བོད་ཀྱི་དུས་བབ་ནས་བཏུས། འདོན་སྤེལ། ༢༠༡༡/༠༢/༢༣
ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་དགུང་ལོ་ ༨༣ ཡིན་པའི་བོད་ཀྱི་གསོ་རིག་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་བྱམས་པ་འཕྲིན་ལས་མཆོག་ལ་སྐུ་སྙུང་ཞིག་གི་དབང་གིས་སྨན་བཅོས་བྱས་ཀྱང་ཕན་ཐོགས་མ་བྱུང་བར་ལྷ་ས་ནས་སྐུ་གཤེགས་ཡོད་འདུག ཁོང་སྐུ་གཤེགས་རྗེས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲང་ཆེ་ཀྲང་ཆི་ལིན་དང་དམར་ཕྱོགས་དྲུང་ཆེ་གཞོན་པ། བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་པདྨ་འཕྲིན་ལས་སོགས་མྱ་ངན་ཚོགས་འདུར་ཞུགས་ཤིང་། བྱམས་པ་འཕྲིན་ལས་མཆོག་གི་ནང་མིར་འཚམས་འདྲི་ཞུས་ཡོད་པ་རེད།
བོད་ཀྱི་གསོ་རིག་དང་གནམ་རིག་སྐར་རྩིས་ཀྱི་ཆེད་མཁས་པ་བྱམས་པ་འཕྲིན་ལས་ལགས་ནི། ༡༩༢༨ ལོར་ལྷ་ས་ནས་སྐུ་འཁྲུངས་པ་དང་། སྔ་གཞུག་ཏུ་བོད་ལྗོངས་སྨན་རྩིས་ཁང་གི་འགན་འཛིན་གཞོན་པ་དང་འགན་འཛིན། དམར་ཤོག་དྲུང་ཆེ། བོད་ལྗོངས་གསོ་རིག་སློབ་གླིང་གི་འགན་འཛིན། བོད་རང་སྐྱོང་ལྗོངས་འཕྲོན་བསྟེན་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་དང་བོད་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་ཀྱི་འགན་བཞེས་ཡོད།
འདས་པའི་མི་ལོ་ ༦༠ ལྷག་གི་རིང་ཁོང་གིས་མང་ཚོགས་ཀྱི་འཕྲོད་བསྟེན་ཐོག་ཕྱག་ལས་རླབས་ཆེན་གནང་ཡོད་པ་མ་ཟད། བོད་ཆོལ་ཁ་གསུམ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོར་བོད་ཀྱི་གསོ་བ་རིག་དང་སྐར་རྩིས་སྐོར་གྱི་སློབ་འཁྲིད་གནང་ཡོད་ལ། ལྷག་པར་དུ་བོད་ཀྱི་གསོ་བ་རིག་པ་དང་བོད་ཀྱི་སྨན་རྫས་རིག་པ། བོད་ཀྱི་གསོ་རིག་ལོ་རྒྱུས་རིག་པ། གནམ་རིག་སྐར་རྩིས་རིག་པ་སོགས་ལ་གཏིང་ཟབ་པོས་ཞིབ་འཇུག་བྱས་ཏེ། སྔ་གཞུག་ཏུ་བརྩམས་ཆོས་ ༢༠ ལྷག་དང་དཔྱད་རྩོམ་བ ༡༠༠ ལྷག བསླབ་དེབ་ ༡༣ བཅས་བརྩམས་ཡོད། དེ་དག་ལས་༼བོད་ཀྱི་གསོ་རིག་རྒྱུད་བཞིའི་ཚོན་ལྡན་འགྲེམ་ཐང༽ཞེས་པ་བོད་རྒྱ་དབྱིན་གསུམ་ཐོག་བསྒྱུར་ཡོད་ཅིང་། ༼བོད་ཀྱི་གསོ་རིག་མཁན་པོ་རིམ་བྱོན་གྱི་མཛད་རྣམ་མདོར་བསྡུས༽དང་༼གསོ་རིག་རྒྱུད་བཞིའི་སྣང་བརྙན་གཅེས་བསྡུས༽སོགས་ལ་བྱ་དགའ་ཡང་ཐོབ་ཡོད་འདུག
