དེ་རིང་ཕྱི་ལོ་༢༠༡༡།༥།༡༠
ཉིན་གྱི་དགུང་འདབས་ཆུ་ཚོད་༦པའི་ཐོག་ཏུ་སེར་བྱེས་ཏྲེ་ཧོར་ལྔ་རིག་རོལ་མཚོ་གླིང་སློབ་གྲྭས་བོད་ཀྱི་གཙུག་ལག་རིག་གནས་བགྲོ་གླེང་དང་།
དྲི་བཀོད་འགྲན་སྡུར་གནང་ཡོད། སྤྱིར་བཏང་སློབ་གྲྭ་འདི་ནི།
གཞུང་ཆེན་སློབ་གཉེར་བྱེད་པའི་སློབ་མ་རྣམས་ལ་ཞར་དུ་ཐ་སྙད་རིག་གནས་སྦྱོང་ཡུལ་ཞིག་ཏུ་ཁམས་ཚན་རང་ནས་ཕྱི་ལོ་༢༠༠༥ལོར་གསར་འཛུགས་བྱས་པ་ཞིག་རེད།
སློབ་དགེ་བཞི་དང་སློབ་མ་སུམ་བརྒྱར་བརྒལ་བ། དེ་བཞིན་འཛིན་གྲྭ་དྲུག་ཡོད།
སློབ་ཚན་ནི་འཛིན་གྲྭ་དང་པོ་སྟེ་བསྡུས་ཆུང་བ་ལ་རྗེ་བདག་ཉིད་ཆེན་པོའི་རྣམ་ཐར་དད་པའི་འཇུག་ངོགས་དང་འབྲེལ་བའི་དག་ཆ།
བསྡུས་འབྲིང་བ་ལ་ལེགས་བཤད་ལྗོན་དབང་།
བསྡུས་ཆེན་པ་ལ་པྲ་ཏིའི་སུམ་ཅུ་བ་ཀུན་བཟང་དགོངས་རྒྱན།
གཞུང་གསར་ལ་དཀའ་གནད་གསལ་བའི་མེ་ལོང་།
གཞུང་རྙིང་ལ་པྲ་ཏིའི་རྟགས་འཇུག་བཤད་སྦྱར་མ།
ཟུར་གསར་ལ་སྙན་ངག་བཅས་སློབ་ཁྲིད་བྱེད་བཞིན་ཡོད།
དེ་ཡང་བསྡུས་ཆུང་བ་ལ་དང་པོ་རྗེ་བདག་ཉིད་ཆེན་པོའི་རྣམ་ཐར་བཞག་པ་ནི་རྟེན་འབྲེལ་གྱི་གནད་དམ།
ཐོག་མ་ནས་བླ་མའི་རྣམ་ཐར་ཤེས་ནས་དད་ཅིང་།
ཐོས་བསམ་སྒོམ་གསུམ་གྱིས་རང་རྒྱུད་འདུལ་བའི་ཐོག་ནས་འཆད་རྩོད་རྩོམ་གསུམ་ལ་གུས་རྟག་སྦྱོར་བས་འཇུག་པའི་ཆེད་དང་།
བསྡུས་གྲྭ་ཆེ་འབྲིང་གཉིས་ལ་ལྗོན་དབང་དང་པྲ་ཏིའི་ཀུན་བཟང་དགོངས་རྒྱན་སློབ་ཚན་བཞག་པ་དང་།
གཞུང་གསར་རྙིང་གཉིས་ལ་དཀའ་གནད་གསལ་བའི་མེ་ལོང་དང་པྲ་ཏིའི་རྟགས་འཇུག་བཞག་པ་འདིས་གོ་རིམ་བཞིན་ལོ་གཉིས་གཉིས་སུ་པྲ་སིའི་སུམ་རྟགས་གཉིས་ཀྱི་དགོངས་པ་མ་ལུས་པ་ རྟོགས་པའི་ཆེད་དུ་དང་།
ལོ་ཐ་མ་ནས་རྩོམ་ཡིག་འབྲི་བའི་ཆ་རྐྱེན་ཡོངས་སུ་ཚང་བའི་དོན་ཡིན།
སློབ་གྲྭ་འདིས་ལོ་ལྟར་ལོ་མཐར་རྒྱུགས་སྤྲོད་དང་གཟེངས་བསྟོད་ལེགས་གསོའི་བྱ་དགའ།
དེ་བཞིན་ལོ་རེ་བཞིན་ལོ་འགོ་ལ་འཆད་རྩོད་རྩོམ་གསུམ་གྱི་ཡ་གྱལ་འཆད་པའི་ཡན་ལག་རྒྱས་ཕྱིར།
བོད་ཀྱི་གཙུག་ལག་རིག་གནས་སྐོར་ལ་བགྲོ་གླེང་དང་དྲི་བཀོད་འགྲན་སྡུར་ཐེངས་རེ་བྱེད་ཀྱིན་ཡོད་ལ།
ད་ལོའི་བགྲོ་གླེང་ནི་ཐེངས་ལྔ་བ་དང་། བརྗོད་གཞི་དང་པོ་ནི།
ཨ་ཡིག་དབྱངས་ཡིན་མིན་དང་། གཉིས་པ་ནི།
