ཀླུ་སྨྱོན།
—-
བོད་ཀྱི་ནང་ཆོས་དེ་རྒྱ་གར་ནས་དར་ཁྱབ་བྱུང་བ་ཡིན་ཡང་བོད་ཀྱི་གྲྭ་པའི་ཆོས་གོས་དང་ཆ་ལུགས་སྤྱོད་ལམ་སོགས་གནའ་བོའི་རྒྱ་གར་གྱི་འདུལ་འཛིན་ཆེན་པོ་དག་དང་ཡོངས་སུ་མི་འདྲ་བ་ཞིག་ཡིན་ཞིང་། བོད་ཀྱི་གྲྭ་པའི་སྟོད་འགག་རྒྱན་དྲུག་མ་ཞིག་རྒྱ་གར་གྱི་དགེ་སློང་སེར་པོ་ཞིག་གིས་མཐོང་ཚེ་དེ་ནི་ཁྱིམ་པ་འབྱོར་ལྡན་དག་གི་རྒྱན་གོས་ཤིག་ཏུ་ངོས་འཛིན་བྱེད་པ་མ་གཏོགས་འདོད་ཆུང་ཆོག་ཤེས་ལ་གནས་དགོས་པའི་རབ་ཏུ་བྱུང་བ་ཞིག་གི་སྟོད་འགག་ཡིན་པ་ཤེས་ཐབས་བྲལ། དེ་བཞིན་བོད་ཀྱི་བླ་མ་དག་གིས་གྱོན་བཞིན་པའི་གོས་ཆེན་གྱི་བེར་སེར་པོ་སྲམ་ལྤགས་ཀྱི་གོང་རྒྱན་ཅན་དེ་དག་ཀྱང་སྟོན་པའི་འདུལ་བའི་བསྟན་པ་འཛིན་པར་འགྲན་ཟླ་བྲལ་བའི་ཤྲི་ལིངྐ་དང་ཐེ་ལན་སོགས་ཀྱི་གནས་བརྟན་སྡེ་བའི་དགེ་སློང་ཚོར་ཆ་མེད་རྒྱུས་མེད་ཡིན་པ་དང་། བོད་ཀྱི་དགེ་བསྐོས་རྫིག་པོ་གདོང་བར་ཚོན་ནག་པོ་བྱུགས་ཤིང་ལག་ཏུ་ལྕགས་རྒྱུགས་རྒྱ་མ་བརྒྱ་ལོངས་པ་དག་ཐོགས་ནས་འགྱིང་སྟབས་ཆེན་པོས་འགྲོ་བ་དག་ཀྱང་ཇོ་བོ་ཆེན་པོས་གསུངས་པ་བཞིན་འབྱུང་བོའམ་མི་གང་ཡིན་མི་ཤེས་པའི་ཚོད་དུ་སྣང་ཐག་ཆོད་རེད།
སྐབས་སུ་བབ་པ་ནི་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱིས་གྱོན་བཞིན་པའི་གྲྭ་པའི་ཞྭ་མོ་རྔོག་ཟེ་མ་འདི་དག་གི་སྐོར་ཡིན་ཞིང་། གནའ་བོའི་རྒྱ་གར་གྱི་གྲྭ་པ་དག་གིས་དེང་སང་གི་པཎ་ཞྭ་སྣེ་རིང་དེ་འདྲ་མནབས་སྲོལ་ཡོད་པ་མ་གཏོགས། ཡུལ་དུས་ཀྱི་དབང་གིས་བོད་ཀྱི་གྲྭ་པའི་ཞྭ་མོ་རྔོག་ཟེ་མ་ལྕིད་ཁོག་ཚ་བོ་དེ་འདྲ་གྱོན་གྱི་མེད་ཚོད་རེད། ང་ཚོས་བོད་ཀྱི་གྲྭ་པའི་སྟོད་འགག་གི་མགོ་ཁུངས་རྒྱ་གར་ནས་མ་རྙེད་པ་ཅི་བཞིན། ཞྭ་མོ་རྔོག་ཟེ་མ་འདི་དག་གི་མགོ་ཁུངས་ཀྱང་རྒྱ་གར་ཚ་བའི་ལུང་པ་ནས་མི་རྙེད་ཐག་གིས་ཆོད།
ད་འོ་ན་ཞྭ་མོ་རྔོག་ཟེ་མ་འདི་དག་ཀྱང་གྲྭ་པའི་སྟོད་འགག་ཅི་བཞིན་རྒྱ་ནག་གི་གནའ་བོའི་སྐུ་དྲག་ཚོའི་གྱོན་ཆས་ལ་ཁུངས་བཅོལ་དགོས་སམ་ཟེར་ན། དེ་ལ་ངོས་ལེན་ཞུ་ཐབས་བྲལ་ཞིང་རྒྱུ་མཚན་ནི། གནའ་བོའི་རྒྱ་ནག་དང་སོག་པའི་ཞྭ་མོའི་ཁྲོད་དུ་ང་ཚོའི་ཞྭ་མོ་རྔོག་ཟེ་མ་དག་གི་ཁུངས་སུ་འོས་པའི་ཞྭ་མོ་དེ་འདྲ་ཞིག་ལོ་རྒྱུས་གླེགས་བམ་དང་རི་མོ་རྙིང་པ་སོགས་ལས་ད་སྔ་ཁོ་བོས་རྙེད་པར་མ་གྱུར།
དེས་ན་འདིར་ཞྭ་མོ་རྔོག་ཟེ་མ་དག་གླེང་བས་ཅི་བྱ་ཞེ་ན། ཁོ་བོས་གླེང་འདོད་པ་ནི་ཞྭ་མོ་རྔོག་ཟེ་མ་འདི་དག་གི་མགོ་ཁུངས་ངོ་མ་དེ་ནི་བོད་ཁ་བ་ཅན་ནས་ནུབ་ཕྱོགས་སུ་སྤྱི་ལེ་སྟོང་ཕྲག་མང་པོའི་ས་རུ་ཡོད་པའི་ཆེས་གནའ་བོའི་རོ་མན་རྒྱལ་ཁབ་ཀྱི་དམག་མིའི་ཞྭ་མོ་རྔོག་ཟེ་མ་དེ་དག་ལ་མ་གཏུགས་རང་གཏུགས་ཡིན་ཞིང་། ཡིད་མི་ཆེས་མཁན་དག་གིས་ཞྭ་མོ་འདི་གཉིས་ཀྱི་འདྲ་དཔེ་དག་ལ་ཞིབ་ལྟ་ཞིག་བྱས་རྗེས། ཁོ་བོས་བརྗོད་པ་དག་ལ་བསམ་གཞིག་རེ་མི་བྱེད་ཐབས་མེད་དུ་འགྱུར་བར་འདོད་པ་དང་། ཀྱག་ཀྱོག་གི་ལོ་རྒྱུས་རིང་མོའི་ཁྲོད་དུ་རོ་མན་དམག་མིའི་ཞྭ་མོ་འདི་བོད་ཀྱི་སེར་མོ་བའི་སྡེ་རུ་ཇི་ལྟར་དར་ཁྱབ་བྱུང་བ་ཡིན་ནམ་ཞེ་ན། གནའ་བོའི་བོད་དང་རྒྱ་ནག་གི་ས་མཚམས་སུ་ཡོད་པའི་དར་གོས་ཚོང་ལམ་ཞེས་པའི་ཤར་ནུབ་རྒྱལ་ཁབ་དག་གི་བར་དུ་བསྲིངས་པའི་རིག་གཞུང་སྦྲེལ་ཐག་རིང་མོ་དེ་དང་ལམ་ཁ་དེ་བརྒྱུད་ནས་རང་སྲོག་ལ་མི་འཛེམ་པར་ཆོས་ལུགས་འདྲ་མིན་སྤེལ་ཕྱིར་ཕྱི་རྒྱལ་ཁག་ཏུ་འགྲུལ་བཞུད་བྱེད་པའི་ཆོས་སྤེལ་མཁན་དེ་ཚོ་མི་དྲན་རང་དྲན་རེད།
འོ་ན་རོ་མན་དམག་མིའི་ཞྭ་མོ་འདི་དག་དུས་རབས་ནམ་ཞིག་ལ་བོད་དུ་དར་ཁྱབ་བྱུང་བ་ཡིན་ནམ་ཞེ་ན། ཁོ་བོའི་རྨོངས་བློར་འཆར་ཚུལ་ལྟར་ན། སོག་རྒྱལ་ལྷ་བཟང་གི་དུས་སུ་རོ་མན་གྱི་ཡེ་ཤུའི་ཆོས་སྤེལ་མཁན་གྱི་གྲྭ་པ་ཞིག་བོད་དུ་ཡོང་བ་དེའི་སྐབས་དེ་དུས་ཤིག་ལ་རོ་མན་དམག་ཞྭ་འདི་བོད་དུ་དར་ཁྱབ་བྱུང་བ་ལོས་ཡིན་འདོད་དེ། ཁོ་རང་ཡོང་སའི་རྒྱལ་ཁབ་དེ་རང་དུ་དམག་མི་ཚོས་ཞྭ་མོ་རྔོག་ཟེ་མ་འདི་གྱོན་བཞིན་ཡོད་པ་དང་། རྒྱལ་པོ་ལྷ་བཟང་གིས་ཡེ་ཤུའི་གྲྭ་པ་དེར་གདེང་འཇོག་ཆེན་པོ་བྱས་ཏེ་བོད་སོག་གི་དགེ་བཤེས་ཚོར་རྩོད་པ་རྒྱག་རྒྱུ་སོགས་ཁོའི་འདོད་པར་བསྟུན་ཡོད་པ་དང་། ཁོ་རང་སྐབས་དེའི་གྲྭ་ས་དག་ཏུ་མང་མང་གིས་ཤེས་པའི་ཕྱི་མི་ཤུགས་རྐྱེན་ཅན་ཞིག་ཡིན་པས། ཁོས་སོག་རྒྱལ་ལ་ཞུས་ཏེ་ཞྭ་མོ་རྔོག་ཟེ་མ་འདི་དག་སེར་མོ་བའི་སྡེ་རུ་ཆེས་ཐོག་མར་བཟོས་ཏེ་དར་སྤེལ་བཏང་བ་ཞིག་ལོས་ཡིན་འདོད། ད་དུང་བོད་ཀྱི་གྲྭ་པའི་ཟླ་གམ་དམར་པོ་དེ་ཚོ་ཡང་རོ་མན་གྱི་ཆོས་པ་ཚོའི་ཤམ་ལྭ་དམར་པོ་དེ་དག་དང་འདྲ་བོ་ཞེ་དྲགས་འདུག་ཀྱང་དེ་སྐོར་རྗེས་སུ་གླེང་བར་བྱ།
