བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༢ པ་དེ་བཞིན་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་གི་བཟོ་གྲྭའི་ཚོགས་ཁང་ནང་བོད་རྒྱལ་ལོ་ ༢༡༣༨ ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༢ ནས་ ༢༥ བར་ཉིན་བཞིའི་རིང་ཚོགས་གཏན་འཁེལ་བ་བཞིན་ ༢༠༡༡ ཟླ་ ༨ ཚེས་ ༢ ཉིན་དངོས་སུ་དབུ་གཙུགས་ཞུས་ཡོད་པ་དང་། ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་སྐུ་འཕྲེང་བཅིུག་པ་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་༸ཞབས་སོར་བཀའ་དྲིན་བསྐྱང་ཡོད་པ་དང་། མཛད་སྒོའི་ཐོག་མར་རྡོ་རྗེ་གླིང་གཏན་སློབ་རོལ་ཆའི་རུ་ཁག་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བ་དང་། དེ་རྗེས་བོད་རང་བཙན་གྱི་དོན་དུ་རྩ་ཆེའི་རང་སྲོག་དོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་རྒྱལ་ཞེན་སྙིང་སྟོབས་ཀྱི་མཛད་རྗེས་ལ་གུས་བཀུར་རྗེས་དྲན་སླད། མྱ་ངན་ངག་བཅད་སྐར་མ་གཅིག་ཞུས། དེ་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ནས་མཛད་སྒོ་དབུ་འབྱེད་གཏམ་བཤད་གནང་དོན་དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་འགན་འཛིན་ལྷན་ཚོགས་ཐེངས་ ༤༢ པ་དེ་ད་རིང་རྡོར་གླིང་ས་གནས་སུ་ཚོགས་ཐུབ་པ་དེ་ནི་ལོ་རྒྱུས་རང་བཞིན་གི་གལ་གནས་ཡིན་གང་ཡིན་ཞུས་ན་ཕྱི་ལོ་ ༡༩༡༠ ལོར་༸རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་སྐབས་ད་ལྟ་ང་ཚོ་ལྷན་ཚོགས་གནང་བཞིན་པའི་ས་གནས་འདི་ལ་ལོ་གསུམ་སྐུ་བཞུགས་གནང་ཡ◌ོད་པ་རེད། ཉ◌ེ་བའི་ཆར་༸གོང་ས་མཆོག་གི་སྐུ་དབང་མི་མང་གི་འོས་འདེམས་བྱུང་བའི་དབུ་ཁྲིད་ལ་རྩིས་སྤྲོད་གནང་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་བ་འདིའི་སྐབས་འདས་པའི་ལོ་ངོ་ ༤༢ ནང་གཞོན་ལྷན་ནས་དམིགས་བསལ་ཐུགས་འགན་བཞེས་པ་བཞིན་ད་ལྟའི་ལོ་རྒྱུས་རང་བཞིན་གྱི་འགྱུར་བ་འདི་ལ་གཞོན་ལྷན་དམིགས་བསལ་ཐུགས་འགན་བཞེས་དགོས་པ་དང་། ལྷག་པར་དུ་དབུས་ས་གཉིས་ཀྱི་ནུས་པ་གཅིག་ལ་སྤུངས་དགོས་པ་ཡིན། བོད་ནང་ཡོད་གཞིས་ལུས་སྤུན་ཟླ་དང་ལྷག་པར་དུ་རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