བོད་ཀྱི་དུས་བབ་ནས་དྲངས།
རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་དངོས་མེད་ཤུལ་བཞག་རིག་གནས་ནང་བོད་ཀྱི་གསོ་བ་རིག་པ་དེ་རྒྱ་ནག་གི་བོད་སྨན་ཞེས་བཅུག་པར་བོད་ཀྱི་སྨན་རྩིས་ཁང་གི་དགེ་ལས་སློབ་ཕྲུག་ཚོས་རྒྱ་གར་རྒྱལ་ས་ལྡི་ལི་རུ་དུས་ཡུན་ངེས་མེད་རིང་ངོ་རྒོལ་བྱེད་བཞིན་ཡོད་འདུག
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༤༥ སྟེང་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ། བོད་ཀྱི་སྨན་རྩིས་ཁང་གི་ལས་དོན་གལ་ཆེན་དྲུག་ཅེས་པའི་ཐོག་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་། གསལ་བསྒྲགས་སྐབས་ད་ལྟའི་ཆར་བོད་ཀྱི་གསོ་བ་རིག་པ་ཞེས་སྨན་རྩིས་ཁང་ཟུར་དུ་འཇོག་ཐབས་དང་། ཧི་མ་ལ་ཡའི་གསོ་བ་རིག་པ་ཞེས་གཙོ་བོ་ལ་དྭགས་མཚོན་པའི་ཧི་མ་ལ་ཡའི་རི་རྒྱུད་ནས་འབད་བརྩོན་དང་རྒྱ་གར་ཨ་ཡོ་ཤི་ནས་ཁ་ཡ་བྱེད་ཀྱི་ཡོད་པ་དེར་མཐའ་གཅིག་ཏུ་བློ་ཕམ་དང་ངོ་རྒོལ་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་འཛམ་གླིང་རྒྱལ་སྤྱིའི་ཤེས་རིག་དང་ཚན་རིག རིག་གཞུང་ལྷན་ཚོགས་ཀྱི་ཁོངས་(Intangible Cultural Heritage)སུ་བོད་སྨན་དེ་དངོས་མེད་ཤུལ་བཞག་རིག་གནས་ཀྱི་སྡེ་ཚན་ཁོངས་སུ་རྒྱ་ནག་གི་བོད་སྨན་ཞེས་བཞག་ཡོད་པར། དེ་རིང་ནས་རྒྱ་གར་རྒྱལ་ས་ལྡི་ལི་གསར་པ་རུ་ཡོད་པའི་རྒྱལ་སྤྱིའི་(UNESCO)ལས་ཁུངས་མདུན་དུ་བོད་ཀྱི་སྨན་རྩིས་ཁང་གི་ལས་བྱེད་དང་སློབ་ཕྲུག་ཚོས་དུས་ཡུན་ངེས་མེད་རིང་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་སྐོར་བརྗོད་སོང་།
གསར་འགོད་གསལ་བསྒྲགས་སྟེང་སྨན་རྩིས་ཁང་གི་ལས་དོན་གལ་ཆེན་དྲུག་ཅེས་པའི་སྐོར་ལ་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་སོང་བའི་ནང་། སྦེང་ལོར་སྨན་རྩིས་ཁང་གི་མཐོ་སློབ་ཨར་པོའི་འཛུགས་སྐྲུན་ལེགས་པར་གྲུབ་སྟེ། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༤ ནས་བཟུང་ད་ལྟའི་མཐོ་སློབ་ཀྱི་དགེ་སློབ་ཚོ་ཁག་གཅིག་གནས་སྤོ་བྱ་རྒྱུ་ཡིན་པ་དང་། སྤྱིར་མཐོ་སློབ་ཀྱི་འཛུགས་སྐྲུན་དེ་གཞན་ལ་མིག་དཔེ་སྟོན་རྒྱུ་ཡིན་ཞེས་རྒྱ་གར་དབུས་གཞུང་ཨཱ་ཡུཥ་ལས་ཁུངས་དང༌། ཀར་ན་ཊག་མངའ་སྡེ་ཨཱ་ཡུཥ་ལས་ཁུངས་གཉིས་ནས་གསུངས་ཡོད་པས། དེ་ནི་མ་འོངས་འཛུགས་སྐྲུན་གྱི་ལས་གཞི་གཞན་ཐོག་ལ་དབུས་ས་གཉིས་ནས་རོགས་རམ་ཐོབ་རྒྱུར་དགེ་ཕན་ཡོང་རྒྱུ་དང་། སྦེང་ལོར་དུ་སྨན་རྩིས་དགེ་སློབ་ཡོངས་རྫོགས་དུས་གཅིག་དུ་སྤོར་མི་དགོས་པར་ ༢༠༢༠ ལོར་སློབ་སྤྱི་དང་སློབ་སྤྱི་གཞོན་པ་གཉིས། དགེ་རྒན་ལས་བྱེད་བཅས་གྲངས་ ༡༡ དང༌། སྐར་རྩིས་ཡན་ལག་གསར་འཛུགས་ཀྱི་ཆེད་དུ་ལས་བྱེད་ ༡༡། སྐབས་༨༢ ཀྱི་སྨན་སློབ་གྲངས་ ༢༥ དང༌། སྐབས་ ༢༣ གྱི་སྨན་སློབ་གྲངས་ ༢༤། སྐབས་ ༡༢ སྐར་རྩིས་སློབ་མ་གྲངས་ ༡༡ དང༌། སྐབས་ ༡༣ རྩིས་སློབ་གྲངས་ ༡༢ བཅས་ཁྱོན་བསྡོམས་མི་གྲངས ༩༤ སྤོ་བཞུད་བྱ་རྒྱུ་ཡིན་པ་དང་། དེ་བཞིན་དགེ་སློབ་གྲངས་ཚད་འདྲ་མཚུངས་ཤིག་བཞུགས་སྒར་དུ་མུ་མཐུད་གནས་རྒྱུ་ཡིན། ཞེས་བཀོད་འདུག
