རིག་འབྱུང་དོན་གྲུབ་བཀྲ་ཤིས། ཡོ་རོབ།
ངེད་ཀྱིས་རྩོམ་ཡིག་འདི་ཟླ་བ་གཉིས་ཀྱི་སྔོན་ནས་བྲིས་ཚར། ཟླ་བ་གཉིས་སྔོན་གྱི་གནས་ཚུལ་ཕལ་མོ་ཆེ་དྲ་རྒྱ་དང་དུས་དེབ། གཞན་གྲོགས་པོ་འགའ་བརྒྱུད་ནས་རེག་སོན་བྱུང་།
འོན་ཀྱང་། རྩོམ་ཡིག་སྔ་མ་དེ་བྲིས་ཚར་རྗེས་བློ་བཟང་རབ་རྒྱས་ལགས་དང་འབྲེལ་བ་བྱུང་། ངེད་ལ་ཁ་གསལ་མེད་པའི་གནས་ཚུལ་དེ་ཚོའི་སྐོར་ལ་ཁ་གསལ་ཆགས།
དེ་ནས་རྩོམ་ཡིག་འདི་བསྐྱརདུ་སོ་སོའི་སློབ་སྦྱོང་གི་ཞོར་ལ་བྲིས་ཏེ་ཉིན་འགའི་སྔོན་ལ་ཚགས་གྲུབ།
ལོ་ངོ་འདི་དག་གི་རིང་ལ་བོད་རིགས་བུད་མེད་ཚོས་བོད་ཕྱི་ནང་གཉིས་སུ་མི་རིགས་འདིའི་མ་འོངས་བའི་སླད་དུ། མི་རིགས་འདིའི་མདུན་ལམ་གྱི་དོན་དུ། བོད་ཀྱི་རྩ་དོན་སླད་དུ་རང་གི་སྐད་གསེང་མཐོ་རུ་འདེགས་བཞིན་། རང་གི་སྡུག་ཡུས་གླུ་རུ་ལེན་བཞིན་བྱ་བཞག་སྒྲུབ་ཀྱི་འདུག འདི་ནི་བོད་མི་སྒེར་བ་ཞིག་ལ་མཚོན་ན། དགའ་འོས་བ་དང་སྤྲོ་འོས་བ། རྒྱབ་སྐྱོར་བྱེད་འོས་བ་ཞིག་རེད། བོད་ནང་ལ་མཚོན་ན་བུད་མེད་རྩོམ་འབྲི་བ་འོད་ཟེར་དང་འཇམ་དབྱངས་སྐྱིད། གཞན་མི་རིགས་ཀྱི་ལར་ཞེན་ཅན་དཔལ་བཟའ་ནོར་འཛིན་དབང་མོ་སོགས་བུད་མེད་སྡེ་ཞིག། སྙིང་སྟོབས་དང་ལྡན་པར་ཡར་ལངས་སོང་། འཆི་གསོན་ལ་འཇིགས་པ་མེད་པར་ཡར་ལངས་སོང་། ད་དུང་དེས་ག་ལ་ཚད། བྱམས་ཞེས་བའི་ལོ་ཆུང་བུད་མེད་ཀྱི་གདོང་ལེན་རུ་ཁག་ཞིག་ཀྱང་ཐོན་འོང་གི་འདུག
ད་དུང་ཁ་ཡོད་་ལག་ཡོད་ཀྱི་སྒོ་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་ཤེས་རིག་སྲུང་སྐྱོབ་ཀྱི་ཐད་ལ་ཕྱག་ལས་གནང་མཁན་གྱི་བུད་མེད་ཀྱི་སྡེ་གཞན་ཞིག་འབུར་དུ་ཐོན་ཡོང་གི་འདུག་ལ་བུད་མེད་ཀྱི་སྡེ་དེའི་མིང་ལ་མ་གཅིག་ཟེར། མ་གཅིག་ཟེར་བའི་མིང་འདི་ལ་་བསྟན་དོན་སྣ་མང་ཡོད་པ་འདྲ། ཐ་སྙད་རང་གི་སྒང་ནས་གོ་བ་བླངས་ན་བོད་རིགས་ཨ་མ་གཅིག་ཞེས་བའི་དོན་ཡིན་པ་དང་ཤུགས་ཀྱི་གོ་དོན་ནི་བོད་ཀྱི་མཛངས་མ་མ་གཅིག་ལབ་སྒྲོན་གྱི་མཚན་རེད་འདུག མ་གཅིག་ཞེས་བའི་ཁེ་མེད་ཚོགས་པ་དེ་འཛུགས་མཁན་ནི་ཕྱི་སྡོད་བོད་རིགས་བུད་མེད་འབུམ་རམས་པ་བློ་བཟང་རྒྱས་དང་ཁོང་གི་གཅུང་མོ་བཀྲ་ཤིས་རབ་རྒྱས་གཉིས་ཡིན། བློ་བཟང་རབ་རྒྱས་དང་བཀྲ་ཤིས་རབ་རྒྱས་གཉིས་རྒྱ་གར་དུ་སྐྱེས་ཤིང་ཁ་ན་སྒྲར་འཚར་ལོངས་བྱུང་། བློ་བཟང་རབ་རྒྱས་ལགས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་(ྕརྣདྲསྤྲྟཔྱཔྲདྲྤཕྲ ྣཐ རྒྣརྣརྟྣརྣྞཔྲ ྔཏྲདྣྣརྡ ྣཐ སྒྲཔྱདྲྟརྣྤཎརྡ ཎརྣརྟ རྐྱཐཔྱདྲཏྲཎརྣ ྔྤསྤྱརྟདྲྟཔྲ ( ྔསྒྲརྐྱྔ) ནས་གཙུག་ལག་སློབ་གཉེར་ཐོན་ཞིང་ཁོ་མོའི་ཆེད་ལས་མི་རྒྱུད་དཔྱད་རིག་གམ་མིའིརིགས་པའི་སྐོར་ལ་རེད། ཁོ་མོ་ནི་བོད་ཀྱི་ལོ་རྒྱུས་སྟེང་མི་རྒྱུད་དཔྱད་རིག་གི་སྐོར་གྱི་བུད་མེད་འབུམ་རམས་པ་ཐོག་མ་དེ་ཡིན། ངེད་ཀྱི་བསམ་པར། ཁོ་མོ་ནང་བཞིན་། བོད་ཕྱི་ནང་གི་སྤྱི་ཚོགས་སུ་བོད་རིགས་བུད་མེད་འབུམ་རམས་པའམ་ཆེད་ལས་མཁས་བ་མང་ནས་མང་དུ་ཕྱིན་ན།
