ཨོ་གླིང་གི་བོད་རིགས་མི་མང་རྣམས་ཀྱིས།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་༧གོང་ས་མཆོག་ལ་མཚན་དམོད་བསྙོན་འཛུགས་ཞུ་མཁན་ཚོར་དགོངས་ཚུལ་གསལ་སྟོན་ཡོད་པ་ཞུ།
ཕྱི་ལོ་༢༠༡༨་ལོར་དབུས་གཞོན་ནུ་ལྷན་ཚོགས་ཀྱི་དབུ་ཁྲིད་རྣམས་ཨོ་གླིང་སིཌ་ཎིར་ཕྱོགས་བསྐྱོད་སྐབས་སུ་ས་གནས་ཚོགས་རྒྱུན་འདེམས་ཐོན་བྱུང་བའི་གནས་ཚུལ་འདི་བདེན་པ་ཡིན་ན། དབུས་རྒྱུན་ནས་གནས་ཚུལ་གསལ་བོར་མ་མཁྱེན་པའམ། ཡང་ན་མཁྱེན་བཞིན་དུ་ནོར་འཁྲུལ་ཚབས་ཆེན་ཞིག་བཟོས་འདུག མི་ཉག་བརྩོན་འགྲུས་འོད་ཟེར་རམ་སིཌ་ཎི་ས་གནས་གཞོན་ནུའི་ཚོགས་གཙོ་ནི་མངོན་སུམ་འཛེམས་མེད་ཐོག་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམོད་བསྙོན་འཛུགས་ཞུ་མཁན་ཞིག་ཡིན་པ་ནི་ཡོངས་གྲགས་ཡིན། འོན་ཀྱང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གལ་འགངས་ཧ་ཅང་ཆེ་བའི་ས་གནས་ཨོ་གླིང་ཁུལ་གྱི་གཞོན་ནུའི་སྒྲིག་འཛུགས་ནང་། ཚོགས་གཙོའི་མིང་འཛིན་པའི་མི་ཉག་བརྩོན་འགྲུས་འོད་ཟེར་གྱི་རྒྱབ་ལྗོངས་ལོ་རྒྱུས་གསལ་བོར་མཁྱེན་ཡོད་མེད་དང་། དམ་ཉམས་ཁོ་ཡིས་༧གོང་ས་མཆོག་ལ་མཚན་དམོད་བྱས་པའི་ཐོག་དགོངས་ཚུལ་གང་འདྲ་ཞིག་ཡོད་དམ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་ནི། ་་གཞིས་བྱེས་བོད་མི་ཡོངས་ཀྱི་བློ་གཏོད་རེ་རེ་ཡུལ་གཅིག་ཉིད་༧གོང་ས་༧སྐྱབས་མགོན་ཆེན་པོའི་དབུ་ཁྲིད་ལམ་སྟོན་ཡང་དག་མུན་སེལ་འོག་ཤར་བསྐྱོད་བྱ་རྒྱུ་གཞི་རྩར་བཟུང་ཐོག་བོད་གཞུང་འབངས་ཀྱི་སྤྱི་དོན་ལ་ལྷག་བསམ་འཁུར་ལེན་རྨང་གཞིར་འཁྱེར་བ། ལུང་ཚན་དང་། ཆོས་ལུགས། གྲལ་རིམ་སོགས་དབར་འཐེན་འཁྱེར་གྱི་བསམ་བློ་སྤངས་ཏེ་བླང་དོར་འཇུག་ལྡོག་མ་ནོར་བ་དང་འབྲེལ། མང་ཚོགས་ནང་མཛའ་མཐུན་དམ་གཙང་གཅིག་གྱུར་ཡོང་ཐབས་ལྷུར་ལེན་འབད་སྒྲུབ་བྱ་རྒྱུ་་ གསུང་ཡོད་པ་འདི་ཁ་ཞེ་གཉིས་མེད་ཅིག་ཨེ་ཡིན། གལ་སྲིད་དེ་འདྲ་ཡིན་ན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚད་དམོད་བསྙོན་འཛུགས་ཞུ་མཁན་དང་ཨོ་གླིང་བོད་མི་སྤྱི་ཚོགས་ནང་དཀྲུག་མཁན་གཏེ་བོ་མི་ཉག་བརྩོན་འགྲུས་ས་གནས་གཞོན་ནུའི་ཚོགས་གཙོར་ཇི་ལྟར་སླེབས་པ་རེད་དམ།
རྩ་བའི་ཆ་ནས་ས་གནས་བོད་རིགས་ཁག་ཅིག་གིས་དམ་ཉམས་མི་ཉག་བརྩོན་འགྲུས་འོད་ཟེར་གྱི་བྱ་ངན་སྐོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཡིག་ངག་གཉིས་ཐོག་ཕུལ་པའི་གནས་ཚུལ་འདུག་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་ལས་རྣམས་ནས་མི་ཉག་བརྩོན་འགྲུས་ཀྱིས་༧གོང་ས་མཆོག་ལ་མཚན་དམོད་བསྙོན་འཛུགས་བྱས་པའི་སྒྲ་སྒམ་སོགས་ལ་ཡང་བསྐྱར་གསན་འདོད་པ་ནི་ཨེ་ཡིན། མི་ཉག་བརྩོན་འགྲུས་ཟེར་བ་དེས་༧གོང་ས་མཆོག་ལ་དད་དམ་གཡོ་བ་མེད་པའི་མི་མང་རྣམས་ནི་ཐོས་པ་ཙམ་གྱིས་སྐྱི་གཡའ་ཞིང་འཇིགས་སུ་རུང་བ། དགྲ་བོ་རྒྱ་དམར་དང་རྒྱུགས་ཁྱི་དོལ་ཚོགས་ནས་ཀྱང་ཕལ་ཆེར་བཤད་མྱོང་མེད་པའི་བསྙོན་འཛུགས་བྱས་ཡོད་པ་ནི། ༧གོང་ས་མཆོག་ལ་ ་་མི་གསོད་ལག་དམར་་ ཡིན་ཚུལ་གྱི་གཏམ་བཤད་དེ་སྤྱི་ཚོགས་དྲ་རྒྱ་ཁག་གི་ནང་ཡོངས་གྲགས་ཡིན་པ་དེ་རེད།
ས་གནས་བོད་རིགས་ཚོགས་པའི་སྒྲིག་གཞི་དང་གྲོས་ཆོད་ཁག་གི་ནང་གསལ་བོར་འཁོད་ཡོད་པ་ཞིག་ནི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམོད་བསྙོན་འཛུགས་ཞུ་མཁན་ཚོར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་དེ་བཞིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་དང་གྲོས་ཆོད་ཁག་གི་ནང་དེ་ལྟར་འཁོད་ཡོད་ངེས་ཡིན་ལ་ཕྱག་བསྟར་དགོས་ངེས་ཀྱང་ཆགས་ཡོད།
