རྔ་བ་རྒྱལ་ཁམས་པ།
སྔོན་མའི་འཕྲོ
ན་གཞོན་རྣམས་ནི་རོམ་གྱི་ཟློས་གར་རྩོམ་པ་པོ་ཁྲེས་རེན་སི་དང་། ཕི་ལ་ཁྲོས་རྣམ་གཉིས་ཀྱིས་མཛད་པའི་དགོད་སྤྲོ་བའི་ཟློས་གར་ཁག་དང་། སིས་སི་རོ་མཆོག་གི་ཆབ་སྲིད་ཀྱི་བཀའ་སློབ། ཨོ་བེ་སྒྲི་མཆོག་གི་སྙན་ངག ཨིས་ར་སི་མ་སི་མཆོག་གི་བགྲོ་གླེང་སོགས་ྐློག་སྦྱོང་དང་། དབྱིན་སྒྱུར་བྱེད་པར་འབད་བརྩོན་དྭང་མོས་ཡོད་མཁན་ཞེ་གཅིག་རེད། གནའ་དེང་བར་སློབ་ཁྲིད་བྱེད་སྟངས་མི་འདྲ་བའི་ཁྱད་པར་ཡང་གཙོ་ཆེ་བ་ཞིག་ནི། དགེ་རྒན་གྱིས་ཟློས་གར་གང་ཞིག་དཔེ་ཁྲིད་གནང་སྐབས། སྐུའི་རྣམ་འགྱུར་དང་། གསུང་གི་གདངས་སོགས་གང་ཅིའི་ཐད། ཁྲིད་རྒྱུའི་མི་སྣ་དེ་དང་དེའི་རྣམ་འགྱུར་དངོས་ལྟ་བུའི་ཐོག་ནས་ཁྲིད་སྲོལ་ཡོད་པ་དང་། དེ་བཞིན་སློབ་མས་ཀྱང་རང་ཉིད་ཀྱིས་དཀའ་གནད་རིགས་ལ་དྲི་བ་དང་། དོགས་སེལ་གནང་ཚེ་གསུང་གདངས་མཐོན་པོའི་ཐོག་དྲི་སྐོར་བྱེད་པ་དེ་ཡིན་ཏེ། ལོན་གྲོན་གྱི་ཚོང་དཔོན་ཁྲེ་ལོར་སིའི་སློབ་གྲའི་དགེ་རྒན་ཆེན་མོ་བ། སྐུ་ཞབས་རིས་ཁྱལ་སྒྲི་མོལ་ཁ་སི་ཁྲིར་མཆོག་གི་གསུང་ལས། ༼བྱིས་པ་ཚོར་སྐད་ཆ་ཤོད་སྟངས་དང་། རྩོད་པ་བྱེད་ཚུལ། བགྲོ་གླེང་། ཕ་རོལ་བོའི་བསམ་ཚུལ་གྱི་གནད་རྟོགས་ཐུབ་པའི་སློབ་ཁྲིད་རྒྱག་སྟངས་ཡག་ཤོས་ནི། ལུས་ངག་གི་རྣམ་འགྱུར་གྱི་ཐོག་ནས་བགྲོ་གླེང་བྱེད་པ་དེ་ཡིན་ཞེས་གསུངས༽། སྐུ་ཞབས་ཤག་ཁུ་སི་པེ་ཨར་མཆོག་སི་གྲི་ར་སྤོར་སྒྲིའི་བརྡ་སྤྲོད་སློབ་གྲའི་ནང་ཡོད་སྐབས། ཁོང་གི་སློབ་དཔོན་གཙོ་བོ་གཉིས་ནི། ཐོ་མ་སི་ལྗན་ཁེ་སེ་དང་། ལྗོན་ཁོ་ཁྲོམ་དུ་འབོད་པ་རྣམ་གཉིས་ཡིན་ལ། སློབ་དཔོན་སྔ་མ་ནི་གོང་གསལ་དགེ་ཆེ་མོལ་ཁ་སི་ཁྲིར་མཆོག་གི་དངོས་སློབ་ཡིན་ཞིང་། དགེ་རྒན་དེ་ཉིད་ཀྱིས་རང་གི་སློབ་དཔོན་གྱི་དཔེ་ཁྲིད་གནང་སྟངས་ཀྱི་ཐབས་ལམ་བེད་སྤྱད་དེ། ན་གཞོན་བེལ་ཡམ་མཆོག་ལ་ཇི་ལྟར་བྱས་ནས་ཚིག་བེད་སྤྱོད་བྱེད་ཚུལ་དང་། རྩོད་པ་རྒྱག་སྟངས། ཟློས་གར་གྱི་རིག་གནས་བཅས་སློབ་ཁྲིད་མཛད་པ་རེད། སྤྱི་ལོ༡༥༩༧ལོར་བེལ་ཡམ་མཆོག་གིས་༼བེན་སྒྲི་སོར་གྱི་སྤྲོ་སྐྱིད་ལྡན་པའི་མནའ་མ་རྣམས༽ཞེས་འབོད་པའི་དགོད་སྤྲོའི་གར་རྩོམ་ཞིག་བྲིས་པའི་ནང་། མཚན་ལ་སྐུ་ངོ་ཧ་སྒུ་ཨིའི་བན་སི་ཞེས་འབོད་པའི་དབྱིན་ཇིའི་སློབ་དཔོན་ཞིག་ཡོད་ལ། སློབ་དཔོན་དེས་རང་གི་སློབ་བུ་ཞིག་ལ་རོམ་གྱི་སྐད་ཡིག་སློབ་ཚན་ཞིག་བཟླ་བཅུགས་པར། སློབ་མས་ཟློ་མ་ཤེས་པར་ྐློག་ཉེས་བྱས་ཏེ་བཤངས་ཚོང་མ་། བཤངས་ཚོང་མ་ཞེས་བྐླགས་པར་བརྟེན། སློབ་གྲོགས་བུ་མོ་ཁ་ཅིག་གད་མོ་ཤོར་བའི་རྣམ་པ་སོགས་དགོད་བྲོ་བའི་ཟློས་གར་ཅིག་ཡིན་ལ། འཁྲབ་ཚན་ནང་གི་བུ་དེའི་མཚན་ལ་བེལ་ཡམ་ཞེས་འབོད། ཅིག་བྱས་ན་བེལ་ཡམ་རང་ཉིད་སྐུ་ན་ཕྲ་སྐབས་སློབ་ཚན་སྐོར་ཅིག་དགེ་རྒན་དང་མཉམ་དུ་གླེང་མོལ་བྱས་པའི་རྣམ་པ་ལད་ཟློས་བྱས་པ་ཞིག་ཡིན་སྲིད། གློག་བརྙན་དང་། གཟུགས་མཐོག་གློག་འཕྲིན། རླུང་ཕྲིན། གསར་ཤོག་སོགས་དར་ཁྱབ་མ་བྱུང་བའི་གནའ་སྔ་མོའི་དུས་རབས་དེ་དག་གི་ནང་། མི་འབོར་བརྒྱ་ཆ་ཕྱེད་ཀ་ཙམ་ཡིག་རྨོངས་ལས་མ་གྲོལ་སྟབས་འབྲི་ཀློག་རང་སྐྱ་མི་འཕེར་ལ། མི་མང་དག་ལ་རྒྱལ་རབས་དང་། ལོ་རྒྱུས། རྣམ་ཐར་སོགས་དོ་གལ་ཆེ་རིགས་ངོ་སྤྲོད་བྱེད་པའི་ཐབས་ཤེས་ཡག་ཤོས་ནི། བརྗོད་སྙིང་ཟློས་གར་གྱི་ལམ་ནས་གཟུགས་བརྙན་དུ་བསྐྲུན་ཏེ། ལྟད་མོ་བའི་མིག་སྣ་བརྒྱུད་སེམས་ཁམས་སུ་འབབ་འཇུག་རྒྱུ་དེ་ཡིན་པར་བཤད། ཐབས་ལམ་འདི་ནི་དེང་སྐབས་རང་རེའི་སྤྱི་ཚོགས་ཀྱི་ཁྲོད་དུའང་དགོས་གལ་དང་། ཕན་རླབས་ཆེ་བའི་ཐབས་ཤེས་བཟང་བོ་ཞིག་ཏུ་འགྲོ་ངེས་ཡིན་པར་གོར་མ་ཆགས། སྤྱི་ལོ༡༥༧༥ལོ་ཟླ་༧ནང་དབྱིན་ཇིའི་རྒྱལ་མོ་དང་བོ་ཨེ་ལི་ཟེ་བྷེ་ཐི་མཆོག སི་གྲི་ར་སྤོར་སྒྲིའི་ནས་མ་ལེ་ཁ་ཤས་ཡོད་པའི་མཁར་རྫོང་ཁེ་ནོལ་བོར་ཐི་ཞེས་པར་འགྲུལ་སྐོར་ལ་ཕེབས་ཤིང་། མཁར་རྫོང་དེ་ནི་སྐུ་ངོ་ཨ་རོལ་ཞེས་པའི་ནང་ཡིན་པར་བཤད་ལ། རྒྱལ་མོ་དེ་ནི་དགུང་གྲངས་བཞི་བཅུ་ཞེ་གཉིས་ལ་ཕེབས་པ་གཉེན་སྒྲིག་མ་གནང་པའི་སྐབས་ཤིག་ཡིན་པ་དང་། ཨ་རོལ་ནས་རང་གི་མངོན་འདོད་ལྟར་རྒྱལ་མོ་ཁོང་དང་ལྷན་དུ་གཉེན་སྒྲིག་ཡོང་བའི་སྐུལ་མ་དང་རེ་འདུན་མཚོན་སླད། བདུན་ཕྲག་གསུམ་གྱི་རིང་མཛེས་བརྗིད་ཆེ་བའི་ཐུགས་སྤྲོ་ཆེན་པོ་ཞིག་བསྟར་འབུལ་ཞུས་བ་དང་། ཐུགས་སྤྲོའི་ཐོག་ཤོག་མེ་སྣ་ཚོགས་འཕེན་པ། མི་ཤེད་ཆེན་གྱིས་དོམ་ནག་འཛིན་སྤར་འཛིན་བྱེད་པ། ཊན་མཱཀ་མི་རིགས་དང་དབྱིན་ཇི་གཉིས་གཡུལ་འཐབ་བྱས་པའི་ལོ་རྒྱུས་ཟློས་གར། གྲོང་གསེབ་ཀྱི་དགོད་བྲོ་བའི་གཉེན་སྒྲིག་འཁྲབ་སྟོན་སོགས་གཟིགས་མོར་འགྲེམས་འབུལ་ཞུས་པས། ཕྱོགས་གང་ས་ནས་སྟད་མོ་བ་མང་བོ་ཞིག་འདུ་འཛོམས་འཚངས་ཀ་བྱེད་པའི་ཁྲོད་ན། དགུང་གྲངས་བཅུ་གཅིག་ལ་སླེབས་པའི་བེལ་ཡམ་མཆོག་ཀྱང་ཕེབས་ཡོད་པ་དང་། ལྷག་དོན་ཁོང་གིས་གར་མཁན་གྱི་སྐོར་ཐོག་མར་ཤེས་རྟོགས་བྱུང་ཞིང་། དུས་ཕྱིས་སྐབས་དེའི་གར་བ་སྒྲ་ཁས་ཐེ་སོ་སེ་ཞེས་པའི་གཤིས་སྤྱོད། རང་ཉིད་ཀྱིས་བརྩམས་པའི་༼དབྱར་དཀྱིལ་མཚན་མོའི་རྨི་ལམ༽ཞེས་པའི་གར་གཞུང་གི་ནང་བྲིས་འདུག
རྔ་བ་རྒྱལ་ཁམས་པས་ཕྱི་གླིང་གི་རྩོམ་རིག་སྨྲ་བ་དང་ཤེར་རྟོགས་སྨྲ་བ་འགའི་མི་ཚེའི་ལོ་རྒྱུས་དང་ལྟ་གྲུབ་སོགས་གོ་བདེའི་ལམ་ནས་སྤེལ་བཞིན་པར་སྙིང་ནས་རྗེས་སུ་ཡི་རངས་ཞུ།
མུ་མཐུད་དུ་སྤེལ་རོགས་གནང་།
སྤུན་ཟླ་ཚོ་ལགས། དེ་རིང་ཆུ་ཚུད་དྲུག་བདུན་ཞིག་འགྲོ་སོང་། དེའི་རིང་དུ་དུས་བབ་དྲ་ཚིགས་ཀྱི་སྒོ་ཕྱེ་ཐུབ་ཀྱི་མི་འདུག་ན། དེའི་གནས་ཚུལ་ཤེས་མཁན་ཡོད་ན་དུས་བབ་ཚང་གི་ལས་བྱེད་ཡོངས་ལ་ཞུ་རོགས་ཞུ། གནད་དོན་གང་གི་རྐྱེན་གྱིས་ཡིན་མིན་དབྱིན་ཡིག་འདི་འདྲ་ཞིག་ཤར་ནས་བསྡོད་ཀྱི་ འདུག
Bandwidth Limit Exceeded
The server is temporarily unable to service your request due to the site owner reaching his/her bandwidth limit. Please try again later.
Apache/2.2.11 (Unix) mod_ssl/2.2.11 OpenSSL/0.9.8i DAV/2 mod_auth_passthrough/2.1 mod_bwlimited/1.4 FrontPage/5.0.2.2635 Server at http://www.tibettimes.net Port 80
༄༅།། དེ་རིགས་དངོས་ཡོད་ཀྱི་རྩོམ་རིགས་ཇི་མང་ཞིག་སྤེལ་དགོས་པ་ནི་གལ་འགངས་ཆེ་འོ༌།་ཁྱེད་རང་གིས་དེ་ལྟར་འགན་འཁྲི་ཞིག་འཁུར་བ་ནི་དངོས་གནས་རང་རིགས་ལ་ཞེན་པ་མདངས་བའི་གང་ཟག་ཞིག་ཡིན་པའི་དན་བཏགས་རྣལ་མ་་ཞིག་ཡིན་མོད་དོ།། དེ་རིགས་མུ་མཐུད་ནས་གནང་བ་ར་གུས་ནས་རེ་བ་དང་ཡིད་ཆེས་ཡོད༌།