་ཡིས་བསད་པ་ཡི།།
ཤི་བའི་བུད་མེད་དུར་ས་གང་ན་ཡོད།།
དེ་དག་རྣམ་ཤེས་གང་འཁྱམས་སུ་ཡིས་མཁྱེན།།
གྲྭ་ལོག་སུ་ཡིས་ལག་ལ་གྲི་འཕྱར་ནས།།
ཆུང་མའི་སྣ་བ་གཏུབས་པའི་ལོ་རྒྱུས་ཤོད།།
གྲྭ་ལོག་སུ་ཡིས་ཆུང་མ་མགོ་བསྐོར་ཏེ།།
ཁ་ཆེར་མནའ་མར་བརྫངས་པའི་གཏམ་རྒྱུད་གསུངས།།
གྲྭ་ལོག་སུ་ཡིས་རྒྱ་ལམ་བཞི་མདོ་ནས།།
དགའ་རོགས་ཆུང་མར་རྡོག་པས་བརྫིས་པ་མཐོང་།།
སྐྲ་ཡིས་འཐེན་ཏེ་འགྲམ་ལྕག་བཞུས་པ་ཡི།།
བརྙན་དང་འདྲ་པར་ཡོད་ན་བསྐུར་རོགས་ཞུ།།
དེ་དག་གང་ཡང་མེད་ན་གྲྭ་ལོག་ཚོ།།
བུད་མེད་གཞན་གྱི་ཁྱོ་གར་གྱུར་བ་ལ།།
ཕྲག་དོག་མ་བྱེད་གོ་ཁའི་རྒད་མོ་ཚོ།།
ཁ་ལ་འགྲིག་པའི་སོ་ཞིག་བརྙེད་ནི་རེད།།
ད་ནི་སྐྱ་མིན་སེར་མིན་གྲྭ་རྒོད་ཚོ།།
མཉན་འདོད་ཡོད་ཀྱང་མེད་ཀྱང་གང་ལྟར་ཡང་།།
འབའ་སྲས་ཐོད་པར་མཛུབ་མོ་བཙུགས་དང་ན།།
ཁ་སྒང་བསམ་གཏན་ཁ་ལ་བདག་པོ་མེད།།
གཟན་ཤམ་འོག་ནས་འདོད་ཆགས་ལངས་པ་ལས།།
སྐྱ་སར་བབས་ཏེ་ཆུང་མ་བླང་ན་བཟང་།།
ཆོས་ལ་མི་ཕན་འཁོར་བར་མི་ཕན་པའི།།
ཕུང་གསུམ་པ་ཡི་གཟུགས་དེ་ཅི་ཞིག་བྱ།།
གྲྭ་བ་རྣམ་དག་ཡིན་ན་ཆོས་ལ་གཞོལ།།
གྲྭ་ལོག་བུད་མེད་བར་ལ་མགོ་མ་འཚང་།།
སྟུ་དང་རླིག་པའི་སྐད་ཆ་སྦྱང་བྱ་མིན།།
མཇེ་དང་གཉའ་མ་ཁྱོད་ལ་ཇུས་ཏོག་མེད།།
མེ་ཏོག་ལམ་ལ་བགྲོད་པར་སྡིག་ཆེ་ན།།
བརླ་ཡི་འཁྲི་ཤིང་བསྲུབས་པར་དགེ་ཆེ་འམ།།
ཡལ་འདབ་ལྔ་བ་ངལ་བྱས་ཉེས་ཆེ་བ།།
མདོ་ལས་གསུངས་པ་ད་དུང་མཐོང་མེད་དམ།།
བན་ཆུང་བརླ་དང་རྐུབ་ཀྱིས་སངས་རྒྱས་ན།།
བུད་མེད་སྟུ་ཡིས་དམྱལ་བར་ཅི་ལྟར་འཕེན།།
འདོད་པའི་མེ་རོ་འབར་བས་མ་བཟོད་པས།།
ཆགས་ཆུ་དཀར་བོ་ཤོར་བ་གཅིག་ལ་གཅིག །
འདོད་གཏམ་བྲིས་པར་བློ་ལྡན་སུ་མི་དགྱེས།།
བོད་ཀྱི་ལ་གཞས་རོགས་འཐེན་འདོད་གཏམ་ཡིན།།
གཉའ་བསྟོད་མཇེ་བསྟོད་བྲིས་པར་སུ་ཡིས་འཕྱ།།
ཕོ་མོའི་ལུས་ཀྱི་རིན་ཆེན་ནོར་བུ་ཡིན།།
སྐྱ་མིན་སེར་མིན་གྲྭ་ལོག་ངོ་མ་གཉིས།།
སུ་དང་གང་ལ་ཉེས་པའི་སྡིག་ཆེ་བ།།
ཁ་མཁས་དག་གི་སྙུ་གུས་ག་ལ་ཤེས།།
ཕྱི་མའི་རྒྱ་མའི་སྟེང་ན་ད་གཟོད་ཤེས།།
གྲྭ་བ་རྣམ་ཐག་བུད་མེད་དྲང་བདེན་ལ།།
ཁོ་བོའི་ཚིག་གི་མདའ་མོའི་འབེན་དུ་མིན།།
སྐྱ་མིན་སེར་མིན་གོ་ཁའི་རྒད་མོ་ཚོར།།
སྙན་ངག་རྣོ་ལྕགས་འབར་བའི་མདའ་འདི་འཕངས།།
ཚིག་གི་མདའ་མོ་གཅིག་གིས་བྱ་རོག་ལྔ་།།
བསད་པའི་ཤི་རོ་གད་སྙིགས་ནང་དུ་ཡོད།།
ཨ་རོགས་སྤྱང་ཀི་གཟན་གྱིས་ལྟོགས་པ་འགའ།།
ཡོད་ན་སོང་ནས་ཟོ་དང་ཞིམ་ན་ཐང་།།
ཚིག་སྦྱོར་རྩོམ་ལ་མཁས་པ་ངག་གི་དཔལ།།
ས་མཐའི་ཡུལ་ནས་འཚོ་བའི་འབྱོར་ཆེ་བ།།
གྲྭ་བ་ལོག་ཀྱང་ལྟ་བ་ཡང་དག་པ།།
ཁ་སྒང་བསམ་གཏན་རྒྱ་མཚོས་འདི་ཙམ་བྲིས།།
༡༥/༠༨/༠༦ དགོང་མོའི་ལས་ཞོར་དུ།
དགོང་མོར་ལས་ཞོར་དུ་ཟེར་ན་ག་འདྲ་འདུག གྲ་ལོག
གྲྭ་ལོག་གི་མྱོང་མཚོར་ཤ་མ་ཞིག་བྲིས་འདུག
གྲྭ་ལོག་གསུམ་རྨར་བྱ་ཡིན་། དེ་ནས་འང་ཁུ་སྒྲོ་ཟད་འདྲ། ལོ་གསུམ་དགོང་རེ་རྒྱོ་གསུམ་རྒྱབ། དེ་ནས་སངས་རྒྱས་ཆོས་ཚོགས་འདོན།
གྲྭ་ལོག་གྲྭ་པའི་ཞབས་འདྲེན་ནི། །འབའ་སྲས་སོགས་ལ་བལྟས་ན་ཤེས། །གྲྭ་ལོག་ཚོ་ལ་ལས་གཅིག་རང་། །གྲྭ་པས་མ་འགྲིགས་མ་འཐུས་ཟེར།།