སིཌ་ཎིའི་ས་གནས་གཞོན་ནུ་ཚོགས་པ་ནི་ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ལས་དོན་ལ་འགལ་རྐྱེན་བཟོ་མཁན་ཞིག་དུ་དམིགས་ནས་བཙུགས་པ་མིན་ན་ནི། ས་གནས་གཞོན་ནུའི་ལས་དོན་བྱེད་ཕྱོགས་ལ་ལམ་སྟོན་གསལ་བོ་ཞིག་གང་མགྱོགས་གནང་དགོས་ངེས་ཡིན་པ་ནི་ཞུ་མ་དགོས། འདི་ལོར་སིཌ་ནིའི་གྲོང་ཁྱེར་ནང་ས་གནས་བོད་རིགས་ཚོགས་པ་ཁག་གསུམ་དང་བོད་དོན་ལྷན་ཁང་མཉམ་འབྲེལ་ཐོག་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་འཆར་ཡོད་པ་ས་གནས་གཞོན་ནུ་ཚོགས་པས་འདི་ལྟར་རྩ་གཏོར་ལ་བཏང་སོང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་གུས་བརྩི་ཆེད་ས་གནས་གཞོན་ནུ་ཚོགས་པའི་དྲུང་ཆེའམ་རྒྱུན་ལས་གཞན་གྱིས་བསྒྲགས་གཏམ་སྤེལ་བར་མི་མང་ནས་རྒྱབ་སྐྱོར་བྱས་ཡོད། འོན་ཀྱང་། ཀླུ་མཁར་བྱམས་དང་ཚོགས་གཙོའི་མིང་ཅན་མི་ཉག་བརྩོན་འགྲུས་འོད་ཟེར་གཉིས་ནི་སྤྱི་ཚོགས་ཐོག་རྙོག་གླེང་ཅན་གྱི་མི་སྣ་ཡིན་པས་ན། མི་མང་གི་སྒང་ལ་བསྡད་དེ་གཏམ་བཤད་གནང་རྒྱུ་ནི་ངོས་ལེན་བྱེད་ཐབས་བྲལ་བར་བརྟེན། ས་གནས་བོད་རིགས་ཚོགས་པ་ཁག་གསུམ་ནས་ད་ཐེངས་ཀྱི་ལས་འགུལ་དེ་ཨོ་གླིང་རྒྱལ་ས་ཁེན་སྦེ་རར་སྤེལ་རྒྱུའི་ཐག་གཅོད་གནང་འདུགས་གནས་གཞོན་ནུའི་མིང་ཁུར་ཏེ་མི་ཉག་བརྩོན་འགྲུས་ཀྱིས་ཐེངས་འདིའི་ཚོགས་པ་ལྔས་གོ་སྒྲིག་ཞུ་བཞིན་པའི་གསུམ་བཅུའི་དུས་དྲན་སྲུང་བརྩི་ལ་འགལ་རྐྱེན་ཆེན་པོ་བཟོས་ནས་མི་མང་ལ་བརྡབ་སིག་ཆེན་པོ་སྤྲད་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཞིབ་འཇུག་གནང་སྟེ་དམ་ཉམས་མི་ཉག་བརྩོན་འགྲུས་འོད་ཟེར་ས་གནས་གཞོན་ནུའི་ཚོགས་གཙོ་ནས་འཕྲལ་མྱུར་གནས་དབྱུང་གཏོང་དགོས་ངེས་རེད།
ས་གནས་གཞོན་ནུའི་ཚོགས་པའི་མིང་ཐོག་ནས་གསུམ་བཅུའི་དུས་དྲན་བེད་སྤྱོད་ལོག་པར་བཏང་བ། མི་ཉག་བརྩོན་འགྲུས་འོད་ཟེར་གྱིས་ས་གནས་གཞོན་ནུ་ཚོགས་པའི་མིང་ཐོག་ནས་ས་གནས་སུ་ལས་འགུལ་སྤེལ་རྒྱུའི་ཆོག་མཆན་ཞུས་པ་ནི་གསུམ་བཅུའི་དུས་དྲན་སྲུང་བརྩིའི་ཆེད་དུ་མ་རེད།ས་གནས་སིཌ་ཎིའི་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་ལ་དཀའ་ངལ་སྤྲོད་པ་དང་། དེ་ལ་ངོས་ལེན་མེད་པ།རྒྱུན་ལས་ནས་ལོགས་སུ་ལས་འགུལ་སྤེལ་ཏེ་གཙོ་བོ་རྒྱུན་ལས་ལ་ཁ་གཏད་གཅོག་རྒྱུའི་ཆེད་རེད། སོ་སོ་མི་སྒེར་གཅིག་བོད་རིགས་ཚོགས་པའི་རྒྱུན་ལས་ལ་འདོད་མོས་མེད་པ་དེ་སེམས་ལ་བཅང་བཞིན། ས་གནས་གཞོན་ནུ་ཚོགས་པའི་མིང་ཐོག་ནས་སྤྱི་བའམ་གཞུང་འབྲེལ་གྱི་མཛད་སྒོ་གསུམ་བཅུའི་དུས་དྲན་ཐེངས་དྲུག་བཅུ་དེ་བེད་སྤྱོད་ལོག་པར་བཏང་བ་རེད། བསམ་པ་ནག་པོ་དང་། སྦྱོར་བ་ནག་པོ། མཇུག་འབྲས་ནག་པོ་འདི་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་དགོངས་ཚུལ་གང་འདྲ་ཞིག་ཡོད་དམ།
མི་ཉག་བརྩོན་འགྲུས་འོད་ཟེར་གྱིས་ཐེངས་འདིའི་བོད་རིགས་ཚོགས་པའི་རྒྱུན་ལས་རྩིས་མེད་འགྲོ་དགོས་པའི་ཐོག་ལ་བརྡ་འཕྲིན་ཚོགས་པ་སྣ་ཚོགས་ནང་ཡོངས་གྲགས་ཐོག་གཏམ་བཤད་མང་པོ་བྱས་ཡོད། ས་གནས་གཞོན་ནུ་ཚོགས་པ་ནི་སིཌ་ཎིའི་བོད་རིགས་ཚོགས་པའི་ཁྱབ་ཁོངས་ཀྱི་ཚོགས་པ་ཆུང་ཆུང་ཞིག་དང་། ཚོགས་མིའི་ཡོང་ཁུངས་ཀྱང་བོད་རིགས་མཐུན་ཚོགས་ལས་གཞན་མེད། ཀླུ་མཁར་བྱམས་དང་ས་གནས་གཞོན་ནུ་གཉིས་ཀྱི་འབྲེལ་བ་གང་ཞིག་ཡིན་པ་དང་། ལྷག་པར་དུ་ད་ཐེངས་ཚོགས་པ་ལྔའི་གོ་སྒྲིག་གི་ལས་འགུལ་འདི་ལ་ས་གནས་གཞོན་ནུ་ནས་བོད་པའི་སྤྱི་ཚོགས་ཁྲོད་རྩོད་རྙོག་ཅན་གྱི་མི་སྣ་སྐུ་མགྲོན་སུ་གདན་འདྲེན་ཞུ་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་གང་ཡིན་ནམ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་ཀླུ་མཁར་བྱམས་ལ་འཛིན་པའི་ལངས་ཕྱོགས་གང་ཡིན་ནམ། ༧གོང་ས་མཆོག་ལ་མངོན་སུམ་འཛེམས་མེད་ཐོག་མཚན་དམོད་བསྙོན་འཛུགས་ཞུ་མཁན་མི་ཉག་བརྩོན་འགྲུས་ས་གནས་གཞོན་ནུར་བསྐོ་བཞག་བྱེད་ཚུལ་དང་། ཀླུ་མཁར་བྱམས་ས་གནས་གཞོན་ནུའི་སྐུ་མགྲོན་གཙོ་བོ་ཡིན་པ་སོགས་ལ་ཨོ་གླིང་མི་མང་གི་བློ་གཡེང་ཆེན་པོ་བྱེད་ཀྱི་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དགོས་པ་དང་དམིགས་ཡུལ་ལས་རྒྱབ་བརྒལ་དུ་སོང་བའི་མི་སྣ་རྣམས་ཀྱིས་གཞོན་ནུ་ལྷན་ཚོགས་ཀྱི་མིང་ཐོག་ནས་བོད་ཀྱི་སྤྱི་ཚོགས་ལ་བརྡབ་གསིག་ཆེན་པོ་གཏོང་བཞིན་འདུག
ལྷག་པར་དུ་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་རྩ་ཆེན་པོ་དེ་སིཌ་ཎིར་གྲོང་ཁྱེར་ནང་གཞི་རྒྱ་ཆེན་པོ་ཞིག་སྤེལ་བར་འགོག་རྐྱེན་བཟོས་ཡོད།