སྤྱི་ཚོགས་ཡར་རྒྱས་ཀྱི་ཐད་ལ། མི་རབས་གསོ་སྐྱོང་གི་ཐད་ལ། ཤེས་རིག་རྒྱུད་འཛིན་གྱི་ཐད་ལ་ལག་རྗེས་ངེས་ཅན་མངོན་ཐུབ་ཀྱི་རེད་བསམ། བུད་མེད་འབུམ་རམས་པ་བློ་བཟང་རབ་རྒྱས་དང་ཁོང་གི་གཅུང་མོ་བཀྲ་ཤིས་རབ་རྒྱས་གཉིས་ཀྱིས་མི་ལོ་བདུན་བརྒྱདཙམ་གྱི་སྔོན་ནས་མཐོ་དབུས་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་དང་ཤེས་རིག་གཅེས་འཛིན། དཔལ་འབྱོར་ཡརརྒྱས་། ད་དུང་བོད་རིགས་བུད་མེད་ཚོས་སྤྱི་ཚོགས་ཀྱི་འགན་དབང་ལེན་པའི་ཐད་བྱ་བཞག་སྒྲུབ་འགོ་ཚུགས་པ་ཡིན་ལ་ཕྱོགས་གང་ཅིའི་ཐད་ནས་བྱ་འགུལ་གྱི་ཁ་ཕྱོགས་ཆེར་བསྐྱེད་དང་ནུས་སྟོབས་ཇེ་བརྟན་ཏུ་གཏོང་བཞིན་ཡོད།
འབུམ་རམས་པ་བློ་བཟང་རབ་རྒྱས་ལགས་ཀྱིས་རྒྱལ་སྤྱིའི་ས་ཁམས་རིག་པའི་དུས་དེབ་ཀྱི་ངོས་སུ་གསུངས་དོན། ངེད་ཀྱི་ཡིད་ཆེས་ནི། རིག་པའི་གཞུང་ལུགས་དང་ཞིབ་འཇུག་གི་ལས་དོན་ཇི་འདྲ་ཞིག་ལ་ཁྱེད་རང་འཇུག་ན་ཡང། གཙོ་བོ་ལག་ལེན་གྱི་ཐོག་ནས་དོན་ལ་སྨིན་དགོས་རྒྱུ་གལ་ཆེན་རེད་ཟེར། དེ་ལོས་ཡིན། བོད་རིགས་བུད་མེད་ཞིག་གིས་ལག་ལེན་གྱི་ཐོག་ནས་གཞན་ལ་ཕན་པའི་བྱ་བཞག་བསྒྲུབས། ལག་ལེན་གྱི་ཐོག་ནས་ལག་ལེན་ལ་འཇུག་པའི་སྐད་ཆ་རེ་བཤད་ན་དེ་ནི་རྗེས་སུ་ཡིརངས་བའི་གནས་རེད། འབུམ་རམས་པ་བློ་བཟང་རབ་རྒྱས་དང་བཀྲ་ཤིས་རབ་རྒྱས་གཉིས་ལ་མཚོན་ན་བོད་ཕྱི་ལས་བོད་ནང་གཙོ་བོར་དམིགས་མཁན་ཞིག་དང་གྲོང་ཁྱེར་ཡར་རྒྱས་ལས་གྲོང་གསེབ་ཡར་རྒྱས་ལ་ནུས་ཤུགས་བསྐྱོན་མཁན་ཞིག་རེད་འདུག ད་དུང་ཁོང་གཉིས་ལ་མཚོན་ན། བོད་རིགས་མི་མང་གི་ཤེས་རིག་ཡར་རྒྱས་དང་རིག་གཞུང་གཅེས་སྐྱོང་། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་སླད་དུ། གཙོ་བོ་གཞི་རིམ་ཁག་དང་གྲོང་གསེབ་ནས་འགོ་བཙུགས་ཏེ་ལས་གཞི་རྩོམ་མཁན་གྱི་གྲས་ཤིག་རེད་འདུག འོ་ན། ཁོང་གཉིས་ཀྱིས་ཕྱག་ལས་ཅི་ཞིག་གནང་གི་ཡོད་དམ་བརྗོད་ན། ཁོང་དང་ཁོང་གི་གཅུང་མོ་བཀྲ་ཤིས་རབ་རྒྱས་གཉིས་ཀྱིས་བོད་ནང་གི་ལི་ཐང་ཕྱོགས་ཀྱི་ཀོ་འབའ་ཞེས་བའི་གྲོང་གསེབ་དེར་ཕྱི་ལོ་༡༩༩༨་ཡས་མས་སུ་སློབ་ཆུང་ཞིག་བཙུགས། སློབ་ཆུང་དེ་ཐོག་མར་འདེབས་དུས་ཁོང་ཚོའི་ཕ་མ་གཉིས་ཀྱིས་དཀའ་ལས་གང་འཚམས་བརྒྱབ་འདུག་པ་མ་ཟད་ཁོང་གཉིས་ཀྱི་ཨ་ཕས་རང་གི་ལས་འཁྱུར་ངལ་གསོའི་དངུལ་སྒོར་ཡང་འཛུགས་བསྐྲུན་གྱི་་མ་རྩར་བཞག་འདུག
འདི་ལྟར་ལབ་ན། ནང་མི་ཧྲིལ་བོས་བོད་མི་རིགས་ལ་ཕན་པའི་བྱ་བཞག་ཅིག་སྒྲུབ་གྱིན་འདུག་ལབ་ན་ཡང་མ་འགྲིག་པ་ག་ལ་ཡོད།