གསར་འགོད་པ། དོན་གོ
དེ་རིང་ཡང་ལྔ་རིག་འོད་སྣང་འ་བྱེད་པའི་མཁས་དབང་ཞིག་སྐུ་གཞན་དུ་གཤེགས་པར་ཡིད་ཤིན་ཏུ་སྐྱོ་བའི་ངང་ནས་བསྔོ་སྨོན་ཞུ་རྒྱུ་མ་ཟད་སྐྱེ་མཆོག་གང་ཉིད་མྱུར་ནས་མྱུར་དུ་བར་དོའི་འཇིགས་འཕྲང་ལས་གྲོལ་ཏེ་སླར་ཡང་འབྱོར་ལྡན་ཆོས་ལྡན་གཞན་ཕན་ཅན་དང་བློ་རིག་བཀྲ་བའི་སྐྱེ་བ་ཞིག་ཏུ་བཞེས་ཏེ་འགྲོ་བའི་ནད་གདུང་སེལ་བའི་ལྷ་རྗེ་ཞིག་ཏུ་འཁྲུངས་པའི་ཐེག་པ་ཆེན་པོའི་བསྔོ་སྨོན་ཡང་དག་པ་ཞུ་བཞིན་ཡོད།
ཁོང་གིས་བྲིས་པའི་བོད་ཀྱི་སྨན་རྩིས་ཀྱི་ལོ་རྒྱུས་རྣམས་ནི་ཕྱོགས་རིས་སྤངས་ཤིང་བདེན་བཤད་མདའ་མོ་ཞིག་དང་འདྲ་བར་འདུག་པས།
རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུའོ།
ཁམས་པའི་དྲ་བ་ནས་དྲངས།
བོད་ཀྱི་གསོ་རིག་ཆེད་མཁས་པ་བྱམས་པ་འཕྲིན་ལས་མཆོག་ལ་སྙུང་གཞི་ཕོག་ནས་གསོ་ བཅོས་བྱས་ཀྱང་ཕན་མ་ཐོགས་པར་ཉིས་སྟོང་བཅུ་གཅིག་ལོའི་ཟླ་གཉིས་པའི་ཚེས་ཉེར་ གཅིག་ཉིན་ལྷ་ས་ནས་སྐུ་གཤེགས་པ་དང་། དགུང་ལོ་བརྒྱད་ཅུ་གྱ་གསུམ་རེད།
བོད་ཀྱི་མིང་དུ་གྲགས་པའི་གསོ་རིག་དང་གནམ་རིག་སྐར་རྩིས་ཆེད་མཁས་པ་བྱམས་པ་ འཕྲིན་ལས་མཆོག་ནི་ཆིག་སྟོང་དགུ་བརྒྱ་ཉི་ཤུ་རྩ་བརྒྱད་ལོའི་བོད་རྩིས་ཀྱི་ཟླ་ བཅུ་གཅིག་པར་ལྷ་ས་ནས་སྐུ་འཁྲུངས་པ་དང་། སྔ་གཞུག་ཏུ་བོད་རང་སྐྱོང་ལྗོངས་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་དང་། ཡོན་ཀྲང་། ཏང་ཨུའི་ཧྲུའུ་ཅི། བོད་ལྗོངས་གསོ་རིག་སློབ་གླིང་གི་ཡོན་ཀྲང་། བོད་རང་སྐྱོང་ལྗོངས་འཕྲོན་བསྟེན་ཐིན་གྱི་ཐིན་ཀྲང་གཞོན་པ། བོད་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་བཞེས་མྱོང་། ལོ་ངོ་དྲུག་ཅུའི་རིང་གི་སྨན་བཅོས་བྱ་བའི་ཁྲོད། དགེ་རྒན་ཆེན་མོ་བྱམས་པ་འཕྲིན་ལས་མཆོག་གིས་མང་ཚོགས་ལ་ཕན་པ་སྒྲུབ་པའི་བྱ་བ་ སྙིང་ལ་བཅངས་ཏེ། དཀའ་སྤྱད་འབད་བརྩོན་དང་ཧུར་ཐག་སྒོས་གསར་སྐྲུན་བྱས་ནས། བོད་ཀྱི་གསོ་བ་རིག་པ་དང་བོད་ཀྱི་སྨན་རྫས་རིག་པ། གནམ་རིག་སྐར་རྩིས་རིག་པ་རྒྱུད་འཛིན་དང་། ལག་ལེན། འཕེལ་རྒྱས་བཅས་གཏོང་བའི་ཐད་ལ་འབད་པ་ཆེན་པོས་བྱ་བ་བསྒྲུབས། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་གསོ་བ་རིག་པ་དང་། བོད་ཀྱི་སྨན་རྫས་རིག་པ། བོད་ཀྱི་གསོ་རིག་ལོ་རྒྱུས་རིག་པ། གནམ་རིག་སྐར་རྩིས་རིག་པ་སོགས་ལ་གཏིང་ཟབ་པའི་སྒོ་ནས་ཞིབ་འཇུག་མཛད་པ་དང་། སྔ་གཞུག་ཏུ་བརྩམས་ཆོས་ཉི་ཤུ་ལྷག་དང་། དཔྱད་རྩོམ་བརྒྱ་ལྷག བསླབ་གཞིའི་དཔེ་ཆ་བཅུ་གསུམ་བཅས་བརྩམས། ལྷག་པར་དུ་ཁོང་གིས་གཙོ་སྒྲིག་བྱས་པའི«བོད་ཀྱི་གསོ་རིག་རྒྱུད་བཞིའི་ཚོན་ལྡན་ འགྲེམ་ཐང»(བོད་རྒྱ་པར་གཞི་དང་། བོད་དབྱིན་པར་གཞི)ལ་རྒྱལ་ནང་གི་གསོ་རིག་ལས་རིགས་ཁྲོད་བསླབ་གཞི་ཚོན་ལྡན་ འགྲེམ་ཐང་དང་པོའི་མཚན་སྙན་ཐོབ་པ་དང་། ཁོང་གིས་བརྩམས་པའི«བོད་ཀྱི་གསོ་རིག་མཁན་པོ་རིམ་བྱོན་གྱི་མཛད་རྣམ་མདོར་ བསྡུས»དང«གསོ་རིག་རྒྱུད་བཞིའི་སྣང་བརྙན་གཅེས་བསྡུས»ཞེས་པར་སོ་སོར་ཆིག་སྟོང་ དགུ་བརྒྱ་དགུ་བཅུ་གོ་གཅིག་ལོའི་ཀྲུང་གོའི་གསོ་རིག་ལོ་རྒྱུས་ཡིག་ཆའི་དཔྱད་ བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་དང་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།
བོད་ཀྱི་གསོ་རིག་ཆེད་མཁས་པ་བྱམས་པ་འཕྲིན་ལས་མཆོག་སྐུ་གཤེགས་པའི་གནས་ཚུལ་གོ་ རྗེས། པེ་ཅིན་ན་ཚོགས་འདུ་ལ་ཞུགས་བཞིན་པའི་བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ ཅི་ཀྲང་ཆིན་ལིན་དང་བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་གཉིས་ཀྱིས་ཁ་པར་གྱི་ལམ་ནས་ བྱམས་པ་འཕྲིན་ལས་མཆོག་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བོ་དབྱིན་ཅེ་ཚེས་ཉེར་གཅིག་ ཉིན་གྱི་ཕྱི་དྲོར་ཆེད་དུ་བྱམས་པ་འཕྲིན་ལས་མཆོག་གི་ཁྱིམ་དུ་སོང་ནས། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་། སྲིད་གཞུང་གིས་བྱམས་པ་འཕྲིན་ལས་མཆོག་སྐུ་གཤེགས་པར་མྱ་ངན་ཞུས་པར་མ་ཟད་ཁོང་ གི་ཁྱིམ་མི་ལ་ཁམས་འདྲི་བྱས།