དེ་ཡིན་ཆོག་པ་འདུག ཞྭ་སྒབ་པས་སྲིད་དོན་རྒྱལ་རབས་སུ། རང་རེའི་བླ་ཆེན་རྣམ་པས་བཞེས་པའི་གོས་བེར་ནི་ནུབ་ཕྱོགས་ཡེ་ཤུའི་བླ་ཆེན་པོབ་དང་། སྦི་ཤོབ་སོགས་ཀྱིས་མཛད་ཆེན་སྐབས་བཞེས་པའི་སྟེང་གྱོན་ཀོ་ལོག་(cloak)ཞེས་པ་དེ་དང་བཟོ་སྟངས་དང་རྒྱུ་ཆ་བཅས་ཧ་ཅང་འདྲ་བས་འབྱུང་ཁུངས་གཅིག་ཡིན་པར་བཤད་འདུག་པས་ཁྱེད་གཉིས་ཀྱིས་བཤད་སྟངས་ཕྱོགས་མཐུན་འདུག
རང་རེའི་ཞྭ་མོ་རྔོག་ཟེ་མ་འདི་ལྟ་ས་མཛེས་པོ་ཞིག་ནི་ཅང་མི་འདུག་ཡ། བྱ་ཕོ་ཞིག་གི་མགོའི་བཟོ་ལྟ་འདྲ་ཞིག་འདུག
ནུབ་ཕྱོགས་ཀྱི་ཞྭ་མོ་ཡིན་པར་བདེན་ངེས། བོད་དུ་དར་བའི་དུས་ནི་ས་སྐྱ་བའི་སྐབས་དེར་མིན་ནམ། བོད་ཀྱི་ཆོས་སྲིད་གཉིས་བླ་ཆེན་གཅིག་གིས་བཟུང་བའི་སྐབས་སུ་དར་བའི་གོས་ཤིག་རེད་བསམ། ཡོ་རོབ་པ་རྣམས་ལ་དཔེ་འགེབས་ཀྱིས་དཔོན་གྱི་ཆས་གོས་ནང་འདྲེན་བྱས་པའི་སྐབས་དེར་བོད་ཀྱིས་དཔོན་པོ་བླ་ཆེན་རྣམས་ཀྱིས་དཔོན་གོས་སུ་བརྩིས་ནས་གྱོན་པར་སེམས།
ཡོ་རོབ་པས་འདི་ལ་མིང་ག་རེ་རེད་འདུག་དེ་ནས་ཅིག་རྙེད་རྒྱུ་འདྲ་ཡོད་དམ།
ཀླུ་སྨྱོན་ཚང་གི་དཔྱད་རྩམ་འདི་རིགས་སྦྱིར་བཏང་ཕྱེད་ཀ་ཁུངས་ལྡན། ཕྱེད་ཀ་འོལ་ཚོད་འདྲ་ཞིག་རེད། ཞ་མོ་གཉིས་འདྲ་བོ་འདུག་ལབ་ན་ཡིན་ཚོད་རེད། བོད་ལ་ག་དུས་དར་མིན་བཤད་དུས་རྒྱུ་མཚན་ཁྱོན་ནས་མེད་པའི་གཏམ་འདྲ་ཞིག་མཐོག་སོང་། གང་ཡིན་ཟེར་ན་ལོ་རྒྱུས་ཀྱི་དཔང་རྟགས་གཅིག་ཀྱང་མེད་ཙང་ལབ་ཡིན།
ཞ་མོ་འདི་མཁན་ཆེན་བྷོ་ཏུ་ས་ཏྭའི་སྐབས་སུ་བྱུང་བར་བཤད། ཞ་སེར་འདི་བསམ་ཡས་སུ་མནབ་པའི་ལོ་རྒྱུས་ཡོད་བསམ་སོང་། ལ་ལས་ཟེར་ན་མཁན་ཆེན་བོད་ལ་ཕེབས་དུས་བོད་གནམ་གཤིས་གྲངས་ནས། སྐ་རགས་ཀི་སྣེ་མོ་གཉིས་བཅད་དེ་མཉམ་དུ་སྦྱར་ནས་དབུ་ལ་མནབ་པ་རེད། དེ་ནས་བཟུང་བོད་ལ་སྲོལ་འདི་དར་བར་ཡང་བཤད། གནའ་སྔ་མོའི་སྐ་རགས་དེ་ཞིང་ཁ་ཆེན་པོ་ཞེ་དྲག་ཡོད་ཙང་དེ་བདེན་པ་འདྲ་ཞིག་ཡོད།
ཨ་རོགས། བོད་ཀྱི་གྲྭ་བའི་སྟོད་འགག་གི་མགོ་ཁུངས་རྒྱ་གར་ལ་གཏུགས་ཡོད་ནི་མ་རེད་ཀོ། དེ་གཏུགས་ཨེ་ཡོད་འཚོལ་མཁན་ཞིག་ཡིན་དུས་ཅིག་ཅིག་འགྲིག་གི་མེད་ནི་ཞིག་ཡིན་རྒྱུ་རེད། ད་ལྟའི་བོད་ཀྱི་གྲྭ་བའི་སྟོད་འགག་འདི་རྗེ་རིན་པོ་ཆེའི་རིང་ནས་གསར་དུ་བྱུང་བ་རེད། དེ་རྗེ་རིན་པོ་ཆེས་གསར་གཏོད་བྱས་པ་རེད་ཅེས་ན་ཨེ་འགྲིག་མི་ཤེས་མོད། གང་ལྟར་དེ་འདྲ་ཞིག་རེད།
སྟོད་འགག་འདི་གྱོན་མཁན་ཡང་དགེ་ལུགས་པ་མ་གཏོགས་ཆོས་བརྒྱུད་གཞན་ལ་དེ་ཙམ་ཁྱབ་ཆེན་པོ་མ་རེད། ད་ལྟའི་བོད་ནང་གི་བླ་ཆེན་ཚོའི་གོས་ཆེན་གྱི་སྟོད་འགག་རྒྱན་དྲུག་མ་སོགས་ནི་ཕྱིས་ཀྱི་བོད་སྟོད་སྨད་ཀྱི་བླ་ཆེན་དག་གིས་རང་ཤར་མས་གསར་བཟོ་བྱས་པ་ཞིག་མ་གཏོགས། རྗེ་རིན་པོ་ཆེའི་དུས་ན་དེ་འདྲ་ཡོད་པ་མ་རེད། འདིས་མཚོན་ནས་གཞན་སོགས་ལ་ཡང་རིགས་འདྲ་བ་རེད་སྙམ།
སྟོད་འགག་དམག་མི་ཚོས་གྱོན་སྲོལ་ཡོད་པའི་ཁྲབ་གྱི་འདྲ་བཟོ་རེད་ཟེར་ནས་ན་ནིང་ནས་ང་ཚོས་ཐག་བཅད་ཚར་བ་མིན་ནམ།
སྟོད་འགག་རྗེས་རིན་པོ་ཆེས་སྲོལ་བཏོད་པ་རེད་ཟེར་བ་ལ་ཡང་ཁུངས་ལུང་ཡོད་མ་རེད། ཞ་སྒབ་པས་སྲིད་དོན་རྒྱལ་རངས་ནང་ས་པཎ་གྱིས་སྐབས་སུ་བྱུང་བར་བཤད་ཡོད། གང་ལྟར་ཡང་སྐུ་རྙིང་མང་པོ་ལ་ཡོད་རེད། ཀློང་ཆེན་པའི་སྐུ་རྙིང་དེ་འདྲ་ལ་ཡང་རེད།
འདི་ཡང་ཞི་འཚོའི་སྐབས་སུ་བྱུང་བའི་ལོ་རྒྱུས་ཡོད་རེད།
ན་ནིང་ཐག་གཅོད་དེ་འདྲ་ཞིག་བྱས་ཡོད་པ་ངས་མ་ཤེས། རྒྱུ་མཚན། ང་ན་ནིང་ཞིག་ལ་དོན་དག་སྣ་ཚོགས་དབང་གིས་ཕྱོགས་བསྐྱོད་བྱས་ཡོད། ཕལ་ཆེར་སྐབས་དེར་ཁེལ་བ་འདྲ། གང་ལྟར། ཐག་གཅོད་དེ་འདྲ་ཞིག་བྱས་ཡོད་ན། དེ་ཐག་གཅོད་ཡང་དག་ཅིག་མ་རེད་སྙམ་བྱུང་། ཞྭ་སྒབ་པས་དེ་འདྲ་ཞིག་བཤད་ཡོད་པ་ཡང་མ་མཐོང་། སྔོན་ཆད་བོད་ན་ཡོད་དུས་ཤིག་ལ་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་དེ་ཅུང་ཙམ་བཀླགས་པ་ཡིན། ང་ལ་ཤེས་ཚད་དམན་རྐྱེན་མཇུག་སྐྱོང་མ་ཐུབ་ཐལ། ཚིག་ལ་ལ་ཞིག་གིས་ཅི་ཞིག་བཤད་བཞིན་པ་ཡང་ཤེས་ཀྱི་མི་འདུག ཚིག་སྦྱོར་མ་འདྲ་བ་ཞིག་རེད། བོད་སྡེ་བ་གཞུང་གི་ཡིག་ཚགས་འབྲི་སྟངས་དེ་ངོ་མས་ཀློག་ཁེགས་པོ་འདུག
སྲིད་དོན་རྒྱལ་རབས་ནང་གི་སྟོད་འགག་གི་སྐོར་དེ་འདིར་འདྲེན་ཐུབ་ན་ཧ་ཅང་ཡག་པོ་འདུག ང་ཚོས་དེ་ལ་བལྟས་རྗེས་གཞི་ནས་དཔྱད་བསྡུར་བྱེད། ཞྭ་སྒབ་པའི་གསུངས་ཚད་ལ་བདེན་པར་འཛིན་རུང་མིན་མི་ཤེས་མོད། ང་ཚོར་མཚོན་ན་བློ་སྐྱེས་ཤིག་ཏུ་འགྱུར་ངེས། ད་དུང་ད་ལྟའི་སྟོད་འགག་འདིའི་ཁོངས་གཞན་དག་འདྲ་ཨེ་ཡོད་ལྟ། ཀློང་ཆེན་རབ་འབྱམས་པའི་གནབས་བཟའ་དེ་ད་ལྟའི་དགེ་ལུགས་པའི་སྟོད་འགག་དེ་ད་ཨེ་ཡིན། དཔར་རིས་སོགས་ལས་མཐོང་བ་ལྟར་ན། སྔོན་ཆད་ཀྱི་རྒྱ་གར་པན་གྲུབ་རྣམས་ཀྱིས་གསོལ་བའི་སྟོད་འགག་དེ་དང་གཅིག་པ་འདུག་སྙམ་པ་ཞིག་འདུག འོན་ཀྱང་ང་ཚོས་གཞི་ནས་དཔྱད་པ་གཏོང་ཡ།
