༢ བེམ་པོ་འཁྱེར་ནས་ཁྲོམ་བསྐོར་བྱེད་པ་དང་། མི་ཚོགས་བསྡུས་ནས་མཉམ་རུབ་དང་ལྟད་མོར་ལྟ་བ་སོགས་བྱེད་སྟངས་སྤྱད་དེ། མི་མང་དཔུང་སྡེབ་ཀྱིས་སྤྱི་ཚོགས་ཀྱི་སྒྲིག་ལམ་དང་མི་ཚོགས་འདུ་སའི་སྒྲིག་ལམ། འགྲིམ་འགྲུལ་སྒྲིག་ལམ་བཅས་ལ་གཏོག་བརླག་བྱས་པར། ༼ཉེས་ཁྲིམས་༽ཀྱི་དོན་ཚན་ཉིས་བརྒྱ་དགུ་བཅུ་བ་དང་། ཉིས་བརྒྱ་གོ་གཅིག་པའི་གཏན་ཕབ་ལྟར། མི་མང་དཔུང་སྡེབ་ཀྱིས་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བརླག་བྱེད་པའམ་མི་མང་དཔུང་སྡེབ་ཀྱིས་མི་ཚོགས་འདུ་སའི་སྒྲིག་ལམ་དང་འགྲིམ་འགྲུལ་སྒྲིག་ལམ་གཏོར་བརླག་བྱས་པའི་ནག་ཉེས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་རྒྱུ།
འདི་ཆི་ཟིག་རེད། ཆི་ཟིག་ཟེར་གི་བསྡད་ཡོད་གི། ངའི་མྱིག་གིས་ཡིག་འབྲི་དེ་ཚོ་མི་རིག་གི། རོགས་པ་ཟིག་བྱོས་རེད། དགྲ་ནག་ཚང་གིས་སྨྱོ་ཁ་བླ་འི་ཡོད་ནི་མ་རེད་ཨ།
གསལ་བསྒྲགས་འདི་ལ་བལྟས་ན་རྒྱ་ནག་གིས་བོད་ནང་གི་བོད་མི་ཙོར་བཙན་གནོད་ཅི་ཙམ་བྱེད་ཀྱིན་མཐོང་ཐུབ་ལ། བོད་མི་ཚོས་རྒྱ་རྒོལ་ལས་འགུལ་ཅི་ལྟར་སྤེལ་གྱིན་པ་དང་དེས་རྒྱ་གཞུང་ལ་ཅི་ཙམ་གནོད་ཀྱིན་པའང་མཐོང་གི ངོ་མ་བོད་ནང་གི་བོད་མི་ཚོའི་བློ་སྤོབས་དང་མཛད་རྗེ་ལ་བསྟོད་བསྔགས་ཞུ།
གནམ་ལགས། པར་གྱི་གི་ཡི་གེ་དག་ནི་གོང་དུ་བྲིས་འདུག་པ་དང་གཅིག་མཚུངས་རེད་འདུག ཁྱོད་ཀྱིས་པར་གྱི་སྟེང་དུ་རྡེག་གནོན་བྱོས་དང་། པར་རིས་ཆེ་རུ་འགྲོ་བ་དང་དེ་ནས་ཁྱོད་ཀྱིས་མིག་ཆུང་ཆུང་དེས་པར་སྟེང་གི་ཡི་གེ་དག་གསལ་བོར་མཐོང་ཐུབ། ཧེ་ཧེ་ཧེ

བཟོད་རྒྱ་ལགས་དང་སུ་ཡིན་གང་དེར།
ཐུགས་རྗེ་ཆེ། དང་པོ་དཔར་དེ་ཚོ་མ་གཏོགས། བོད་ཡིག་ཟིག་མེད་ཐལ། ད་ཡིན་ན་ཤེས་སོང་། དགྲ་ནག་ཚང་གི་འཇིག་སྐུལ་སྲིད་ཇུས་ཕྱི་འཛམ་གླིང་ལ་སྟོན་དགོས་ཐུག་པའི་སྐྱག་པ་ཤོར་འདུག། འདི་ངོ་མ་ཡག་པོ་རེད། འཇིག་སྐུལ་གྱི་སྲིད་ཇུས་དང་གཏོར་རྒོད་པའི་དགྲ་པོ་སུ་ཡིན་པ་ལྷང་ལ་བུད་འདུག་པས། འཛམ་གླིང་ཁོང་ཚོའི་གདོང་དུ་ལང་ཡ་ལ་དུས་རིང་པོ་ཞིག་མི་འགོར་བ་གསལ་གསལ་ཐང་ཐང་རེད། འདིའི་ནང་ན་བོད་མི་འདུས་སྡོད་ཀྱི་རང་དབང་འཕྲོག་པ། སྐད་རྒྱག་པའི་རང་དབང་འཕྲོག་པ། ཐ་ན་མྱིག་གིས་ལྟ་དབང་ཡང་འཕྲོག་པ། ཡོད་ཚད་གསོད་ཀི་ཡིན་དང་གཏུབ་ཀི་རྐྱང་རྐྱང་ཟེར་ནས་འཇིག་སྐུལ་དབང་ཤུགས་བཀོལ་ཡོད་པ་འདི། སུས་ཡང་མགོ་བོ་སྒུར་མི་ཐུབ་པ་དང་། དགྲ་གཞུང་ཐལ་བར་གཏོང་བའི་སྔོན་བརྡ་རེད།
སྐྱག་དྲི་བྲོ་ན་སྐྱག་དྲི་བྲོ་འི་ཟེར་མི་ཆོག་པའི་རྒྱལ་ཁབ་ཞིག་ད་ནས་བཟུང་འཇིག་རྟེན་འདི་ལ་གནས་མི་ཐུབ། དགྲ་དམར་མགོ་དཔོན་ཚོར་མ་ཎི་འདོན་པའི་དུས་ཤེར་བ་རེད།
མི་མང་དཔུང་སྡེབ་ཀྱིས་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བརླག་བྱེད་པའམ་མི་མང་དཔུང་སྡེབ་ཀྱིས་མི་ཚོགས་འདུ་སའི་སྒྲིག་ལམ་དང་འགྲིམ་འགྲུལ་སྒྲིག་ལམ་གཏོར་བརླག་བྱས་པའི་ནག་ཉེས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་རྒྱུ། ཟེར་བ་ནི་ཧ་ཅང་ངོ་ཚ་དགོས་པ་དང་། ཚེ་འདས་ཀྱི་སྐུ་ཕུང་ལ་རོ་བདག་གི་ཐོབ་ཐང་ཙམ་ཡང་མ་སྤྲད་པའི་རྒྱ་གདོན་གྱི་དེ་ཉིད་བསྟན་པ་རེད། ངོ་མ། འགྲོ་བ་མིའི་རང་དབང་ཐོབ་ཐང་དང་བདེ་སྐྱིད་དགྲ་བོ་སྟེ། འགྲོ་བ་མིའི་རིགས་ཀྱི་དགྲ་བོ་རེད། ཀླད་རྙིང་། མཁྲེགས་འཛིན…..