སྐུ་གཤེགས་གསོ་རྩིས་མཁས་དབང་ཁོང་ལ་གུས་བཏུད་མྱ་ངན་ཞུ། སླར་ཡང་འུ་ཅག་གསོ་རིག་སློབ་མ་རྣམས་པར་འགྱོང་རྒུད་ཆེན་པོ་དང་། རིག་གཞུང་དང་མི་རིགས་དང་ལ་ཞབས་འདེགས་མཁན་དཔའ་བོ་ཞིག་སྐུ་གཤེགས་པར་བློ་ཕམ་ཚད་མེད་བྱུང། དམ་པ་ཁོང་གངས་ལྗོངས་ཡུལ་དུ་སྐྱེ་བར་ཤོག
སྨན་རྩིས་མཁས་དབང་བྱམས་པ་འཕྲིན་ལས་ཀྱི་སྐོར་དྲ་གནས་འདི་ཚོར་གཟིགས་དང་འདུག
http://www.kbcmw.com/Html/News/China/11/02/Content_201102231339.html
http://www.lhasan.cn/Item/Show.asp?m=1&d=1237
http://tb.tibet.cn/2010zyy/ys/201011/t20101123_773406.htm
http://tb.tibet.cn/2010news/xzxw/whjy/201102/t20110223_933069.html
མྱ་ངན་དང་གུས་འདུད་ཡོད།
སྙིང་ནས་མྱ་ངན་དང་གུས་སྨོན་ཡོད། མཁས་དབང་ཕྱག་རྗེས་ཅན་འདི་འདྲ་འདས་པ་གངས་རི་ལྗོངས་སྤྱིའི་མྱ་ངན་ཞུ་འོས་སུ་མཐོང་། ཨོཾ་མ་ཎི་པདྨེ་ཧྰུྃ། ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།ཨོཾ་མ་ཎི་པདྨེ་ཧྰུྃ།བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་ཀུན་སྒྲོལ་བར་ཤོག །
མྱ་ངན་དུ་ཞུ་བའི་སེམས་པ།
༧བྱམས་དང་སྙིང་རྗེའི་གཞི་རྩ་རབ་བརྟན་ཅིང་། །
པ་ཊུའི་བཅུ་ཕྲག་རིག་གནས་ཐུགས་ཆུད་དེ། །
འཕྲིན་ལས་མཛད་བཟང་གངས་ལྗོངས་གསོ་བ་རིག །
ལས་འགན་བདག་གིར་བཞེས་པ་མཆོག་ལ་བསྟོད། །
༧འཛམ་གླིང་ཡང་རྩེར་སོན་པའི་སྐར་ནག་རྩིས། །
ལེགས་ཉེས་བླང་དོར་གནད་ཀྱི་གདམས་པ་ཀུན། །
ཡོངས་སུ་འཛིན་པའི་གངས་ལྗོངས་གཙུག་ལག་པ། །
མཁས་དབང་བྱམས་པ་འཕྲིན་ལས་དྲིན་པོ་ཆེ། །
༧བཙན་པོ་བོད་ཀྱི་སྔ་སྲོལ་ཐུན་མིན་གྱི། །
འབུམ་བཞི་རྒྱུད་བཞི་ལ་སོགས་རྒྱུད་སྡེ་ཀུན། །
ལེགས་པ་བཤད་པའི་རྣམ་འགྲེལ་སྣ་ཚོགས་ཀྱིས། །
བློ་གསལ་མཁས་མང་དགའ་སྟོན་རྒྱན་དུ་འགྱེད། །
༧དཀའ་ངལ་བརྒྱ་ཕྲག་འཕྲང་ལམ་རིང་མོ་ལ། །
བརྒྱུད་དེ་འཛམ་གླིང་ཡུལ་གྲུ་གནས་ཕྱོགས་ལ། །
ལེགས་འདོམས་ལུང་རིག་སྨན་རྩིས་གཙུག་ལག་རིགས། །
ང་རོའི་འབྲུག་གྲགས་ཇི་བཞིན་བསྒྲོགས་པ་རྨད། །
༧སླར་ཡང་མི་རྟག་འཇིག་རྟེན་ཆོས་ཉིད་ལ། །
འགྱུར་མེད་ཆོས་རྒྱལ་གཏན་ཚིགས་ཟློག་མེད་པའི། །