ཨོ་གླིང་གི་བོད་རིགས་མི་མང་རྣམས་ཀྱིས་བློ་འཚབ་ཆེན་པོ་དང་བཅས་ཕུལ།
ཕྱི་ལོ་༢༠༡༨ ཟླ ༣ པའི་ཚེས ༧ ཉིན།
༄༅། ཀླུ་དཀར་བྱམས་ཟེར་མཁན་དེ་གང་ཡང་མི་བྱོན་པ་དང། ༧གོང་ལ་མཆོག་ལ་ཟུར་ཟ་སྐྱོན་
བརྗོད་བྱེད་མཁན་དེ་ཨོ་གླིང་ས་གནས་གཞོན་ནུའི་སྐུ་མགྲོན་གཙོ་བོར་མགྲོན་འབོད་བྱས་པ་
ནི་ཤེས་བཞིན་ཁྱེད་བཟོས་བྱས་པ་ཞིག་རེད།
བོད་སྤྱི་བའི་ལས་དོན་གང་ཡང་མེད་་བྱས་མེད་པ། ཁ་སྐམ་པོས་ཚིག་རྗིག་པོ་བཤད་མཁན་རེད།
བོད་ལ་གཡག་རྗི་དང་་་བཙན་བྱོལ་ནང་ལ་རང་བཙན་རྩོད་མཁན་ཟེར་བ་ངོ་ཚ།
གཞོན་ནུའི་མིང་གནོད་ཀྱི་རེད་ད།
་་་་་་་་་་་ འོན་ཀྱང་། ཀླུ་མཁར་བྱམས་དང་ཚོགས་གཙོའི་མིང་ཅན་མི་ཉག་བརྩོན་འགྲུས་འོད་ཟེར་གཉིས་ནི་སྤྱི་ཚོགས་ཐོག་རྙོག་གླེང་ཅན་གྱི་མི་སྣ་ཡིན་པས་ན། ་་་་་་་་་་་་
་
་་་་་་་་་་་ ཀླུ་མཁར་བྱམས་ས་གནས་གཞོན་ནུའི་སྐུ་མགྲོན་གཙོ་བོ་ཡིན་པ་སོགས་ལ་ཨོ་གླིང་མི་མང་གི་བློ་གཡེང་ཆེན་པོ་བྱེད་ཀྱི་ཡོད། ་་་་་་་་་
ཀླུ་གར་བྱམས་ནི་ངོ་མ་ཆབ་སྲིད་པ་ཞིག་ཡིན་ཡང། ཆབ་སྲིད་ཁྲབ་མི་ཤེས་མཁན་ཞིག་རེད་འདུག་ གོང་ས་མཆོག་ལ་མཚན་སྨད་ཞུས་ཟེར་བ་ངས་ངོས་ལེན་མེད། གལ་སྲིད་ཁྱོད་རང་ཆབ་སྲིད་པ་ཞིག་བྱེད་འདོད་ཡུལ་དུས་ལ་ལྟོས་ནས་ཆབ་སྲིད་ཁྲབ་དགོས་པ་ཞིག་རེད།
གནས་ལུགས་གོ་ལོག xxxx
དེང་སང་གི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་སམ་ཡང་ན་སྣེ་ཁྲིད་ཀྱི་གོ་གནས་སོགས་ཡོད་པའི་མི་སྣ་དག་གི་བྱ་བྱེད་ལས་གསུམ་ལ་ཞིབ་ཀྱིས་རྟག་ཡོང་ན། ད་ནི་བོད་ཀྱི་གཞོན་དུ་ལྷན་ཚོགས་ཞེས་པའི་ཚོགས་པ་མིང་གྲགས་ཅན་འདི་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཞེས་པའི་མིང་ལས་འདའ་སྟེ་ལུང་ཚན་ཞེ་བྲག་པ་ཞིག་གི་ཚབ་མཚོན་གྱི་ཚོགས་པ་ལྟ་བུར་གྱུར་དང་འགྱུར་བཞིན་པའི་རྟགས་ཇེ་མང་ནས་ཇེ་གསལ་དུ་འགྲོ་བཞིན་འདུག་པས། བོད་སྤྱི་ལ་ལྷག་བསམ་དང་ཤ་ཞེན་ཡོད་པའི་གཞོན་ནུའི་གནད་ཡོད་མི་སྣ་དག་གིས་བསམ་བློ་གཏོང་དགོས་པའི་དུས་ལ་བབས་ཡོད་པའི་མི་ཚད་འཕྱི་བའི་ཚད་རེད། གལ་ཏེ་མུ་མཐུད་འདི་མུར་སོང་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཞེས་པ་འདི་ཡང་བོད་སྤྱི་ཚོགས་ཀྱི་མཐུན་སྒྲིལ་དང་མཉམ་གནས་ལ་འགལ་རྐྱེན་བཟོ་བའི་འགལ་རྐྱེན་འབའ་ཞིག་ཏུ་འགྲོ་བ་ལས་མི་རབས་རྒན་པ་དག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་བཙུགས་པའི་དམིགས་ཡུལ་ལས་ལྡོག་ཕྱོགས་སུ་འགྲོ་བཞིན་འདུག་གོ། དེ་བཞིན་བོད་རང་དབང་སློབ་ཕྲུག་ཚོགས་པ་ཟེར་བ་འདིའང་འདི་དང་གཅིག་པ་རེད་འདུག་པས། ཚོགས་པ་འདིའི་དངོས་ནས་ཀྱང་དེང་གི་ཚོགས་པའི་བྱེད་ལས་ལ་བསྐྱར་ཞིབ་ཅིག་བྱ་དགོས་ཀྱི་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རང་བཙན་ཁ་ལ་འཁྱེར་ནས་ཆབ་སྲིད་ཁྲབ་བཞིན་པ་ནི། དེ་ཡང་བོད་རིགས་ཀྱི་ཞབས་འདྲེན་རེད་དོ།།
འོནད་ཀྱང་བོད་ཀྱོ་ཚོགས་པ་མ་ཡིན་པར། བོད་རིགས་སྒེར་པ་རང་བཙན་འདོད་པ་ནི། ལ་རྒྱ་རེད། དེ་ན་ང་ཡང་དགའ་པོ་ཡོད་དོ། དེ་གཉིས་དབྱེ་འབྱེད་མ་ནོར་བ་གྱིས་ཤིགུ
གནས་ཚུལ་འདིའི་ནང་དོན་བདེན་མིན་ནི་མི་ཤེས། འོན་ཀྱང་སྙན་ཞུ་འདི་ཨོ་གླིང་བོད་པ་༼རྣམས་༽ལྟ་ཅི། སིད་ནིས་ཁུལ་གྱི་བོད་པའང་ཚང་མས་ནི་ཡིན་རྒྱུ་མ་རེད། ང་ས་གནས་འདིར་ཡོད་ཀྱང་སུ་གཅིག་གིས་སྙན་ཞུ་འདི་འདྲ་ཞིག་འབྲི་གིན་ཡོད་ཅེས་ལབ་མ་སོང་། དེས་ན་ཨོ་གླིང་གི་༼མི་མང་རྣམས་༽ཅེས་སྨོས་པ་འདིས་སྙན་ཞུ་འདིའི་ལྗིད་ཁོག་གི་ནུས་པ་དང་ཡིན་རྟོན་གྱི་རང་བཞིན་ཅུང་ཟད་ཆུང་དུ་བཏང་བར་འདུག་སྙམ། གལ་ཏེ་བསམ་ཚུལ་འདྲ་ཡོད་ན་འབྲི་མཁན་གྱིས་རང་གི་མིང་དང་ཡང་ན་མཉམ་ཞུགས་གནང་མཁན་དུ་མ་ཡོད་ན་དེ་དག་གི་ཡང་གྲངས་དང་མཚན་སོགས་གསལ་བའི་ཐོག་ནས་འབུལ་རྒྱུ་དེ་ནམ་ཡང་གལ་ཆེ་བ་རེད། དེ་ཚོ་དངོས་གནས་ཀྱི་འགན་འཁུར་བའི་ལས་ཀ་བྱེད་སྟངས་རེད་སྙམ། ད་ནི་ཁ་བརྡའི་ནང་དུའང་མཆན་འདེབས་མཁན་ཀ་རྡོ་ང་གཉིས་ཙམ་ལས་ཆེར་མི་ཡོང་བར་འདུག་པས་དྲ་གྲོགས་རྙིང་གྲས་ཀ་རྡོ་ལ་ཁ་རོགས་ཙམ་བྱས་པ་ཡིན་ཧཧཧཧ