ཡིག་ཆའི་ནང་མུ་མཐུད་། སྐར་རྩིས་སྡེ་ཚན་ཁོངས་སྐོར་བསྐྱོད་དང་རྒྱ་སྐྱེད་སྡེ་ཚན་(Outreach and Development)ཞེས་པ་གསར་འཛུགས་བྱ་རྒྱུ་ཡིན་པ་དང་། བོད་ཀྱི་སྐར་རྩིས་རིག་པ་ནི་བོད་ཀྱི་མཐུན་མོང་མ་ཡིན་པའི་རིག་གནས་ཞིག་ཡིན་ཞིང་རྒྱལ་སྤྱིའི་ནང་དོན་སྣང་ཇེ་ཆེར་འགྲོ་བཞཱིན་པའི་མྱུར་ཚད་དེ་ལ་དགའ་སྤོབས་སྐྱེ་འོས་པའི་གནས་སྟངས་ཤིག་ཡིན། དེ་ནི་གསལ་བསྒྲགས་ཙམ་དུ་མ་ལྷག་པར་སྐར་རྩིས་ཁོངས་ལས་དོན་བྱེད་ཕྱོགས་ཐོག་རང་དབང་གང་འཚམ་ཡོད་པའི་སྡེ་ཚན་གསར་འཛུགས་ཞུས་ནས་བོད་ཀྱི་དཀར་ནག་དབྱངས་གསུམ་གྱི་རིག་གནས་འདི་བོད་པའི་ནང་འགྲོ་རྒྱུགས་བརྒྱ་ཆ་ ༡༠ དང་། དེ་འཕྲོས་བརྒྱ་ཆ་ ༩༠ རྒྱ་རིགས་དང་། རྒྱ་གར། ཕྱི་རྒྱལ་བ་སོགས་ལ་ཡིན་པར་དེའི་ཕྱོགས་སུ་ནུས་ཤུགས་སྤུང་དགོས་པར་བརྟེན་སྐོར་བསྐྱོད་དང་རྒྱ་སྐྱེད་སྡེ་ཚན་གསར་བ་ཞིག་འཛུགས་རྒྱུར། དེའི་འགན་འཛིན་དུ་སྐར་རྩིས་དགེ་རྒན་བློ་ལྡན་ལགས་བསྐོས་པ་ཡིན་ལ། སྡེ་ཚན་འདི་ནས་རྒྱལ་སྤྱིའི་ནང་བོད་ཀྱི་སྐར་རྩིས་རིག་པ་ཁྱབ་སྤེལ་ཙམ་མ་ཡིན་པར་སྨན་རྩིས་ཁང་ལ་འདུ་འགོད་གཟེངས་སུ་ཐོན་པ་ཡོང་རྒྱུའི་དམིགས་ཚད་བཟུང་གི་ཡོད། ཅེས་བཀོད་འདུག
སྨན་རྩིས་ཁང་ནས་སྨན་པ་བསྟེན་གཏུགས་མི་དགོས་པར་ནད་པར་སྨན་སྦྱིན་བྱེད་ཕྱོགས་སྐོར་ལ་ཡིག་ཆའི་ནང་། རྒྱལ་དབང་༧སྐུ་ཕྲེང་བཞི་པ་ཆེན་པོ་མཆོག་ནས་དུས་ནས་དུས་སུ་བཀའ་སློབ་ཕེབས་ཀྱི་ཡོད་སྟབས། ད་ཡོད་ཀྱི་སྨན་ཁོངས་དང་སྨན་གསར་བཟོ་བྱེད་བཞིན་པ་རྣམས་སྨན་ཁང་དུ་ནད་པར་སྤྲོད་རྒྱུ་ཙམ་མིན་པ་རྒྱལ་སྤྱིའི་ནང་ལེ་སྒྱུར་བྱ་རྒྱུར་སྡེ་ཚན་(OTC Department)ཞིག་གསར་འཛུགས་དང་འབྲེལ་། སྡེ་ཚན་དེའི་འགན་འཛིན་དུ་ཉམས་ཞིབ་སྨན་པ་བསྟན་འཛིན་ལྷུན་གྲུབ་ལགས་བསྐོས་པ་ཡིན། ད་ལྟའི་ཆར་རིན་ཆེན་རིལ་བུ་ཁག་བརྒྱད་དང་། ཟླ་འོད་མཆིན་བཅུད་ཆེན་མོ། འཕྲུལ་ཐང་། སྨན་གཅིག སྨན་གཉིས། སྨན་གསུམ་སོགས་སྨན་པ་བསྟེན་གཏུགས་མ་དགོས་པའི་སྨན་ཁོངས་སུ་ཡོད་གཤིས། སྨན་སྦྱོར་ཐོག་ཉམས་མྱོང་རྒྱ་ཆེན་ཡོད་པ་སྨན་པ་དྲུག་ལ་སྨན་པ་བསྟེན་གཏུགས་མ་དགོས་པའི་སྨན་གཏན་འབེབས་བྱེད་ཕྱོགས་ཐོག་དགོངས་ཚུལ་བསྡུ་རུབ་ཞུས་ཡོད་པ་མ་ཟད། སྨན་རྒྱུ་འབེལ་པོ་མཁོ་སྒྲུབ་བྱ་རྒྱུ་ཡོད་པ་གཞི་རྩར་བཟུང་སྟེ་ད་ལྟའི་ཆར་སྨན་ ༧ ( རྒུན་འབྲུམ་བདུན་པ། ཞེ་བྱེད་དྲུག་པ། སླེ་ཏྲེས་ལྔ་ཐང་། ཨར་ཀླུ། དབྱངས་ཅན་རིལ་བུ། གསེར་མདོག ༥ པ། གུར་གུམ ༡༣། བཅས་གཏན་འབེབས་བྱས་ཡོད། སྡེ་ཚན་གྱི་འགན་འཛིན་དང་ལས་དྲུང་ལ་འགན་འཛིན་ནས་དུས་ནས་དུས་སུ་ལམ་སྟོན་བྱ་རྒྱུ་ཡིན། ཞེས་བཀོད་འདུག
ཡང་སྨན་རྩིས་ཁང་གི་སྨན་སློབ་སྐབས་ ༡༩ བ་ཚོར་འབོད་སྐུལ་དང་མཉམ་འབྲེལ་སྨན་ཁང་འཛིན་ཆོག་པའི་གོ་སྐབས་ཡོད་སྐོར་ལ། སྨན་རྩིས་ཁང་དང་། སྨན་རྩིས་ཁང་གི་སྨན་པ་དང་སྐར་རྩིས་པ་སོགས་མཉམ་དུ་ཟུང་འབྲེལ་ལས་གཞིའི་སྐོར་ལོ་གཉིས་གོང་སྨན་སློབ་སྐབས་ ༡༦ ཐོན་སྐབས་འགན་འཛིན་གྱི་དགོངས་འཆར་ཞིག་བཏོན་པ་དེའི་ནང་སྨན་རྩིས་ཁང་དང་། སྒེར་པ་མཉམ་འཛིན་གྱི་ལས་གཞི་ཞིག་ཁྱབ་བསྒྲགས་ཞུས་ཡོད་ཀྱང་། སྐབས་དེར་སྨན་པ་ཐོན་པ་ཡོངས་རྫོགས་སྨན་རྩིས་ཁང་གི་ལས་ཀ་ཡོད་སྟབས་ལས་གཞི་དེར་དོ་སྣང་བྱེད་མཁན་མ་བྱུང་བ་དང་། སྐབས་ ༡༧ སྨན་སློབ་ཁོངས་ནས་སྨན་པ་དྲག་གྲས་ཤིག་གིས་དོ་སྣང་བྱུང་ཡང་ཆ་རྐྱེན་མ་འདང་བས་ལས་འགུལ་རྩོམ་ཐུབ་མེད། སྐབས་ ༡༨ ཁོངས་སྨན་པ་པ་སངས་རྡོ་རྗེ་ལགས་དང་། ཁོང་གི་ཕྱག་རོགས་ཉི་མ་ཞུ་བ་གཉིས་ནས་ལས་གཞི་དེར་དོ་སྣང་གནང་དོན་ལྟར་རྩ་འཛིན་ཡིག་ཆ་ལྟར་སྨན་རྩིས་ཁང་གི་བརྒྱ་ཆ་ ༥༡ ཡོད་པའི་ཐོག་ལས་འགུལ་བརྩམ་རྒྱུ་ཡིན་པ་སྨན་པ་པ་སངས་རྡོ་རྗེ་ལགས་ནས་ལྡི་ལི་ཉེ་འགྲམ་(Ghaziabad)དུ་སྨན་ཁང་གསར་འཛུགས་ཀྱིས་ཐབས་ལམ་སྟོན་འདུག་པ་རིང་མིན་ཚེས་བཟང་དང་བསྟུན་སྒོ་འབྱེད་བྱ་རྒྱུ་ཡིན། སྨན་རྩིས་ཁང་མ་འོངས་ཕྱོགས་གང་སར་རྒྱ་སྐྱེད་འགྲོ་ངེས་པར་བརྟེན། སྨན་རྩིས་ཁང་ནས་ཐོན་པའི་སྨན་པ་དང་སྐར་རྩིས་པ་ཚོས་ཟུང་འབྲེལ་(Principal Partner)དང་བོད་རིགས་ཁ་ཤས་མཉམ་འབྲེལ་(Joint Venture Clinic)ཐོག་འཛིན་རྒྱུར་གང་ཅིའི་དགེ་ཕན་མཐོང་བས་སྐབས་ ༡༩ ཁོངས་ནས་སྨན་པ་རེ་ཟུང་ནས་སྨན་པ་པ་སངས་རྡོ་རྗེ་ལགས་དང་འདྲ་མཚུངས་བྱེད་ཐུབ་པའི་རེ་བ་ཞུ་ཡི་ཡོད། ཅེས་བརྗོད་འདུག
མཇུག་ཏུ་བོད་ཀྱི་གསོ་བ་རིག་པའི་བདག་དབང་དེ་བོད་ཀྱི་སྨན་རྩིས་ཁང་རང་ལ་ཡོད་པའི་སྐོར་ལ་གསལ་བསྒྲགས་ནང་། བོད་ཀྱི་གསོ་བ་རིག་པ་དང་ཧི་མ་ལ་ཡའི་གསོ་བ་རིག་པ་ཞེས་གཉིས་ཡོང་ཐབས་མེད་པ་ཞིག་རེད། མཁྱེན་གསལ་ལྟར་ལོ་མང་སྔོན་ལ་དྭགས་ཁུལ་ནས་ཨམ་ཅིའི་ལུགས་(Amchi System) ཞེས་པ་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱེད་ཐབས་ཞུས་པ་དང་། དེ་བཞིན་ཧི་མ་ཅལ་མངའ་སྡེ་ནས་ཀ་རུ་ན་བྱམས་བརྩེ་ཞེས་དེབ་སྐྱེལ་བྱེད་ཐབས་བྱས་པ། ཝ་ན་མཐོ་སློབ་ནས་(Tibetan Ayurved)ཞེས་དེབ་སྐྱེལ་འབད་བརྩོན་བྱས་པ། སྨན་རྩིས་ཁང་ནས་བོད་སྨན་ཞེས་དེབ་སྐྱེལ་བྱེད་རྒྱུའི་འབད་བརྩོན་བྱས་པའི་ཐོག་རྒྱ་གར་གཞུང་ནས་ཞིབ་འཇུག་མཐིལ་ཕྱིན་གནང་སྟེ་མཐར་གསོ་བ་རིག་པ་ཞེས་པའི་ཐ་སྙད་འདིའི་ཐོག་གཏན་འབེབས་གནང་བ་འདི་ནི་གཙོ་བོ་སྨན་རྩིས་ཁང་ནས་དུས་ད་ལྟའི་བར་བྱེད་བཞིན་པའི་ལས་འགུལ་ལ་གོ་ན་ཆོག་པ་ཞིག་ཡིན། གསོ་བ་རིག་པ་ཞེས་ངོས་ལེན་གནང་བ་དེ་ཡང་སྨན་རྩིས་ཁང་གི་སློབ་འཁྲིད་དང་སྨན་སྦྱོར་ཁང་སྤྱན་ལྟར་ཞུས་ཏེ། ཚོགས་ཆུང་གི་ཚོགས་མི་རྣམས་ཡིད་རངས་པའི་གནས་ཚུལ་བྱུང་བ་ལས་གཞན་གང་ཡང་མེད། ད་ཆ་བོད་སྨན་ལ་གསོ་བ་རིག་ཞེས་པའི་ཐ་སྙད་ཡོད་མུས་ཀྱང་རྒྱལ་སྤྱིའི་ནང་མང་པོས་བོད་ཀྱི་གསོ་བ་རིག་པ་ཞེས་འབོད་ཀྱི་ཡོད་པས་དེ་ནི་འོས་ཤིང་འཚམ་པ་རེད། གསོ་བ་རིག་པ་དེ་བོད་པས་བདག་པོ་བརྒྱབས་པར་བརྟེན་བོད་སྨན་(Tibetan Medicine)འབོད་པའི་རྒྱུ་མཚན་དེ་ཡིན། ད་ཆ་བོད་ཀྱི་གསོ་བ་རིག་པ་ཞེས་སྨན་རྩིས་ཁང་ཟུར་དུ་འཇོག་ཐབས་ལྟ་བུ་དང་། ཧི་མ་ལ་ཡའི་གསོ་བ་རིག་པ་ཞེས་གཙོ་བོ་ལ་དྭགས་མཚོན་པའི་ཧི་མ་ལ་ཡ་རི་རྒྱུད་ནས་འབད་བརྩོན་དང་རྒྱ་གར་ཨ་ཡོ་ཤི་(AYUSHནས་ཁ་ཡ་བྱེད་ཀྱི་ཡོད་དེར་མཐའ་གཅིག་ཏུ་བློ་ཕམ་དང་ངོ་རྒོལ་ཡོད། གལ་ཏེ་སྨན་རྩིས་ཁང་ནས་བྱེད་བཞིན་པ་དེ་བོད་ཀྱི་གསོ་བ་རིག་པ་དང་། སྨན་རྩིས་ཁང་གི་ལས་དོན་མ་ཡིན་པའི་ཧི་མ་ལ་ཡའི་གསོ་བ་རིག་པ་ཞེས་པ་ཞིག་མཛུབ་སྟོན་བྱ་རྒྱུ་ཡོད་ན་དེ་ལྟར་གནང་དགོས་པ་ལས་དེ་མིན་ཁུངས་གཅིག་ལ་རོགས་རམ་རག་ཐབས་དང་། ཁུངས་གཅིག་ལ་རོགས་རམ་འགྲོ་མ་དགོས་པའི་འབད་བརྩོན་བྱེད་པ་སོགས་མི་འགྲིག སྨན་རྩིས་ཁང་འདི་རྩ་བའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁོངས་ཡིན་པ་སྨོན་མ་དགོས་གཤིས། འོན་ཀྱང་དགོས་དངུལ་སྒྲིག་འཛུགས་ནས་གནང་གི་མེད་པ་སྔོན་རྩིས་སོགས་ནས་མཁྱེན་ཐུབ། ཅེས་བརྗོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།