གྲྭ་པའི་སྟོད་འགག་དེ་༸རྗེ་རིན་པོ་ཆེས་གསར་དུ་བཟོས་པ་ཞིག་རེད་ཟེར་ན་འགྲིག་ས་མ་རེད། གང་ཡིན་ཟེར་ན། ཡོངས་གྲགས་ཀྱི་བཤད་སྲོལ་གཅིག་ལ་སྟོད་འགག་དེ་བླ་ཆེན་དགོངས་པ་རབ་གསལ་གྱི་སྨད་ཕྱོགས་ནས་བསྟན་པ་སླར་གསོ་མ་གནང་བའི་སྔོན་ནས་ཡོད་པ་རེད། གླང་དར་གྱིས་བསྟན་པ་བསྣུབས་པའི་རྗེས་སུ་བླ་ཆེན་དགོངས་པ་རབ་གསལ་གྱིས་སྨད་ཕྱོགས་ནས་འདུལ་བའི་བསྟན་པ་རྨང་ནས་གསོ་སྐབས་ཁ་སྐོང་གི་དགེ་འདུན་གཅིག་མ་ཚང་བར་རྒྱའི་ཧ་ཤང་གདན་དྲངས་པར་ཁོང་གི་བཀའ་དྲིན་དྲན་པའི་ཆེད་དུ་སྟོད་འགག་གི་སེང་གེ་དཔུང་པ་ལ་ཕྲེང་སྐུད་སྔོན་པོ་དེ་འདོགས་པར་མཛད་ཅེས་བཤད་སྲོལ་ཡོད་པ་རེད། བྱས་ཙང་། སྟོད་འགག་དེ་བླ་ཆེན་དགོངས་པ་རབ་གསལ་སྐབས་དུས་ནས་ཡོད་པ་ཡིན་ཙང་རྗེ་རིན་པོ་ཆེས་གསར་དུ་མཛད་ཟེར་ན་མི་འགྲིག་པར་སྙམ།
འོན་ཀྱང་གྲྭ་པའི་ཞྭའི་སྐོར་ལ་ཞེ་དྲག་རྒྱུས་མེད།
དཔྱད་གཏམ་བཟང་ཀི་ཡ་ཞ་མོ་དང་ཟླ་གམ་མམ་ཐུལ་པ་ནི་སྔར་ནུབ་ཕྱོགས་པའི་དམག་ཆས་ཤིག་
ཡིན་ཟོ་རེད་ནུབ་ཕྱོགས་པའི་གློག་བརྙན་འགའ་ཤས་ནང་ཚོན་མདོག་གི་ཁྱད་པར་ཙམ་ལས་ཞྭ་མོ་
དང་ཟླ་གམ་གཉིས་ཀ་དམག་འཐབ་པའི་གནས་སྐབས་སུ་གྱོན་པ་མཐོང་རྒྱུ་འདུག་མོད།
སྟོད་འགག་ནི་གྲུབ་མཐའ་མང་པོས་བཤད་ཚུལ་མི་འདྲ་བ་འགའ་ཤས་ཀྱིས་རྒྱ་གར་ནས་དར་བ་རེད་
དང་ལ་ལས་རྗེ་རིན་པོ་ཆེས་གསར་གཏོད་མཛད་གནང་བ་རེད་ཅེས་དང་ཡང་ཁཅིག་གིས་མགོན་པོ་
ཀླུ་སྒྲུབ་ཀྱིས་སྲོལ་སྟོན་པ་རེད་དང་ཡང་བོན་ལུགས་ལ་བོན་གྱི་གཤེན་རབ་སྟོན་པར་རབ་བྱུང་བསྒྲུབས་
སྐབས་དབྱིངས་ནས་བབས་པ་ནས་བཟུང་ཐོག་མར་དར་འགོ་ཚུགས་པ་ཡིན་ཚུལ་དང་དེ་ནི་དུས་
ཚོད་ཀྱང་སྔ་མ་སྔ་མར་ཡིན་ཚོད་འདུག་མོད་གང་ལྟར་ག་རེ་ཡིན་ན་མིན་ན་སྟོད་འགག་དེ་ནི་རྒྱ་གར་
ནས་དར་ཚུལ་བཤད་རྒྱུ་མེད་པ་ཁོ་ཐག་རེད།
སྐབས་དེ་དུས་གྲྭ་པ་རྣམས་བོད་ཀྱི་དམག་མི་དང་། སོག་རྒྱལ་ལྷ་བཟང་གི་དུས་སུ་རོ་མན་གྱི་དམག་ཞྭ་དང་དམག་གོས་བོད་ཀྱི་གྲྭ་པའི་ཞྭ་དང་གོས་སུ་གསར་བཟོ་བྱས་པ་ཞིག་རེད།
རྩེ་ཞྭ་ལྟག་སྒྲོ་མ་འདི་བོན་གྱི་ལུགས་ལས་བྱུང་བ་ཞིག་མིན་ནམ་སྙམ་ཡང་དེང་དུས་ཀྱི་བོན་པོ་ཚོས་ཞྭ་མོ་འདི་བཞེས་སྲོལ་མེད་པ་འདྲ།
སྒྱུ་རྩལ་རྩོམ་རིག་གླེང་ན་ཁྱེད་རང་རྒོད་པོ་གཤོག་ཐོགས་ཅན་རེ། ལོ་རྒྱུས་གླེང་ན་ཁྱེད་རང་ས་འབུ་ནག་རུལ་རེ། རྒྱུ་མཚན་ལྟར་སྣང་ཙམ་དང་འོལ་ཚོད་ཀྱི་གཏམ་སྨྲ་བར་དེ་འདྲའི་བྲེལ་ཤ་ལངས་དོན་ཅི། བོད་ལ་ཡོད་ཚད་པོ་གཞན་གྱིས་རེད། གཞན་ནས་བཤུས་བ་རེད། བརྐུས་བ་རེད་ཟེར་དོན་ཅི་ཡིན། བོད་རང་གི་མེས་པོ་ཚོ་ལ་རྣམ་དཔྱོད་ཏིལ་ཙམ་མེད་པའི་ཕག་པ་རྐྱང་རྐྱང་ཡིན་རྒྱུ་མ་རེད་པ། རོ་མན་དམག་ཞ་བོད་ཀྱི་གྲ་བ་ཚོའི་མགོ་ལ་གོན་ན་དེ་གྲ་དམག་ཏུ་བརྩི་དགོས་བ་ལས་ནང་བའི་གྲ་བ་ཞིག་ཏུ་གྱུར་མི་སྲིད། ཕེ་རེ་སི་སྲང་ལམ་དུ་ངའི་ཕ་རྒན་འདྲ་བའི་མི་ཞིག་མཐོང་སོང་བའི་ངེད་ཚང་གི་མི་རྒྱུད་མཆེད་ས་ཡོ་རོབ་གླིང་རེ་བསམ་སྟེ་ང་དགའ་སོང་། ད་རུང་ངེད་ཚང་གི་བོང་སྐྱ་ལི་འདྲ་བོ་ཞིག་མཐོང་སོང་བས་བོང་སྐྱ་ལིའི་རུས་ཁུངས་ཡོ་རོབ་གླིང་རེད་འདུག རོ་མན་དམག་ཞའི་བདག་དབང་རོ་མན་ཚང་ལ་ཡོད་པས་ང་ཚོས་བརྐུས་བཤུ་བརྒྱབ་པ་རེ་ཟེར་ན་ཁ་མཆུ་བཙུགས་ཡོང་།
ཀླུ་སྨྱོན་ལགས། དེང་གི་གྲྭ་ཞྭ་རྔོག་བཙེམ་མ་འདི་ནི་རོ་མན་གྱི་དམག་ཞྭ་ལས་རྟའི་རྔོག་མ་དང་བྱ་ཕོའི་ཟེ་བ་ལ་བལྟས་ཏེ་བཟོས་པ་རེད་ཟེར་ན་ཅུང་རྣ་ལ་འགྲོ་བ་འདྲ། བ་མེན་མཐོང་བས་བ་ལང་གི་འདུ་ཤེས་སྐྱེས་སླ་བས་དཔྱད་བརྗོད་པ་དག་ལ་ཁག་མེད་སྙམ། འགའ་ཤས་ལ་སྐད་ཆ་དེ་འདྲ་དགོས་མཁོ་ཆེ་སྲིད། ཀུ་རེ་ཡིན། དྲ་གྲོགས་རྣམ་པ། སྟོད་འགག་འདི་ཇོ་བོ་རྗེ་བོད་ལ་ཕེབས་སྐབས་གླང་ཆེན་གྱི་མགོ་ཤུན་བཤུས་ཏེ་མནབས་ཡོང་བ་རེད་ཟེར་བ་དེ་ཅུང་འགྲིག་པ་འདྲ། བོད་གྲང་ངར་ཆེ་བ་དང་གླང་མགོའི་མཚོན་དོན་རྣམས་འགྲེལ་བདེ་བས་སོ། བོན་གྱི་ཟེར་སྒྲོས་མང་བོ་དང་འབྲོང་བུའི་ཤེས་རྟོགས་རིག་པའི་སྐད་ཆ་རྙིང་བ་དེ་ཚོ་བསྐྱར་ཟློས་བྱས་ཀྱང་ཕན་ཐོག་ཨེ་ཡོད་སྙམ། མི་རྣམས་ཕྱོགས་སུ་ལྷུང་བ་དང་གཟུར་བོར་གནས་པའི་མཁས་པ་དཀོན་ཕྱིར་ང་ཚོའི་ལོ་རྒྱུས་ནི་ནམ་ཡང་མོག་མོག་ཡིན། དེས་རྐྱེན་གྱིས་ང་ཚོ་ལ་ཚད་ལྡན་གྱི་ལུང་མེད་ལ། དཔྱད་པ་འདི་དག་ལ་ཡང་རིག་པ་ཡང་དག་གི་གཞི་མེད་པས་འཇའ་ཚོན་གྱི་རྗེས་སུ་བརྙེགས་པ་ལས་དཔེ་གཞན་མི་རྙེད་སྙམ། ཀླུ་སྨྱོན་ལགས། གོང་གི་སྐད་ཆ་འདི་ཡང་གཅིག་བྱས་ན་དྲ་གྲོགས་གཞན་དག་དང་འདྲ་བར་ཁྱོད་ཀྱིས་རང་གི་བློའི་འཆར་སྣང་དང་དགོངས་ཚུལ་ཙམ་གསུང་གི་ཡོད་ལས་ཆེ། འོ་ང་འགྲོ་རན་སོང་།
ན་ནིང་སྟོད་འགག་སྐོར་དེ་ཐག་འདི་འདྲ་ཞིག་བཅད་འདུག
http://ragshul.blogspot.com/2010/07/blog-post.html
ན་ནིང་གི་སྟོད་འགག་སྐོར་དེ་འདི་རེད། འོག་གི་དྲ་ལམ་གྱི་འདི་རེད། སྐབས་དེར་སྟོད་འགག་ཙམ་མ་ཟད་ཞྭ་མོའི་སྐོར་དང་རོལ་ཆ་སྐོར་ཞིག་ལ་བགྲོ་གླེང་གནང་འདུག
http://www.khabdha.org/?p=7373