སློབ་ཆུང་དེར་ད་ལྟ་ཁྱོན་སློབ་ཕྲུག་༤༠༠ ལྷག་ཡོད་ཅིང་། སློབ་ཕྲུག་རྣསམ་ནི་དྭ་ཕྲུག་དང་ཕྱེད་དྭ་ཕྲུག། གཞན་ཁྱིམ་ཚང་དབུལ་བོའི་བུ་ཕྲུག་ཤ་སྟག་རེད་། སློབ་ཆུང་དེ་ལ་འཛིན་རིམ་དང་པོ་དང་འཛིན་རིམ་དྲུག་པ་བར་དང། འཁྲིད་བྱའི་ྐློག་དེབ་ཀྱང་བོད་ཡིག་གཙོ་བོར་བཟུང་བའི་ཐོག་རྒྱ་ཡིག་དང་དབྱིན་ཡིག། དགེ་རྒན་ཡང་ཕལ་ཆེ་བ་བོད་རིགས་རེད་འདུག ད་དུང་སློབ་ཕྲུག་རྣམས་ལ་དུས་ནས་དུས་སུ་བོད་མི་རིགསཀྱི་རིག་གཞུང་རྒྱུད་འཛིན་དང་སྲུང་སྐྱོབ་། མཐོ་དབུས་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་བཅས་དང་འབྲེལ་བའི་ཤེས་ཡོན་ཡང་སྤྲོད་ཀྱིན་ཡོད།
ཁོང་གཉིས་ཀྱི་དཀའ་ལས་བརྒྱབ་པའི་གྲུབ་འབྲས་ལྟ་བུར། སྐབས་དང་པོའི་ཆུང་འབའ་སློབ་ཆུང་གི་མཐར་ཕྱིན་འཛིན་གྲྭར་དཀའ་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཤེས་རིག་གྲུབ་འབྲས་རྩེར་སོན་གྱི་མཚན་གནས་ཐོབ།
དེས་ག་ལ་ཚད། ཁོ་གཉིས་ཀྱི་དཀའ་ངལ་ལ་ཇི་མི་སྙམ་པའི་སྤོབས་པ་དང་སྙིང་སྟོབས། བརྩོན་འགྲུས་བཅས་ཀྱི་དབང་གིས་ཕྱི་ལོ་༢༠༠༨ལོའི་ཕྱི་ཟླ་བརྒྱད་པར་སློབ་འབྲིང་ཞིག་ཀྱང་སྒོ་ཕྱེས་འདུག སློབ་འབྲིང་དེར་དགེ་རྒན་བརྒྱད་དང་སློབ་ཕྲུག་༨༧འདུག། ཁོ་གཉིས་ཀྱི་ཕུགས་བསམ་ནི་སློབ་ཕྲུག་འདི་དག་ལ་འབྲི་ྐློག་སློབ་སྦྱོང་གཅིག་པོ་སྤྲོད་རྒྱུ་མ་ཡིན་་པར་མ་འོངས་བ་ན་སློབ་ཕྲུག་འདི་དག་ཆེ་ས་ནས་བོད་སྤྱི་བ་ཕན་ཐོགས་མཁན་དང་ཆུང་ས་ནས་སོ་སོའི་རྐང་བའི་སྒང་ཐུབ་མཁན་ཞིག་ཆགས་ཐུབ་རྒྱུ་དེ་རེད་འདུག། ད་དུང་སློབ་གྲྭ་འདི་གཉིས་ཀྱི་ནང་དུ་ཉི་གློག་ལ་བརྟེན་ནས་ཚ་ཐབ་དང་གློག་ཤུགས་བེད་སྤྱོད་གཏོང་བ་དང་ཆུ་ཡི་འཁོར་རྒྱུག་གཙང་སེལ་བྱས་ཏེ་འཐུང་ཆུ་ལེན་པ་སོགས་ཁོར་ཡུག་གཙང་ཉར་གྱི་ཕྱག་ལེན་ཀྱང་གནང་གི་འདུག
ང་ཚོས་ཤེས་གསལ་ལྟར། དེ་རིང་སང་ཉིན་གྱི་སྤྱི་ཚོགས་འདི་སྣ་མང་ལས་རིགས་ལ་ཉེ་བར་ཕྱོགས་པའི་སྤྱི་ཚོགས་ཤིག་ཡིན་ལ་སྤྱི་ཚོགས་འདིེ་ལྟ་བུའི་ནང་དུ་འཚོ་སྡོད་རྒྱུན་གནས་དང་སྲ་བརྟན་ཡོང་བ་ལ་འབྲི་ྐློག་སློབ་སྦྱོང་གཅིག་པོས་མི་འདང་བར་ལག་ཤེས་རིག་གནས་ཀྱང་གལ་ཆེན་ཆགས་ཡོད། རྒྱུ་མཚན་འདི་ལ་བརྟེན་ནས་ཡིན་་ནམ་གང་ལྟར། བུ་ཕྲུག་འདི་ཚོའི་མ་འོངས་བའི་འཚོ་སྡོད་དང་མདུན་ལམ་གྱི་ཆེད་དུ། སློབ་ཆེན་དང་གཙུག་ལག་སློབ་གྲྭར་འགྲོ་ཐུབ་རྒྱུའི་ཆ་རྐྱེན་འདང་ངེས་མེད་པའི་སློབ་ཕྲུག་ཚོའི་ཆེད་དུ་ལག་ཤེས་ལས་རིགས་ཤིག་ཀྱང་བཙུགས་འདུག་ ལག་ཤེས་དེ་ཡང་གཙོ་བོ་བོད་རང་གི་ཐུན་མིན་ལག་ཤེས་ཀྱི་རིགས་སྟེ་ཤིང་བརྐོས་དང་ཐགས་ལས། རྡོ་བརྐོས། ཤོག་བཟོ་དང་རྫ་བཟོ་སོགས་རེད་འདུག ངེད་ཀྱི་བསམ་པར་། འདི་ནི་ཕུགས་རྒྱང་རིང་བའི་ལས་དོན་རླབས་ཆེན་རེད་འདུག་ལ་ཆུང་ས་ནས་བོད་ནང་གི་བོད་མི་སྒེར་བ་རེ་རེའི་མི་ཚེའི་འཚོ་སྡོད་སྲ་བརྟན་དང་ཚུགས་ཐུབ་ཀྱི་ལས་གཞི་ཞིག་ཀྱང་རེད་འདུག ད་དུང་མ་གཅིག་ཁེ་མེད་ཚོགས་པ་འདི་བརྒྱུད་ནས་བོད་ནང་གི་སློབ་ཆེན་དང་སློབ་འབྲིང་གི་བུད་མེད་སློབ་ཕྲུག་རྣམས་ལ་བུད་མེད་ཀྱིས་སྤྱི་ཚོགས་འགན་ལེན་བྱེད་སྟངས་དང་ཡར་རྒྱས་གཏོང་ཕྱོགས། གཞན་བུད་མེད་ཀྱི་ཤེས་ཡོན་གོང་འཕེལ་གཏོང་རྒྱུའི་མཚོན་པའི་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ་མ་ཟད་མདོ་དབུས་མཐོ་སྒང་གི་བུད་མེད་དྲ་ཚུགས་ཤིག་ཀྱང་སྒོ་འབྱེད་གནང་འདུག