ཤེས་ཡོན་དང་ཀུན་སྤྱོད་གལ་ཆེ་ཆུང་གི་སྐོར།
གསུམ་པ་མོ་ནི་བདག་དང་མ་འོངས་ཕྱིར། །ཞེས་པའི་རྩ་ཚིག་དང་།
མོ་ནི་བདག་ད་མ་འོངས་ཕྱིར།
།ཞེས་པའི་ཚིག་གཉིས་ལ་དགག་སྒྲུབ་ཀྱི་བརྗོད་གཞི་བཟུང་ནས་བགྲོ་གླེང་གནང་ཡོད།
དྲི་བཀོད་འགྲན་སྡུར་གྱི་བརྗོད་གཞི་ནི། གོང་གི་གཞུང་ཚན་དྲུག་ཀ་ནས་ཡོད།
དེ་བཞིན་ལོ་མཇུག་ཏུ་རྩོམ་རིག་རྒྱས་ཕྱིར་《རོལ་མཚོའི་རྦ་རླབས》ཞེས་པའི་དུས་དེབ་རེ་འགྲེམ་སྤེལ་བྱེད་ཀྱིན་ཡོད།
མ་ཟད་ན་ནིང་ཕྱི་ལོ་༢༠༡༠
ལོའི་ བཙན་བྱོལ་བོད་གཞུང་སློབ་གྲྭ་ཁག་གི་གུང་སེང་སྐབས་གྲྭ་ཚང་བྱེས་སྨད་གཉིས་ཀྱི་ ཁམས་ཚན་རྣམས་སུ་གུང་སེང་དུ་ཕེབས་པའི་སློབ་བུ་བརྒྱ་ཕྲག་གཅིག་དང་ཕྱེད་ཙམ་ལ་ ཞོགས་པ་ཆུ་ཚོད་བརྒྱད་པ་ནས་བཅུ་པའི་དབར་བོད་ཀྱི་ཡི་གེ་འབྲི་ཀློག་དང་།
སུམ་རྟགས་དག་གསུམ།
ཉིན་རྒྱབ་ཆུ་ཚོད་གཉིས་པ་ནས་གསུམ་པའི་དབར་དབྱིན་ཡིག་བཅས་སློབ་ཁྲིད་བྱས་ཤིང་།
མ་ཟད་སློབ་ཕྲུག་རྣམས་ལ་སྨྱུ་གུ། བྲི་དེབ།
སློབ་དེབ་སོགས་རིན་མེད་དུ་ཕུལ་བར་སོགས་མི་རིགས་འདི་དང་། རིག་གཞུང་འདི།
སྐད་ཡིག་འདིའི་ཆེད་དུ་མི་རྒྱུ་གཉིས་ཀྱིས་འབད་བརྩོན་བྱས་ཡོད་ལ།
དེ་མཚུངས་གྲུབ་འབྲས་ཀྱང་མི་དམན་པ་ཞིག་ཐོབ་ཡོད་པ་ཅེས་ཀྱི་གནས་ཚུལ་མདོར་བསྡུས་སུ།
སེར་བྱེས་ཏྲེ་ཧོར་ལྔ་རིག་རོལ་མཚོ་གླིང་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་ནས།
༢༠༡༡།༥། ༡༠ཉིན།
གསེར་རྟ་བླ་རུང་གི་མཁས་དབང་ཆེན་མོ་ཚུལ་ཁྲིམ་བློ་གྲོས་ལྟ་བུ་ཞིག་བགྲོ་གླིང་སྐུ་མགྲོན་གཙོ་བུ་ཡིན་ན་ཅི་མ་རུང་། དངོས་གནས་ཁོང་ལྟ་བུའི་མདོ་སྔགས་རིག་གཞུང་དང་བཅས་པར་མཁྱེན་རླབས་ཆེ་བའི་རྩོམ་པ་པོ་ཞིག་བོད་ཕྱི་ནང་གཉིས་སུ་ཉིན་མོའི་སྐར་མ་ལས་ཀྱང་དཀོན་པ་ཁོང་གི་གསུངས་རྣམས་ལས་སྟོགས། ཁོང་སྟེན་འབྲེལ་བསྟོད་པ་དེང་རབས་ཚན་རིག་ལྟར་འབྲེལ་འདུག་ཟེར་དེའི་CD or DVD སི་ལ་ཡོད་པ་འེ་གོ