མི་རྐང་གླིང་བུ་ལགས། གྲྭ་བའི་ཞྭ་མོ་དང་སྟོད་འགག་ནི་བོད་པའི་རིག་གནས་དང་འབྲེལ་བའི་ལོ་རྒྱུས་ཤིག་རེད། ལོ་རྒྱུས་ནི་ཆབ་སྲིད་ཀྱི་དགོས་མཁོ་ལྟར་གྲོས་ཚོགས་ནས་ཐག་བཅད་ན་ཨེ་འགྲིག ལན་ཅིག་གསུངས་རོགས།
སྟོད་འགག་གི་སྐོར་དེ་བཙན་བྱོལ་བ་ལགས་ཀྱི་གསུངས་པ་དེར་ཁུངས་ལུང་ཆེན་པོ་འདུག་སྙམ་པའི་སྣང་བ་ཞིག་བྱུང་། ངས་ཀྱང་སྔོན་ཆད་ཅིག་ལ། དེབ་ཅིག་ལས་རྗེ་རིན་པོ་ཆེ་ལྷ་སར་ཕེབས་སྐབས། ཆོས་རྗེ་དོན་འགྲུབ་རིན་ཆེན་གྱིས་ཁོང་གི་སྟོད་གོས་གནང་སྟེ་ལམ་འཇུག་གནང་བའི་སྐོར་ཞིག་མཐོང་སོང་བ་འདྲ་ཞིག་དྲན། འོན་ཀྱང་གསལ་བོ་ཞིག་མི་འདུག དཔྱད་ཞིབ་བསྐྱར་མ་ཞིག་བྱས་རྗེས་ལན་འཇོག སྐུ་ཉིད་ལ་བཀའ་འདྲི་ཞུ་རྒྱུ་ཞིག་ལ། སྐུ་ཉིད་ཀྱིས་གསུངས་པ་དེ་བླ་ཆེན་དགོངས་པ་རབ་གསལ་རེད་དམ། ཆོས་རྗེ་དོན་འགྲུབ་རིན་ཆེན་རེད། ལན་ཞིག་ཡོད་པ་ཞུ།
གཞན་རྣམ་པ་ཚོས་སྟོད་འགག་སྐོར་གྱི་དྲ་གནས་དེ་འདིར་བཞག་པར་བཀའ་དྲིན་ཆེ། གསལ་བོ་ཞིག་བལྟས་རྗེས་ཡོང་།
ཨ་རོགས་ཆ་བོ། ཞྭ་མོའི་སྐོར་ལ། བོད་རྒྱ་ཚིག་མཛོད་ཆེན་མོ་ན་འདི་འདྲ་ཞིག་འདུག སྔོན་གྱི་འདུལ་འཛིན་རྣམས་ཀྱིས་དབུ་ཞྭ་སེར་བོ་མནབས་ཤིང་། ཕྱིས་སུ་འདུལ་ལུགས་ཉམས་པ་གསོ་ཕྱིར་རྗེ་ཙོང་ཁ་བས་དབུ་ཞྭ་སེར་བོ་མནབས་པར་བརྟེན་དགེ་ལུགས་པ་ལ་ཞྭ་སེར་བ་ཡང་ཟེར།
ཡང་ཞྭ་སེར་བྱུང་སྟངས་སྐོར་ལ། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། བུ་སྟོན་རིན་ཆེན་གྲུབ་ཀྱིས་གྱོན་སྲོལ་བཏོད་ནས་ཙོང་ཁ་བ་བློ་བཟང་གྲགས་པའི་རྗེས་སུ་དར་རྒྱས་ཆེ་བར་གྱུར་བའི་དགེ་ལུགས་པའི་བཙུན་ཞྭ་ཞིག
འདི་ལ་བརྟག་རྒྱུ་ཞིག་འདུག བུ་སྟོན་རིན་ཆེན་གྲུབ་ཀྱིས་ཇི་ལྟར་སྲོལ་བཏོད་གནང་ལུགས་ལ་དཔྱད་པར་འཚལ།
བོད་རྒྱ་ཚིག་མཛོད་ཆེན་མོ་ལས། རབ་བྱུང་དྲུག་པའི་སྐབས་སུ་ཀརྨ་རང་བྱུང་རྡོ་རྗེའི་སློབ་མ་རྟོགས་ལྡན་གྲགས་པ་སེང་གེ་ལ་ཧོར་རྒྱལ་བོས་ལས་ཞྭ་དམར་བོ་གནང་བས་དེའི་བརྒྱུད་པ་ལ་ཞྭ་དམར་བ་ཟེར།
འདི་དག་ལ་བརྟག་ཚེ་ཞྭ་མོ་རྔོག་ཙེ་མ་དེ་དག་མི་གཅིག་གིས་དཔེ་གཅིག་ལ་བལྟས་ཏེ་གསར་གཏོད་བྱས་པ་ཞིག་མ་ཡིན་པར། ཆོས་བརྒྱུད་ཀྱི་བླ་ཆེན་རྣམ་པས་རང་རང་གི་ལུགས་ཀྱི་མཚོན་བྱེད་དམ། རྐྱེན་གང་རུང་ཞིག་ལ་བརྟེན་ནས་སྲོལ་བཏོད་པར་སྣང་། ད་དུང་ཆོས་བརྒྱུད་ཚང་མའི་ཞྭ་མོ་དེ་རྔོག་ཙེ་མ་མ་ཡིན་པ་འདིས་ཀྱང་གསལ་བཤད་ཅིག་བྱས་འདུག་སྙམ།
ད་དྲ་གྲོགས་རྣམ་པའི་གསུངས་པ་ལ་བལྟ་གི་ཡིན།
མི་རྐང་གླིང་བུ་ལགས་ཀྱིས་འཚམས་སྦྱོར་གནང་བའི་རྩོམ་ཡིག་དེའི་ཚན་པ་འདི་ལ་གོ་རྒྱུ་ཆེན་པོ་འདུག་སྙམ། འོན་ཀྱང་བྱུང་རབས་སྐོར་གསལ་བོ་ཞིག་མི་འདུག
༢༽སྟོད་འགག་གི་དབྱིབས་དང་དེའི་མཚོན་དོན་ནི། དེ་ཉིད་ལས། དེ་ལ་འགག་ཐུང་གི་དབྱིབས་ནི། འཆི་བདག་གི་མགོ་ལྤགས་ཀྱི་དབྱིབས་ཏེ། དེ་བགོས་པས་ནི། འཆི་བདག་གི་མཆེ་བ་དང་ཁ་ནང་དུ་ཆུད་པའི་དབྱིབས་ཀྱིས་མྱུར་དུ་འཆི་བདག་གི་ཁར་འགྲོ་བ་བར་བསམ་སྟེ། འཆི་བ་མི་རྟག་པ་དྲན་པའི་ཆེད་དུ་ཡིན། དེ་ནི་མདོ་ལས། རྗེས་ཀུན་ལས་བ་གླང་གི་རྗེས་མཆོག་དང་། འདུ་ཤེས་ཀུན་གྱི་ནང་མི་རྟག་པའི་འདུ་ཤེས་མཆོག་གོ་གསུངས་པ་སོགས་སྤྱིར་ཆོས་འོང་མི་འོང་། བྱེད་མི་བྱེད། མི་རྟག་པ་དྲན་པ་ལ་རག་ལས་པ་རྒྱ་བོད་མཁས་གྲུབ་ཀུན་གྱིས་གསུངས་པ་ལྟར། འདི་ནི་འཆི་བ་རྗེས་སུ་དྲན་པའི་ཕྱིར་དགོས་པ་ཆེ། དེ་ལ་མཆེ་བ་གཉིས་དང་རྣ་བ་སོགས་མཚོན། ཞེས་གསུངས། དེ་ལ་སྟོད་འགག་གི་རྣ་བ་གཉིས་པོ་འདི་ནི་འཆི་བདག་རྣ་བ་དང་། མདུན་དུ་གྱེན་དུ་བསླངས་པའི་རས་ཤར་མོ་འདི་གཉིས་ཀྱིས་འཆི་བདག་གི་མཆེ་བ་མཚོན་པ་ཡིན་འདུག འདི་ནི་གཙོ་བོ་དབྱིབས་གཟུགས་ཀྱིས་མཚོན་ཚུལ་ཡིན་པར་འདྲ།
༣༽ཡང་མཚོན་སྟངས་གཞན་ཞིག་ནི། དེ་ཉིད་ལས། རྟ་མཆོག་རྣ་རྒྱན་སོགས་རྒྱན་དྲུག་ཀྱང་དམ་པ་ཞིག་གིས་མཛད་ཟེར། རྒྱན་དྲུག་ནི། ༡༽གླང་ཆེན་མཆེའི་རྒྱན། ༢༽བུམ་པའི་མགུལ་རྒྱན། ༣༽གཡུ་འབྲུག་མཐའ་རྒྱན། ༤༽རྨ་བྱའི་སྒྲོ་རྒྱན། ༥༽སེང་གེའི་དཔུང་རྒྱན། ༦༽རྟ་མཆོག་རྣ་རྒྱན་ཏེ་དྲུག་ཡིན། འདི་དག་ནི་གཞི་ཡི་སྟེང་དུ་ལྷན་ཐབས་ཀྱིས་གླན་པའི་ཚེམས་དྲུབ་སྟེ། གཙོ་བོ་ཁ་དོག་ཀྱི་མཚོན་སྟངས་ཡིན་པར་སེམས། འདྲ་པར་འདི་ནང་དུ་མཐོང་བཞིན་པ་འདི་དག་རེ་རེ་ལ་མཚོན་དོན་འདྲ་བཤད་རྒྱུ་འདུག་ཀྱང་ངེས་གཏན་ཆེར་མི་འདུག
སྔོན་མ་ལ་དྭགས་པ་སློབ་སྦྱོང་ལེགས་ཅན་ཞིག་ཡོད་པ་ད་ལྟ་ཀ་སྨིར་གྱི་མངའ་སྡེའི་དྲུང་ཡིག་ཆེན་མོ་ནས། ལས་ལས་ཟུར་པ་དེ་ཨ་རིའི་པིརིནས་ཏོན་གཙུག་ལག་སློབ་གྲྭ་ཆེན་མོར་ལོ་གཅིག་རིང་སློབ་སྦྱོང་ལ་ཡོད་དུས། བོད་ཀྱི་བླ་མ་ཀུན་གྱི་སྟོད་འགག་དང་གཞན་པ་ཆས་ཀུན་གི་རི་ཀིའི་ཆས་དེ་དག་བོད་ལ་དར་འདུག་ཅེས་བཤད་སོང་། བདག་གིས་ཀྱང་བོད་དུ་དངུལ་གྱི་འདའ་ཡང་གཅིག་གི་གྲས་སུ་དམག་མི་ལང་བསྡད་པ་ཞིག་གིས་གྲྭ་པའི་རྩེ་ཞྭ་འདྲ་བ་གྱོན་འདུག་ཅེས་སྣང་བར་ཤར། དེས་ན། གི་རི་ཀེའི་དམག་སྟོབས་ཆེན། སྤྱི་ལོའི་སྔོན་༣༢༧ ཙམ་ལ་རྒྱ་གར་ནུབ་ཕྱོགས་ལ་སླེབས། དེ་དག་གི་ཆས་གོས་རིམ་པས་བོད་ལྗོངས་སུ་དར་བར་རྗེས་སུ་དཔག་གོ།