ཤེས་ཡོན་ལས་མི་སྤྱོད་གལ་ཆེ། xxxxxxxxx
ཆེ་རིང་བཀྲིས་ཁྱོད་ཀྱིས་སྙན་ཞུ་འདིའི་སྐོར་ལ་གོ་གི་མ་རེད། ཁྱོད་ཀྱི་འཁོར་ལ་ཡོད་པ་ཚོས། སྙན་ཞུ་འབྲི་ལྟ་ཅི། སྙན་ཞུ་འབྲི་མཁན་ཚོར་ངོ་རྒོལ་བྱེད་སྲིད་པ་རེད།
སིད་ནིའི་ས་གནས་གཞོན་ནུའི་མི་སྤྱོད་ངོ་མ་འདི་རེད།
སིད་ནིའི་ས་གནས་གཞོན་ནུའི་ཚོགས་གཙོའི་མི་སྤྱོད་ངོ་མ་འདི་རེད།
ཚང་མ་ཉན་ཞིག་ཉོན་དང་།
https://www.facebook.com/100009112990237/posts/1954303918216689/
རྫ་ཚེ་རིང་བཀྲ་ཤིས། ཁྱོད་ཀྱིས་སྙན་ཞུ་དེ་ཤེས་ཀྱི་མ་རེད། ཨོ་སི་ཀྲོ་ལི་ཡའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་འདུ་དང་། ལོ་གསར། ཆང་སའི་དགའ་སྟོན་བཅས་ལ་དྲང་བདེན་ལ་དགའ་བའི་ཁམས་རིགས་རེ་ཟུང་ཙམ་མ་གཏོགས་མང་ཆེ་བ་འོངས་ཀྱི་མེད། དེ་གྲས་ནས་ཁྱོད་རང་ནམ་རྒྱུན་ཆོལ་ཁའི་ཞེན་འཁོགས་མེད་མདོག་སྟོན་ཏེ་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་སྤྲེལ་ལད་དང་། གཟིགས་བཟོས་ཐོབ་ཐབས་ལ་འབད་པ་དང་། ཡང་ཕྱོགས་གཅིག་ནས་ཁྱོད་རང་ཁམས་ཞེན་གྱིས་དབང་དུ་སོང་སྟེ། བོད་རིགས་མཐུན་ཚོགས་ཀྱི་ཚོགས་འདུ་ཕར་ཞོག་འདི་ལོའི་ཆོ་འཕྲུལ་དུས་ཆེན་སྐབས་༸གོང་ས་མཆོག་གི་སྐུ་ཕྱྭའི་བཀའ་འགྱུར་དག་སྒྲོག་ལ་ཡང་ཉིན་གཅིག་ཀྱང་འོངས་མེད་པ་མ་ཟད། གོ་རྒྱུ་ཡང་མེད་པ་ག་རེ་རེད། ཁྱོད་ཆོས་པ་ཡིན་ཁུལ་དང་སྤྱི་སེམས་ཆེ་མདོག་གིས་མུ་མཐུད་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ཁེ་ཕན་ཐོབ་དགོས་ན་སྤྱི་པའི་མི་ཚད་ལྡན་ཞིག་གྱིས་དང་། དེ་སྔོན་ཁྱོད་རས་བློ་སེང་བཀའ་ཁྲིར་དང་པོ་ལངས་སྐབས་༸བོད་ཀྱི་བང་ཆེན་ཐོག་རྫ་ཆུའི་ཕོ་ཉ་ཞེས་པའི་མིང་ཐོག་༸གོང་ས་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་ལ་ཚད་སྨད་ག་ཚོད་ཞུས་ཡོད་པ་ཤེས་མཁན་གཅིག་གིས་ཤེས་ཀྱི་ཡོད་རེད་དཱ།
རྫ་ཚེ་རིང་བཀྲ་ཤིས།བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་གནང་བའི་གཞུང་འབྲེལ་དུས་ཆེན་གཅིག་ལ་མི་ཡོང་དོན་ཅི་རེད། ཆོལ་ཞེན་ཡིན་ནམ། དྲ་ཐོག་ནས་དཀྲུག་དཀྲུག་མ་གནང་། བསམ་ཚུལ་ཡོད་ན་མི་མང་ཚོགས་སར་ཤོག ཧ་གོ་ན་མ་གོ་ཁུལ་མ་བྱེད།
#8 རྫ་ཚེ་རིང་བཀྲ་ཤིས། ་ལགས་ཀྱིས་སྤེལ་དོན།:
March 11th, 2019 at 2:16 am
་་་་་་་་་རེད་སྙམ། ད་ནི་ཁ་བརྡའི་ནང་དུའང་མཆན་འདེབས་མཁན་ཀ་རྡོ་ང་གཉིས་ཙམ་ལས་ཆེར་མི་ཡོང་བར་འདུག་པས་དྲ་གྲོགས་རྙིང་གྲས་ཀ་རྡོ་ལ་ཁ་རོགས་ཙམ་བྱས་པ་ཡིན་ཧཧཧཧ
་
ལགས་སོ། ལགས། རྫ་ཚེ་རིང་བཀྲ་ཤིས་ལགས།
ངས་དྲང་མོ་ཞུས་ན་ངའི་ལོ་རྒྱུའི་ཐོག་དྲ་མིང་རྫུན་མའི་ཐོག་ནས་ཞབས་མཆན་འབྲི་མ་མྱོང་། དེ་ཡིད་ཆེས་ན་དེ་རེད། བློ་བཟང་སེང་གེ་བཀའ་ཁྲི་དང་པོ་ལངས་དུས་རྒྱབ་སྐྱོར་གྱི་རྩོམ་ཡིག་གཉིས་བྲིས་ཡིན། ད་དུང་ཡང་རྒྱབ་སྐྱོར་བྱེད་ས་ནོར་མི་འདུག་སྙམ་གྱི་ཡོད། ཕྱག་ལས་དེ་ཚོ་གང་འཚམས་འགྲིག་བསྡད་པར་ངོས་འཛིན་མུ་མཐུད་བྱ་བཞིན་ཡོད། སིད་ནི་ཡི་བོད་རིགས་མཐུན་ཚོགས་ཀྱིས་བློ་བཟང་སེང་གེ་སིད་ནིའི་ཁུལ་དུ་ཡོང་རྒྱུ་འགོག་ཆེད་ཞི་བདེའི་གཟེངས་རྟགས་ཕྱིར་འཐེན་གནང་བ་དེ་དངོས་གནས་ཐལ་ཆ་ཅན་ཞིག་ཏུ་མཐོང་སོང་། གཞན་ཆོལ་ཁ་ཆོས་ལུགས་ཀྱི་བསམ་བློའི་དབང་གིས་མིན། བོད་རིགས་མཐུན་ཚོགས་ཡིན་པའི་ཆ་ནས་སྒེར་གྱི་སྔར་གྱི་གནས་བབ་མ་འདྲ་བའི་སྐབས་ཀྱི་གང་བྱུང་བ་དེ་ཚོ་རེ་ཞིག་ཟུར་འཇོག་བྱས་ནས་ཕྱག་ལས་གནང་ན་ཁེ་ཕན་སྤྱི་སྒེར་གཉིས་ཀར་ཐོབ་ཀྱི་ཡོད་རེད། གཞན་གོང་ས་མཆོག་གི་སྐུ་ཕྱ་བཀའ་འགྱུར་འདོན་སྐབས་ང་སིད་ནི་ལ་སླེབས་མི་འདུག ང་སྤྱི་ཟླ་གཉིས་པའི་ཚེས་བཅུ་དགུའི་དགོང་མོ་འབྱོར་ཡིིན། དེ་ཙམ་ཡིན། སྐུ་ཚེ་རིང་།
ད་དུང་ལྷག་པ་ལ་གནད་འགག་གཅིག་ཞུས་ན། ངས་སྙན་ཞུ་དེ་ཤེས་ཀྱི་མེད་ན། ང་ཡང་ས་གནས་དེ་ཀའི་ཡིན་ཙང་ངའི་མི་ཤེས་བཞིན། ངའི་མོས་མཐུན་ཡོད་མེད་མ་ཤེས་བཞིན། སིད་ནིའི་མི་མང་རྣམས་ཀྱིས་ཞེས་བྲིས་ན་ཡང་དག་པ་མ་རེད་སྙམ། དེ་སྙན་ཞུ་རིགས་པའི་གཞུང་ལུགས་ལྟར་ན་དེ་འདྲ་མིན་འགྲོ།