བོད་པའི་རིགས་གཞུང་ཡིན་བཞིན་དུ་བཙན་ཕྲོག་བྱེད་བཞིན་པར་མི་མང་རང་བཞིན་གྱི་ངོ་རྒོལ་བྱོས.།
སུ་གང་གིས་བཙན་འཕྲོག་བྱེད་ཐུབ་ལེ་མ་རེད། ཉིན་གུང་གི་སྨི་ལམ་གཏོང་གི་ཡོད་རེད།
རྒྱུད་བཞི་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པར་ཁས་བླང་ན་དེ་རྒྱ་གར་དང་བལ་པོ་འི་རིག་གཞུང་ལས་གང་ལྟར་བོད་མིའི་རིག་གཞུང་མ་རེད། དཔེར་ན་དཔལ་ཎ་ལན་ཊའི་ཆོས་རིག་བཞིན། ངས་ལྟར་ན་སུས་ཡིན་མིན་གལ་མི་ཆེ། གང་ལྟར་སུ་ལ་ཕན་ཐོགས་ན་དེ་ག་རང་རེད། ང་ཚོ་བོད་མི་ཚོར་སྔར་ནས་དད་པ་དང་ཡིད་ཆེས་བྱེད་ས་དེ་རྒྱ་གར་ནས་དར་པའི་ནང་ཆོས་རེད། དེ་ཡིན་དུས་རྒྱུད་བཞི་ཡང་དེ་ག་རང་རེད། དེ་ཡིན་དུས་སུས་ཡིན་མིན་གལ་མི་ཆེ། གཅིག་ནས་ང་ཚོ་བོད་མི་ཚོས་སོ་སོའི་ལུང་པར་ཆོས་རིག་གང་ཡང་མེད་པར་ངོས་ལེན་སྔོན་མ་ནས་བྱས་པ་རེད། ཚང་མ་རྒྱ་གར་ནས་བྱུང་བར་ངོས་འཛིན་བྱེད་དུས། བོད་ཀྱི་གསོ་རིག་ཀྱང་དེ་བཞིན་ནོ།
རྒྱ་དཀར་ནག་གཉིས་ཀྱིས་གཉམ་འགྲེལ་རྒྱལ་ཚོགས་ནང་ལ་སོ་སོའི་རིགས་གཞུང་ཡིན་ཞེས་བརྩོད་བཞིན་དུ་དེབ་སྐྱེལ་བྱ་ཐབས་བྱེད་བཞིན་པ་དང་དེ་དག་ཅིག་པ་ཡིན་ན་ཕྲོག་མི་ཐུབ་པའི་རྨི་ལམ་སྐྱིད་པོ་ཐོང་ཨ།
བན་དེ་་་་ལགས་་གཞན་གྱི་བྱས་པའི་དངོས་པོ་ཡིན་ན་གཞན་ལ་དབང་བ་མེད་པས་ཁྱབས་ན་ཁྱོད་འབྱོར་མེད་ལག་སྟོང་ཡིན་པ་ཐལ་ཁྱོད་རང་ཉིད་ཀྱི་བྱས་པའི་དངོས་་པོ་ཅི་ཡང་མེད་ཕྱིར་དཔེར་ན་བོད་པའི་རིགས་གཞུང་བཞིན།་་་་རྒྱང་ཕུད་གཏང་ཟིན་པའི་རིག་གཞུང་དེ་ད་དུང་དེའི་ཡིན་ན་རྒྱ་གར་དང་བལ་པོའི་རིགས་གཞུང་ཡིན་པ་སྐད་དེ་པཀྐི་སི་ཐན་གྱི་ཡིན་པ་ཐལ་སྔར་དེ་ནས་དར་ལ་ཕྱིས་དེ་ནས་མེད་པ་བྱས་ཀྱང་དེ་དེའི་ཡིན་དགོས་པའི་ཕྱིར་་་
མེད་ཞེས་བརྗོད་ན་མེད་དགོས་ན་ཁྱོད་ཕུང་ཁམས་སྐྱེད་མཆེད་ལྡན་པའི་སྐྱེས་བུ་མ་ཡིན་ཐལ་གཅོམ་ལྡན་འདས་ཀྱི་དེ་ལྟར་གསུང་པའི་ཕྱིར་་་་་ཡ་ཡ་ཡ་ཁྱོད་བན་དེ་ཕལ་ཆེར་བལ་ཡུལ་ནས་ཡིན་ན་ཐང་ཨ་རི་ལ་སླེབས་ན་ལོ་རེར་ཡོང་འབབ་ཧིན་སྒོར་ཀར་རོ་རེ་མ་ཐ་ལ་རག་གི་འདུག་ཟེར་།
Kongtul དང་པོར་རང་གིས་བྲིས་པའི་ཡི་གེ་དེར་ལྟོས། ༼གཉམ་འགྲེལ་རྒྱལ་ཚོགས༽ཟེར་ན་ག་རེ་རེད་དམ། ད་དུང་གཞན་ལ་ཐལ་འགྱུར་འདྲ་འཕང་ཀ་བྱས། དེ་ཚོ་ཕ་རིའི་སྤང་རྒྱན་རེད། ད་གཡུག་ཞོག་དུས་ཚོད་ཆུད་ཟོས་རེད། དཔལ་ན་ལན་ཊ་ནས་མཆེད་དུས་རྒྱ་གར་གྱི་རེད་པ??? མ་རེད་དམ། བསྡུད་གྲྭ་ལ་ལོ་ཁ་ཤས་སྡོད་དེ་ནས་ང་ལ་རྟགས་བསལ་རྩོད་པར་ཤོག
ནད་པ་ལ་ཕན་པའི་སྨན་དགོས་པ་དང་ནད་གསོ་དགོས་པ་དང་དཔྱང་པ་བྱས་ནས་གསོ་དཔྱད་རིག་པའི་གཞུང་ལ་སློབ་གཉེར་དགོས་པ་ལས་གཞན་ལ་ཕན་པའི་གསོ་དཔྱད་རིག་པའི་གཞུང་ལུགས་ལ་ས་མཚམས་ཡོད་པ་ཤེས་མ་སོང་ངོ་ཧཧཧ།
བན་དེ་་ཡ་ཡ་ངས་བསྡུད་གྲྭ་ལ་སྦྱངཆོག་་་་་ན་ལནྜ་རྒྱ་གར་ཡིན་ཀྱང་ན་ལནྜ་ནས་མཆེད་པ་རྒྱ་གར་རེད་བས་འབྱུང་ཁུངས་་བྲིས་ནས་གང་ཡིན་པ་་་རྒྱ་གར་རིགས་གཞུང་རྒྱ་གར་རེད་བས་་་ད་ང་གཉིས་མ་་འོང་པ་བརྩོད་ན་ཞབས་འདྲེན་བཞག་ས་མ་རེད་བ།
ད་ཁྱོད་ལ་ལན་མི་བྱིན།
བརྩོད་དེ་རྩོད་ལ་བཅོས།
