བོད ལྷ་ཀླུ་གཉན་གསུམ།
བསྟན་འཛིན་བཟང་མོས་སྐད་ཆ། {ཆ་བཞག་ན་ང་ཚོ་དབུས་གཙང་ཕྱོགས་ནས་བུ་མེད་ཚོར་དེ་འདྲའི་བསམ་ཆུལ་འཛིན་པའི་གོམས་སྲོལ་མི་འདུག་པས།བུ་མེད་ཚོས་ག་རེ་བྱེད་ན་ཆོག་སྙམ་པ་ཞིག་དང་།བུ་མེད་ཚོས་ཨ་རག་དང་ཐ་མ་འཐེན་པ་སོགས་བྱས་ནའང་མི་ཁ་ལ་ཞེ་དྲག་ཡོང་གི་མ་རེད།}
ཁོ་མོས་གོང་དུ་ཉིད་ཀྱིས་དྲི་བར་ལན་འདེབས་བྱས་པའི་ཁྲོད་དུ། དེ་འདྲ་ཞིག་གསུངས་འདུག ངས་ཀྱང་བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་དང་འདྲ་མཉམ་ལ་དགའ་མཁན་ཁོ་མོ་ལྟ་བུ་མི་ཉུང་བ་ཞིག་གིས་དོན་དངོས་ཀྱི་འདྲ་མཉམ་དང་ཐོབ་ཐང་བུད་མེད་དག་གིས་ལེན་ཐུབ་ཀྱི་ཡོད་མེད་དེ་མི་གླེང་བ་དང་མི་སྒྲུབ་པར། དཔེར་ན་དཔེ་འཇག་འདི་ལྟ་བུ་ཞིག་བྱས་དེ་འོང་དུས། དངོས་ནས་ང་རང་གི་སེམས་སུ་ད་དུང་ཡང་སྐྱོ་སྣང་ཞིག་སྐྱེ་བཞིན་ཡོད། དེ་རིང་ང་རང་ཚུར་རླངས་འཁོར་ནང་དུ་ནང་དུ་ལོག་ཡོང་སྐབས། འགག་སྒོ་ཞིག་དུ་དམག་མི་ཁ་ཤས་ཤིག་འདུག་ལ། དེ་དག་གིས་རླུང་འཚུབ་དང་ཆར་ནག་གི་ཁྲོད་དུ་རང་གི་རྒྱལ་ཁབ་ཀྱི་བདེ་འཇག་ཆེད་དུ་རླངས་འཁོར་ཡོང་མཁན་དང་འགྲོ་མཁན་དག་ལ་ཞིབ་བཤེར་བྱེད་ཀྱི་འདུག དེ་ཡི་ཁྲོད་དུ་བུད་མེད་དམག་མི་ཡང་འདུག་པ་དེ་མཐོང་མ་ཐག ངས་བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་དེ་དག་གིས་འདི་ལྟར་བུ་དང་འདྲ་མཉམ་གྱི་ལས་ཀ་དག་ལ་ཞུགས་ཐུབ་ཀྱི་ཡོད་དམ་སྙམ་པ་ཞིག་དྲན་སོང་བ་དེ་འདི་རུ་དངོས་ནས་རན་པོ་འདུག
འདི་ལྟར། བོད་ཀྱི་བུད་མེད་དག་གིས་རང་བཞིན་ལྷན་སྐྱེས་ཟེར་བ་དེ་ལ་གཏན་ནས་ངོ་རྒོལ་བྱེད་མི་ཐུབ་སའི་འགག་སྒོ་རེ་ཟུང་ཞིག་ཡོད་པ་དེ་ཤེས་པའི་ཐོག་ནས་ཐོབ་ཐང་འདྲ་མཉམ་ཟེར་བ་དེ་ནི་ཅི་ལྟར་ལེན་དགོས་ཀྱི་ཡོད་མེད་སྐོར་ལ་བསམ་གཞིགས་ཤིག་བྱེད་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་འདུག དེ་མིན་བུད་ཀྱི་ཐོབ་ཐང་ཟེར་ནས་ཆང་འཐུང་། ཐ་མག་འཐེན། དུག་ཁབ་བརྒྱབ། དུག་རྫས་འཐེན། འཁྲིག་སྲེད་ཀྱི་འདོད་པ་ཁོ་ནའི་རིགས་ལ་འགྲན་པ་ཡིན་ན། དེ་ནི་རིགས་རྒྱུད་ཀྱི་གྱོང་རྒུད་དང་། བུད་མེད་རང་གི་མི་ཚེའི་ནང་དུ་ཆེས་མི་ཐེག་པའི་སྡུག་བསྔལ་ཞིག་གི་སྔོན་འགྲོ་ལས་གང་ཡང་མེད་པ་ཡིན། འདི་ནི་ངས་རང་རེའི་བོད་ཀྱི་བུད་མེད་དག་གི་དཀའ་སྡུག་ལ་བསམ་བློ་ཞིབ་དུ་བཏང་ནས་ཞུས་པ་ལས། བུད་མེད་དག་ལ་བུ་དང་འདྲ་མཉམ་གྱི་ཐོབ་ཐང་མ་རེག་ན་བསམ་ནས་གཏན་ནས་བྲིས་པ་མིན་ལ། བུད་མེད་དག་ལ་ཡང་དངོས་ནས་ཐོབ་ཐང་མ་སྤྲད་པར་མེད་པར། བུད་མེད་རང་ངོས་ནས་ཐོབ་ཐང་ལེན་དུས་སུ་ནོར་མི་ཉན་པའི་སྔོན་བརྡ་ཞིག་གི་རེ་སྐུལ་ཡིན་པ། འདི་ཀློག་མཁན་བུད་མེད་སུ་ཞིག་ནས་བུད་མེད་གཅིག་ནས་བཅུ་དང་། བཅུ་ནས་བརྒྱ། བརྒྱ་ནས་སྟོང་། སྟོང་ནས་ཁྲི་ཁ་བརྒྱུད་དེ། བོད་ཀྱི་བུད་མེད་ཡོངས་དང་། ནང་སྒོས་སུ་བུད་མེད་ཀྱི་ཐོབ་ཐང་དགོས་ཟེར་མཁན་དག་གི་སེམས་བསམ་པའི་གཏིང་ནས་བསམ་བློ་ཞིག་གཏོང་བར་སྐུལ་བ་ཡིན་ནོ།
ཕོ་མོའི་ལུས་གཟུགས་མི་འདྲ་ཡང་། །
བདེ་བ་འདོད་པ་གཅིག་མཚུངས་ཡིན། །
ཕོ་མོའི་ཐབས་ཤེས་མི་འདྲ་ཡང་། །
ཐོབ་ཐང་ཡོད་པ་གཅིག་མཚུངས་ཡིན། །
གནའ་དེང་ཀུན་ལ་ཕོ་མོ་གཉིས།།
འདྲ་མཉམ་ཡིནཔའི་བོད་པ་ཚང་།།
སུ་ལ་འཇོན་ཐང་ཡོད་གྱུར་ན།།
དེ་ནི་ཁྱིམ་གྱི་བདག་པོ་ཡིན།།