་དང་། ཚེ་དབང་ནོར་བུ་ལགས་ཀྱི་བོད་རང་བཙན་གྱི་རྒྱལ་ཁབ་ཞིག་ཐོང་མེད་ཀྱང་རང་བཙན་འཐབ་རྩ◌ོད་ཆེད་རང་ལུས་མཆོད་མེ་ཕུལ་བ་ནི་དགོང་ལོ་ཆུང་ཆུང་ཡིན་ཡང་འཐབ་རྩོད་ལ་ཐུགས་འགན་བཞེས་ཡོད་པས། བོད་རང་བཙན་དེ་ལེན་མི་ལེན་གཅིག་རེད། བོད་པའི་འཐབ་རྩོད་བོད་པས་འགན་འཁྱེར་དགོས་ཀྱི་རེད། རྒྱུ་ཡོད་མཁན་གྱི་རྒྱུ་དང་། དུས་ཚོད་ཡོད་མཁན་དུས་ཚོད་བཏང་དགོས་པ་དང་། ཐ་ན་སྲོག་བཏང་དགོས་བྱུང་ན་བཏང་དགོས་ཀྱི་རེད་ལ་སོགས་གསུང་ཡོད་◌པ་དང་། སྐུ་མགྲོན་གཙོ་བོ་་༸སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་སྐུ་འཕྲེང་བཅིུག་པ་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་ནས་བཀའ་སློབ་བཀའ་དྲིན་སྩལ་དོན་དེ་རིང་གཞོན་ལྷན་གྱི་འགན་འཛིན་ལྷན་ཚོགས་འདིར་བཅར་རྒྱུའི་གོ་སྐབས་བྱུང་བར་ས◌ོ་སོའི་མི་ཚེའི་ནང་གལ་ཆེ་ཞིག་ཡིན། ལྷན་ཚོགས་འདིར་ས་གནས་གསུམ་བཅུ་ལྷག་བཅར་ཡོད་པར་གཞོན་ལྷན་གྱི་སྒྲིག་འཛུགས་ཀྱི་ནུས་པ་སྟོན་གྱི་ཡོད་པ་དང་། ངའི་མི་ཚེའི་ནང་ཚོགས་པ་ཁག་ནང་འཛུལ་བཞུགས་མི་བྱེད་པ་དེ་དམ་ཆ་ཡིན། འོན་ཀྱང་འཛུལ་དགོས་བྱ◌ུང་ན་གཞོན་ནུ་ལྷན་ཚོགས་ནང་འཛུལ་གྱི་ཡིན། རྒྱ་དམར་མིག་གི་གཅིག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ལྟ་བཞིན་ཡོད་པ་དེ་གཞོན་ལྷན་གྱི་ནུས་པ་ཞིག་རེད། ཁྱེད་རང་མིག་གཅིག། ལག་པ་གཅིག རྐང་པ་གཅིག་བོད་ནང་ལ་བཞག་དགོས་ཀྱི་རེད། ཁྱེད་ཚོས་རང་བཙན་འཐབ་རྩོད་དེ་ཁྲག་དུ་བཏང་དགོས་པ་ཡིན་སོགས་ཀྱི་བཀའ་གནང་ཡོད། ལྷན་ཚོགས་འདིར་རྒྱ་བལ་འབྲུག་གསུམ་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་ཁག ༣༩ དང་། ཚོགས་བཅར་བ་ ༡༡༥ ལྷག་ལྷན་འཛོམས་གནང་ཡོད་པ་རེད
ཉིན་བཞིའི་ལྷན་ཚོགས་རིང་ཆབ་སྲིད་དང་། སྤྱི་ཚོགས་ཞབས་ཞུ། རིག་གཞུང་སྲུང་སྐྱོོབ་སོགས་ཀྱ◌ི་ཐོག་བཀའ་བསྡུར་ལྷུག་པོ་གནང་རྗེས་གྲོས་ཆོད་ཁག ༡༩ འཇོག་ཡོད་པ་དང་། དེ་རྗེས་ཚེ་ ༢༦ ཉིན་ས་གནས་གཞོན་ནུའི་ཚོགས་བཅར་བ་རྣམས་ལ་བོད་རང་བཙན་ཀྱི་ཁུངས་སྐྱེལ་དང་། རང་བཙན་ལེན་རྒྱུའི་སྡེང་སྤོབ་། གཞོན་ལྷན་དབུས་ས་གཉིས་ཀྱི་འབྲེལ་བའི་ཐོག་ཟབ་སྦྱོང་གནང་ཡོད་པ་རེད།
རེད།