་་་་་་་་་་་ བོད་ཀྱི་གསོ་བ་རིག་པ་དང་ཧི་མ་ལ་ཡའི་གསོ་བ་རིག་པ་ཞེས་གཉིས་ཡོང་ཐབས་མེད་པ་ཞིག་རེད། མཁྱེན་གསལ་ལྟར་ལོ་མང་སྔོན་ལ་དྭགས་ཁུལ་ནས་ཨམ་ཅིའི་ལུགས་(Amchi System) ཞེས་པ་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱེད་ཐབས་ཞུས་པ་དང་། དེ་བཞིན་ཧི་མ་ཅལ་མངའ་སྡེ་ནས་ཀ་རུ་ན་བྱམས་བརྩེ་ཞེས་དེབ་སྐྱེལ་བྱེད་ཐབས་བྱས་པ། ཝ་ན་མཐོ་སློབ་ནས་(Tibetan Ayurved)ཞེས་དེབ་སྐྱེལ་འབད་བརྩོན་བྱས་པ། སྨན་རྩིས་ཁང་ནས་བོད་སྨན་ཞེས་དེབ་སྐྱེལ་བྱེད་རྒྱུའི་འབད་བརྩོན་བྱས་པའི་ཐོག་རྒྱ་གར་གཞུང་ནས་ཞིབ་འཇུག་མཐིལ་ཕྱིན་གནང་སྟེ་མཐར་གསོ་བ་རིག་པ་ཞེས་པའི་ཐ་སྙད་འདིའི་ཐོག་གཏན་འབེབས་གནང་བ་འདི་ནི་གཙོ་བོ་སྨན་རྩིས་ཁང་ནས་དུས་ད་ལྟའི་བར་བྱེད་བཞིན་པའི་ལས་འགུལ་ལ་གོ་ན་ཆོག་པ་ཞིག་ཡིན། ་་་་་་་་་་
གསུངས་པ་ལ་ངས་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་དོ།། །།
བོད་སྨན་གསོ་རིག་གསོ་བ་རིག་པ་སྟེ། །
མིང་གཉིས་དོན་གཅིག་བོད་ས་རང་ལ་དར། །
རྒྱུད་བཞིའི་གཞུང་ཡང་བོད་ས་རང་དུ་བྲིས། །
འབྲི་མཁན་དེ་ཡང་བོད་རིགས་གཙང་མ་འོ། །
བོད་ས་བོད་མིར་བདག་པ་ལྟར། །
བོད་སྨན་བོད་མིར་བདག་པ་རེད། །
་
གསོ་མཁན་བོད་མི་ཡིན་པ་ལྟར། །
གསོ་རིག་བོད་པ་རང་གི་རེད། །
་
རྒྱུད་བཞི་བོད་མིས་བསྒྲིགས་པ་ལྟར། །
གསོ་སྨན་བོད་མིའི་བོད་སྨན་རེད། །
་
གསོ་རིག་བོད་རིགས་སྨན་གཞུང་ལ། །
གསོ་རིག་རྒྱ་མིའི་ག་ལ་ཡིན། །
་
གསོ་རིག་བོད་པའི་བོད་སྨན་ལ། །
ཧི་མ་ལ་ཡི་ག་ལ་ཡིན། །
་
གསོ་རིག་བོད་པའི་སྨན་གཞུང་ལ། །
ཨར་ཡུ་བེ་དིག་ག་ལ་ཡིན། །
་
བོད་ས་རྒྱ་དམར་རྒྱ་ཧན་བཟས། །
བོད་སྨན་རྒྱ་གར་ཟ་ཧམ་ཆེ། །
་
བཟའ་ན་བོད་ཡིག་བོད་སྐད་ཟོ། །
བཟའ་ན་ན་ལེན་ཌ་ཆོས་ཟོ། །
་
དེ་ནི་ཁྱད་ཚོས་བཟའ་དཀའ་ལ། །
འཇུ་བར་དེ་བས་དཀའ་ཚོད་གདའ། །
་
ཧ་ཧ་ཀརྡོས་ཚིག་བཀྱལ་ཤོར། །
ཧུ་ཧུ་ལན་ཅིག་དྲ་གྲོགས་ཀློགས། །
མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་སྨན་ནི་བརྒྱ་ཆ་དགུ་བཅུ་རྒྱ་གར་ཚེའི་རིག་བྱེད་རེད་ཅེས་ཞིབ་འཇུག་གི་བཀའ་གནང་ཡོད་པས་དོན་མེད་གནས་ཡུལ་རྒྱལ་ཁབ་ལ་སྐྱོན་བརྗོད་མ་བྱས་ན་བཟང་།
སྨན་རྩིས་ཁང་གི་འགན་འཛིན་དེ་ཀླན་ཀ་འཚོལ་རྒྱུར་དགའ་བའི་མི་ཞིག་རེད། དེར་སྨན་པ་ཚོས་ཡ་མ་བྱས་ན་ཏག་ཏག་རེད་དོ།
མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད།
ཕྱི་ལོ། ༢༠༡༤ ཟླ། ༠༤ ཚེས། ༢༨ ཉིན།
གཉིས་པ། བོད་ཀྱི་གསོ་རིག་འདི་རྒྱ་གར་ནས་བྱུང་བའི་རིག་གནས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེང་སང་བོད་ཀྱི་རིག་གནས་ཡོངས་སུ་རྫོགས་པ་རྒྱ་གར་ནས་བྱུང་བ་ཡིན་ཞེས་ཟེར་བ་དེ་ཡང་དག་པ་མིན་པ་དང༌། མི་རིགས་རང་ཉིད་ཀྱི་ཐོུང་མ་ཡིན་པའི་རིག་གནས་ཡོད་དགོས་པ་དང༌། བོད་ལའང་དེ་བཞིན་བོད་མི་རང་གི་བློ་རྩལ་གྱིས་བསྐྲུན་པའི་རིག་གནས་གཏིང་ཟབ་ཡོད་ཅེས་གསུང་མཁན་མང་པོ་འདུག དེ་ཚོའང་བདེན་པ་ཡིན་གྱི་རེད། ཡིན་ནའང་མི་རིགས་ཀྱི་ཆེ་མཐོང་དེ་རིག་གནས་ཀྱི་དཔལ་ཡོན་གྱི་ཐོག་ནས་ཡོང་གི་ཡོད་པ་དང༌། དེའང་གནའ་རབས་ཀྱི་རིག་གཞུང་གཏིང་ཟབ་ཡོད་པའི་རྒྱ་གར་གྱི་གཞུང་ལུགས་ཚད་ལྡན་ནས་བྱུང་བ་ཡིན་པའི་ཁུངས་སྐྱེལ་བྱས་ན་མི་རིགས་ཀྱི་ཆེ་མཐོང་ལ་གནོད་ཀྱི་མ་རེད་བསམ་གྱི་ཡོད། དེང་སང་ནུབ་ཕྱོགས་ནས་བྱུང་བ་རེད་ཟེར་ན་ཆེ་མཐོང་ཆེན་པོ་བྱེད་པ་དང༌། ཚན་རིག་དང་མཐུན་པ་རེད་ཟེར་ན་དེ་བས་ཀྱང་ཆ་འཇོག་ཆེ་བ་བྱེད་ཀྱི་འདུག