་་་་་་་་་ སིད་ནི་ཡི་བོད་རིགས་མཐུན་ཚོགས་ཀྱིས་བློ་བཟང་སེང་གེ་སིད་ནིའི་ཁུལ་དུ་ཡོང་རྒྱུ་འགོག་ཆེད་ཞི་བདེའི་གཟེངས་རྟགས་ཕྱིར་འཐེན་གནང་བ་དེ་དངོས་གནས་ཐལ་ཆ་ཅན་ཞིག་ཏུ་མཐོང་སོང་། ་་་་་་་་
་་་་་་་་བློ་བཟང་སེང་གེ་སིད་ནིའི་ཁུལ་དུ་ཡོང་རྒྱུ་འགོག་ཆེད་ཞི་བདེའི་གཟེངས་རྟགས་ཕྱིར་འཐེན་གནང་བ་་་་་་་་་་་ ཟེར་བ་འདི་གནས་ཁ་གསལ་པོ་བྱང་མ་སོང་བས། འདི་ལས་གསལ་ཙམ་འོངས་བར་མཁྱེེན། ཞུའོ།།
མི་མང་ཞེས་པ་ནི་མང་ཚིག་ཞིགས་རེད་དེའི་ནང་ཡིན་ཅིག་་ཛ་ཚེ་རིང་བཀྲ་ཤིས་མང་ཚིགས་དེའི་ནང་འཚུད་དགོས་ཡོད་་ཟེར་ན་རིགས་ཚོ་མ་ཟིན་པའི་སྨྲ་བ་པོ་ཞིགས་རེད་དེར་ན་གྲོགས་པོ་མཚོ་ལན་འདེབས་དཀའ་བས་ འཆོར་རོ་
ཆོལ་ལུགས་དང་ཆོལ་ཁའི་དུག་ཆུ་འཐུང་མཁན་ཚོས། ང་མི་མངས་ཀྱིས་གདམས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་མཆོག་ལ་ཡར་གཤེངས་རྟགས་ཕུལ་ཆོག་ཆོག་གཅིག་དང་། ཡང་། ལུང་ཞེན་གྱིས་སྒེར་ནང་མནར་དུས་གཟེངས་རྟགས་ཕྱིར་ཐེན་གྱིས། མར་དམའ་འབེབས་བྱེད་ཆོག་ཆོག་གཅིག་ཡོད་མ་རེད་དོ། བོད་རིགས་རྨོངས་རྒན་ཚོ།། །།
རྫ་ཚེ་རིང་བཀྲ་ཤིས་ལགས། སིད་ནིའི་བོད་རིགས་ཚོགས་པས་ཞི་བདེའི་གཟེངས་རྟགས་ཀྱི་དུས་ཆེན་དེ་སྲིད་སྐྱོང་དེ་གར་ཡོང་རྒྱུར་འགོག་རྒོལ་ཆེད་ཡིན་པའི་བདེན་དཔང་འདའར་ཡོད་ན་གསུངས་རོགས། སྐབས་དེའི་རྒྱུན་ལས་ཚོས་གནས་ཚུལ་གཞན་ཞིག་བཤད་ཀྱིན་འདུག སྐུ་ཉིད་སྤྱི་ཚོགས་ཁྲོད་ཆེ་མཐོང་ཡོད་པས་མི་ཞིག་ཡིན་ཕྱིན་འདི་རིགས་གང་བྱུང་ཤོད་རྒྱུ་མ་རེད་སྙམ།
རྫ་ཚེ་རིང་བཀྲ་ཤིས། ཁྱོད་རྒྱལ་བའི་སྐུ་ཕྱྭའི་ཆེད་བཀའ་འགྱུར་དག་སྒྲོག་སྐབས་ས་གནས་སུ་མེད་ན་འོངས་མ་ཐུབ་པ་བདེན་མོད། དེ་བཞིན་ཁྱོད་ཀྱིས་བློ་སེང་བཀའ་ཁྲིར་ལངས་སྐབས་རྒྱབ་སྐྱོར་བྱས་པ་དང་རྩོམ་ཡིག་བྲིས་པར་ང་ལ་བསམ་ཚུལ་ཅུང་ཟད་ཀྱང་མེད། འོན་ཀྱང་རྩོམ་ཡིག་གི་ནང་དུ་༸གོང་ས་མཆོག་གིས་དབུ་ཁྲིད་པའི་སྐབས་དེ་དང་དེའི་བཀའ་ཤག་ལ་ཟུར་ཟ་ཚད་ལས་འདས་པ་བྱས་པ་དང་། ཡང་ཕྱོགས་གཅིག་ནས་དགའ་ལྡན་ཕོ་བྲང་ལ་སྤྲེལ་ལད་འཁྲབ་པའི་བྱེད་སྟངས་དེ་གཉིས་ཐབས་རྡུགས་རེད། ཅེས་པ་དེ་ཡིན།
གནད་དོན་གཉིས་པ། སྔ་ལོའི་ནོར་ཝེའི་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོའི་སྐོར་རྙོག་གླེང་རབས་དང་རིམ་པ་བྱུང་བའི་ཡིག་འབྲེལ་ཁག་སྐབས་དེ་དང་དེར་དྲ་རྒྱའི་ལམ་དུ་རྒྱ་ཆེར་ཁྱབ་བསྒྲགས་བྱས་སོང་། འོན་ཀྱང་ཁྱོད་ཀྱིས་མཆན་བཏབ་པའི་ནང་། “སིད་ནི་ཡི་བོད་རིགས་མཐུན་ཚོགས་ཀྱིས་བློ་བཟང་སེང་གེ་སིད་ནིའི་ཁུལ་དུ་ཡོང་རྒྱུ་འགོག་ཆེད་ཞི་བདེའི་གཟེངས་རྟགས་ཕྱིར་འཐེན་གནང་བ་དེ་དངོས་གནས་ཐ ལ་ཆ་ཅན་ཞིག་ཏུ་མཐོང་སོང་།” ཞེས་བཤད་འདུག སིད་ནི་བོད་རིགས་མཐུན་ཚོགས་ཀྱིས་སྔ་ལོའི་སྤྱི་ཟླ་ ༡༢ ཚེས་ ༡༠ ཉིན་ནོར་ཝེའི་ཞི་བདེའི་གཟེངས་རྟགས་འབུལ་བའི་མཛད་སྒོ་དུས་ཐོག་ཏུ་འཚོགས་པ་དྲ་རྒྱ་ཁག་ནས་མཐོང་རྒྱུ་ཡོད་བཞིན་དུ་དེ་ལྟར་ཤོད་པ་མ་ཤེས་པ་རེད་དམ། ཤེས་བཞིན་དུ་འཁྱོག་བཤད་རེད། ཡང་ན་གཞན་ཟེར་ཅལ་འདྲོགས་རེད། ངས་ཁྱོད་བོད་རིགས་མཐུན་ཚོགས་ཀྱི་འདུ་འཛོམས་ཁག་ལ་རྒྱང་བཀྱེད་ནས་སྡོད་ཀྱི་འདུག་ཅེས་པ་གནས་ཚུལ་དེ་ནས་ར་འཕྲོད་པ་རེད།
དོན་གནད་གསུམ་པ། སྙན་ཞུའི་མགོ་བརྗོད་དུ། “སིད་ནིའི་མི་མང་རྣམས་ཀྱིས་”ཞེས་བྲིས་པ་དེར་ཁྱོད་ནད་མ་འཁྱོགས་པ་རེད། འོན་ཀྱང་ངས་བསམས་ན་ཁྱོད་ཀྱིས་རྩ་བ་བོར་ནས་ཡལ་ག་ལ་བཅངས་འདུག་སྙམ། གོང་དུ་དྲ་གྲོགས་དྲང་སྲོང་གཅེར་བུ་ཞེས་པས། བཏང་བའི་མི་ཉག་བརྩོན་འགྲུས་ཀྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུས་པའི་སྒྲ་སྒམ་དེར་ཁྱོད་བསམ་ཚུལ་ཅུང་ཟད་ཀྱང་མེད་པ་དངོས་གནས་ཡ་མཚན་ཆེན་པོ་བྱུང་།