བོད་རིགས་བུད་མེད་འབུམ་རམས་པ་བློ་བཟང་རབ་རྒྱས་ལགས་དང་ཁོང་གི་གཅུང་མོ་བཀྲ་ཤིས་རབ་རྒྱས་གཉིས་ཀྱི་བསམ་བློར། བོད་རང་གི་ཁོར་ཡུག་ནས་ཐོན་པའི་ཐོན་སྐྱེད་ཀྱི་རྒྱུ་ཆ་དག་བོད་རང་གི་མི་མང་གི་འཚོ་བའི་མཐུན་རྐྱེན་ཏུ་འགྲོ་དགོས་པར་མ་ཟད་བོད་རང་གི་ཐོན་ཁུངས་དེ་བོད་རང་གི་ས་གནས་ས་ཐོག་གི་བོད་མིས་བདེ་སྤྱོད་བཏང་སྟེ་འཚོ་སྡོད་ཡར་་རྒྱས་ལ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེར་དགོངས་ཀྱི་ཡོད། དེར་བརྟེན། མ་གཅིག་ཁེ་མེད་ཚོགས་པ་འདིས་ཨ་རིའི་(ྕརྣདྲསྤྲྟཔྱཔྲདྲྤཕྲ ྣཐ ཆདྲཔྱཐྲདྲརྣཎ ) གཙུག་ལག་སློབ་ཁང་དང་མཉམ་འབྲེལ་གྱིས་སྣེ་བཤན་པའི་ལས་ཀ་གཉེར་ཏེ་བོད་ས་ཐོག་རང་གི་དཔལ་འབྱོར་གྱི་ཡོང་འབབ་དེ་ས་གནས་བོད་མིའི་ལག་ཏུ་ཐོབ་རྒྱུར་འབད་བརྩོན་གནང་གི་འདུག
ངེད་ལ་ཁོང་གཉིས་ཀྱིས་སྒྲུབ་བཞིན་པའི་བྱ་བཞག་འདི་ནི་རླབས་ཆེ་ཞིང་དཀྱིལ་ཡངས་་པ། ཕུགས་ལ་ཕན་ཞིང་ལག་ལེན་ལ་འཁེལ་བ། བོད་མིའི་འབྱུང་འགྱུར་ལ་དམིགས་པའི་ལས་དོན་རླབས་ཆེན་ཞིག་རེད་སྙམ་པའི་ཚོར་བ་སླེབས། བོད་ནང་གི་བོད་མི་རྣམས་ཀྱི་འཚོ་བ་ཨ་ཆད་འུ་ཐུག་དང་ཚེ་སྲོག་འཇིག་ཉེན་གྱི་མཚམས་ལ་བསྣོལ་བའི་སྐབས་འདིར། བོད་ནང་དུ་བོད་པའི་རིག་གཞུང་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱོབ། རང་གི་སྐད་ཡིག་སྲུང་སྐྱོབ་། འཚོ་གནས་ཉེན་སྐྱོབ་ཀྱི་ཕྱག་ལས་གནང་རྒྱུ་ནི་གལ་ཆེའི་ནང་གི་དོན་ཆེད་རེད་ལ་བོད་རིགས་བུད་མེད་འབུམ་རམས་པ་བློ་བཟང་རབ་རྒྱས་ལགས་དང་ཁོང་གི་གཅུང་མོ་བཀྲ་ཤིས་རབ་རྒྱས་གཉིས་ནི་འདི་ལྟར་ཕྱག་ལས་གནང་མཁན་གྱི་བོད་རིགས་བུད་མེད་མདུན་བསྐྱོད་པ་གཉིས་་རེད་འདུག་
དེས་ན། བོད་རིགས་བུད་མེད་འདི་གཉིས་ཀྱི་རླབས་ཆེ་བའི་ཕུགས་བསམ་དང་ཕྱག་ལས། སྙིང་སྟོབས་བཅས་ཀྱིས། ཕྱི་སྡོད་བོད་རིགས་བུད་མེད་རྣམས་ལ། ཕྱི་སྡོད་བོད་རིགས་སྤུན་ཟླ་རྣམས་ལ། བོད་ནང་གི་བོད་མི་ཚོའི་ཆེད་དུ། བོད་ནང་གི་བོད་མི་ཚོའི་འཚོ་གནས་ཀྱི་ཆེད་དུ། འགན་བབས་ལེན་སྟངས་ཤིག་དང་ལམ་བུ་བཤངས་སྟངས་ཤིག། འབད་བརྩོན་གནང་སྟངས་ཤིག་བཅས་ཀྱི་ལམ་སྟོན་གནང་གི་འདུག། སྐུལ་མ་གཏོང་གི་འདུག ངར་ཤུགས་བླུད་ཀྱི་འདུག་ དེས་ན། དེས་ན། ཕྱི་སྡོད་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཀྱང་། བོད་ནང་གི་བོད་མི་ཚོའི་ཆེད་དུ། ལས་འགན་རེ་ཕྲག་ཏུ་བླངས་སྟེ་ལག་ལེན་ལ་གཞོལ་རོགས།