ཨ་མི་རི་ཀ་ནས་ཡོང་བ་རེད་ཟེར་དུས་ཚང་མས་མགོ་ལ་བཞག་རྐྱང་བྱེད་ཀྱི་འདུག དེང་རབས་ཀྱི་ལྟ་སྟངས་དེ་ཚོས་མི་རིགས་ཀྱི་ཆེ་མཐོང་ལ་གནོད་ཀྱི་མེད་ན། གནའ་རབས་ཀྱི་རིག་གཞུང་རྒྱ་གར་ནས་བྱུང་བ་དང༌། སངས་རྒྱས་ཀྱི་ཆོས་ལུགས་ནས་བྱུང་བ་རེད་ཅེས་བརྗོད་པ་དེས་མི་རིགས་ཀྱི་ཆེ་མཐོང་ལ་གནོད་པར་མཐོང་གི་མེད། དེ་ལས་ལྡོག་སྟེ་རིག་པའི་གཞུང་ལུགས་ཀྱི་ཁུངས་དང་ལུང་ཚད་ལྡན་ཡོད་པའི་རིག་གནས་རྒྱུན་འཛིན་བྱེད་མཁན་ཞིག་ཡིན་པར་བསྒྲུབས་ཐུབ་ན་མི་རིགས་ཀྱི་ཆེ་མཐོང་ལ་ཕན་པར་མཐོང་གི་ཡོད། རྒྱ་གར་ནས་བོད་དུ་བསྒྱུར་བའི་སྨན་གཞུང་གྲས་སྦྱོར་བ་བརྒྱ་པ་དང༌། སྨན་འཚོ་བའི་མདོ། རྩ་ཨ་ཝའི་ཆོ་ག་སོགས་ཀླུ་སྒྲུབ་ཀྱིས་མཛད་པར་རྩོད་མེད་ཀྱི་གཞུང་གསུམ་བཞི་ཞིག་དང༌། ཀླུ་སྒྲུབ་ཀྱི་སློབ་མའི་སློབ་མ་སློབ་དཔོན་དཔའ་བོས་མཛད་པའི་སྨན་གྱི་ལུས་ཡོངས་སུ་རྫོགས་པ་བསྟན་པའི་ཡན་ལག་བརྒྱད་པའི་སྙིང་པོ་དང༌། དེའི་འགྲེལ་པ་སློབ་དཔོན་ཟླ་བ་མངོན་དགས་མཛད་པའི་ཟླ་ཟེར། སློབ་དཔོན་པདྨས་མཛད་པར་གྲགས་པའི་དཔྱད་ཀྱི་གཞུང་སོགས་མི་ཉུང་བ་ཞིག་བོད་དུ་བསྒྱུར་ཡོད། ད་ལྟའི་རྒྱུད་བཞིའི་ནང་བསྟན་པའི་བརྗོད་བྱ་བརྒྱ་ཆ་དགུ་བཅུ་ལྷག་ཙམ་གྱི་ཁུངས་ཡན་ལག་བརྒྱད་པའི་སྙིང་པོའི་ནང་རྙེད་ཐུབ་པ་ཞིག་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་ཀྱི་གསོ་བ་རིག་པའི་ཁུངས་གཏུགས་ས་དེ་རྒྱ་གར་གྱི་སྨན་གཞུང་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
གོང་གི་ཟམ་གདོང་རིན་པོ་ཆེའི་བཀའ་སློབ་ལ་སྐད་ཅོར་རྒྱབ་མཁན་སྨན་པ་དང་སྨན་རྩིས་ཁང་གི་ལས་བྱེད་ཚོས་སློབ་སྦྱོང་གནང་རོགས་ཞུ།
གཞུང་ལུགས་དཔེ་ཐོག་ཏུ་ཡོད་ཙམ་གྱི་མི་ཡོང་བར་དེ་ལག་ལེན་དངོས་ཀྱི་ཐོག་ནས་གསོལ་བཏོད་ནས་གསོལ་བཏོད་པ་པོ་ནས་་རིམ་བཞིན་འཕེལ་རྒྱས་སུས་གཏང་ནས་དེའི་རྒྱུད་འཛིན་དང་བཅས་དུས་ངེས་ཅན་ཞིག་ནས་ལམ་ལུགས་ཞིག་ངེས་པར་་རྒྱུད་དགོས་ན་རྒྱ་གར་སོགས་ན་དེའི་ལམ་ལུགས་ཞིག་བསྟོན་དང་གཞི་ནས་རྒྱ་གར་སོགས་ཀྱི་ཡིན་པ་ཁས་ལེན་ཆོག་་ང་ཚོས་བོད་པའི་རིག་གཞུང་ཡིན་པ་གཡུ་ཐོག་རྙིང་མ་ནས་བཟུང་ད་ལྟའི་བར་སུ་ལའང་མེད་སྙམ་ཞིང་མཐུན་མིན་ལག་ལེན་དངོས་ཀྱིས་རྒྱུད་པ་འཛིན་བཞིན་པ་འདི་བོད་པའི་རིག་གཞུང་ཡིན་པ་སྒྲུབ་བྱེད་འགྲིན་པ་གཟེངས་གཏོད་དེ་སྨྲ་བར་སྤོབས་་དཔྱད་གསུམ་དག་པའི་དག་པའི་ལུང་དྲང་ན་བསྒྲུབ་བྱེད་ཡང་དག་ཏུ་འགྲོ་བ་ལས་ཁ་བདེ་ལྕེ་བདེའི་སྨྲ་བ་ཡོད་ཚད་ལུང་ཚད་ལྡན་དུ་འགྲོ་ན་དྲོངས་ཞིག་ལོ་་་་་་བ་ལས་བྱུང་བ་བ་ཡིན་ན་ཡིན་དགོས་་ན་འོ་མ་བར་ཁས་ལོངས་ཤིག་ལོ་་་ཨ་རྩེད་མོ་ཡིན་ལོ།
རྒྱུད་་་རྒྱུས་ལ་བཅོས
Kongtul ཁ་སྐད་ཐོག་འབྲི་རོགས། ཁྱེད་ཀྱིས་གང་ཟེར་གྱི་ཡོད་མེད་གོ་ཚོད་ཀྱི་མིན་འདུག