སྤོབས་པ་མཐའ་ཡས་ཀྱི་བཤད་པ་ལ་ཡང་བདེན་པའི་ཆ་ཞིག་ཡོད་སྙམ། སྟོད་འགག་ལ་བཤད་སྲོལ་གཞན་ཞིག་ཡོད་པ་ནི་བླ་ཆེན་གྱི་སྔོན་ནས་ཡོད་པ་འདི་རེད། བོན་པོའི་བཤད་སྲོལ་ལ་ཁ་སྐོང་གི་དགེ་སློང་གཞན་ཞིག་ཡོད་པ་ནི་མི་ཟིན་ཟ་ཡིན་པ་དང་དེའི་སྡོམ་རྒྱུན་ལ་བཀའ་དྲིན་བཟོ་ཆེད་སྟོན་འགག་གི་རྒྱབ་ཀྱི་སྒོ་ཟེར་བའི་ཟ་ཕྲུག་དེ་བཞག་པ་དང་། ནང་མ་སྔོན་པོ་ཡིན་པ་དང་མཐའ་ཡི་སྐུད་པ་སྔོན་པོ་འཐེན་སྲོལ་ཡོད་པ་ཡང་དེའི་དོན་ཡིན་ཟེར། རྒྱུ་མཚན་ནི་བོན་པོའི་ངཟན་མདོག་སྔོན་པོ་ཡིན་པའི་ཕྱིར་རོ། དེས་ན་བོད་ཀྱི་ནང་བསྟན་འདིའི་སྡོམ་རྒྱུན་གྱི་ཆུ་མགོ་ཡང་བོན་ལ་ཐུག་འགྲོ་བ་འདྲ། འདི་ལ་ཡང་སྣང་ཆུང་གཏན་ནས་བྱེད་མི་རུང་སྙམ། ཞྭ་མོ་ཡངམི་ཟིན་ཟ་འགོག་སྙོམ་པས་བླ་ཆེན་ལ་གནང་སྟེ་དབུས་སུ་བསྟན་པ་སྤེལ་ཕྱིར་རྟེན་འབྲེལ་གྱིས་གནང་བ་དང་།མཚོན་མདོག་སེར་བོ་ཡང་ས་རྩི་བྱུགས་པ་ལས་བྱུང་བ་ཡིན་ཟེར། ད་དུང་སྤྲོ་བྱ་མང་།
སྟོད་འགག་དེ་ཇོ་བོ་རྗེ་རྒྱ་གར་ནས་བོད་དུ་ཕེབས་སྐབས་བོད་ཡུལ་ཧ་ཅང་གྲང་ངར་ཆེ་བས་གདིང་བ་སྟོད་གོས་སུ་བཞེས་པར་བརྟེན་སྟོད་འགག་དར་བ་བཞེད་སྲོལ་ཞིག་༧གོང་ས་མཆོག་གིས་གསུང་ཆོས་སྐབས་གསུངས་པ་འདྲ་ཞིག་དྲན་གྱི་འདུག། འོན་ཀྱང་གོས་ཆེན་གྱི་སྟོད་འགག་རྒྱན་དྲུག་མ་དང་བེར་སེར་པོ་སོགས་ནི་རྒྱས་སྤྲོས་ཁོ་ན་ལས་དོན་སྙིང་ཅང་ཡོད་ནི་མ་རེད། གོས་ཆེན་གྱི་བེར་སེར་པོ་ནི་རྒྱ་ནག་གོང་མ་ཚོས་གྱོན་པའི་འབྲུག་བེར་སེར་པོ་ལ་དཔེ་བླངས་པ་འདྲ་ཞིག་འདུག། གང་ལྟར་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ཡིན་པར་རློམས་པ་ལ་མཚོན་ན་སྣང་ཚུལ་དང་གནས་ཚུལ་ལ་མི་བལྟ་བ་དཔེར་ན་གོས་ཆེན་གྱི་རྒྱུ་ཕལ་ཆེ་བ་སྲིང་ཐག་གི་འབུ་སྲིན་གསོན་པོ་ཆུ་ཚ་པོའི་ནང་བཙོས་ནས་རྒྱུད་སྐུད་འཐེན་པ་ནི་མངོན་སུམ་དུ་རིག་རྒྱུ་འདུག། དེ་དེ་བཞིན་ཤ་འབལ་འབོལ་དུ་སྤྱོད་པ་དང་མཱོ་མོག་ཞིམ་ཞིམ་དུ་ཟ་བ་བེར་སེར་པོར་སྲམ་ལྤགས་དང་སྟག་ལྤགས་དང་གཟིག་ལྤགས་ཀྱིས་མཐའ་རྒྱན་པ་ལྟར་རོ།
རྩེ་ཞྭའམ་རྔོག་ཟེ་མ་དེ་མགོ་ཁུངས་ངོ་མ་གང་ནས་ཡིན་མིན་མི་ཤེས་ཀྱང་ཨ་ལགས་ཀླུ་སྨྱོན་གྱིས་གསུང་པ་ལྟར་གནའ་སྔ་མོ་ཡོ་རོབ་རཱོ་མཱན་རྒྱལ་ཁབ་ཀྱི་དམག་ཞྭ་འདྲ་པོ་འདུག་ཕལ་ཆེར་བོད་པ་ཚོས་དམག་ཞྭ་འདི་རྫིག་པོ་འདྲ་པོ་མཐོང་ཡིན་རྒྱུ་རེད་འདོད། གང་ལྟར་དམར་སེར་ཅན་གྱི་རྩེ་ཞྭའམ་རྔོག་ཟེ་མ་འདི་གྲྭ་པར་རན་པོ་དང་ལན་པོ་ནི་མི་འདུག།
བོད་པ་ཚང་གིས་རིགས་གཞུང་དང་། ཐ་སྙད་ཡོད་ཚད་རྒྱ་གར་དང་། མི་རིགས་གཞན་གྱི་རེད་བརྗོད་ན། ཐུན་མོང་གི་ཁྱད་ཆོས་ལྡན་པའི་བོད་མི་རིགས་ཀྱི་རིགས་གཞུང་ཞེས། སྐད་བཟང་མཐོན་པོས་བརྗོད་བཞིན་པར། རང་གིས་རང་གི་ཁ་ལ་ཀུ་རུ་རྒྱབ་པ་མ་རེད་དམ།། དེ་འདྲ་ཡིན་ན། བོད་མི་རིགས་འདི་ཡང་། བོད་གངས་ཅན་གྱི་ལྗོངས་སུ་ཕ་སྤྲེའུ་བྱང་ཆུབ་སེམས་པ་དང་། མ་སྲིན་མོ་དྲག་སྲིན་ནས་བྱུང་བ་མ་ཡིན་པར། རྒྱ་གར་གི་སྔ་འཛར་རམ། བྱེབས་ཕྲུག་ཡིན་སོ་འདུག།།
ཀློའུ་སྨྱོན་ལགས་སུ་སྟབས་དོན།བོད་ལ་ཡོད་པ་ཐམས་ཅད་ཕྱི་ནས་ནང་འདྲེན་བྱེད་དགོས་ཀྱི་ཡོད་ན་དང་།ཁྱད་པར་དུ་བོད་ལ་དར་བའི་ཐེག་ཆེན་གྱི་ཆོས་དང་དེའི་འབྲེལ་བལྟོས་ཐམས་ཅད་གཞན་ནས་བླངས་པ་ཤ་སྟག་ལས་མེད་ན།་ཁྱེད་ཀྱི་ཕའི་རུས་པ་དེ་གང་ནས་ཡོང་བ་རེད།མའི་ཤ་དེ་གང་ནས་ཡོང་བ་རེད།སྐབས་འདིར་ཁྱེད་རང་གི་ཀློའུ་ངོ་མའི་རིག་པ་དེ་ཡོད་ན་བཏོན་ཤོག དེ་མ་ཡིན་པར་འབྱུང་བ་ལྔ་ལ་སོགས་པའི་སྐོར་ཅིག་
བཤད་རྒྱུ་ཡིན་ན་ཉན་འདོད་མེད།་དེའི་གྲོས་དེ་ཡང་དག་པའི་རིག་ལམ་གང་ཡང་མ་རེད།ཁྱོ་རང་གིས་ནམ་རྒྱུན་ཅིག་བཤད་རྒྱུ་ཡིན་ཞེ་དྲོགས་དྲོགས་ཚ་བོ་བྱེད་ཀྱི་འདུག་དེ་ཡག་པོ་རེད།མི་སོ་སོའི་རང་དབང་རེད།་སྤྱི་བ་བཤད་རྒྱུ་ཡིན་ན་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་དེ་གང་ནས་བྱུང་བ་རེད།དེ་གང་ནས་འཁུར་ཡོང་བ་རེད།ཁྱོའི་དོལ་སྤྲུལ་དེ་གང་ལ་དཔེ་བླངས་ནས་ཁྱོས་ནང་འདྲེན་བྱས་པ་ཡིན།བོད་རང་གི་ནི་མིན་ཁོ་ཐག་ཡིན།ཁྱོ་ལྟར་ན་བོད་ལ་ཡོད་མི་ཆོག་པའི་ཕྱིར།གལ་ཏེ་རྟགས་གསལ་ཞིག་སྒྲིག་པ་ཡིན་ན།དོལ་སྤྲུལ་ཀླུ་སྨྱོན་ཆོས་ཅན།སྤྲུལ་སྐུ་དང་ཀླུ་སྨྱོན་རེ་རེ་ནས་ནས་མ་ཡིན་པར་ཐལ། སྔོན་ཆད་གཞི་མེད་པའི་ཕྱིར།དེ་འདྲ་ཞིག་ཡིན་བསམ་མེད་དེ་ད་ལྟ་བལྟས་ཡོང་དུས་རྡོ་སྤྲུལ་བསྟན་འཛིན་ཤེས་རབ་རིན་པོ་ཆེ་བཀའ་རམས་འཛིན་གྲྭ་རྫོགས་ཡོད་ཀྱང་།བསྟན་པའི་བྱུང་རབ་ལ་རྒྱུས་མངའ་མེད་པ་ལྟ་བུའི་ཉམས་ཞིག་ཕྱིར་བསྟན་ཡོང་གི་འདུག་པ་མ་ཟད། ནང་ཆོས་ཀྱི་བརྒྱུད་བརླན་པའི་ཚད་ཀྱང་ཅི་འདྲ་ཞིག་ཡིན་མིན་འགྲོ་སྙམ་པའི་དོགས་པ་ཞིག་རང་བཞིན་གྱི་སྤྲད་ཡོང་བས། གལ་སྲིད་རུམ་ན་ཚོང་རྫས་ངོ་མ་མེད་པ་ཡིན་ན།རང་མདོག་དེ་ཕྱིར་མ་བསྟན་པར།སྨྲ་བ་ཉུང་ན་ཚིག་བཙུན་པར་འགྱུར་བས།ལྕགས་གདོང་ཅན་དག་དང་ས་མཚམས་ཡོད་ལ་ལེགས།དེ་མཁས་རྟགས་མ་རེད།དྲ་བདག་ལགས་མཆན་འདི་མ་འགོག་ལགས།