དེ་འདྲ་ཡིན་ན་མོའི་ལས་ཀ་རླབས་ཆེན་རེད། བཀའ་བློན་ཁྲི་བའི་འོས་མིར་འདེམས་དོན་མི་འདུག་ག
ལས་ཀ་རླབས་ཆེན་རེད། བཀའ་བློན་ཁྲི་བའི་འོས་མིར་འདེམས་དོན་མི་འདུག་བརྗོད་ན་ཅི་ཟེར་གྱི་ཡོད་དམ།
ཉིད་ཀྱི་མཆན་བུ་འདིའི་དོན་དག་ངོ་མ་དེ་ཅི་ཡིན། དགོངས་དག། གོ་བ་ལོན་མ་སོང་།
རིག་བྱུང་དོན་གྲུབ་བཀྲ་ཤིས་ལགས་ཀྱིས། བློ་བཟང་རབ་རྒྱས་ཀྱི་ཤེས་ཡོན་སྐོར་ལ་ཞིབ་འཇུག་ཡག་པོ་གནང་མོད། ཡིན་ནའི་ཁོང་ནས་བློ་བཟང་རབ་རྒྱས་ཀྱི་གནས་ཚུལ་མང་པོ་ཞིག་མཁྱེན་གྱི་མེད་ཚོད།
ཁོ་མོས་བུད་མེད་ཀྱི་ཐོབ་ཐང་ཐོག་ཞལ་ནས་མང་པོ་གསུངས་རུང་། འཚོ་བ་དངོས་ཀྱི་ནང་ཁོ་མོའི་ལྟ་བ་རྣམས་ལག་ལེན་བསྟར་ཐུབ་ཀྱི་མེད་ཚོད། དཔེར་ན། ད་ལྟ་བློ་བཟང་རབ་རྒྱས་ལགས་ཀྱི་ཁྱོ་བོ་གསར་པ་དེ་ཝ་ཇིན་ནི་ཡའི་དགེ་རྒན་ཆེན་མོ་མཚན་ལ་David Germanoཞུ་བ་དེ་ཡིན་ཞིང་། དགེ་རྒན་ཁོང་གི་ཟླ་བོ་དངོས་ནི་ཨ་མདོ་བའི་བུད་མེད་བསོད་ནམས་ལགས་ཞུ་ཞིང་། ཁོང་གཉིས་ལ་བུ་མོ་གཉིས་ཡོད་འདུག
བློ་བཟང་རབ་རྒྱས་ལགས་དང་David ལགས་གཉིས་ད་ལྟ་བཟའ་མི་ཆགས་ཡོད་པ་དང་། བསོད་ནམས་ལགས་ཞུ་བ་དེས་དེའི་རྒྱུ་མཚན་ལ་རྟེན་ནས་ཁྲིམས་ཁང་ལ་ཞུ་གཏུགས་རྒྱག་བཞིན་ཡོད་འདུག
ཉིད་ཀྱི་མཆན་བུ་དེར་རྨོངས་འཆར་ཐུང་ཐུང་ཞིག་འབྲི་འདོད་སྐྱེས། ངེད་ཀྱིས་བུད་མེད་བློ་བཟང་རབ་རྒྱས་དང་ཁོང་གི་གཅུང་མོ་བཀྲ་ཤིས་རབ་རྒྱས་གཉིས་ཀྱིས་མདོ་དབུས་མཐོ་སྒང་གི་ཤེས་རིག་སྲུང་སྐྱོབ་ཐད་ལ་ཕྱག་ལས་གནང་ཚར་བའི་ངོས་དང་གནང་བཞིན་པའི་ངོས། གནང་རྒྱུའི་ངོས་བཅས་ཀྱི་སྐོར་ནས་རྩོམ་སྤེལ་བ་མ་གཏོགས། གཞན། བློ་བཟང་རབ་རྒྱས་སུའི་མཉམ་དུ་ཆང་ས་བརྒྱབ་མིན་དང་ཨ་མདོའི་མནའ་ཟུར་ཡིན་མིན་། ཆང་ས་ཅི་ལྟར་བརྒྱབ་མིན་སོགས་ལ་ཞིབ་འཇུག་བྱེད་ཀྱི་མེད། ངེད་ཀྱི་བསམ་པར། ང་ཚོའི་བོད་པའི་སྤྱི་ཚོགས་སུ་དཀའ་ངལ་ཞིག་ཡོད་པ་ནི་མི་སྒེར་གྱི་གནད་དོན་དེ་སྤྱི་ལ་འགེབས་པ་འདི་རེད། འདི་ཁ་གསལ་ཏུ་བཏང་ནས་བརྗོད་ན་། སྤྱི་ཚོགས་དང་བོད་མིའི་བསམ་བློ་གུ་ཡངས་སུ་མ་ཕྱིན་པའི་རྟགས་རེད།
གཞན། བློ་བཟང་རབ་རྒྱས་ཆང་ས་སུའི་མཉམ་དུ་བརྒྱབ་ནའང་འདྲ་མ་བརྒྱབ་ནའང་འདྲ། དེ་སྒེར་གྱི་གནད་དོན་རེད། བསོད་ནམས་ལགས་ཀྱིས་ཀྱང་ཁྲིམས་གཏུགས་བརྒྱབ་ནས་ཐོབ་ནའང་འདྲ་མ་ཐོབ་ནའང་འདྲ། དེ་ཚོ་སྒེར་གྱི་གནད་དོན་རེད། དེ་ཚོ་ངེད་ཀྱི་རྩོམ་གྱི་བརྗོད་གཞི་མ་རེད།
གཞན། ཡིན་གཅིག་མིན་གཅིག་གཞན་གྱི་སྐྱོན་སྣེ་ཞིག་མ་བཙལ་ན་ལས་དོན་འགྲུབ་ཀྱི་མེད་ན་ནི་ངེད་ཀྱིས་མི་ཤེས། མ་རེད་དམ།
སྐར་ཆེན་ལགས།
