ཁ་སྔོན། སྤྱི་ཟླ་གསུམ་པའི་ཚེས་༢༡ཉིན་། ཁ་བརྡའི་ཐོག་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་ཕྱིར་འབུད་ཟེར་བའི་ཁ་བྱང་འོག།
ཕ་ཡུལ་དྲ་རྒྱའི་གླེང་སྟེགས་ཐོག་ཐོན་པའི་གནས་ཚུལ་དེ་བཀོད་པ་ཡིན།དེའི་སྐབས་ཀྱི་གནས་ཚུལ་གྱི་སྙིང་དོན་ནི།བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ཁང་ནས་ཚོགས་གཞོན་དོན་གྲུབ་རྡོ་རྗེ་ལགས་ཀྱིས་བཟོས་བའི་ནོར་འཁྲུལ་སྐོར་ས་གནས་རྒྱུན་ལས་ཁག་ལ་བཏང་བའི་འཕྲིན་ཡིག་གཅིག་དང་།
གཞན། ཚོགས་གཞོན་དོན་གྲུབ་རྡོ་རྗེ་གཞོན་ལྷན་སྒྲིག་འཛུགས་ཀྱི་སྒྲིག་གཞི་ལེ་ཚན་བརྒྱད་པའི་ནང་གསེས་༡༢དང་། ལེ་ཚན་དགུ་བའི་ནང་གསེས་༧པའི་འབྲུ་དོན་འོག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་ནས་ཕྱིར་འབུད་བྱ་རྒྱུར་མང་མོས་ཐག་གཅོད་གནང་བ་དེར། ཚོགས་གཞོན་དོན་གྲུབ་རྡོ་རྗེ་ལགས་ནས་མོས་མཐུན་མེད་པའི་ཞུ་ཡིག་དེ་གཉིས་ཀྱི་སྐོར་རེད།
གནས་ཚུལ་སྔ་ཕྱི་གཉིས་ཀ་བོད་ཡིག་ཐོག་བཏོན་འདུག འོན་ཀྱང་། གནས་ཚུལ་སླེབས་ནས་ཆུ་ཚོད་ཉེར་བཞི་མ་ཕྱིན་པའི་སྔོན་ལ་འཕྲིན་ཡིག་གཉིས་ཀ་ཕ་ཡུལ་དྲ་རྒྱའི་གླེང་སྟེགས་ནས་བསུབ་ཚར་འདུག འོན་ཀྱང་། གླེང་སློང་ད་དུང་ཡང་རྫོགས་མི་འདུག བོད་མི་ཚོས་ད་དུང་ཡང་གླེང་གི་འདུག བོད་ཡིག་ཐོག་མ་ཡིན་པར་དབྱིན་ཡིག་ཐོག་གླེང་གི་འདུག
དེས་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དཀའ་ངལ་ངོ་མ་དེ་ག་རེ་རེད།
ཁ་སང་། ཕྱི་ཚེས་༣༡ཉིན་རྒྱ་གར་གྱི་ (The Tribune) ཟེར་བའི་ཚགས་པར་གྱི་དྲ་རྒྱའི་ངོས་སུ་ཡང་གནས་ཚུལ་དེའི་སྐོར་ཐོན་འདུག འདི་ནས་གཟིགས།(http://www.tribuneindia.com/2010/20100401/himachal.htm#10)
གནས་ཚུལ་དེ་དང་འབྲེལ་ནས། ཕ་ཡུལ་དྲ་རྒྱའི་གླེང་སྟེགས་ཐོག་ཏུ་མུ་མཐུད་དུ་དེའི་སྐོར་ལ་གླེང་སློང་བྱེད་ཀྱི་འདུག འདི་ནས་གཟིགས།(http://forums.phayul.com/index.php?showtopic=17537&st=0&gopid=65946&#entry65946)
དེས་ག་ལ་ཚད། བོད་རིགས་མིང་ལ་(All Hail Dorjeeknows) ཟེར་མཁན་ཞིག་གིས། མདང་དགོང་ངོ་དེབ་( Facebook)སྟེང་དུ།(Dhondup Dorjee,A regrettable Act) ཟེར་བའི་ཁ་བྱང་འོག རྩོམ་ཡིག་ཞིག་ཀྱང་སྤེལ་འདུག དེ་ལ་བོད་རིགས་དབྱིན་ཡིག་རྩོམ་འབྲི་བ་ཚོས་རྩོད་རྒྱག་གི་འདུག
