སྤྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༦ ཉིན།
སྦྱིན་བདག་ཅིག་ལ་བོང་བུ་གཅིག་ཡོད་པ་ལྷས་རའི་ནང་གི་བེ་ཏའི་ཤིང་སྡོང་ཞིག་ལ་དམ་པོར་བཏགས་ཡོད། ཡིན་ན་ཡང་ས་ཆ་དེར་གནས་བཅས་ཡོད་པའི་བདུད་རྒན་ཞིག་རྐང་འཇབ་ལག་འཇབ་ཀྱིས་ཡོང་ནས་བོང་བུ་གློད།
བོང་བུ་ཁྱིམ་མཚེས་ཚང་གི་ཞིང་ཁར་སོང་ནས་སྟོན་ཐོག་བཅོམ་པ། ཁྱིམ་མཚེས་ཚང་གི་རྒན་མོས་མཐོང་སྟེ་མེ་མདའ་བརྒྱབ་ནས་བོང་བུ་བསད། བོང་བུའི་སྦྱིན་བདག་སེམས་ཧ་ཅང་སྐྱོ་ནས་ཁྱིམ་མཚེས་རྒན་མོ་བསད། ཁྱིམ་མཚེས་ཞིང་པ་རྒད་པོ་ཁྱིམ་ལ་འབྱོར་བ་དང་རྒན་མོ་བསད་འདུག་པ་མཐོང་ནས། མེ་མདའ་བརྒྱབ་སྟེ་བོང་བུའི་སྦྱིན་བདག་བསད།
བོང་བུའི་སྦྱིན་བདག་གི་བཟའ་ཟླས་རང་གི་བུ་ལ་མཚན་མོ་སོང་ནས་ཁྱིམ་མཚེས་ཞིང་པ་རྒད་པོ་ཚང་གི་ཁང་པ་ལ་མེ་རྒྱག་དགོས་པའི་བཀོད་པ་བཏང་། བུ་དེ་ནམ་དཀྱིལ་ཙམ་ལ་བྱིས་བློའི་སྤྲོ་སྣང་གིས་ཨ་མའི་བཀོད་པ་དྲན་བཞིན་སོང་ནས། ཁྱིམ་མཚེས་ཞིང་པ་ཚང་གི་ཁང་པར་མེ་བརྒྱབ་སྟེ། ཞིང་པ་རྒད་པོ་ཡང་ཁང་པའི་མཉམ་དུ་ཚིག་སོང་བའི་སྤྲོ་སྣང་དང་ང་རྒྱལ་སྐྱེས།
སེམས་སྐྱོ་བ་ཞིག་ལ་དོན་དངོས་དེ་འདྲ་ཞིག་མ་ཡིན་པར། ཞིང་པ་རྒད་པོ་བོང་བདག་ཚང་ལ་ཡོང་ནས་བོང་བདག་གི་བཟའ་ཟླ་དང་བྱིས་པ་གཉིས་ཀ་བསད་པ་དང་། ཞིང་པ་རྒད་པོ་འགྱོད་པ་རབ་ཏུ་སྐྱེས་ནས་སྡོད་སྐབས་བདུད་རྒན་མཐོང་།
ཞིང་པ་རྒད་པོ་ན་རེ། “ཁྱོད་ཀྱིས་ག་རེ་བྱས་ནས་དོན་རྐྱེན་འདི་ཐམས་ཅད་བཟོས་པ་ཡིན།”
བདུད་རྒན་ན་རེ། “ངས་བོང་བུ་གློད་པ་ལས་ཅི་ཡང་བྱས་མེད། ཡིན་ན་ཡང་། ཁྱོད་ཚོ་ཚང་མས་ནང་གི་བདུད་ཀྱི་ནུས་པ་རྩལ་ཤུགས་ཆེན་པོས་ཕྱིར་བཏོན་པ་རེད་”ཟེར།
དེ་འདྲ་ཡིན་ཙ་ན། རྗེས་སུ་ལན་མ་སློག་གོང་ལ། ཡ་ལན་མ་སློག་གོང་ལ། སྐྱོན་འཛུགས་མ་བྱས་གོང་ལ། ཁ་རྡུང་མ་བཏང་གོང་ལ། འཁོན་ལན་མ་སློག་གོང་ལ་མཚམས་བཞག་ནས་མནོ་བསམ་གཏོང་དགོས།
གཟབ་དགོས་པ་ཞིག་ལ། སྐབས་མང་པོར་བདུད་རྒན་གྱིས་གློད་པའི་བོང་བུ་དེ་ང་ཚོའི་ནང་ལ་ཡོད་པ་རེད།
བསླབ་སྒྲུང་སྙན་མོ་འདུག ནང་དོན་ཟབ་མོ་གདའ། བཀའ་དྲིན་ཆེ།