སེར་བྱེས་ཏྲེ་ཧོར་ལྔ་རིག་རོལ་མཚོ་གླིང་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་་ལ། ཆེད་ཞུ། ཁྱོད་རྣམ་པ་ཕལ་ཆེ་བ་གཅིག་བྱས་ན་ངའི་དགེ་པྲུག་ཡིན་ཡང་སྲིད། གང་ལྟར་ཁྱད་པ་མི་འདུག ཀྱོད་རྣམ་པའི་བགྲོ་གླེང་གི་གོ་སྒྲིག་འདིར་ངས་སྙིང་ནས་དགའ་བསུ་དང་ཡིད་སྨོན་ཞུ། རྗེས་ནས་ཀྱོད་རྣམ་པས་ཁྱབ་བསྒྲགས་དང་གསར་འགྱུར་འགོད་དོགས་རིགས་ཤར་ཚེ། ཁ་བརྡ་ནང་རྩ་ནས་བཀོད་མི་དགོས། ཁྱོད་ཚོས་ཁ་བརྡ་ནང་དུ་༸གོང་ས་མཆོག་དང་། ཟམ་གདོང་རིན་པོ་ཆེ་གཙོས། བོད་ཀྱི་ཆེས་མཐོའི་མི་སྣ་དང་། གཞུང་དགའ་ལྡན་ཕོ་བྲང་། དེ་ག་ནང་བཞིན་ཆོས་་ལུགས་གྲུབ་མཐའ་ཁག་བཅས་ལ་མཚན་སྨོད་ཇི་ཙམ་ཞུས་འདུག་པ་དེ་ཚོ་མཁྱེན་དགོས། ཁྱོད་རྣམ་པའི་ལྷག་བསམ་ལ་མཁྱེན་རྟོགས་ཀྱི་རམ་འདེབས་དགོས་ངེས་ཡིན། ་དྲ་རྒྱ་འདིའི་དམིགས་ཡུལ་དང་ངོ་བོ་ག་རེ་ཡིན་མིན་ད་དུང་ཤེསཀྱི་མེད། རྩོམ་སྒྲིག་པ་ཚོ་ངོ་ཤེས་ཡིན་པར་མ་ཟད་དྲ་ཡིག་ཐད་ཀར་གཏོང་སའི་གསང་ཤང་ཡང་ང་ལ་སྤྲོད་བྱུང་། ཡིན་ནའང་ཕྱོགས་གཅིག་ཁོ་ནའི་ལངས་ཕྱོགས་ལྟ་བུའི་བྱ་སྤྱོད་ཇི་ཙམ་སྤེལ་གྱི་ཡོད་མེད་དྲ་རྒྱ་ནང་ལ་ཕྱིར་གཟིགས་གནང་ན་་ཤེས་ངེས་ཡིན། ངའི་བསམ་ཚུལ་ཡང་གཅིག་བྱས་ན་ཁ་ཐུག་བསུབས་འདོག་ཁ་ཕོ་རེད། ཡིན་ནའང་རྡོ་དབང་ངས་ངོ་ཤེས་ཀྱི་ཡོད་ལ་ཡི་གེ་འདི་ཡང་ངས་ཟུར་ཉར་བཟོ་རྒྱུ་ཡིན། རྒྱ་དམར་ནག་གི་ཕོག་རག་གི་ཡོད་མེད་མི་ཤེས་མོད། ཕོག་ཟོན་དང་འདྲ་བའི་དྲ་རྩོམ་སྤེལ་མཁན་ཁ་ཤས་ཤིག་གིས་ནང་བཀྲུགས་ག་ཚོད་སློང་སོང་། དེ་ཚོ་མི་ཉུང་ཤོས་ཀྱིས་མིང་རྫུན་གོན་ནས་དཀྲུགས་པ་ཡིན་པས། སྤྱི་བྱིངས་ལ་ཟེར་མི་རུང་ཡང་། དྲ་བདག་ལ་འགན་འཁྲིས་ངེས་ཡིན། དེ་དག་བསམ་བཞིན་དུ་རྒྱ་ཡན་གཏོང་པའི་བཟོ་འདྲ་བོ་དེ་ཚོ་ཅིས་ཀྱས་ཤེས་པར་གནང་དགོས། མདོར་བསྡུས་ན་པྱིས་ནས་དྲ་རྒྱ་འདིའི་ནང་ཡིག་འབྲུ་གཅིག་ཀྱང་བཀོད་མི་ཉན།

རྒན་ལགས་དགོངས་འགལ་མེད་པར་ཞུ།
ང་ཚོ་ནི་གདན་སར་བསྡད་ཅིང་དྲ་ཚིགས་སོགས་སུ་དེ་ཙམ་འཛུལ་ཞུགས་བྱེད་ཀྱི་མེད་པས་ཅི་འདྲ་ཡིན་མ་ཤེས་ལ། ལྷག་པར་ཆབ་སྲིད་སོགས་ལ་སློབ་སྦྱོང་མེད་པས་མངོན་ལྐོག་དང་རྒྱབ་མདུན་གྱི་གཡོ་རྫུན་དེ་ཚོ་མི་ཤེས། ངས་མགོ་ཐོག་བཞག་ན་བུམ་པ་དང་། ལྩེ་ཐོག་བླུག་ན་བདུད་རྩི་རང་ཡིན་སྙམ་ནས་ཡོད་པས་འགལ་འཛོལ་བྱུང་ཡོད་ན་སྙིང་ནས་དགོངས་འགལ་མེད་པར་མཁྱེན་ཞུ།
སླད་མར་ཡང་ལམ་སྟོན་བཀའ་སློབ་རྒྱ་གང་ཆེན་ཡོད་པར་ཞུ།
བཀྲ་ཤིས་བདེ་ལེགས