མཆན་བུ་འདེབས་མཁན་སྣང་གསལ་ཞུ་མཁན་ཞིག་གིས་དབྱིན་ཡིག་ཐོག་འདི་ལྟར་བརྗོད་འདུག (I dont wants to hear all this rubish.. I dont know about TYC…and stop saying bad to dhondup dorjee..shame on you those who says bad to dhondup dorjee..fuck up..sorry for my nasty word.but I really mean it..I dont wants to hear all this bullshit..) དོན་ངོ་མར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དཀའ་ངལ་ངོ་མ་དེ་ག་རེ་རེད།
དོན་ངོ་མར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དཀའ་ངལ་ངོ་མ་དེ་ག་རེ་རེད།
གྲོགས་པོ་ལགས་ང་གཉིས་ཀྱིས་བསམ་ཚུལ་གཅིག་མཚུངས་རེད།། འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་དོན་དག་དེ་འདྲ་ཧ་ཅང་མང་པོ་རེད། སྤྱིར་དང་པོ་ཚགས་ཤོག་དུ་བཤད་པ་བཞིན་དོན་དངོས་ལ་གཞོན་ནུ་ལ་དཀའ་ངལ་དེ་འཕྲད་ནས་ཚོགས་གཞོན་ཕྱིར་ཕུད་པ་བདེན་ཐག་ཆོད་རེད། ་ཡིན་ནའང་ངའི་དེ་ཉིན་གཞོན་ནུའི་ཚོགས་གཞོན་དོན་འགྲུབ་རྡོར་རྗེས་དག་འབུད་གསལ་བཤད་ཀྱི་རྩོམ་ཡིག་དེ་ཐོག་དང་པོར་མཐོང་མ་ཐག་་་་འོ་ཁོང་དོན་འགྲུབ་པའི་བུ་ངོ་མ་ཞིག་ཡིན་པ་ཤེས་སོང།། གང་ཞེ་ན་ཁོའི་རྒྱབ་རྩར་བདེན་དཔང་དུ་ང་ཚོའི་སྤྱི་ཚོགས་ནང་གིས་མི་མངོན་པའི་སྡེ་དེ་་་་་་གཞོན་ནུས་ཚོགས་ཟུར་མི་ཆེན་དཔོན་ཆེན་མང་པོའི་མཚན་སྨོས་ཏེ་བདེན་དཔང་བྱས་འདུག་པས་་་་་དེ་ཡིན་ཙང་་་དྲང་བདེན་དང་ཁྲིམས་ཀྱིས་སྐད་ཆ་བཤད་ས་གང་པ་ཡོད་རེད་གྲོགས་པོ།བྱས་ཙང་ག་ལེར་སྤྱི་ཚོགས་ལ་འགོ་སྐོར་བཏང་ནས་ཞི་འཇགས་ཡིན་མདོག་གིས་གནས་ཚུལ་ཕྱིར་བསྡུ་བྱས་ཡིན་ངེས་རེད།། སྤྱིར་མང་གཙོའི་སྤྱི་ཚོགས་མཚན་ཉིད་ཚང་པ་ཞིག་ཡིན་ན་ད་ཐང་གི་གཞོན་ནུས་བྱུང་རིམ་འདིས་གཞེས་བྱས་མི་མང་ལ་བློ་ཕམ་ཆེན་པོ་བཟོས་ཡོད་པས་་ཕྱི་གསལ་ནང་གསལ་བྱེད་དགོས་ངེས་རེད།། ད་ཁག་པོ་ཡོད་རེད་གྲོགས་པོ་ང་རང་གཉིས་བློ་མ་བདེ་བ་ཙམ་ལས་ཕན་ཐོག་མེད་ཡ།།
འོ་གྲོགས་པོ་ལགས་ངའི་དོན་བཤད་ནས་ཐ་སྙད་སྨོས་མི་འདུག།
ད་ཐང་གཞོན་ནུས་དཀའ་ངལ་ངོ་མ་དེ་་་རྒྱབ་རྟེན་དབང་ཤུགས་ཀྱིས་དཀའ་ངལ་འཕྲད་རེད།།
་་་་་་ངོ་མ་དེ། ག་རེ་རེད། ?????????????????????????????????????????????????????