རྩོམ་ཡིག་འདི་རྫ་ཚེ་རིང་བཀྲ་ཤིས་ལ་འབྲེལ་བ་མེད་པས་དྲ་གྲོགས་ཚོས་བགྲོ་གླེང་བྱེད་དགོས་དོན་མི་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བསྐོ་བཞག་བྱས་པའི་ཨོ་གླིང་སིཌ་ཎིར་ཁུལ་དུ་དམ་ཉམས་མི་ཉག་བརྩོན་འགྲུས་ཟེར་བ་དེའི་སྐོར་ལ་རེད། མི་ཉག་བརྩོན་འགྲུས་ཟེར་བ་དེས་༧གོང་ས་མཆོག་་མི་གསོད་ལག་དམར་རེད་ཟེར་བ་ཁོ་རང་གིས་བཤད་པའི་སྐད་ཆ་རེད། སྐད་ཆ་དེ་མཚན་དམོད་ཡིན་མིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གསལ་བོར་མཁྱེན་མདོག་ཁ་བོ་རེད། བློ་ཕམ་པ་ཞིག་ལ་སྲིད་སྐྱོང་མཆོག་དང་། ཨོ་གླིང་དོན་གཅོད་ལྷག་པ་མཚོ་སྒོ་ཚང་མས་མི་ཉག་བརྩོན་འགྲུས་སོགས་༧གོང་ས་མཆོག་ལ་མཚན་དམོད་ཞུ་མཁན་ཚོར་སྲུང་སྐྱོབ་དང་། གྲོགས་པོ་ཡག་ཤོས་རེད་འདུག འདིའི་གསང་བ་ཤེས་རྒྱུ་ཧ་ཅང་ཁག་པོ་རེད།
ཚོད་དཔག་གཅིག་རང་ནི། འབའ་བ་སྐལ་བཟང་རྒྱལ་མཚན་གྱི་ཁོག་ལ་རྒྱ་མི་ཞུགས། སྲིད་སྐྱོང་དང་དོན་གཅོད་ལྷག་པ་མཚོ་སྒོ་གཉིས་ཀྱི་ཁོག་ལ་འབའ་བ་སྐལ་བཟང་ཞུགས། མི་ཉག་ཕོ་རྒོད་བརྩོན་འགྲུས་དང་ཁམས་ཐུབ་རྡོར་སོགས་ཀྱི་ཁོག་ལ་དོལ་རྒྱལ་ཞུགས། གང་ལྟར་མགོ་ནས་མཇུག་བར་དུ་ཆུ་བཞི་སྒང་དྲུག་གི་ནད་ཚ་རྙིང་པ་དེ་འགོས། ན་ཚ་དེས་བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་ལ་འགོས། ད་ལྟ་ཨོ་གླིང་དུ་ཡང་ན་ཚ་འགོས་ཚད་ཧ་ཅང་ཆེ་བས་བོད་རིགས་མི་མང་ནས་བློ་འཚབ་བྱེད་ཀྱི་ཡོད་ལ། གཟབ་གཟབ་ཡང་བྱེད་རྒྱུ་ཧ་ཅང་གལ་ཆེ།
་་་་་་་་་་་་་ སྐབས་དེའི་རྒྱུན་ལས་ཚོས་གནས་ཚུལ་གཞན་ཞིག་བཤད་ཀྱིན་འདུག ་་་་་་་ ཟེར།
འདི་ལ་ཁུངས་ཡོད་ན། གསུང་རོགས་གནོངས་དང་།
ལྷག་པ་ལགས་སུ་ཞུ་རྒྱུར། ངས་སྔོན་བློ་བཟང་སེང་གེ་བཀའ་ཁྲིར་ལངས་སྐབས་ཀྱི་རྩོམ་ཡིག་ད་དུང་དྲ་ཐོག་ན་ཡོད་རེད། རྩོམ་ཡིག་གཅིག་གི་མིང་ལ་ངའི་བཀའ་ཁྲི་དང་གངས་སེང་འགྱུར་བ་མེད་ཅེས་པ་ཡིན། གཞན་དེའི་མིང་ལམ་སང་དྲན་མ་སོང་སྟེ། གྷོ་གྷར་ནས་རྙེད་གི་རེད། དེའི་ནང་ན་༧གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་ཟུར་ཟའི་དྲི་ཙམ་ཡང་མེད། ངས་རང་གི་བསམ་ཚུལ་དངོས་གནས་ཞུས་ན་ང་ལ་དཔང་རྟགས་ཡོད་མེད་ལ་མ་བལྟོས་པར་གང་ལྟར་ཆོལ་ཁ་ཆོས་ལུགས་གང་གི་ངོས་ནས་མིན་པར་ད་ཐེངས་དེ་བློ་བཟང་སེང་གེ་སིད་ནིའི་ལ་མི་ཡོང་བའི་ཆེད་དུ་ཆབ་སྲིད་རྩེས་པ་ཞིག་རེད་སྙམ་པའི་མཐོང་ཚུལ་བྱུང་། དེ་ང་རང་གི་ཚོར་སྣང་དངོས་ཡིན། གལ་ཏེ་ངའི་ཚོར་བ་ནོར་ཡོད་ན་ཡག་ཤོས་རེད། ནོར་ཡོད་པར་ཤོག གཞན་བོད་རིགས་མཐུན་ཚོགས་འདིས་དང་པོ་རྩིས་མེད་བཏང་དེ་ནས་ཡང་དོན་གཅོད་ཀྱིས་ས་གས་དེ་གར་ཚོགས་གཏན་ཡོངས་སུ་ཁེལ་དུས་ཡང་དེ་ལས་གཞན་དུ་གོ་སྒྲིག་གཞན་ཞིག་བྱས་པ་འདི་ལ་ང་མགོ་ལྷག་ཏུ་མཐོམས་སོང་། དེ་ང་རང་གི་མཐོང་ཚུལ་ཡིན། དེ་མ་གཏོགས་ཐོག་མར་ཁོང་ཚོ་ལ་འོས་ཐོབ་སྐབས་ཀྱང་ང་ལ་དེའི་སྐོར་སྐད་ཆ་བཤད་མཁན་མང་པ་ོབྱུང་སོང་། ངས་གང་ལྟར་ཚང་མའི་རིག་ས་གོ་ས་ནས་འོས་བླུགས་ནས་ཐོབ་པ་རེད། སྒེར་གྱི་འདོད་པ་མེད་མཁན་ཡོད་མིན་ལ་མ་ལྟོས་པར་མཇུག་འབྲས་དང་ལེན་དགོས་པ་དེ་མང་གཙོའི་སྤྱི་འགྲོས་རེད་ཅེས་ཐེངས་མང་བཤད་པ་ཡིན། དེ་ལྟར་བསམ་གྱི་ཡང་ཡོད། དེ་མིན་ལོ་སར་སྐབས་ནི་ང་དེར་མེད། མ་འོངས་པར་ལོ་རྗེས་མའི་འཁྲུངས་སྐར་དེ་ཚོ་རྒྱུན་ལྡན་བཞིན་གནང་བ་ཡིན་ན་ང་ཡང་མཉམ་ཞུགས་ཞུ་དང་ཞུ། དྲང་མོ་བཤད་ན་འདིའི་ཐོག་ལ་ཡང་དོན་ལ་ས་ཡིག་དང་མི་གཅིག་་གི་མིང་མེད་པར་མི་མང་རྣམས་ནས་ལབ་པ་དེས་དེ་བས་ཀྱང་ནུས་མེད་འདྲ་ཞིག་ཆགས་པ་རེད། ཁྱད་པར་དུ་གང་ཟག་རེ་རེ་ལ་ཁྱད་པར་གང་ཡང་བཟོ་གི་མ་རེད། མི་ཉག་བརྩོན་འགྲུས་ཀྱིས་ཀྱང་ང་དེའི་ནང་ན་འདུག་ཟེར་ནས་ང་ལ་གྱོད་རྒྱག་ཏུ་ཡོང་གི་མ་རེད། དེའི་ཆ་ནས་གནད་མི་ཁྱོག་པ་ཞིག་ཡོད་མ་རེད། ཡིན་ན་ཡང་། སྤྱིར་བཏང་གི་བགྲོ་གླེང་ཙམ་ཡིན། མི་ཉག་བརྩོན་འགྲུས་ཀྱིས་སྐུར་བ་བཏབ་ཡོད་མེད་སོགས་དེང་སང་མི་སུ་ཡིན་ཡང་མི་གཞན་དེ་ནག་པོ་བཟོ་བ་ལ་ལམ་སང་༧གོང་ས་མཆོག་གིས་ལག་ཆ་བྱེད་པ་འདི་ལས་ཐབས་སྐྱོ་བ་ཞིག་མི་འདུག ཐ་ན་གོང་གི་འདིས་ཀྱང་སྐབས་དེར་ངས་སྲིད་སྐྱོང་དང་འབྲེལ་བའི་རྩོམ་བྲིས་པར་ཡང་༼གོང་ས་མཆོག་གིས་དབུ་ཁྲིད་པའི་སྐབས་དེའི་གཞུང་ལ་སྐྱོན་བརྗོད་བྱས་འདུག་༽ཅེས་༧གོང་ས་མཆོག་གི་མཚན་མར་ཁུར་ནས་ངའི་མགོ་ལ་བཞུ་གིན་འདུག ཡིན་ན་ཡང་སྐབས་དེར་ངས་བསྡུར་ས་དེ་ཡང་བཀྲིས་མཐོང་བསྟན་འཛིན་རྣམ་རྒྱལ་དང་རྒྱ་རི་སྒྲོལ་མ་གཉིས་རེད། ད་དེ་ཚོ་བཤད་ནས་གང་བྱེད། མཁྱེན་པར་འདོད་ན་རྩོམ་ཡིག་དངོས་ལ་གཟིགས།