ངང་དུ་ཐིམ་པས་གངས་ལྗོངས་རིག་གནས་ལ། །
གྱོང་གུད་ཚབས་ཆེན་བྱུང་བའི་ཡིད་ག་སྐྱོ། །
བོད་ཀྱི་སྨན་རྩིས་གཙོས་པའི་མཁས་པའི་དབང་བོ་བྱམས་པ་འཕྲིན་ལས་མཆོག་དགོངས་པ་གཤེགས་པར་ཐོས་ཕྲལ་དུ་བྲིས་པའོ། །
མཁས་དབང་ཁོང་འདྲ་བོ་བོད་མི་རིགས་འདིའི་རིག་གཞུང་ཐོག་བྱས་རྗེས་ཆེན་པོ་རེད། དགོངས་པ་རྫོགས་པ་བློ་ཕམ་རེད་ཡིན་ན་ཡང་བྱ་ཐབས་གང་ཡོད། འཆི་བདག་དེས་མི་ཡག་པ་ཚང་མ་སྔོན་དུ་ཁྲིད་ནས་འགྲི་གི་འདུག འཆི་བདག་དེ་ལ་ནུབ་ཕྱོགས་ཀྱི་ལྟ་བས་ལྷད་བཞུགས་པ་འདྲ་མི་ཡག་པ་ཚང་མ་ཚུར་བཀུག་ནས་ལུང་པ་ཡར་རྒྱས་གཏོང་ཐབས་དེ།
མཁས་དབང་བྱམས་པ་ཕྲིན་ལས་མཆོག་ཞི་བར་གཤེགས་པ་ལ་བྱེས་གྱར་བའི་སློབ་བུ་ངས་མྱ་ངན་གུས་འདུད་ཚད་མེད་ཞུ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ།
མྱ་ངན་གུས་དུད་དང་། སངས་རྒྱས་སྨན་ལྷས་སྐྱོབས་མཛོད་ཅིག
བོད་ཀྱི་གསོ་རིག་མཁས་དབང་སྨན་པའི་རམས་འབྱམས་པ་ཆེན་མོ་བྱམས་པ་འཕྲིན་ལས་ལ་མཆོག་སྐུ་གཤེགས་པར་ཡིད་གདུང་དྲག་པོས་མྱ་ངན་དང་གུས་འདུད་ཞུ་རྒྱུ་ནི།
ཁོང་འདས་པའི་གཉན་འཕྲང་གི་དུས་ནང་ཐབས་ཚུལ་མཁས་པོའི་ཐོག་ནས་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་གསུམ་གྱི་སྒོ་ནས་གསོ་རིག་གི་བསྟན་པ་ཡང་དར་ཆེད་མཛད་རྗེས་བླ་ན་མེད་པ་བཞག་ཡོད་པར་བཀྲིན་སྙིང་བཅངས་ཞུ་རྒྱུ་ཡིན།
གཞན་ཡང་ཁྱེད་ཀྱིས་བསྐྱངས་པའི་གསོ་རིག་གི་སློབ་ཚོགས་དུ་མས་ཇི་སྲིད་བར་གང་ཉིད་ཀྱི་མཛད་བཟང་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་ཡིད་ཆེས་བརྟན་པོ་ཡོད།
མཁས་པའི་བྱ་བ་གསུམ་གྱི་ཐོག་ནས་གསོ་རིག་བསྟན་པ་ཡང་དར་གྱི་ཐད་མཛད་རྗེས་རླབས་ཆེན་བཞག་མཁན་སྨན་པའི་རམས་འབྱམས་པ་ཆེན་པོ་བྱམས་པ་འཕྲིན་ལས་མཆོག་ལ་སྐུ་གཤེགས་པར་ཡིད་གདུང་དྲག་པོས་མྱ་ངན་དང་གུས་འདུད་ཞུ།
མཁས་དབང་འདི་ཉིད་ལ་ལན་གཅིག་མཇལ་བ་ཐ་མའི་གྱེས་ཕྱག་ཏུ་གྱུར། བོད་ཀྱི་བཅུ་ཕྲག་རིག་པའི་གནས་གྱི་གཏེར་མཛོད་ཆེན་པོ་ཞིག་ཉམས་སོང་བ་རེད། དམ་པ་འདི་ཉིད་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་པའི་སྨོན་ལམ་དང་། མྱ་ངན་གུས་འདུད་ཞུ། །