གཞོན་ནུའི་ལྷན་ཚོགས་ལ་ག་དུས་ཡིན་ཡང་དཀའ་སྙོག་གང་མང་བྱུང་བཞིན་པ་དེ་ཡག་པོ་མི་འདུག ང་ཚོ་ལ་རེ་བ་རྒྱག་ས་གཅིག་ཡོད་པ་དེ་གཞོན་ནུའི་ལྷན་ཚོགས་རེད། ད་རེས་ཀྱི་རྙོག་དྲ་དེ་མི་གཅིག་ལ་རྩ་བ་ཟུག་པའི་རྙོག་དྲ་ཡིན་སྟབས་ཆུང་ཆུང་རེད། ལོ་སྔོན་མ་རྣམས་སུ་དེ་ལས་ཆེ་བའི་དཀའ་མང་བྱུང་ཡོད། ལས་འགུལ་ཆེན་པོ་སྤེལ་བཞིན་པའི་སྐབས་སུ་ནང་ནས་མ་འཆམ་པར་ཕྱིར་འཐེན་བྱས་པ་ཡང་མང་པོ་རེད། ཨ་ཤུ་རེ་ཁོ། ད་གཅིག་དཀའ་གི་ཡ།
jghjfh
དཀའ་ངལ་ངོ་མ་དེ་མ་ཤེས་པར་དོན་མེད་འཆལ་གཏམ་བརྗོད་པར་ཧ་ལས་སོང༌། དུས་འབབ་ནང་དྲི་བ་མང་དག་ཞིག་ཡོད་པ་དེ་རིགས་ནས་གང་འཚམས་ཞིག་ཤེས་ཐུབ་ཀྱང༌། མང་པོ་ཞིག་ད་དུས་ལྐོག་གཏམ་ཡིན་པས། ཤེས་པར་དཀའ།
དེ་རིང་ཁ་བརྡ་དྲ་རྒྱའི་ནང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དབུས་སྤྱི་ཁྱབ་ཁང་གི་རྒྱུན་ལས་མང་མོས་ཀྱིས་ཐག་གཅོད་བྱུང་དོན་ལྟར། ལས་གནས་ནས་ཕྱིར་འབུད་བཏང་བའི་སྐོར་ཞིག་བཀོད་ཡོད་ལ། གསར་འགྱུར་དེའི་ཡོང་ཁུངས་ནི་ཕ་ཡུལ་དྲ་རྒྱའི་ཧླེང་སྟེགས་སྟེང་མི་ཞིག་གིས་གླེང་གཞི་རུ་སྤེལ་བ་དེ་ཡིན་པ་དང་དེའི་ནང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ས་གནས་ཁག་གི་གཞོན་ནུའི་ས་རྒྱུན་ཁག་ལ་བཏང་བའི་ཕྱག་འཕྲིན་ཞིག་འདྲེན་བཀོད་བྱས་ཡོད།
གནད་དོན་འདིའི་ཐད་འདི་གའི་གསར་འགོད་པས་དེ་སྔོན་ནས་གཞོན་ནུའི་ཚོགས་གཙོར་བཀའ་འདྲི་ཞུས་ཡང་གཞོན་ནུའི་ནང་ཁུལ་གྱི་རྩོད་ཉོག་ཡིན་སྟབས། ཕྱིར་བསྒྲགས་བྱ་རྒྱུ་མིན་ཞེས་གསུངས་ཡོད་ཐོག དེ་རིང་གཞོན་ནུའི་ཚོགས་གཞོན་ལགས་སུ་བཀའ་འདྲི་ཞུས་སྐབས་ཀྱང་འདི་ཐད་དམིགས་བསལ་བསམ་ཚུལ་བཏོན་མ་སོང་།
དེ་ལྟར་ཡང་། ད་ལྟ་སྤྱི་ཚོགས་ནང་འདིའི་སྐོར་གྱི་གླེང་གཞི་ཤུགས་ཆེར་འགྲོ་བཞིན་ཡོད་ཐོག མང་ཚོགས་ནང་གཞོན་ནུའི་ཚོགས་གཞོན་ལས་གནས་ནས་ཕྱིར་འབུད་གཏོང་དགོས་པའི་སྐོར་ལ་སྐད་ཆ་འདྲ་མིན་སྣ་ཚོགས་ཤིག་ཀྱང་བཤད་ཀྱིན་པ་མ་ཟད། ཕ་ཡུལ་དྲ་རྒྱའི་གླེང་སྟེགས་སྟེང་བཀོད་པའི་ངྷ་ས་དབུས་གཞོན་ནུའི་སྤྱི་ཁྱབ་ཡིག་ཚང་ནས་ས་གནས་ཁག་ལ་བཏང་བའི་འཕྲིན་དང་ཚོགས་གཞོན་དོན་གྲུབ་རྡོ་རྗེ་ལགས་ཀྱིས་དབུས་རྒྱུན་ལ་བཏང་བའི་འཕྲིན་ཡིག་གཉིས་ཀྱི་སྐོར་འབྲེལ་ཡོད་གཞོན་ནུའི་དབུས་རྒྱུན་རྣམས་ཀྱིས་ཤེས་རྟོགས་བྱུང་མི་འདུག
དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ས་རྒྱུན་ཁག་ལ་བཏང་བའི་འཕྲིན་ཡིག་ནང་གཞོན་ནུའི་ཚོགས་གཞོན་ལས་གནས་ནས་ཕྱིར་འབུད་གཏོང་དགོས་དོན་གནས་ཚུལ་བཀོད་པ་ལྟར་ན། ལོ་སྔོན་མའི་ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན་ནས་དབུས་རྒྱུན་ལས་མང་མོས་ཀྱིས་ཕྱི་ལོ་ ༡༠༡༠ ཟླ་ ༢ ཚེས་ ༢༥ ནས་མགོ་འཛུགས་ཀྱིས་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་ཟས་བཅད་ལས་འགུལ་སྤེལ་རྒྱུའི་ཐག་གཅོད་གནང་བ་དང་། ད་བར་དབུས་རྒྱུན་སྐབས་བཅུ་གསུམ་པའི་རིང་དབུས་གཞོན་ནུའི་ལས་དོན་ཆེད། ཕྱི་རྒྱལ་དུ་དབུས་རྒྱུན་སུ་འགྲོ་མིན་ཚོགས་གཙོའི་འགན་དབང་ཐོག་ནས་ཐག་བཅད་པ་ལ་ད་བར་དབུས་རྒྱུན་ཚོས་རྒྱབ་སྐྱོར་མོས་མཐུན་གྱིས་རྙོག་གླེང་མེད་པར་ཕྱིན་ཡོད་པ་བཞིན། དེ་རིང་ཡང་ནེའུ་ཡོག་ཟས་བཅད་ལས་འགུལ་གོ་སྒྲིག་པ་ཚོགས་གཙོས་ཐག་གཅོད་གནང་སྟེ། ལས་འགུལ་གོ་སྒྲིག་པ་དང་ཟས་བཅད་པ་རྣམས་ཀྱིས་ཕྱི་སྐྱོད་ལག་འཁྱེར་ཨ་རིའི་གཞུང་ཚབ་ནས་མཆོག་མཆན་ཞུས་པའི་སྔ་རྗེས་སུ། ཚོགས་གཞོན་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ཨ་རིའི་གཞུང་ཚབ་ལ་ཡིག་ངག་གཉིས་ཐོག་ནས་འབྲེལ་བ་ཞུས་ཏེ། གཞོན་ནུའི་ལས་དོན་དང་འབྲེལ་བའི་ཕྱི་སྐྱོད་ལག་འཁྱེར་ཞུ་རྒྱུ་དེ་ཉིད། ངན་ཇུས་མགོ་སྐོར་ཡིན་ཚུལ་བཤད་དེ། གལ་ཆེའི་ལས་དོན་ལ་འགོག་རྐྱེན་བཟོས་པར་བརྟེན། ཨ་རིའི་གཞུང་ཚབ་ནས་ཕྱི་སྐྱོད་ཆོག་མཆན་སྤྲད་ཟིན་པ་ཕྱིར་བསྡུ་བྱས་ཤིང་། ད་ཆ་ལས་འགུལ་དེ་བཞིན་གོ་སྒྲིག་མཚམས་འཇོག་དགོས་བཟོས་པ་མ་ཟད། དབུས་རྒྱུན་ལས་ཀྱི་ཐག་གཅོད་ཟིན་པའི་ལས་རིམ་ཁག་གཞན་ཡང་འགག་དགོས་བཟོས་ཡོད།
ད་དུང་ཚོགས་གཞོན་གྱིས་ ༢༠༡༠ ཟླ་ ༢ ཚེས་ ༡ ཉིན་ནེའུ་ཡོག་ས་རྒྱུན་ཡོངས་ལ་གློག་འཕྲིན་ནང་། བཤད་མི་འོས་པའི་གནས་ཚུལ་གལ་ཆེན་ཞིག་བཏང་བ་དང་། དེ་རྗེས་ཚེས་ ༣ ཉིན་ནེའུ་ཡོག་ས་གནས་ཚོགས་གཙོའི་གློག་འཕྲིན་ཁ་བྱང་ཧེག་བྱས་པའི་ཚབས་ཆེའི་གནས་ཚུལ་ཐོན་ཏེ། དགྲ་ཕྱོགས་ཀྱི་འཁྱོགས་བཤད་ལ་དགོས་མཁོ་སྐྲུན་པ་ལྟ་བུ་ཆགས་ཡོད།