ང་ཚོས་གཞོན་ནུ་ལ་རེ་བ་བཅོལ་ནས་གཞོན་ནུའི་སྟོབས་ཤུགས་གོང་དུ་སྤེལ་དགོས་གི་རེད།
ཡིན་ན་ཡང་། ང་ཚོས་སྟོབས་ཤུགས་སྤེལ་སྟངས་ག་འདྲ་སེ་སྤེལ་དགོས་གི་རེད་ཟེར་ན། གཙོ་བོ་དེ་གཞོན་ནུ་ཚོའི་སེམས་ལ་སྟོབས་ཤུགས་སྤེལ་དགོས་གི་རེད། གཞོན་ནུའི་སེམས་ཤུགས་དེ་ཕྱོགས་པའི་ཉི་གཞོན་ནང་བཞིན་ཚ་ཤུགས་དང་ལྡན་པ་བཟོ་དགོས་གི་རེད།
དེ་ནས་གཞོན་ནུའི་སེམས་ཤུགས་ཚ་ལམ་མ་དེས་བོད་མིའི་རང་དབང་གི་ཉི་གཞོན་དམར་ལམ་མ་དེ་བསུ་ཐུབ་པའི་ནུས་པ་འཛོམས་པ་བྱེད་དགོས་གི་རེད།
དོན་དག་འདིའི་ཐོག་ལ་བོད་མི་སུ་ཡིན་ཡང་དགག་རྒྱག་དང་ངོ་རྒོལ་བྱེད་ན་འགྲིག་གི་མ་རེད། རེད་དེའི། དེ་དང་མཉམ་དུ་ལོ་ངོ་བཅུ་ཕྲག་ལྔའི་རིང་མ་འགྲུབ་པའི་རང་དབང་གི་ཉི་ཟེར་དེ་དེ་འདྲའི་ལས་སླ་བོ་མ་ཡིན་པ་དེ་ཡང་གཞོན་ནུའི་སེམས་ལ་ངེས་པ་བྱས་ནས་གྲ་སྒྲིག་གང་ལེགས་བྱེད་དགོས་གི་རེད།
དེ་ནི་གཞོན་ནུ་རང་ཉིད་གི་དབང་བོ་ལྔ་བེད་སྤྱད་ནས་ཡན་ལག་ལྔ་ག་བཀོལ་སྤྱོད་དངོས་སུ་གཏོང་དགོས་པ་དེ་རེད། དེ་ལྟར་མ་བྱེད་གོང་ཕྱི་ནང་གཉིས་གི་བོད་མི་མང་དང་རང་གཞུང་ལ་མཐུན་ལམ་དམ་པོ་བཟོ་དགོས་པ་དེ་རེད།
ད་ལོ་༧གོང་ས་མཆོག་གིས་མང་གཙོ་ཡང་དག་པའི་མཚན་ཉིད་ཡོངས་སུ་ཚང་བར་བྱེད་བཅུག་པ་དེས་གཞོན་ནུའི་ཕུགས་མདུན་ལ་རེ་བ་གསར་བའི་སྒོ་ཆེན་ཅིག་ཕྱེ་པ་རེད།
ང་ཚོ་བཙན་བྱོལ་སྤྱི་ཚོགས་སུ་ལྟ་བ་རང་ཚུགས་ཐུབ་པ་དང་། ལས་འགུལ་ཚང་མའི་སྔོན་བསྐྱོད་པ་ནི་གཞོན་ལྷན་གྱི་ཚོགས་པ་འདི་ཡིན་པས། བསྟན་དགྲ་རྒྱར་དམར་གྱིས་ཀྱང་རྒྱུན་ཏན་ནས་མི་ལོག་ལྟ་བཞིན་པར་ཡང་རྒྱུ་མཚན་ངེས་ཅན་ཞིག་ཡོད། ད་སེམས་ཤུགས་མ་ཆགས་པར་མདུན་དུ་བསྐྱོད་དང་དཔའ་བོ་ཚོ།
བོད་པའི་གཞོན་ནུ་དག་བློ་སྤོབས་ཆེན་པོས་མདུན་སྐྱོད་བྱ་རྒྱུ་ནི་གལ་ཆེན་རེད།
ད་གཞོན་ལྷན་འདིས་རྒྱ་ཁ་གཏད་མི་ཅོག་ག། ནང་ཁུལ་འཐབ་རྩོད་དང་དབང་བསྒྱུར་གྲལ་རིམ་གྱི་རྐུབ་ཀྱོག་འཐབ་རྩོད་བྱེད་ས་ལས། བོད་རང་བཙན་གྱི་རེ་བ་ཡོད་ས་མེད་ཀི
དོན་ངོ་མ་ཁྱེད་ཚོས་སྙིང་སྟོབས་མི་མང་ལ་བསྟན་སོང་ཐུགས་རྗེ་ཆེ། དུས་ནམ་ཡིན་རུང་མི་རིགས་ཀྱི་རྩ་དོན་ཆེད་སེམས་ཤུགས་མ་ཆགས་པར་ཕྱག་ལས་གནང་བཞིན་པ་ལ་རྗེས་སུ་ཡི་རིང་ཡོད། གུས་པ་ཡང་ཁྱེད་ཚོས་རྒྱབ་ན་ཡོད་ཐུགས་རྗེ་ཆེ།