གཏམ་བཟང་ཞིག་ལ། འདི་ལོའི་ཉོན་ཡོག་ལ་སུམ་བཅུ་དུས་དྲན་རང་དབངཐོག་བོད་མི་ནང་ཁུལ་བར་འཁྲུགས་རྩོད་མེད་པ་སྤེལ་སོང་། ལོ་སྔོན་མ་༧གོང་ས་མཆོག་ཁ་ལ་ཁུར་ནས་རྒྱ་དགའ་ཚོས་བོད་མི་བར་ལ་འཁྲུགས་རྩོད་དེ་བཟོས་་བཞག་པ་གསལ་པོ་བྱུང་སོང་། མང་པོ་མི་བཤད།
རྒན་་ཚེ་བཀྲ་ལགས། སྐུ་ཉིད་ཀྱིས་” སིད་ནི་ཡི་བོད་རིགས་མཐུན་ཚོགས་ཀྱིས་བློ་བཟང་སེང་གེ་སིད་ནིའི་ཁུལ་དུ་ཡོང་རྒྱུ་འགོག་ཆེད་ཞི་བདེའི་གཟེངས་རྟགས་ཕྱིར་འཐེན་གནང་བ་དེ་དངོས་གནས་ཐལ་ཆ་ཅན་ཞིག་ཏུ་མཐོང་སོང་།”ཞེས་ཁ་བརྡ་ནང་བཀོད་པ་དེས་གོ་ལའི་ཐོག་གི་བོད་མི་མང་པོའི་ཡིད་རྨོངས་སུ་བཅུག་པ་ལས་ཕན་འབྲས་ཏིལ་འབྲུ་ཙམ་མ་མཐོང་། ལར་དེང་སྐབས་༧གོང་ས་མཆོག་གི་བཀའ་ལས་ཆོལ་བཞེན་ཅན་པོ་ཚོའི་གཏམ་ལ་དགའ་གུས་ཆེ་བའི་སྤྱི་ཚོགས་ཅལ་འདྲོགས་ཚ་པོ་འདིར། ཤེས་ཅན་ཚོས་འགན་འཁུར་ཏོག་ཙམ་གནང་བའི་སྐད་ཆ་ཤོད་པ་ལས་ད་དུང་ནང་འཁྲུགས་གཞིའི་བཀའ་མོལ་གནང་ན་གང་ནས་འདྲིས་སྙམ། གོང་དུ་ཁྱེད་ཀྱིས་བྲིས་པའི་ནང་དོན་ལ་དཔྱད་ཞིབ་བྱས་ན་ཁྱེད་ཡང་དེང་སང་ཅལ་གཏམ་ལ་འགའ་མཁན་ཞིག་ཆགས་ཡོད་ཚོད་ལས། དངོས་ཐོག་བདེན་དཀྲོལ་གྱི་ཚིག་གཅིག་ཀྱང་མི་འདུག། སྲིད་སྐྱོང་སིད་ནི་ཁུལ་གྱི་མཛད་འཕྲིན་ལ་དོ་ཕོག་བཟོ་མཁན་དངོས་དེ། བོད་རིགས་མཐུན་ཚོགས་ཀྱི་ནོར་སྦེལ་ཞི་གཟེངས་རྟགས་ཚོགས་ཉིན་སྲིད་སྐྱོང་བྱོན་པ་དང་མ་བྱོན་གཉིས་ཀར་་རྒོལ་བྱེད་ཀྱི་ཡིན་ཟེར་མཁན་མི་དམངས་ཚོ་གཉིས་པོ་དང་། སྲིད་སྐྱོང་གི་མཛད་རིམ་ཕྱིར་ཐེངས་མཛད་མཁན་སྐུ་ཚབ་དོན་གཅོད་གསུམ་པོ་རེད། རྒྱུན་ལས་རྣམས་འདི་གསུམ་བར་ན་ཡར་ལངས་ན་མགོ་རྡེབ་མར་བསྡད་ན་སྐུབ་རྡེབ་ཅེས་པའི་དཔེ་ལྟར་དཀའ་ཁག་བཟོས་ཡོད། གཞི་རྩའི་ཁྱེད་ལྟ་རྒྱ་དང་ཐོས་རྒྱ་བཟང་བའི་མི་ལ་བརྫུན་ཚིག་རྐྱང་པ་གོ་དགོས་ཅི་རེད་དམ། དེ་སྐོར་ཞིབ་ཕྲ་ཤེས་འདོད་ན་དེབ་གཅིག་ཡོད་པས་སྐུ་ཉིད་ཀྱི་ཁ་བྱང་འཇོག་དང་ངས་བཀུར་ཆོག། སྐུ་ཁམས་བཟང་།
རྫ་ཚེ་རིང་བཀྲ་ཤིས་ཀྱིས”སིད་ནི་ཡི་བོད་རིགས་མཐུན་ཚོགས་ཀྱིས་བློ་བཟང་སེང་གེ་སིད་ནིའི་ཁུལ་དུ་ཡོང་རྒྱུ་འགོག་ཆེད་ཞི་བདེའི་གཟེངས་རྟགས་ཕྱིར་འཐེན་གནང་བ་དེ་དངོས་གནས་ཐལ་ཆ་ཅན་ཞིག་ཏུ་མཐོང་སོང་།” ཞེས་སྐད་ཆ་བཤད་པ་དངོས་གནས་ཐལ་ཆ་ཅན་ཞིག་ཡིན་པར་མ་ཟད་རྫུན་ཡང་རེད། ང་རང་སྐབས་དེར་ཞི་བདེ་གཟེངས་རྟགས་ཉིན་དངོས་སུ་ཚོགས་ཐོག་ལ་བཅར་བ་ཡིན། བདེན་དབང་།སྐབས་དུས་བརྙན་པར་སོགས་ག་ས་གང་ན་མཐོང་ཡ་འདུག དོན་དངོས་སུ་སྲིད་སྐྱོང་སེ་ནེ་ལ་ཡོང་མ་ཐུབ་པའི་རྒྱུ་རྐྱེན་གྱི་མགོ་རྩོམ་ས་སྤྱི་འཐུས་ཚོགས་གཙོ་ཟུར་བ་སྤེན་་པ་ཚེ་རིང་ཨ་རིའི་དོན་གཅོད་ལས་ལས་མཚམས་བཞག་པ་དེ་ལ་ཐུག་ཡོད་པ་རེད། ཆོལ་ཞིན་གྱི་ན་ཚ་ཡང་རྒྱུ་རྐྱེན་དེ་ལ་ཐུག་ཡོད་པ་རེད་སྙམ། རྒྱུ་རྐྱེན་དངོས་མི་འཚོལ་བར།བར་མཚམས་བཅད་ནས་རྒྱུ་རྐྱེན་གླེང་ན་དེ་རྒྱ་ནང་གི་ས་སྐྱ་བ་ནས་བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་དང་འདྲ་བོ་རེད།ཕྱོགས་ཞེན་རང་ལུགས་ཀྱི་མཁས་པ་དེ་འདྲ་ཉོབ་ཡ་རེད།
ཚེ་རིང་བཀྲ་ཤིས་ལགས། དེ་ལྟར་ན་ཁྱེད་ལའང་ས་གནས་བོད་རིགས་ཚོགས་པས་སྲིད་སྐྱོང་ཡོང་རྒྱུར་འགོག་རྐྱེན་དུ་དམིགས་ནས་དེ་ལྟར་བྱས་པས་དཔང་རྟགས་ཁུངས་ཐུབ་ཞིག་མི་འདུག ཚོར་སྣང་ནི་ཚོར་སྣང་ཙམ་རེད། ཁྱེད་རང་གི་སྨོན་ལམ་བཏབ་པ་བཞིན་ནོར་ཡོད་ལས་ཆེ། ངས་ནི་ཁྱེད་ལ་རྒྱུ་མཚན་ཡིན་རྟོན་ཅན་ཞིག་ཡོད་ཤག་བྱས་པ་ཡིན་མོད། འོན་ཀྱང་དེ་ཙམ་རེད། ཚོད་དཔག་ཙམ་ནི་སུས་ཀྱང་བྱེད་ཆོག་མོད། ཤེས་ཡོན་ཅན་དང་མཐོང་རྒྱ་ཡོད་མཁན་ཞིག ལྷག་པར་དུ་སྤྱི་ཚོགས་ཀྱི་སྣེ་ཁྲིད་པའི་གྲས་སུ་ལང་མཁན་ཞིག་ཡིན་པའི་ཆ་ནས་གནས་ཚུལ་འདི་རིགས་ཚོད་དཔག་ཁོ་ནས་རྗེས་སུ་འབྲང་སྟེ་བཤད་རྐྱང་བྱེད་ག་ལ་རུང་སྟེ། དེ་ལྟར་ན་ལམ་སྟོན་མཁན་དང་སྟོན་ས་གཉི་ག་གཡང་ལ་ཟག་རྒྱུ་ལས་མ་འདས་པས་སོ།