ཀླུ་སྨྱོན་ལགས། འཇོ་སྒེག་གི་ཉམས་སོགས་ལྡན་པའི་སྙན་ངག་ལ་མཁས་ཀྱང་། ལོ་རྒྱུས་རིགས་ལ་མི་ཧྲག་གིན། སྐུ་རྩེད་ཡིན།
༡༽ ཞྭ་མོ་རྔོག་ཟེ་མ་ཞེས་པའི་མིང་ཚིག་དེ་ཡང་དག་མིན་མི་ཤེས། སྤྱིར་ནང་པའི་དགེ་སློང་གི་འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་ནང་དུ་ཞྭ་མེད། འོན་ཀྱང་རྒྱ་གར་དཔོན་གྲུབ་རྒྱན་དྲུག་མཆོག་གཉིས་སོགས་ཀྱིས་པན་ཞྭ་བཞེས་པ་ལྟར། བོད་ཀྱི་ཆོས་ལུགས་ཁག་གི་དབུ་ཞྭ་ལ་ཡང་སྣ་གྲངས་མང་བ་དང་ལོ་རྒྱུས་ཡང་ཤིན་ཏུ་མང་།
དཔེ་ན། པན་ཞྭ་སྣ་རིང་མ། རྒྱལ་བ་རིགས་ལྔའི་དབུ་ཞྭ། སྒོམ་ཞྭ། བྱང་ཆུབ་སེམས་ཞྭ། ཐང་ཞྭ། ཞྭ་ནག། ཞྭ་ཟླུམ། རྩེ་ཞྭ་སོགས་བཟོ་དབྱིབས་མི་འདྲ་བ་མང་། དེ་བཞིན་རྩེ་ཞྭ་ལ་ཡང་བཟོ་དབྱིབས་མི་འདྲ་གསུམ་ཙམ་དང་ཚོས་གཞི་མི་འདྲ་བ་དམར་སེར་གཉིས་ཡོད། དེ་ལ་ཡང་སངས་རྒྱས་སྟོང་དང་སངས་རྒྱས་ཀྱི་ཞིང་། སྡེ་སྣོད་གསུམ་དང་གསུང་རབ་ཡོན་ལག་བཅུ་གཉིས། རིགས་གསུམ་མགོན་པོ་དང་མི་རྟག་དྲན་སྐུལ་སོགས་མཚོན་དོན་མང་། གོང་དུ་གླེང་གཞིར་ཞྭ་མོ་རྔོག་ཟེ་མ་ཞེས་པ་དེ་ཡང་རྩེ་ཞྭ་སྐོར་གསུངས་ཀྱིན་ཡོད་པ་འདྲ།
འཇིག་རྟེན་ཐམས་ཅད་ལད་མོ་ཡིན། མཁས་པས་དཔེ་དང་། བཟོ་བོས་ཐིག་ཞེས་པ་ལྟར་དེདག་ཡང་གཞན་ལ་རྟེན་པ་དང་ལྟོས་པ་ཅི་རིགས་ཞིག་ཡིན་ཆོག། འོན་ཀྱང་བཟོ་དབྱིབས་དེ་རང་གཞན་ནས་དར་བར་ཞིག་ག་ནས་ཡིན། དེ་དག་གི་རྒྱུ་སྤུས་དང་བཟོ་དབྱིབས་མཚོན་དོན་སོགས་ལ་ཞིབ་ན་ལོ་རྒྱུས་ཀྱི་འགྲོས་དང་བསྟུན་ཏེ་དང་ཐོག་བོད་རང་དུ་མེད་པ་ནས་ཡོད་པར་གྱུར་བ་དང་། རིམས་བཞིན་བཟོ་དབྱིབས་སོགས་ཇེ་མཛེས་སུ་བཟོ་བཅོས་བྱས་ཏེ་སྣ་ཚོགས་པ་འདི་བྱུང་བ་ཞིག་རེད། ལར་ནི་བོད་མི་རིགས་ལ་དེ་ཙམ་གྱི་གསར་གཏོད་ཐུབ་པས་མི་སྣ་ཞིག་མེད་པ་འདོད་ན་ཤིན་ཏུ་ཐལ།
༢༽ སྟོད་འགག་སྐོར་དེ་ཡང་ཞྭ་དང་འདྲ་མཚུངས་རེད། འདུལ་གཞུང་དུ་རྔུལ་གཟན་ཞེས་པ་ནང་གྱོན་ཞིག་ལས་སྟོད་འགག་ཞེས་པའི་ཐ་སྣོད་ཞིག་མེད། འོན་ཀྱང་རྒྱ་གར་གྱི་དཔོན་གྲུབ་རྒྱན་དྲུག་མཆོག་གཉིས་སོགས་ཀྱི་ནང་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ། རྒྱལ་སྲས་འཕགས་པ་ཐོག་མེད་བཟང་པོ། སློབ་དཔོན་འཕགས་པ་ལྷ། སློབ་དཔོན་ཕྱོགས་ཀྱི་གླང་པོ། མཁས་མཆོག་སློབ་དཔོན་དབྱིག་གཉེང། རིག་པ་སྨྲ་བ་སློབ་དཔོན་ཆོས་ཀྱི་གྲགས་པ་ལ་སོགས་པས་རྔུལ་ལེན་ནང་གྱོན་ཕུ་མེད་དེའི་རིགས་བཞེས་པ་ལྟར་བོད་དུ་མཁན་ཆེན་ཞི་བ་འཚོ་སྐབས་ནས་བླ་སློབ་རྣམས་ཀྱིས་དེར་ལྷན་ཐབ་མང་པོ་རྒྱབ་ནས་་བཟོ་དབྱིབས་ཅི་རིགས་རིམས་བཞིན་སྒྱུར་ནས་གནམ་གཤིས་ལ་མཚམས་པའི་སེང་གེའི་དཔུང་ལྡན་གྱི་སྟོད་འགག་འདི་བྱུང་བ་རེད།
དེ་ལ་ཡང་ཚོས་གཞི་མི་འདྲ་བ་གསུམ་ཡོད་པ་ལས་དམར་སེར་གཉིས་དང་རྒྱ་སེར་སྟོད་འགག་བཅས་གསུམ་ཡིན། སྔར་༡༩༥༩ ཡན་དུ་བོད་ཀྱི་དགོན་སྡེ་གང་སར་སྟོད་འགག་དམར་པོ་དང་རྒྱ་སེར་སྟོད་འགག་གང་རུང་བཞེས་སྲོལ་ལས་སྟོད་འགག་སེར་པོ་བཞེས་སྲོལ་དེ་ཙམ་མེད། དཔེར་ན། རྩེ་རྣམ་རྒྱལ་གྲྭ་ཚང་ནང་རྒྱ་སེར་སྟོད་འགག་མ་གཏོགས་བཞེས་སྲོལ་མེད། དེ་བཞིན་དགོན་ཁག་གཞན་དུ་མཁན་བླ་དང་གནད་ཡོད་ལས་སྣེའི་རིགས་ཀྱི་མ་གཏོགས་རྒྱ་སེར་སྟོད་འགག་བཞེས་སྲོལ་དེ་ཙམ་མེད། ལྷན་ཐབ་སྟོད་འགག་སེར་པོ་དེ་ནི་བོད་ཁྱོན་ཡོངས་སུ་གྲྭ་པས་བཞེས་ཀྱི་མེད། འོན་ཀྱང་རྒྱུད་སྨད་པ་གྲྭ་ཚང་གི་གྲྭ་པ་ཚང་མའི་རྒྱུན་གོས་སྟོད་འགག་ཡིན།
དེ་བཞིན་སེར་བྱེས་གྲྭ་ཚང་གི་གྲྭ་པ་རྣམས་ཀྱིས་ཀྱང་བཞེས་ཆོག། དེ་ནི་རྒྱུད་སྨད་གྲྭ་ཚང་ཕྱག་བཏབ་མཁན་རྒྱུད་ཆེན་རྗེ་བཙུན་ཤེས་རབ་སེངྒེ་ནི་སེར་བྱེས་གྲྭ་ཚང་ནས་ཡིན་པས་རྒྱུད་སྨད་གྲ་ཚང་དང་སེར་བྱེས་གྲྭ་ཚང་གཉིས་ཀྱི་ནང་ཁྲིམས་སུ་ཚོགས་ཞྭ་དང་ཚོགས་ཕོར་གཉིས་ལ་ཁྱད་པ་ཙམ་ལས་གཞན་གཅིག་མཚུངས་ཡིན།
༡༩༥༩ ལོར་གོང་ས་མཆོག་དང་རེས་མེད་དགེ་འདུན་སྟོང་ཚོ་མང་པོ་བཙན་བྱོལ་དུ་འབྱོར་བའི་སྐབས་སུ་གོང་ས་མཆོག་གིས་ང་ནི་རྒྱུད་སྨད་པ་གྲྭ་ཚང་ནས་ཡིན་རྒྱ་སེར་སྟོད་འགག་ངར་མི་དགོས་གསུངས་ནས་སྟོད་འགག་སེར་པོ་བཞེས་ནས་བཟུང་རྩེ་རྣམ་རྒྱལ་གྲྭ་ཚང་གི་གྲྭ་མང་རྣམས་ཀྱིས་ཀྱང་སྟོད་འགག་སེར་པོར་སྒྱུར་བ་རེད་མ་གཏོགས་དེ་སྔོན་གྲྭ་ཚང་དེར་སྟོད་འགག་སེར་པོ་བཞེས་སྲོལ་མེད།
དེ་དང་ཕྱོགས་མཚུངས་སུ་གྲྭ་པའི་མཁྱོན་ཡོངས་སུ་སྟོད་འགག་སེར་པོ་བཞེས་པའི་སྲོལ་བྱུང་བ་དང་བོན་པོའི་སྟོད་འགག་ལྷན་ཐབ་སྔོན་པོ་དེ་ཡང་སེར་པོར་དཔེ་བླངས་ནས་བྱུང་བ་ཞིག་ལས་བོན་གྱི་གནའ་སྲོལ་སྟོད་འགག་མ་རེད་བསམ་གིན།