ཟམ་གདོང་རིན་པོ་ཆེས་ད་ལྟའི་རྒྱུད་བཞིའི་ནང་བསྟན་པའི་བརྗོད་བྱ་བརྒྱ་ཆ་དགུ་བཅུ་ལྷག་ཙམ་གྱི་ཁུངས་ཡན་ལག་བརྒྱད་པའི་སྙིང་པོའི་ནང་རྙེད་ཐུབ་པ་ཞིག་རེད་ཅེས་དང་། རྒྱུ་མཚན་དེ་ལ་བརྟེན་ནས་བོད་ཀྱི་གསོ་བ་རིག་པའི་ཁུངས་གཏུགས་ས་དེ་རྒྱ་གར་གྱི་སྨན་གཞུང་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་འདུག་པར་བརྟེན་ནས་མང་པོ་ཞིག་གི་ཁ་འགོག་དགོས་ཚེ། «རྒྱུད་བཞི»བོད་ཀྱི་མཁས་པའི་བསྟན་བཅོས་ཡིན་པར་བཞེད་མཁན་སྔོན་བྱོན་མཁས་པའི་དབང་པོ་ཀརྨ་པ་རང་བྱུང་རྡོ་རྗེ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། བོ་དོང་ཕྱོགས་ལས་རྣམ་རྒྱལ། ཟུར་མཁར་བློ་གྲོས་རྒྱལ་པོ། དཔའ་བོ་གཙུག་ལག་ཕྲེང་བ། གླིང་སྨན་བཀྲ་འབུམ་པ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ལ་སོགས་པ་རྣམས་ཀྱི་གསུང་གང་ལ་འཇོག་དགོས་སམ།
བོད་ཀྱི་གསོ་རིག་དང་རྒྱ་གར་ཚེ་ཡི་རིག་པའི་བར་དཔྱད་བསྡུར་ཞིབ་འཇུག་རྒྱ་ཆེན་གནང་མཁན་རྒྱ་གར་གྱི་མཁས་པ་བྷག་ཝན་རྡ་ཤྲི་ Bhagwan Dash ཡིས་རྩ་ཆུའི་བརྟག་ཐབས་གཉིས་བོད་ཀྱི་སྨན་གཞུང་དུ་ཞིབ་ཅིང་རྒྱས་པ་བཀོད་ཡོད་ནའང་རྒྱ་གར་གནའ་བོའི་སྨན་དཔྱད་གཞུང་དུ་བཀོད་པ་མཐོང་རྒྱུ་མེད། རྒྱ་གར་ཚེ་ཡི་རིག་པའི་བསྟན་བཅོས་ནང་དུ་རྩ་ཆུའི་བརྟག་ཐབས་གཉིས་དུས་རབས་ ༡༦ མཇུག་ཙམ་ལ་ད་གཟོད་བཀོད་འདུག ཡིན་ནའང་བོད་ཀྱི་དེ་དང་བསྡུར་ན་ཧ་ཅང་མདོར་བསྡུས་རེད་ཅེས་པའི་གསུངས་ཡོད་པས། ཁོང་གི་སྡོམ་ཚིག་འདི་ཡང་བོད་ཀྱི་གསོ་བ་རིག་པའི་ཁུངས་འཚོལ་རྒྱུར་གལ་ཆེན་པོ་ཞིག་ཆགས་ཡོད།
Beri Jigme Wangyal
January 6 at 12:05 PM ·
རྩོམ་པ་པོ་དགེ་བཤེས་དོན་ཀུན་འགྲུབ་པ།
༢༠༡༨-༡༡-༢༣ཉིན་ཁྲིན་ཏུའི་མི་དམངས་སྨན་ཁང་十人民医院 ཨང་བཅུ་པའི་ནང་དུ་ཕྱིན་པའི་མཐོང་ཐོས། ང་དང་ནད་པ། བུ་ མིང་ག་གེ་མོ་་་་ལོ་༢༨ ཅན་ཆབ་མདོ་ནས་ཡིན་པ་ཅིག་ལ་རོག་པ་བྱེད་པར་ཕྱིན་པ་ཡིན། སྔོན་མ་ཁོ་ལ་གློ་གཅོང་དང་མཆིན་ནད་ཁ་པ་ཕོག་མྱོང་། ད་ལན་གློ་གཅོང་དྲག་སྐྱེད་བྱུང་ཟིན་ནས་ལོ་དྲུག་ལྷག་ཕྱིན་མོད། མཆིན་ནད་ལྡེམ་བུའི་已肝སྨན་ད་དུང་ཟ་བཞིན་ཡོད། ད་ལན་ངས་ཡང་བསྐྱར་བརྟག་དཔྱད་བྱས་ན་ལེགས་ཚུལ་བཤད་པ་བཞིན། དེར་ཕྱིན་པས་སྨན་ཁང་དེ་ནི་ཁོར་ཡུགས་དང་ཁང་པ་ཁྲིན་ཏུའི་གྲོང་ཁྱེར་ནང་ནས་ཆེས་ཐ་གྲས་རེད་འདུག་ལ། སྨན་པའི་རྣམ་འགྱུར་ཀྱང་དེ་མཚུངས་ཧ་ཅང་མི་ལེགས་པ་སྐད་ཆ་འདྲི་དུས་ཚིག་རྩུབ་དང་ཡང་ན་སྐད་བརྡེག་མགྱོགས་ལ་ཐུང་བའི་སྒོ་ནས་ལན་འདེབ་པ་བོད་ཁུལ་རྫོང་ཁག་གི་ཕྱི་ལུགས་སྨན་པ་དང་གཉིས་སུ་མ་མཆིས། བརྟག་དཔྱད་འགྲོ་ལུགས་བརྒྱུད་སྐབ་ཀྱ་གེ་ཀྱོག་གེ་ཕར་འགྲོ་ཚུར་འགྲོ་མང་པོ་བང་བསྒྲིག་དགོས་པས་ལུང་ཁུག་ནས་ཡོང་བའི་བོད་པ་རྒྱུས་མེད་ལ་དཀའ་ལས་ཅུང་འདུག ཧང་སང་བ་ཞིག་ལ། དེ་ན་བརྟག་དཔྱད་བྱེད་མཁན་དང་ནད་པ་ཕྱེད་ཀ་ནི། བོད་པ་ཡིན་ས་རེད་སྙམ་པའི་ཚོར་བ་སྐྱེས་སོང་ལ། བོད་མིའི་ནང་ནས་མི་སྐྱ་སྐྱེས་ཕོ་མོ་ལས་གྲྭ་པ་དང་ཇོ་མོ་མང་བའི་ཚོད་དུ་སྣང་། ལྷ་དང་སྲུང་མས་ནད་ཁོག་ན། མི་ཚེ་གཅིག་གི་རིང་ལ་ལྷ་དང་སྲུང་མ་ནང་དགོང་ཉི་མའི་དྲོ་གསུམ་ལ་འདོན་མཁན། མཆོད་མཁན་གྲྭ་ཇོ་ཚོ་ལ་ནད་འོང་མི་འོས་མོད། འདི་གར་ནད་པ་མང་ཤོས་ནི་གྲྭ་ཇོ་དང་བོད་པ་རེད་འདུག