ཁྱེད་ཀྱིས་ཤེས་རིག་ཐོག་ནས་བློ་བཟང་ལགས་ཀྱི་སྐོར་གསུངས་པ་དེ་ཡག་པོ་འདུག ཁོ་མོ་ལྟ་བུའི་བུད་མེད་མང་ཙམ་དགོས་ཀྱི་འདུག་ྙམ། ཡིན་ནའི་གཞན་གྱི་བཟའ་ཚང་དཀྱིལ་ལ་འཛུལ་ནས་ཁྱིམ་ཚང་སྟོར་གཤིག་བཏང་བའི་བྱ་བ་བྩམས་ན། དེ་ཡང་ངེས་པར་དུ་ཚང་མས་ཤེས་དགོས་ཀྱི་འདུག རྒྱུ་མཚན་ནི། ྔོན་མ་བློ་བཟང་རབ་རྒྱས་ལགས་དང་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་སྐུ་ཞབས་དཔལ་ལྡན་རྒྱལ་གཉིས་ཀྱིས། བོད་ཀྱི་བུད་མེད་སྐོར་ལ་ལེ་ཚན་ཞིག་བཏང་ཡོད། དེའི་ནང་བློ་བཟང་རབ་རྒྱས་ནས། བོད་པའི་བུས་མི་འགྲིག་པ་དང་། བོད་པའི་བུས་བོད་པའི་བུད་མེད་ལ་སྡུག་པོ་སྟེར་ཚུལ་སྐོར་མང་པོ་གསུངས་སོང་། ཁོང་གིས། རྗེས་མ་ཁོང་བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་མཐོ་རུ་གཏོང་བའི་ལས་འགན་སྒྲུབ་ཀྱི་ཡིན་ཅེས་གསུངས་སོང་།
བྱས་ཙང་བློ་བཟང་རབ་རྒྱས་རླུང་འཕྲིན་ཐོག་སྐད་ཆ་དེ་དག་བཤད་པ་དང་། སྒེར་གྱི་འཚོ་བའི་ནང་དེའི་ལྡོག་ཕྱོགས་སུ་འགྲོ་བའི་བྱ་བ་བསྒྲུབས་པ་འདི་ཚང་མས་ཤེས་འདོད་ཡོད་ྙམས།
ལྷུན་པོ་ལགས། ངེད་ཀྱིས་ཁྱེད་རང་སུ་ཡིན་མིན་མི་ཤེས་ལ་ཤེས་དགོས་དོན་ཡང་མེད།
ཁྱེད་ཀྱིས་གང་གསུངས་བ་དེ་བདེན་པ་ཡིན་མིན་ངས་མི་ཤེས་ལ་ངེད་ཀྱིས་དེའི་ཕྱོགས་ལ་ཞིབ་འཇུག་འདྲ་བོ་བྱས་མེད།
ངེད་ཀྱིས་མ་ཤེས་བཞིན་དུ་ཁྱེད་ཀྱིས་གསུངས་བ་དེ་ཚོ་བདེན་པ་མ་རེད་ལབ་ན་། ངེད་རང་རྩོམ་འབྲི་བ་ཞིག་ཡིན་པའི་གཞི་རྩའི་དམ་བཅའ་དེ་བརླགས་པ་རེད།
ཁྱེད་ཀྱིས་བློ་བཟང་རབ་རྒྱས་ལགས་ཀྱི་མི་སྒེར་གྱི་གནད་དོན་ཤུགས་ཆེར་གླེང་གི་འདུག་ལ་གླེང་དགོས་བའི་རྒྱུ་མཚན་ཞིག་ཀྱང་ཏན་ཏན་ཡོད་ཀྱི་རེད།
དེས་ན། ངེད་ཀྱི་རྨོངས་འཆར་ལྟར་ན། ཁྱེད་ཀྱིས་ཁོ་མོའི་སྒེར་གྱི་གནད་དོན་ཕྱོགསལ་རྩོམ་ཞིག་སྤེལ་ན་ཡག་པོ་མི་འདུག་གམ།
གཞན་ངེད་ལ་དོགས་སློང་ཞིག་ཡོད། ལྷུན་པོ་ཞེས་བའི་མིང་འདི་ད་ལྟ་བར་གྱི་མཆན་བུ་འདེབས་མཁན་ཁྲོད་ནས་གསར་བ་རེད། འོན་ཀྱང་།
ཁྱེད་ཀྱིས་དག་མཆན་འཐོབ་རྒྱུར་སྒུག་མ་དགོས་བར་ཐད་ཀར་ཐད་ཀར་མཆན་བུ་འདེབས་ཐུབ་ཀྱི་ཡོད་པ་འདྲ། འདི་དོགས་སློང་ཙམ་ཡིན། གནད་དོན་གཞན་མེད།
སོ་སོའི་ངོས་ནས་གནས་ལུགས་རྗེན་པ་ཞིག་བཤད་ན། བསམ་ཚུལ་ཐུང་ཐུང་སྤེལ་ན། འགན་ཡང་སོ་སོས་བླངས་ཏེ་དངོས་མིང་འགོད་ཐུབ་ན་ཧ་ཅང་ཡག་པོ་འདུག།
ད་ཙམ་ཡིན།
ལྷུན་པོ་ལགས། ངེད་ཀྱིས་ཁྱེད་རང་སུ་ཡིན་མིན་མི་ཤེས་ལ་ཤེས་དགོས་དོན་ཡང་མེད།
ཁྱེད་ཀྱིས་གང་གསུངས་བ་དེ་བདེན་པ་ཡིན་མིན་ངས་མི་ཤེས་ལ་ངེད་ཀྱིས་དེའི་ཕྱོགས་ལ་ཞིབ་འཇུག་འདྲ་བོ་བྱས་མེད།
ངེད་ཀྱིས་མ་ཤེས་བཞིན་དུ་ཁྱེད་ཀྱིས་གསུངས་བ་དེ་ཚོ་བདེན་པ་མ་རེད་ལབ་ན་། ངེད་རང་རྩོམ་འབྲི་བ་ཞིག་ཡིན་པའི་གཞི་རྩའི་དམ་བཅའ་དེ་བརླགས་པ་རེད།
ཁྱེད་ཀྱིས་བློ་བཟང་རབ་རྒྱས་ལགས་ཀྱི་མི་སྒེར་གྱི་གནད་དོན་ཤུགས་ཆེར་གླེང་གི་འདུག་ལ་གླེང་དགོས་བའི་རྒྱུ་མཚན་ཞིག་ཀྱང་ཏན་ཏན་ཡོད་ཀྱི་རེད།
དེས་ན། ངེད་ཀྱི་རྨོངས་འཆར་ལྟར་ན། ཁྱེད་ཀྱིས་ཁོ་མོའི་སྒེར་གྱི་གནད་དོན་ཕྱོགསལ་རྩོམ་ཞིག་སྤེལ་ན་ཡག་པོ་མི་འདུག་གམ།