གལ་སྲིད་སྐུ་ཉིད་ལ་གནས་ཚུལ་འདིའི་ཕྱོགས་གཉིས་ཆ་མཁྱེན་འདོད་ཡོད་ན་ས་གནས་རྒྱུན་ལས་ཀྱི་སྐད་ཆ་ལའང་གསན་འཇོག་དང་དཔྱད་པ་ཅུང་ཙམ་གནང་འོས་པར་མ་ཟད། རང་ཉིད་གནས་ཚུལ་རྙོག་འཛིང་ཅན་གང་ཞིག་གི་དཀྱིལ་དབུས་སུ་ལང་མཁན་ཞིག་བྱེད་པའམ་བྱེད་འདོད་ཡོད་ན་ཕྱོགས་གཉིས་གར་རྒྱུས་ལོན་བྱེད་དགོས་པ་ནི་རྨང་གཞིའི་ཆ་རྐྱེན་དང་། རང་ཉིད་དེ་འདྲ་ཞིག་ཏུ་འགྱུར་བའི་ཆ་རྐྱེན་གཙོ་བོ་དེ་ཡང་ཡིན་ནོ།
ཚེ་རིང་བཀྲ་ཤིས་ལགས། དེ་ལྟར་ན་ཁྱེད་ལའང་ས་གནས་བོད་རིགས་ཚོགས་པས་སྲིད་སྐྱོང་ཡོང་རྒྱུར་འགོག་རྐྱེན་དུ་དམིགས་ནས་དེ་ལྟར་བྱས་པས་དཔང་རྟགས་ཁུངས་ཐུབ་ཞིག་མི་འདུག ཁྱོད་རྒྱལ་བའི་སྐུ་ཕྱྭའི་ཆེད་བཀའ་འགྱུར་དག་སྒྲོག་སྐབས་འོངས་མ་ཐུབ་པ། དེ་བཞིན་ཁྱོད་ཀྱིས་བློ་སེང་བཀའ་ཁྲིར་ལངས་སྐབས་རྒྱབ་སྐྱོར་བྱས་པ་དང་རྩོམ་ཡིག་བྲིས་པར་ང་ལ་བསམ་ཚུལ་མེད། འོན་ཀྱང་རྩོམ་ཡིག་གི་ནང་དུ་༸གོང་ས་མཆོག་ལ་ཟུར་ཟ་ཚད་ལས་འདས་པ་བྱས་པ་དང་། ཡང་ཕྱོགས་གཅིག་ནས་དགའ་ལྡན་ཕོ་བྲང་ལ་སྤྲེལ་ལད་འཁྲབ་པའི་བྱེད་སྟངས་དེ་གཉིས་ཐབས་རྡུགས་རེད།
སྐད་ཆ་འདི་སྐྱག་རྫུན་སྐྱག་ནག་རེད། མི་མང་གིས་བསམ་ཚུལ་ཟེར་བ་དེ་སོག་སྐད་རྒྱག་མཁན་འབྲོག་གོག་འགས་སྐད་ཆ་རེད་སི་ནེ་བོད་མི་མང་ཤོས་ཀྱིས་གསལ་པོ་ཤེས་ཡོད་རེད
རེད་ལགས།
གྲ་ནང་འ་འབུ་སོགས་མིང་རྫུན་ཅན་ཡོངས་ལ་ཞུ་གསོལ། སྲིད་སྐྱོང་སིད་ནིའི་ཁུལ་དུ་ཕེབས་མ་ཐུབ་པ་དང་། དུས་ཐོག་དེར་ཛ་དྲག་གིས་མཛད་སྒོ་ཕྱིར་འཐེན་བྱས་པ་ནི་སྲིད་སྐྱོང་སིད་ནིའི་ཁུལ་དུ་མི་ཡོང་བའི་ཐབས་ཤེས་བྱས་པའི་བྱ་སྤྱོད་ཅིག་ཏུ་དངོས་གནས་མཐོང་སོང་། ངས་ཀྱང་དོན་གཅོད་ཀྱི་གསལ་བཤད་སོགས་ཕྱོགས་ཕན་ཚུན་གྱི་བྱུང་རིམ་མང་པོ་ཞིག་ལ་རྟེན་ནས་ཞུ་གིན་ཡོད། དེ་ནི་ང་རང་གི་དོན་དག་འདི་ལ་ལྟ་ཚུལ་ཡིན། ལྟ་ཚུལ་འདི་ང་རང་གི་བྱུང་རིམ་ཧྲིལ་པོ་བལྟས་པ་ལས་བྱུང་བའི་ལྟ་ཚུལ་རེད། དེ་ནི་ད་ཡོད་རྒྱུན་ལས་རྣམ་པའི་ཞལ་མཇལ་ནའང་ངས་གོ་བ་དེ་འདྲ་ཞིག་ལས་ལོན་མ་སོང་ཞེས་ཞུ་རྒྱུ་ཡིན། སྤྱི་ཚོགས་ཀྱི་སྣེ་ཁྲིད་མཁན་ང་ལྟ་བུ་མིན་ན་ཡང་། ནམ་རྒྱུན་རང་གི་བསམ་ཚུལ་དངོས་དེ་ཞུ་མཁན་ཞིག་ཡིན་པའི་ཆ་ནས་སུ་ལ་ཐུག་ཀྱང་བསམ་ཚུལ་དངོས་གང་ཡིན་པ་དེ་ཞུ་རྒྱུ་ལས་ཐབས་ཟད། ཁྱོད་ལ་དེ་འདྲའི་ལྟ་ཚུལ་ཡོད་མི་ཆོག་ལབ་ས་ནི་ཡོད་མ་རེད། བསམ་ཚུལ་དང་ལྟ་ཚུལ་མི་འདྲ་བ་ཡོད་ཆོག་པ་ཆོས་ཉིད་རེད། བསམ་ཚུལ་ཡང་དག་པ་མ་རེད་ཅེས་དངོས་གནས་ལྷ་འདྲ་ཁོ་ཐག་ཆོད་པའི་ར་སྤྲོད་ཅིག་ཡོད་ན་ནི་ང་ཡང་། ༼གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །༽རང་ཉིན་ལགས། གཞན་ད་ལྟའི་ཆར་དེ་ལས་གཞན་མེད། ང་རང་གི་བསམ་ཚུལ་ཡིན་ཟེར་བ་དེ་ཡང་དྲང་མོ་བཤད་ན་ཚོར་སྣང་ཙམ་ཡིན་ཟེར་བའི་དོན་ཙམ་མ་རེད། ང་རང་གི་ད་ལྟའི་ཆའི་དོན་དག་འདིའི་སྐོར་ལ་ལྟ་ཚུལ་དངོས་དེ་དེ་ཡིན་ཟེར་བའི་དོན་ཡིན། དེ་ཡང་མཆན་འདི་ཡང་འགན་ཁུར་བའི་བྱ་སྤྱོད་ཅིག་ཡིན་དགོས་སྟབས་ང་རང་རང་གི་མིང་ཐོག་ནས་འབྲི་བཞིན་ཡོད།
འཇམ་དབྱངས་ནོར་བུར་ལན་འདེབས།
https://www.facebook.com/119306658803462/videos/587652078388610/
རྫ་ཚེ་རིང་བཀྲ་ཤིས་ལགས། དྲྭ་མིང་དངོས་མིང་ཡིན་མིན་འདི་གནད་དོན་ཆེན་པོ་མ་རེད། གཙོ་བོ་སྐད་ཆའི་ནང་དོན་རེད། ཁྱོད་ཀྱིས་བོད་རིགས་ཚོགས་མི་འགས་སྲིད་སྐྱོང་འགོག་རྐྱེན་དུ་དམིགས་ཏེ་ཕྱིར་འཐེན་བྱས་པ་ཐག་ཆོད་འདུག་ན་དེའི་ཕྱོགས་ནས་རྩོམ་ཡིག་ཅིག་བྲིས་ན་འཚམས་པོ་འདུག དེ་མ་གཏོགས་སྐད་ཆ་དུད་སྨུག་འདྲ་བ་ཞིག་གིས་མི་མང་པོ་ཞིག་མགོ་འཐོམ་དུ་འཇུག་པ་ལས་གཞན་མེད། དེ་ལྟར་རེ་སྐུལ་ཀྱང་ཞུ་བཞིན་ཡོད།
རང་བཙན་ཁ་འཁྱེར།
ལུང་ཚན་དཀྲུག་མཁན།
ཆོས་ལུགས་གོས་འཁྱེར།
དབུས་ལམ་སྒྲོགས་མཁན།
་
ཡར་བཀྱག་མར་རྡབ།
ཁྲག་མདོག་ལས་འགན།
ཡར་འགྲོ་མར་འཐེན།
བོད་མིའི་གཤིས་ངན།
་
རྙིང་ཞེས་རུལ་སུངས།
གསར་གཏོད་ཨ་གསར།
རང་སྐད་མི་ཤེས།
གཞན་སྐད་མཁས་མདོག
་
ཆོས་དད་ཤོར་ཞོར།
ལ་རྒྱ་རྐུ་ཤོར།
རང་མེད་མི་མེད།
ཀླད་སྟོང་མང་རུ།
་
༸དགུང་ཀེག་འཁེལ་འདུག
མཆམ་མཐུན་གྱིས་དང་།
འཆི་བདག་འོང་བགྱིད།
ཆོས་སྒྲུབ་གྱིས་དང་།
་
མ་རབས་བཞག་ནས།
ཡ་རབས་གྱིས་དང་།
གླེན་རྟགས་བཞག་ནས།
མཁས་རྟགས་སྟོན་དང་།
་
ཁ་བརྡའི་ནང་ལ།
གང་མཁོ་བྲིས་དང་།
ཀརྡོ་ང་ཡིས།
མཆན་ཐུང་འབུལ་ཆོག