དཀའ་ཁག་ལ་ཐུག་དུས་ལྷ་སྲུང་གིས་མི་ཕན་མི་སྐྱོབ་ན། སུས་ཀྱང་མཐོང་མ་མྱོང་བའི་གྲུབ་མཐའ་ཁག་གི་གདུང་འདྲེ་བརྒྱ་སྟོང་མང་པོ་དེ་ཚོ་ནི། བོད་མིའི་མཐུན་སྒྲིལ་གྱི་དཀྲུག་ཤིང་ཙམ་ལས་གང་མི་ཕན་པའི་སེམས་ཁམས་ནང་གི་ཕུང་འདྲེ་དང་གད་སྙིགས་ཙམ་ཡིན་པ་ངོས་ཟིན་པར་བྱོས། རྒྱ་མི་འབོར་ཆེན་ས་ཡ་མང་པོ་འདི་འདྲའི་འཚོ་སྡོད་ཁོར་ཡུགས་ནང་དུ། ནམ་རྒྱུན་བོད་པ་ནི་རྒྱ་མཚོའི་ནང་གི་རྡོ་ཕྲུག་ཙམ་ལས་མི་མངོན་མོད། ས་ཆ་འདི་ན་ལ་འདི་འདྲ་མང་བའི་རྒྱུ་མཚན་གང་ཡིན་ནམ། རང་གི་རང་ལ་ཞེས་དྲི་བ་གཅིག་སླེབ། དེ་ནི་འཚོ་བ་དང་གོམ་གཤིས་ངན་པ་དང་། འཕྲོད་བརྟེན་མེད་པ་ཤིག་ལ་ལོས་ཐུག་ཡོད། སྨན་ཁང་འདི་ནི་འགོས་ནད་འདྲ་མིན་སྣ་ཚོགས་བརྟགས་དཔྱད་བྱེད་ས་ཅིག་རེད། དཔེར་ན། ཨེ་ཙི་དང་། མཆིན་ནད་ཁ་པ། རེག་དུག བསེ་མོག རྡོ་རྫ་ཟེར་བ་ཕོ་མཚན་མོ་མཚན་གྱི་ནད། གློ་གཅོང་སོགས་འདུས་འདྲིལ་གཅོང་ནད། མཁྲིས་པ་ཀྴ་ཡའི་རིགས་བཅས་དྲག་སྐྱེད་དཀའ་བའི་འགོས་ནད་ངན་པ་ཤ་སྟག་སྨན་བཅོས་བྱེད་ས་རེད། བོད་པ་ཚོ་ལ་ནད་འདི་ཚོ་ཕོག་ནས་འུ་ཐུག་པའི་རྐྱེན་གྱིས་འདིར་འོང་བ་ལས། འཕྲོད་བརྟེན་བཟང་ནས་ཡུལ་སྐོར་བྱེད་ཞོར་དུ་སྔ་ཙམ་ནས་བརྟག་དཔྱད་བྱེད་པར་འདིར་ཡོང་བ་ཞིག་རེད་མི་འདུག དེ་ན་བོད་པ་ཚོ་ལ་བཤད་རྒྱུར། མི་དགོས་པའི་རྨོང་དད་ལ་འགྲོ་གྲོན་བཏང་བ་ཙམ་གཅིག་དང་། མི་ཕན་པའི་ཆོས་ཀྱི་བྱེད་སྒོར་ཞུག་པ་ཙམ་གྱི་དུས་ཚོད་དེ། ཤེས་ཡོན་དང་འཕྲོད་བརྟེན་བདེ་ཐང་བཅས་ཀྱི་ཕྱོགས་ལ་གཏོང་རོག་ཞུ་བ་ཡིན། མི་དགོས་བླ་མའི་རིང་ལུགས་ཀྱི་རྐུབ་གཡོག་བྱས་ནས་ཆོས་ཀྱི་གྲུབ་མཐའི་ལ་རྒྱ་འཐེན་ཁྱེར་ངན་པ་མི་བཟུང་བར། མི་རིགས་འདིའི་བདེ་སྡུག་དང་འཆི་གསོན་འཕྲོད་བརྟེན་འཚོ་གནས་བཅས་ལ་དོ་སྣང་དང་རང་གི་བུ་རབས་ཚ་རྒྱུད་བཅས་ཀྱི་མདུན་ལམ་དང་བདེ་ཐང་ལ་བསམ་བློ་ཞིབ་ཕྲ་གཏོང་རོག་ཞུ་ཞུ།།༧ དོན་ཀུན་འགྲུབ་པས་ཁྲིན་ཏུའུ་ནས་ཕུལ།
Image may contain: one or more people and people standing
Image may contain: one or more people and people sitting
་
ངོ་དེབ་ནས་བཤུས།
བཙན་པོ་སྲོང་བཙན་གྱི་སྔོན་ལ། བོད་བོན་རང་ལ་སྨན་དང་། རྩིས་དང་། གཏོ་བཅོས། བསང་གསོལ། འཕྲིན་བཅོལ། དུར་འདེབས། སྲི་གནོན་སོགས་ཀྱི་ཆོས་དང་རིག་གཞུང་ཤིནད་ཏུ་ཕྱུག་ལ། རྒྱ་ཆེ། གཏིང་ཟབ་ཞིག ཡོད་ཚོད་འདུག་ཀྱང་། ད་ནི་བོན་ཆོས་གཉིས་འདྲེས་ནས་དབྱེ་འབྱེད་དཀའ་ཙམ་འདུག་ཀྱང་་་་་་
་
བོད་སྨན་དང་། རྒྱ་ནག་གི་སྨན་མ་བསྲེས། བོད་སྨན་དང་དིང་གི་རྒྱ་གར་གྱི་སྨན་དང་མ་བསྲེས། བོད་སྨན་དང་སྨན་གཞན་དང་ཡང་མ་བསྲེས།
ཡིན་ན་ཡང་། རྒྱ་གར། རྒྱ་ནག་ཙམ་མ་ཟད། ཛམ་གླིང་ཡོངས་ཀྱི་སྨན་དང་བསྡུར་ནས་ད་ཡོད་བོད་སྨན་གྱི་སྙིགས་དོར་བཅུད་ལེན་གྱིས་ཡར་གཏོང་། མ་རབས་འདོད་རྔམས་ཀྱིས་ཚོང་ཙམ་ལ་མ་སྒྱུར་བ་བྱ་དགོས་པ་ནི། ཤིནད་དུ་ནས་གལ་ཆེ་བ་མཐོང་ངོ་།། །།
གསོ་རིག་ཕན་འགྱུར་ཅིག
གསོ་རིག་དར་འགྱུར་ཅིག
གསོ་རིག་རྒྱལ་འགྱུར་ཅིག
བདེན་པ་ཉིད་རྒྱལ་འགྱུར་ཅིག
༧གོང་ས་༧སྐྱབས་མགོན་ཆེན་པོས་སྨན་རྩིས་ཁང་ཕྱག་བཏབ་པའི་དགོས་པ་གཙོ་བོ་རིས་མེད་པའི་ནད་པ་ཉམ་ཐག་རྣམས་ལ་སྨན་པའི་ཕྱིར་ཡིན་ན། མིང་སྐམ་པོ་ལ་ཇི་ཙམ་ཞེན་པ་བདག་འཛིན་ཇེ་དམ་འགྲོ་བ་ཡིན། དེ་ལས་ཡིག་རྒྱུགས་སོགས་མ་བཏང་ཡང་སྨན་རམས་པ་ཆུང་བའི་ཕྱག་ཁྱེར་བསྩལ་བ་སོགས་༧གོང་ས་མཆོག་གི་ཕྱག་བསྟར་ཕེབས་པའི་ཡིག་ཆར་བརྩི་འཇོག་མ་གནང་བ་སོགས་དེ་སྔ་དེ་འདྲ་བྱུང་ཡོད།