གཞན་ངེད་ལ་དོགས་སློང་ཞིག་ཡོད། ལྷུན་པོ་ཞེས་བའི་མིང་འདི་ད་ལྟ་བར་གྱི་མཆན་བུ་འདེབས་མཁན་ཁྲོད་ནས་གསར་བ་རེད། འོན་ཀྱང་།
ཁྱེད་ཀྱིས་དག་མཆན་འཐོབ་རྒྱུར་སྒུག་མ་དགོས་བར་ཐད་ཀར་ཐད་ཀར་མཆན་བུ་འདེབས་ཐུབ་ཀྱི་ཡོད་པ་འདྲ། འདི་དོགས་སློང་ཙམ་ཡིན། གནད་དོན་གཞན་མེད།
སོ་སོའི་ངོས་ནས་གནས་ལུགས་རྗེན་པ་ཞིག་བཤད་ན། བསམ་ཚུལ་ཐུང་ཐུང་སྤེལ་ན། འགན་ཡང་སོ་སོས་བླངས་ཏེ་དངོས་མིང་འགོད་ཐུབ་ན་ཧ་ཅང་ཡག་པོ་འདུག།
ད་ཙམ་ཡིན།
གོང་གི་སྐར་ཆེན་དང་ལྷུན་པོ་གཉིས་ཀར་རྒྱུ་མཚན་འདུག ཡིན་ནའི་འབྲས་བུ་ཐ་དད་རེད་ྙམ། དཔེར་ན་སྐར་ཆེན་གྱིས་བློ་བཟང་རབ་རྒྱས་ལགས་ཀྱི་བོད་ནང་ལ་མི་སེམས་འགུལ་དགོས་པའི་བྱ་བ་བཟང་པོ་བསྒྲུབས་པ་དག་ལ་བསྟོད་པ་དང་། ལྷུན་པོས་བློ་བཟང་རབ་རྒྱས་ལགས་ཀྱིས་གཏམ་བཤད་དང་ལག་ལེན་འགལ་བའི་བྱ་བ་ྩམས་པ་འདིར་སྐྱོན་བརྗོད་གནང་འདུག མི་གཅིག་གི་སྟེང་ལ་དཀར་པོ་དང་ནག་པོ་གཉིས་ཀ་ཡོད་པ་ནི་རང་བཞིན་རེད་ལ། དེ་ནི་མིའི་ངོ་ཐོག་གི་རང་བཞིན་རེད། དེ་ལ་འགལ་བ་མིན་འདུག
ངེད་ཚོ་ཚང་མ་ཕྱེད་ཀ་དཀར་པོ་རེད། ཕྱེད་ཀ་ནག་པོ་རེད། མ་རེད་པས།
ཟུར་གནས་ལགས་ཀྱི་སྐད་ཆ་འདིར་བདེན་ཤད་ཆེ་གི
ལྷུན་པོས་ཀྱང་འདི་ལྟར་བསམ་གྱི་ཡོད་པ་འདྲ།
གོང་དུ་ངེད་ཀྱིས་ལྷུན་པོ་ལགས་ལ་འདི་འདྲ་ཞིག་བརྗོད་ཡོད། ཁྱེད་ཀྱིས་དག་མཆན་ཐོབ་རྒྱུར་སྒུག་མ་དགོས་བར་ཐད་ཀར་ཐད་ཀར་མཆན་བུ་འདེབས་ཐུབ་ཀྱི་ཡོད་པ་འདྲ།
འདི་དོགས་སློང་ཙམ་ཡིན། གནད་དོན་གཞན་མེད་ཞེས་ལབ་ཡོད། དོན་དངོས་སུ་དེ་འདྲ་མིན་པ་འདྲ། ལྷུན་པོས་ཀྱང་དག་མཆན་འཐོབ་རྒྱུར་སྒུག་དགོས་བར་མ་ཟད་དག་མཆན་འཐོབ་རྗེས་གཞི་ནས་མཆན་བུ་མངོན་ཡོང་གི་ཡོད་པ་འདྲ། དེར་བརྟེན། ངེད་ཀྱི་དོགས་སློང་དེ་རྨོངས་བ་ཆགས་འདུག འདིའི་ཕྱོགས་ནས་དགོངས་དག་ཞུ་བཞིན་ཡོད།
རིག་འབྱུང་དོན་འགྲུབ་དང་ཟུར་གནས། ལྷུན་པོ་ཁྱེད་ཅག་ནས་དཀྱེལ་ཡངས་ཆེ་མདོག་གིས་རང་གི་ནང་ཁོག་ཕྱི་ལ་བཏོན་པར་ཐུགས་རྗེ་ཆེ།
ངས་བསམ་ན་ཁྱོད་ཚོས་གླེང་གི་ཡོད་པ་ནི་རང་གི་ཁེ་སྤོགས་ཆེན་པོ་རེ་མིན་ན། གཞན་ན་བོད་ཀྱི་བཀའ་ཁྲིའི་འོས་མི་འཚམས་སྦྱོར་གི་བཟོ་བལྟ་མི་འདུག་པར་དགོངས་འགལ་མེད་པར་ཤོག།
ཁྱེད་ལ་བསམ་ཚུལ་ཐུང་ཐུང་ཞིག་བརྗོད་འདོད་སྐྱེས། ཁྱེད་རང་ཐེ་བོ་ཤེས་རབ་རྒྱ་མཚོ་དངོས་གནས་བ་དེ་ཡིན་དང་རྫུན་མ་དེ་ཡིན་མིན་ངས་མི་ཤེས་ལ་ཤེས་དགོས་དོན་ཡང་མེད།
ངེད་ཀྱིས་རྩོམ་འདི་འབྲི་རྒྱུར་ཆུ་ཚོད་དང་བསམ་བློའི་འགྲོ་སོང་ཅུང་ཙམ་བཏང་ཡོད། འོན་ཀྱང་། ངེད་ལ་ཁེ་སྤོགས་སྐར་གང་ཡང་མེད་ལ་དགོས་དོན་ཡང་མེད། རེ་བ་ཡང་མེད།
གཞན། རྩོམ་འབྲི་བ་ཞིག་ཡིན་ན་རང་གི་སྐད་ཆར་རང་གིས་འགན་ལེན་ཐུབ་དགོས་རྒྱུ་གལ་ཆེ།