གལ་སྲིད་རྒྱུན་ལས་ནང་ཁུལ་བསམ་ཚུལ་མ་མཐུན་པ་བྱུང་བའི་དབང་དུ་བཏང་ཡང་། བསམ་ཚུལ་མ་མཐུན་པ་དེ་དག་དབུས་རྒྱུན་ལས་དང་ས་གནས་རྒྱུན་ལས། དབུས་རྒྱུན་ཟུར་བའི་ལྷན་ཚོགས་སོགས་ནང་མོལ་ཐག་གཅོད་བྱེད་པའི་བརྒྱུད་ལམ་ཡོད་བཞིན་དུ། དོན་གྲུབ་རྡོ་རྗེས་དེ་དག་གང་ཡང་མ་བརྒྱུད་པར། ཐད་ཀར་ཨ་རིའི་གཞུང་ཚབ་ལ་ཞུ་གཏུགས་བྱས་ཏེ། དེ་རིང་གི་ལས་དོན་ལ་འགོག་རྐྱེན་བཟོས་པ་ཙམ་མ་ཡིན་པར། མ་འོངས་པར་རྒྱལ་སྤྱིའི་སྡེངས་ཆའི་ཐོག་སྒྲིག་འཛུགས་ཀྱི་ལས་དོན་དང་ཆེ་མཐོང་ལ་བསམ་མི་ཕོད་པའི་དོ་ཕོག་དང་། དེ་བཞིན་གལ་གནད་ཧ་ཅང་ཆེ་བའི་འབྲེལ་ཡོད་སྡེ་ཚན་གཞན་གྱི་ཆེ་མཐོང་ཡང་བརླག་གཞི་བཟོས་ཡོད་ཅིང་། དབུས་དང་ས་གནས་བར་གྱི་འབྲེལ་ལམ་དང་ཡིད་ཆེས་ལ་ཡང་དོ་ཕོག་བཟོས་པ་མ་ཟད། ཚོགས་འདུའི་ཐོག་ནོར་འཁྲུལ་ངོས་ལེན་ཙམ་ཡང་མ་གནང་བར་བརྟེན། མ་འོངས་པར་བར་ལམ་གྱི་གནས་ཚུལ་བཞིན། ངན་པ་རྒྱ་ཡན་དང་རང་སྣང་གང་ཤར་གྱིས་སྒྲིག་འཛུགས་རྩིས་མེད་བྱས་པ་འདི་བཞིན་སླར་ཡང་མི་ཡོང་བ་དང་། སྒྲིག་འཛུགས་སྲ་བརྟན་ཡོང་སླད། སྒྲིག་གཞི་ལེ་ཚན་བརྒྱད་པའི་ནང་གསེས་ ༡༢ དང་། ལེ་ཚན་དགུ་བའི་ནང་གསེས་ ༧ འབྲུ་དོན་འོག དོན་གྲུབ་རྡོ་རྗེ་ལགས་དེ་རིང་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ནས་ཕྱིར་འབུད་མི་བྱེད་ཀ་མེད་གྱུར་བར་བརྟེན། ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༨ ཉིན་དབུས་རྒྱུན་ལས་ངོ་ཡོད་སུམ་ཆ་གཉིས་མང་མོས་ཀྱིས་ཁོ་རང་གཞོན་ནུའི་ཚོགས་མི་ནས་ཕྱིར་འབུད་ཟིན་པ་ཡིན། ཞེས་དང་ཡིག་ཆ་དེའི་ནང་སྒྲིག་འཛུགས་ལ་བསམས་ནས་ཐག་གཅོད་འདི་ཉིད་མ་བྱས་ཀ་མེད་གྱུར་ཡོད་ཅེས་འཁོད་ཡོད་ལ། ཡིག་ཆ་དེ་ནི་ཟླ་སྔོན་མའི་ཚེས་ ༡༡ ཉིན་ས་རྒྱུན་ཁག་ལ་བཏང་བ་ཞིག་ཡིན་འདུག
དེ་བཞིན་ཚོགས་གཞོན་དོན་གྲུབ་རྡོ་རྗེས་ཟླ་སྔོན་མའི་ཕྱི་ཚེས་ ༡༠ ཉིན་དབུས་སྤྱི་ཁྱབ་རྒྱུན་ལས་ཡོངས་ལ་ནང་གསེས་དོན་ཚན་དྲུག་ཅན་གྱི་འཕྲིན་ཡིག་ཅིག་བཏང་བའི་ནང་། ཕྱི་ཟླ་ ༢ ཚེས་ ༨ ཉིན་སྤྱི་ཁྱབ་ཚོགས་གཙོ་ནས་གཞོན་ལྷན་དབུས་རྒྱུན་ལས་པའི་ཚོགས་འདུ་སྐོང་ཚོགས་ཀྱིས་སྐབས་དེར་གུས་གཞོན་ལྷན་ཚོགས་གཞོན་དོན་གྲུབ་རྡོ་རྗེ་གཞོན་ལྷན་སྒྲིག་འཛུགས་ཀྱི་སྒྲིག་གཞི་ལེ་ཚན་བརྒྱད་པའི་ནང་གསེས་ ༡༢ དང་ལེ་ཚན་དགུ་བའི་ནང་གསེས་ ༧ པའི་འབྲུ་དོན་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ནས་ཕྱིར་འབུད་བྱ་རྒྱུར་མང་མོས་ཀྱིས་ཐག་གཅོད་གནང་བ་ནི་གཞོན་ལྷན་གྱི་སྒྲིག་གཞི་དང་ཡོངས་སུ་འགལ་བས་ཤིན་ཏུ་ནས་བློ་ཕམ་ཆེན་པོ་ཞིག་བྱུང་། ལྷག་པར་ཚོགས་འདུའི་ཐོག་ཕྲན་དང་རྒྱུན་ལས་ཕྱག་རོགས་ནས་དེ་ལྟར་སྒྲིག་གཞི་དང་འགལ་འཛོལ་ཆེ་སྐོར་གསལ་བཤད་ནན་པོ་ཇི་ཙམ་ཞུས་ཀྱང་གཙོ་སྐྱོང་གིས་གསན་འཇོག་གཏན་ནས་མ་གནང་བར་མུ་མཐུད། དེ་ལྟར་རྒྱུན་ལས་ཚོར་མང་མོས་ཀྱིས་ཕྱག་བརྐྱངས་བཅུག་སྟེ་ཐག་གཅོད་གནང་བ་ནི་བློ་ཕམ་གྱི་རང་བཞིན་དང་། སེམས་འཚབ་ཆེ་བས་ད་ལམ་གུས་པས་འགན་འཁུར་བཟོད་བྲལ་གྱིས་ཡིག་ཐོག་གནས་ཚུལ་འགའ་འབྲི་དགོས་བྱུང་། ཞེས་གསལ་འདུག་ལ། ཁོང་གིས་གཤམ་གྱི་དོན་ཚན་དྲུག་གིས་གཞོན་ནུའི་དབུས་རྒྱུན་རྣམས་ལ་དོགས་འདྲི་དང་དགག་རྒྱག་གནང་འདུག
༡ ༽ སྤྱིར་ད་རེས་སྤྱི་ཁྱབ་དབུས་རྒྱུན་ལས་ཀྱིས་མང་མོས་ཐག་གཅོད་བྱས་པའི་སྒྲིག་གཞི་ལེ་ཚན་བརྒྱད་པའི་ནང་གསེས་ ༡༢ དང་། ལེ་ཚན་དགུ་པའི་ནང་གསེས་ ༧ གཉིས་ནི་ས་གནས་ཚོགས་མིའི་གནད་དོན་ཐག་གཅོད་བྱ་རྒྱུ་ཞིག་ལས་སྤྱི་ཁྱབ་དབུས་རྒྱུན་ལས་པའི་ཕྱིར་འབུད་ཀྱི་གནད་དོན་ནི་གཏན་ནས་མིན་པར་འདི་ལྟར་དབུས་རྒྱུན་ལས་མང་མོས་ཀྱིས་ཐག་གཅོད་གནང་བ་འདི་དག་སྒྲིག་གཞིའི་འབྲུ་དོན་དང་འགལ་ཡོད་དམ་མེད།
༢ ༽ ཚོགས་མི་གསར་ཞུགས་དང་ཕྱིར་འབུད་ཀྱི་གནད་དོན་ས་གནས་ནས་ཡོང་དགོས་པ་ཞིག་ལས་དབུས་ནས་ཚོགས་མི་གསར་འཇུག་དང་ཕྱིར་འབུད་དང་པོ་མི་ཆོག་པ་ཡིན། དེ་ལྟར་སྒྲིག་གཞི་ལེ་ཚན་དགུ་པ་ས་གནས་རྒྱུན་ལས་ཀྱི་ནང་གསེས་ ༧ གསལ་ཡོད། གལ་ཏེ་ས་གནས་ཀྱི་ཐག་གཅོད་ལ་དོ་བདག་ཚོགས་མི་ནས་བདེན་པ་རྩོད་བཤར་གྱིས་དབུས་སུ་ཞུ་གཏུགས་བྱུང་མཚམས་དབུས་ནས་ཞི་ཐབས་བྱ་རྒྱུ་ཞེས་ལེ་ཚན་བརྒྱད་པའི་ནང་གསེས་ ༡༢ ནང་གསལ་ཡོད་པས། དེ་ལྟར་ཕྱི་ནས་ཚོགས་མི་ཞིག་གིས་དབུས་སུ་ཞུ་གཏུགས་མ་བྱུང་སྔོན། དང་ཐོག་ནས་དབུས་རྒྱུན་ལས་ནང་ནས་ཞུ་གཏུགས་བྱ་རྒྱུ་དང་། ཚོགས་མི་ཕྱིར་འབུད་བྱ་རྒྱུའི་ཐག་གཅོད་དེ་སྒྲིག་གཞི་དང་འགལ་བ་མ་ཡིན་པའི་རྒྱུ་མཚན་གསལ་བཤད་ཡོང་བ་ཞུ།
༣ ༽ སྤྱི་ཁྱབ་དབུས་རྒྱུན་ལས་ཀྱི་ཚོགས་གཙོས་དབུས་རྒྱུན་ལས་པ་གང་ཞིག་ཕྱིར་འབུད་ཀྱི་གནད་དོན་ནི་སྒྲིག་གཞི་ལེ་ཚན་བདུན་པ་འགན་འཛིན་ལྷན་ཚོགས་ཀྱི་ནང་གསེས་ ༤ ། སྤྱི་ཁྱབ་དབུས་རྒྱུན་ལས་ཀྱི་ཚོགས་གཙོས་དབུས་རྒྱུན་ལས་པ་གང་རུང་ནས་སྒྲིག་གཞི་དང་འགལ་བའི་ལས་དོན་ཚགས་ཆེའི་རིགས་བྱས་རྐྱེན་རྒྱུན་ལས་ནས་ཕྱིར་འབུད་དགོས་རིགས་ཚོགས་མི་ངོ་ཡོད་སུམ་ཆ་གཉིས་མོས་ཀྱིས་ཐག་གཅོད་བྱ་རྒྱུ། འོན་ཀྱང་དོ་བདག་ནས་བདེན་པ་དག་སྐྱེལ་བྱ་བློ་ཡོད་ཚེ་ཚོགས་ཆེན་ཐོག་ཞུ་གཏུགས་ཆོག་པ་དང། ཚོགས་ཆེན་ནས་བདེན་པ་དག་ཐེར་བྱུང་ཚེ་སྐྱུར་དུ་སྤྱི་ཁྱབ་དབུས་རྒྱུན་ལས་པའི་འོས་མིའི་གྲས་སུ་དོ་བདག་ནས་འཛུལ་ཞུགས་བྱ་བློ་ཡོད་ཚེ་ལས་རྒྱུན་ཚང་མིན་ལ་མ་ལྟོས་པར་དམིགས་བསལ་གྱིས་འཇོག་རྒྱུ། ཞེས་དང་། ཡང་ལེ་ཚན་དྲུག་པ་ཚོགས་ཆེན་གྱི་ནང་གསེས་ ༡༢ ། སྤྱི་ཁྱབ་དབུས་རྒྱུན་ལས་པ་གང་རུང་འགན་འཛིན་ལྷན་ཚོགས་ནས་ནག་ཉེས་ཀྱིས་ཕྱིར་འབུད་བྱས་པར་དོ་བདག་ནས་བདེན་པ་དག་སྐྱེལ་བྱ་བློ་ཡོད་ཚེ་ཚོགས་ཆེན་ཐོག་ཞུ་གཏུགས་ཆོག་རྒྱུ་དང་། གལ་ཏེ་ཚོགས་ཆེན་ནས་བདེན་པ་དག་ཐེར་བྱུང་ཚེ་བསྐྱར་དུ་སྤྱི་ཁྱབ་རྒྱུན་ལས་པའི་འོས་མིའི་གྲས་སུ་དོ་བདག་གནས་འཛུལ་ཞུགས་བྱ་བློ་ཡོད་ཚེ་ལས་རྒྱུན་ཐེངས་གཉིས་གཙང་མིན་ལ་མ་ལྟོས་པར་དམིགས་བསལ་གྱིས་འཇོག་རྒྱུ། ཞེས་གསལ་ཡོད་པ་དེས། སྤྱི་ཁྱབ་རྒྱུན་ལས་པ་གང་ཞིག་ཕྱིར་འབུད་སླད་འགན་ལྷན་ཐོག་ཉུང་མཐར་ཚོགས་མི་ངོ་ཡོད་སུམ་ཆ་གཉིས་མོས་ཀྱིས་ཐག་གཅོད་དགོས་པ་གསལ་བོ་བཀོད་ཡོད་པས་སྤྱི་ཁྱབ་དབུས་རྒྱུན་ལས་ཀྱི་ཕྱིར་འབུད་དང་འབྲེལ་བའི་གནད་དོན་དེ་དག་འགན་འཛིན་ལྷན་ཚོགས་དང་། གཞན་ཡང་ཚོགས་ཆེན་ནས་ཐག་གཅོད་དགོས་པ་ཞིག་མ་ཡིན་ནམ།
༤ ༽ གུས་ནས་བཞུགས་སྒར་ཁུལ་འབྲེལ་ཡོད་གཞོན་ལྷན་དབུས་རྒྱུན་ཟུར་བ་གཞོན་ལྷན་གྱི་སྒྲིག་འཛུགས་ཐོག་མ་གསར་འཛུགས་མཛད་གྲས་དང་སྒྲིག་གཞི་གཏན་འབེབས་མཛད་གྲས་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དང་། གཞན་ཡང་ཚོགས་ཟུར་ལྷ་བཟང་ཚེ་རིང་ལགས། རྒྱུན་ཟུར་བློ་གྲོས་བཟང་པོ་ལགས། ཚོགས་ཟུར་སྒོ་དྲུག་སྐལ་བཟུང་ཕུན་ཚོགས་ལགས། གཞོན་ནུའི་ཚོགས་གཞོན་ཟུར་བ་ཀརྨ་ཡེ་ཤེས་བཅས་ལ་ད་ཐེངས་དབུས་རྒྱུན་ལས་ནས་སྒྲིག་གཞི་ལེ་ཚན་གཉིས་ཀྱི་ཐོག་ཐག་གཅོད་གནང་བ་སྒྲིག་གཞི་གཞིར་བཟུང་ཐག་གཅོད་ཆོག་མིན་བཀའ་འདྲི་ཞུས་པར་དེ་ལྟར་ཆོག་གི་མེད་པ་དང་། སྒྲིག་གཞི་དང་འགལ་སྐོར་གསལ་པོ་འགྲེལ་བརྗོད་གནང་སོང་བས་དབུས་རྒྱུན་ལས་ནས་དེ་ལྟར་དབུས་རྒྱུན་ཟུར་པ་རྣམས་ཀྱི་ལམ་སྟོན་ལ་ཆ་འཛིན་ངོས་ལེན་གནང་དགོས་ཀྱི་རེད་དམ་མ་རེད།
༥ ༽ སྤྱི་ཁྱབ་དབུས་རྒྱུན་ལས་པར་གཞོན་ལྷན་གྱི་སྒྲིག་གཞི་དང་འགལ་བའི་གནད་དོན་ཐད་རྒྱུན་ལས་མང་མོས་ཐག་གཅོད་གནང་རྒྱུའི་ཐོབ་ཐང་ཡོད་དམ་མེད།