ད་དུང་བློ་བཟང་རབ་རྒྱས་བཀའ་བློན་ཁྲི་བའི་འོས་མིར་འཚམས་སྦྱོར་ངས་བྱས་བ་ཡིན། ཁྱེད་ལ་ཡང་ཏན་ཏན་འོས་མི་གཞན་པ་མཚམས་སྦྱོར་བྱེད་རྒྱུ་ཡོད་ཀྱི་རེད། མཚམས་སྦྱོར་བྱེད་རོགས་། མ་རེད་དམ།
སྐར་ཆེན་ལགས། བཀའ་བློན་ཁྲི་པར་འོས་འདེམས་བྱེད་པའི་ཆ་རྐྱེན་གཙོ་བོ་འདི་དག་ངེད་ལ་གསུངས་རོགས། ཆ་རྐྱེན་དེ་ཚོར་ངེད་ཚོ་བསམ་ཚུལ་བརྗེ་ལེན་བྱས་ན་ལེགས་ཆ་མཐོང་།
དཔེར་ན། བོད་གཞུང་གི་ཆ་རྐྱེན་ཞིག་ལ། བཀའ་ཁྲིའི་འོས་མི་དེས་རྒྱལ་གཅེས་དངས་བླངས་མ་དངུལ་དེ་ཆད་མེད་འབུལ་དགོས། དེ་ཁྲིམས་རེད། འགྱུར་བ་གཏོང་རྒྱུ་མེད་ཚོད། ངའི་སེམས་ཁྲལ་ལ། བློ་བཟང་རབ་རྒྱས་ཀྱིས་རྒྱལ་གཅེས་མ་དངུལ་དེ་འབུལ་ཡོད་མེད་ཐེ་འཚོམ་སྐྱེ་བཞིན་འདུག ཐེ་འཚོམ་ཡོད་པ་མ་གཏོགས་འབུལ་ཡོད་མེད་ཤེས་ཀྱི་མེད།
བཀའ་བློན་ཁྲི་པའི་འོས་གཞིའི་སྐོར་གླེང་ན kalontripa.org ནང་ལ་རྒྱུགས།
ཐེ་བོ་ཤེས་རབ་རྒྱ་མཚོ་རྫུན་མ་དེ་མ་ཡིན་པར་དངོས་མ་དེ་ནས་ལན་ཞིག་ཡོང་བའི་རེ་བ་ཡོད།
བཀའ་བློན་ཁྲི་བའི་འོས་གཞིར་རུང་བའི་ཆ་རྐྱེན་ནི།
༡ བོད་ཀྱི་ཡུལ་མི་ཡིན་པ།
༢ རང་ལོ་སོ་ལྔ་ཧྲིལ་བོ་ལོན་པ།
༣ ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་བ་མ་ཡིན་པ།
༤ བུ་ལོན་འཇལ་སྒྲུབ་མ་ཐུབ་པ་མ་ཡིན་པ།
༥ ཁྲིམས་ཁང་ནང་ནག་ཉེས་ར་འཕྲོད་ཀྱིས་ཉེས་པ་ཕོག་ཟིན་པ་མ་ཡིན་པ།
༦ སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་གྱིས་བཀའ་བློན་ཁྲི་བའི་འོས་གཞིར་མ་འོས་བར་ཐག་བཅད་པ་མ་ཡིན་པ།
༧ ཡུན་ཚད་གཉིས་བསྟུན་མར་བཀའ་བློན་ཁྲི་བའི་ལས་ཁུར་བྱེད་བཞིན་པ་མ་ཡིན་པ།
༨ བཅའ་ཁྲིམས་དོན་ཚད་ཉེར་དགུ་བའི་ནང་གསེས་༣དང་༤བར་གསལ་ལྟར་བཀའ་བློན་ཁྲི་བ་འཕོ་འགྱུར་བྱ་དགོས་བྱུང་བ་མ་ཡིན་པ།
༩ བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང་གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ་བཅས་སོ།
བུ་མོ་དེ་གཉིས་ད་ལྟ་གང་དུ་ཡོད་དམ། ངོ་མའི་འཇོན་ཐང་ཡོད་མཁན་གཉིས་ཡིན་ས་རེད།
བོད་ཚང་ང་བུ་མོ་འདི་འདྲ་མཁོ།
ང་ཚོར་བུ་མོ་འདི་གཉིས་འདྲ་བོ་མང་ཙམ་དགོས་ཀྱི་འདུག
ང་ལ་མཚོན་ན་རྣམ་པ་མཛེས་ཤིང་གཞུང་རྒྱུད་དྲང་བའི་བུད་མེད་སྤྱོད་ཡག་ཅིག་ཡིན་ན་ཆོག སྤྱི་དོན་གཞུང་དོན་ཟེར་བ་དེ་ཚོ་དངོས་གནས་དོན་ལ་གནས་པ་ཞིག་མ་རེད། སྒེར་དོན་ལས་ལྷག་པའི་གཞུང་དོན་ཞིག་ད་ལྟའི་དུས་འདིར་ཡོད་ཚོད་མ་རེད།
ངའི་རྩོམ་འདི་བར་ནས་བརླགས་འགྲོ་དོན་ཅི་རེད།
བོད་པའི་བུ་མོ་འབུམ་རམ་པ་མང་ཙམ་ཐོན་ན་ཡག་པོ་འདུག། བཀའ་བློན་ཁྲི་པའི་འོས་མི་ནང་དུ་བླུག་ཀྱང་མ་འཐུས་པ་མི་འདུག་སྙམས། བུ་དང་བུ་མོ་ཐོབ་ཐང་འདྲ་མཉམ་ཡིན་ཙམ་དེང་དུས་གྱི་ཤེས་ཡོན་གི་གནས་ཚད་ཡོད་པ་དང་བོད་པ་གཙང་མ་ཡིན་ན་བུ་དང་བུ་མོ་སུ་བཀའ་བློན་གི་ཁྲི་ལ་འཁོད་ཀྱང་མ་འགྲིགས་པ་མཐོང་གི་མི་འདུག་སྙམ།