༦ ༽ད་རེས་དབུས་རྒྱུན་མང་མོས་ཀྱིས་རྒྱུན་ལས་ཕྱིར་འབུད་ཀྱི་ཐག་གཅོད་འདི་དག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞིའི་འབྲུ་དོན་དང་འགལ་ལས་གཞོན་ལྷན་སྒྲིག་འཛུགས་ལ་བསམ་གཞིགས་ཀྱིས་བཟང་སྤྱོད་ཐོག་ནོར་འཁྲུལ་ངོ་བཞེས་གནང་དགོས་སམ་མི་དགོས། ཞེས་གསལ་ཡོད་འདུག
ཤོག་ངོས་འདི་ཐེངས་ ༡༦༦༦ ལ་བཀླགས་འདུག
དྲ་གྲོགས་དོན་རྒྱམ་ལགས་ ཁྱོད་ཀྱིས་ཡང་སྙིང་དོན་གང་ལ་འགྲེལ་བཤད་བྱེད་འདོད་ཡོད།
གོང་གི་དྲ་གྲོགས་ལགས་ཀྱིས་་་་དོན་ངོ་མ་གཞོན་ནུའི་དཀའ་ངལ་གང་ཡིན་ནམ་་་
ཞེས་དྲིས་བ་ལས་་་གཞུན་ནུས་ཉོག་དྲའི་བྱུང་རིམ་གསུང་རོག་ལབ་མཁན་བྱུང་མེད་པས་
ཁྱོད་ཀྱིས་མང་པོ་ཞིག་བྲིས་པ་འདི་འབེན་ལ་མ་ཕོག་པའི་མདའ་མོ་སྟོང་འཕེན་རང་རེད་འདུག་
རང་ལ་དཀའ་ལུས་ལས་བློ་སྐྱེད་མི་འདུག་ལོ་གྲོགས་པོ།།།།
ད་མང་དྲག་སོང༌། གཞོན་ནུའི་ཚོགས་མི་འགའ་ཤས་ནང་ཁུལ་སྒེར་གྱི་དབང་ཆའི་དོན་དུ་མ་འཆམ་པ་དེ་ཕྱི་ཚོགས་ནས་ཁྱེར་ཡོང་ནས་བོད་མི་སྐྱུས་མའི་ནང་གླེང་གློང་མང་པོ་བཟོས་པ་དེ་རིགས་ནི་གཞན་གྱིས་ངན་སྐྱུལ་བྱས་པ་ཞིག་ཡིན་པ་གསལ་པོ་རེད། ཁྱི་རྒན་ནང་འཁྲུགས་མ་རྒྱབས། དེ་ནས་ཁྱེད་རང་སྒེར་གྱི་དཀའ་ངལ་དེ་སྒེར་ཐོག་ཏུ་བཞག་ན་ལས་དེ་མིན་ཆུ་དང་འོ་མ་གང་ཡིན་དབྱེ་བྱེད་བྱེད་པའི་དུས་ཞིག་ཤར་མ་སྲིད་པ་མ་རེད། སྤྲང་ཕྲུག་ག་ཚོད་ཡག་དོག་བྱེད་ཀྱང་ཉིན་མ་རེ་ལ་ལྟས་ངན་རེ་ཟེར་བའི་དཔེ་བཞིན་མ་བྱས་ན་ཡག་ས་རེད། ད་ཁྱེད་ཚོའི་ནང་འཁྲུགས་མཚམས་མེད་དེ་ཞེད་དྲག་མང་དྲག་སོང༌། གསལ་བཤད་ཞུ་རྒྱུ་ཡོད་ན་གནས་ཡོད་གཞོན་ནུའི་ཚོགས་གྲས་མང་དག་ཞིག་ཡོད་པར་དེ་དང་མཉམ་ཀླད་པ་གཙང་མ་ཞིག་ཁྱེར་ནས་བསྡད་དེ་གོ་བསྡུར་བྱེད་ནས་འཐུས་པ། དེ་མིན་སྤྱི་ཚོགས་ནས་མིང་མེད་ཡིག་འབྲུ་མང་བཏང་བས་ཕན་མེད་པ་མཟད་རྡབ་སིག་མང་པོ་ཞིག་ཡོང་བཞིན་འདུག་ན། ད་འགྲིགས་མ་སོང་བས། འདོད་པ་འཁེངས་མ་སོང་བས། མང་ཚོགས་ལ་ངོ་ཡང་ཚ་གི་མིན་འདུག་པས། མང་ཚོགས་ནས་ཞལ་འདེབས་གསག་པའི་དངུལ་དངོས་དེ་རིགས་ཁྱེད་ཁ་ཤས་ཀྱི་འཁྲུགས་འཛིངས་བྱེད་སའི་སྡེང་ཆ་སྐྲུན་རྒྱུའི་ལས་གཞི་རྩམ་གྱི་ཡིན་པས། ད་ཞེ་ད྄ེག་གི་མང་དྲག་སོང༌།
Why don’t you sit in clean mind set and solve the problem by yourselves? Why you all in publicity in this form?