གྲྭ་པའི་སྟོད་འགག་དེ་འགག་ཐུང་དང་དོན་གཅིག་ཡིན་ཞིང་། འགག་ཐུང་ཞེས་པ་ནི་དབྱར་དུས་སུ་གོན་རྒྱུ། འགག་རིང་གི་སྐད་པ་བཅད་ནས་ཁོག་སྟོད་མ་གཏོགས་མེད་པ་དེ་ལ་སྟོད་འགག་གམ་འགག་ཐུང་ཞེས་ཟེར་བ་ཡིན། འགག་རིང་ཞེས་པ་ནི། དགུན་དུས་སུ་གོན་རྒྱུ་སྟོད་སྨད་གཉིས་ཆ་མཉམ་དུ་འབྲེལ་ནས་ཡོད་པ་ཞིག་ཡིན། དེས་ན་སྟོད་འགག་དང་། འགག་རིང་གཉིས་ཀྱི་ཁོག་སྟོད་བཟོ་དབྱིབས་ཀྱི་རྣམ་པར་སུ་ཞིག་གི་དབྱེར་བར་་འབྱེད་མི་ནུས་ཤིང་གཅིག་མཚུངས་ཡིན། དེ་ཉིད་ཆུ་མགོ་གངས་ལ་ཐུག་པའི་དཔེར་ལྟར་གཡུང་དྲུང་བོན་གྱི་ལུགས་ཤིག་ཡིན་པ་མ་གཏོགས། ཕྱིས་སུ་རྗེ་གཙང་ཁ་བ་སོགས་ཀྱིས་གསོལ་འབྱེད་པ་ཞིག་མིན་པ། འདུལ་གཞུང་དང་ཁུངས་ལྡན་ལོ་རྒྱུས་དག་ལས་གསུངས་པ་སྟེ། བོན་གྱི་སྟོན་པ་རབ་ཏུ་བྱུང་སྐབས་ཀྱི་གནབ་ཟ་གོས་དྲུག་གི་ནང་སྟོད་གོས་འདི་ཡོད་པ་མ་ཚད། གླང་དར་གྱིས་བསྟན་པ་བསྣུབས་པའི་རྗེས་སུ་བླ་ཆེན་དགོངས་པ་རབ་གསལ་ལམ་བླ་མི་ཐུར་དགོངས་པ་རབ་གསལ་མཆོག་གིས། བོན་གྱི་མཁན་པོ་མི་ཟུར་གསལ་བཟང་གི་དངོས་སློབ། མཁན་ཆེན་ཁྲི་འབར་ཚུལ་ཁྲིམས་སམ་རྟ་རྫི་སོག་པོ་སྤྲེ་སླག་ཅན་གྱི་དྲུངས་ནས། འདུལ་བའི་བསྟན་པ་རྨང་ནས་གསོ་སྐབས། བོན་གྱི་མཁན་པོར་བཀའ་དྲིན་དྲན་པའི་ཆེད་དུ་སྟོད་འགག་གི་སེང་གེ་དཔུང་པ་ལ་ཕྲེང་སྐུད་སྔོན་པོ་དང་། ཆོས་གོས་ཀྱི་ལེའུ་རྣམས་ལ་སྐུད་པ་སྔོན་པོའི་བྱ་ལག་གི་དབྱིབས་ལྟར་འདོགས་པར་མཛད་ཅེས་གསུངས་པ་བཞིན། སྟོད་འགག་དེ་བླ་ཆེན་དགོངས་པ་རབ་གསལ་སྐབས་དུས་ནས་ཡོད་པ་ཤེས་ཐུབ། ད་དུང་ཞྭ་མོ་རྔོག་ཟེར་མའི་བྱུང་ཁུངས་སྤྱི་ལོ་༡༧༠༠ལོར་འཁྲུངས་པའི་རིག་འཛིན་ཀུན་གྲོལ་གྲགས་པའི་ཞྭ་བཤད་པི་ཝང་དྲུག་འགྱུར་ལས། གསུངས་པ་མཇལ་མྱོང་ཡང་ད་ལྟར་འོལ་ཚོད་མི་བྱེད་ནས་དཔེ་ཆ་ལག་སོན་བྱུང་ན་དྲ་གྲོགས་ཚོའི་སྤྱན་ལམ་འབུལ་ཡོང་།།
ཀུན་གསལ་ལགས་ཀྱིས་སྟོད་འགག་བྱུང་རིམས་གསུངས་པ་དེ་ཚོད་འཛིན་མི་ཐུབ། ལྷག་པར་དུ་ཕྱིས་སུ་རྗེ་ཙོང་ཁ་པ་སོགས་ཀྱིས་གསོལ་འབྱེད་པ་ཞིག་མིན་པ། འདུལ་གཞུང་དང་ཁུངས་ལྡན་ལོ་རྒྱུས་དག་ལས་གསུངས་པ་སྟེ། ཞེས་པ་དེ་དོན་དངོས་དང་མི་མཐུན།
དགེ་ལུགས་པའི་གདན་ས་ཆེ་ཁག་གསུམ་དང་རྒྱུད་གྲྭ་སྟོད་སྨད་གཉིས། དེ་བཞིན་བཀྲིས་ལྷུན་པོ་སོགས་གཙོས་པའི་དགེ་ལུགས་པའི་གདན་ས་གྲྭ་ཚང་ཁག་ཏུ་སྟོད་འགག་དང་རྩེ་ཞྭ་སོགས་མེད་པར་ཚོགས་དང་ཆོས་རར་འགྲོ་མི་ཆོག། སྟོད་འགག་མི་གྱོན་པའི་གྲྭ་པ་རིགས་ལ་དགེ་ལུགས་པའི་གྲྭ་པ་མ་རེད་ཞེས་བཤད་སྲོལ་ཡང་ཡོད། དགེ་ལུགས་པ་མིན་པས་རྙིང་མ་དང་ས་སྐྱ་གཀའ་རྒྱུད་བོན་པོ་བཅས་སུ་གྲྭ་པའི་སྟོད་འགག་ཞེས་པའི་འགག་ཐུང་དེ་བཞེས་དང་མི་བཞེས་གྱིས་གྲྭ་ཚོགས་སུ་འགྲོ་ཆོག་མེད་ཀྱིས་སྐད་ཆ་ཞིག་རྩ་བ་ནས་མེད། དེས་རྗེ་རིན་པོ་ཆེས་སྟོད་འགག་དང་རྩེ་ཞྭ་སོགས་གསོལ་འབྱེད་ཤུགས་་ཆེ་གནང་བར་གསལ་པོ་རེད།
སེངྒེ་དཔུང་པའི་མཐའ་རུ་ཕྲེང་སྐུད་སྔོན་པོ་དེ་ཡང་བླ་ཆེན་དགོངས་པ་རབ་གསལ་གྱིས་སྨད་འདུལ་གསོལ་བའི་སྐབས་སུ་རྒྱ་བའི་དགེ་སློང་གིས་ཁ་སྐངས་མཛད་པས་དྲན་རྟེན་ཡིན་ཚུལ་བཤད་པ་ལས་བོན་གྱི་མཁན་པོར་བཀའ་དྲིན་ཆེད་དུ་ཡིན་ཚུལ་བོད་ཀྱི་ནང་པའི་གྲུབ་མཐའི་ལོ་རྒྱུས་གང་དུ་ཡང་མཇལ་རྒྱུ་ཡོད་ཚོད་མེད།
བླ་ཆེན་དགོངས་པ་རབ་གསལ་ནི་ཐོག་མར་བོན་གྱི་ཆོས་སྒོར་རུ་ཞུགས་ཀྱང། ཕྱིས་སུ་བན་བོན་གང་ཡིན་སྐོར་ལོ་རྒྱུས་སྣ་ཚོགས་ཞིག་ཡོད་པས་འདིར་མི་གླེང་། གལ་སྲིད་ཁོང་བོན་ཆོས་མ་གཏོགས་སངས་རྒྱས་པའི་ཆོས་སྒོར་རུ་ཞུགས་མེད་ཚེ་ད་ཡོད་བོད་དུ་ས་དགེ་བཀའ་རྙིང་སོགས་སུ་དར་བའི་སྨད་འདུལ་འདི་གཡུང་དྲུང་བོན་ཙམ་གྱི་སྡོམ་རྒྱུད་ཡིན་དགོས། དེས་ན་སངས་རྒྱས་ཤཀྱ་ཐུབ་པའི་འདུལ་བའི་སྡོམས་རྒྱུད་ཞིག་ད་ཆར་བོད་དུ་མེད་པར་འདོད་དགོས་པར་མཐོང་ངོ་།
སྟོད་འགག་གི་འབྱུང་ཁུངས་སྐོར་ལ་ཁྱོད་ཀྱི་ཁ་དང་ང་ཡི་སྣ་ཟེར་ནས་རྩོད་ན་ངེད་ཚོར་དཔྱད་པའི་དཔྱད་དོན་མི་བརྙེད་པས་མ་ཟད། རྩ་བའི་བརྗོད་གཞིའི་རྒྱ་ལས་བརྒལ་བའི་ཉེན་ཁའང་ཆེ། དེས་ན་ངེད་ཚོས་སོ་སོའི་འདུལ་གཞུང་དང་ལོ་རྒྱུས་སོགས་ནས་སྟོད་འགག་གི་བྱུང་རིམ་དང་ལོ་རྒྱུས་སོགས་འདིར་འགོད་ཐུབ་ན་ཀུན་ལ་ཕན་པའི་རེ་བ་ཆེ། དེས་ན། བོན་གྱི་ལོ་རྒྱུས་དང་འདུལ་གཞུང་སོགས་ནས། བོན་གྱི་གྲུབ་མཐའི་སྲོལ་བཏོད་པ་པོ་སྟོན་པ་གཤེན་རབ་མཆོག་མཛད་པ་བཅུ་གཉིས་མཛད་པའི་སྐབས་སུ་གཤེན་ལོ་སོ་གཅིག་གི་སྟེང་དུ་ཁྱིམ་སྤངས་རབ་བྱུང་གི་མཛད་པ་གནང་བས། སྐབས་དེར་དབྱིངས་ནས་ཡེ་ཤེས་ལྷ་ཚོགས་ཀྱིས་མ་དག་ཁྱིམ་པའི་རྟགས་རྣམས་དོར་ནས་དག་པ་ཁྱིམ་སྤངས་རབ་བྱུང་གི་རྟགས་སུ། ན་བཟའ་གོས་དྲུག་དང་གདེང་བ་བཅས་བདུན་གནང་བ་དག་སྐུ་ལ་གསོལ་བར་གྲགས་པ་དང། དེ་ཡང་ན་བཟའ་གོས་དྲུག་གདེང་བ་བཅས་བདུན་གང་ཞེ་ན། གཙང་ཞུ་པད་མ་སུལ་ལྡན་ཏེ། གཙང་མའི་ཞ་མོ་འམ་པད་ཞུ། སྟོད་གཡོགས་སུལ་བུ་རྩ་ལྔ་སྟེ། དེང་དུས་སུ་གྲགས་པའི་སྟོད་འགག་གམ་སྟོད་གོས། སྨད་ཤམས་པདྨོ་སུལ་གྱེས་ཏེ། སྨད་ཤམས་སམ་དེང་དུས་སུ་གྲགས་པའི་ཤམས་ཐབས། པད་ལྷམ་པད་བརྩེགས་གཉིས་སྦྱོར་ཏེ། གཙང་ལྷམ་མམ་པད་མོའི་ལྷམ། རྨད་གོས་གླིང་རྣམ་རྩ་ལྔ་སྟེ། རྨད་དུ་བྱུང་བའི་གོས་སམ་དེང་དུས་སུ་གྲགས་པའི་ཆོས་གོས་སོ། དེ་ཡི་སྟེང་དུ་གདེང་བ་གཡུ་མདངས་སྔོན་པོ་སྟེ། གདེང་བའམ་པད་གདན་བརྩིས་པས་བདུན་འབྱུང་ངོ༌། དེ་ཡང་སྟོད་འགག་སྔོན་པོ་བྱེད་དགོས་པའི་དོན་ཡང། སྤྱིར་རབ་བྱུང་གི་གོས་ཀྱི་ཁ་དོག་རྣམས་སྔོན་པོ་དང་སེར་པོ་དམར་པོ་བཅས་རུང་བའི་ཁ་དོག་ཡིན་པ་དང། ལྷག་པར་དུ་སྔོན་པོའི་ཁ་དོག་ནི་བོན་གྱི་ལོ་རྒྱུས་སོགས་ནས་དམིགས་བསལ་གྱི་ཁྱད་བོན་དང་ལྡན་པའི་ཁ་དོག་ཅིག་ཡིན་པས་དང། དེ་ཡང་སྟོད་འགག་སྔོན་པོའི་གོན་སྲོལ་ཡང་ལོ་ངོ་བརྒྱ་ཕྲག་མང་པོའི་གོང་ནས་བྲིས་པའི་ལྷ་དང་གྲུབ་ཐོབ་ལས་སོགས་ཀྱི་རི་མོར་བཀོད་པའི་ནང་དུའང་དེ་ལྟར་གསལ་ཡོད་འདུག་པས། ཕྱིས་སུ་གསར་བཏོད་དང་གཞན་ནས་དཔེ་བླང་སོགས་ཀྱི་གཏན་ཚིགས་ཡང་དག་ཞིག་མིན་པར་སེམས། འོན་ཀྱང་བླ་ཆེན་དགོངས་པ་རབ་གསལ་གྱིས་སྨད་འདུལ་གནང་སྐབས་སུ། མཁན་པོ་མི་བརྗེད་པའི་རྟགས་བཞི་གནང་བ་སྟེ། འགྲོ་འདུག་གི་དུས་སུ་ང་དྲན་པར་གྱིས་གསུང་ནས། རྡོར་བུ་སྔོན་པོ་བྱེ་པ་དང༌། རྟག་ཏུ་ང་སྤྱི་གཙུག་ཏུ་དྲན་པར་གྱིས་གསུང་ནས། ཞྭ་ཡི་མདངས་སྔོན་པོར་བྱེད་པ་དང༌། གསོ་སྦྱོང་གི་དུས་སུ་ང་དྲན་པར་གྱིས་གསུང་ནས། ཐང་པའི་མདངས་སྔོན་པོར་བྱེད་པ་དང༌། ལྡང་ཉལ་གྱི་དུས་སུ་ང་དྲན་པར་གྱིས་གསུང་ནས། ཤམ་ཐབས་ཀྱི་ཀ་བ་སྔོན་པོར་བྱེད་པ་དང་བཞིའོ། ཡང་ལོ་རྒྱུས་འགའ་ཞིག་ནས། ཤམ་ཐབས་ཀྱི་ཀ་བ་སྔོན་པོ་དང༌། ཐང་པའི་སྣིལ་ཚང་སྔོན་པོ། པད་ཞུའི་དབུ་རྩེ་སྔོན་པོ། གདིང་བའི་གཡུ་མདངས་སྔོན་པོ་དང་བཞི་ཞེས་ཀྱང་བཤད་དོ། དེ་འདྲར་གསལ་ཡོད་ཅིང། ལྷག་པར་དུ་ས་སྐྱ་པན་ཌི་ཏས་ཨ་ཁུ་གྲགས་པ་རྒྱལ་མཚན་མ་མཉེས་བཞིན་དུ་ཁ་ཆེ་པན་ཆེན་ནས་སོ་ཐར་སྡོམ་པ་བཞེས་སྟངས་འདི་ལ་བསམ་ཞིབ་བྱེད་དགོས་ངེས་ཞིག་རེད། སྤྱིར་སྟངས་རབ་བྱུང་གི་གོས་ཀྱི་ཁ་དོག་སྔོན་པོ་བྱེད་པ་ནི། བོན་ལུགས་ཁོ་ན་ཡིན་པ་དང། ཡང་ན་འདུལ་གཞུང་ལས་བཤད་པའི་རབ་བྱུང་གི་གོས་ཀྱི་ཁ་དོག་དང་ཡོངས་སུ་འགལ་བ་ཞིག་མིན་པ་ནི་རང་གཞན་གཉིས་ཀའི་འདུལ་གཞུང་ནས་གསལ་ཡོད། གོང་ས་ལྔ་པའི་འདུལ་བའི་ལས་ཆོག་ནས་ཀྱང། སྔོན་པོ་ཙག་དང་ངུར་མིག་རྩི། དེ་དག་རུང་པའི་ཚོན་གསུམ་སྟེ། ཞེས་པས་གསལ་ལོ། བླ་ཆེན་དགོངས་པ་རབ་གསལ་བོན་པོ་ཡིན་མིན་ལོ་རྒྱུས་སོགས་སུ་ཞིབ་ཀྱིས་གཟིགས་དགོས་པར་མཐོང་ངོ།
སྟོད་འགག་འདི་བོན་གྱི་སྟོན་པ་གཤེན་རབ་གྱིས་ན་བཟའ་ཡིན་ཟེར་བ་དེ་མི་བདེན་པ་འདྲ། སྔོན་མ་བཞེངས་སྲོལ་ཡོད་པའི་སྟོན་པ་གཤེན་རབ་ཀྱི་སྐུ་བརྙན་དེས་སྟོད་འགག་མནབ་མི་འདུག་ལ་དེང་དུས་སུ་བཞེངས་བཞིན་པའི་སྟོན་པ་གཤེན་རབ་ཀྱི་སྐུ་བརྙན་དེ་ཚོ་ཡང་སྟོད་འགག་མནབ་ཡོད་མཁན་ཞིག་བཟོས་མི་འདུག
སྟོད་འགག་འདི་གང་ལྟར་ཡང་རྒྱ་བལ་སོགས་ཚ་བའི་ལུང་པ་ཞིག་ནས་ཡར་དར་ཡོང་བ་ཞིག་ལས་བོད་རང་གི་སྔར་སྲོལ་གྱི་ཆས་གོས་ཤིག་ཡིན་ས་མ་རེད། འདི་ལ་ཕུ་དུང་དང་གོང་བ་མེད་སྟངས་ལ་བལྟས་ན་བསིལ་ཞིང་གྲང་བའི་བོད་ཡུལ་གྱི་གདོད་མའི་གྱོན་ཆས་ཤིག་མ་ཡིན་པ་ཤེས་ནུས་པ་ཞིག་རེད།
ཚ་ཕྲུག་རྒྱལ་གྱིས། ‘‘སེངྒེ་དཔུང་པའི་མཐའ་རུ་ཕྲེང་སྐུད་སྔོན་པོ་དེ་ཡང་བླ་ཆེན་དགོངས་པ་རབ་གསལ་གྱིས་སྨད་འདུལ་གསོལ་བའི་སྐབས་སུ་རྒྱ་བའི་དགེ་སློང་གིས་ཁ་སྐངས་མཛད་པས་དྲན་རྟེན་ཡིན་ཚུལ་བཤད་པ་ལས་བོན་གྱི་མཁན་པོར་བཀའ་དྲིན་ཆེད་དུ་ཡིན་ཚུལ་བོད་ཀྱི་ནང་པའི་གྲུབ་མཐའི་ལོ་རྒྱུས་གང་དུ་ཡང་མཇལ་རྒྱུ་ཡོད་ཚོད་མེད།’’ཅེས་བཤད་འདུག་མོད། འོན་ཀྱང་ཉང་རལ་ཆོས་འབྱུང་ནང་བླ་ཆེན་གྱི་སྐོར་བཤད་སྐབས། ‘‘སྡོམ་པའི་བཀའ་བོན་གྱི་ཡིན། དེའི་རྟགས་ཀྱང་བཞི་ཡོད་ཟེར།’’ ཞེས་པ་ཞིག་ཡོད་བསམ་སོང་དེའི་སྐོར་འགྲེལབཤད་ཇི་ལྟར་གནང་རྩིས་ཡོད་དམ།
ལར་ཁྱོད་ཀྱིས་‘‘སེངྒེ་དཔུང་པའི་མཐའ་རུ་ཕྲེང་སྐུད་སྔོན་པོ་དེ་ཡང་བླ་ཆེན་དགོངས་པ་རབ་གསལ་གྱིས་སྨད་འདུལ་གསོལ་བའི་སྐབས་སུ་རྒྱ་བའི་དགེ་སློང་གིས་ཁ་སྐངས་མཛད་པས་དྲན་རྟེན་ཡིན་ཚུལ་བཤད་པ་’’བཤད་པ་དེ་དང་། ཡང་‘‘རྗེ་རིན་པོ་ཆེས་སྟོད་འགག་དང་རྩེ་ཞྭ་སོགས་སྲོལ་འབྱེད་ཤུགས་ཆེ་གནང་བར་གསལ་པོ་རེད།’’ཅེས་བཤད་པ་གཉིས་ནང་འགལ་གྱི་ཕུང་པོར་གྱུར་འདུག་སྙམ། ཅི་ཡི་ཕྱིར་ན་རྗེ་ཙོང་ཁ་པའི་སྔོན་དུ་ཡོད་པ་ཞིག་ཙོང་ཁ་པས་སྲོལ་འབྱེད་གནང་ཞེས་བཤད་ན་‘‘སྲོལ་འབྱེད་’’ཅེས་པའི་ཐ་སྙད་དེའི་གོ་དོན་མ་ཤེས་པ་ཞིག་ཡིན་པར་གོར་མ་ཆགས། ད་དུང་སྲོལ་འབྱེད་ཤུགས་ཆེར་གནང་ཞེས་བཤད་པ་དེ་བས་ཀྱང་གོ་རྒྱུ་གང་མེད་པའི་གཏམ་དུ་སྣང་ངོ་།
དྲྭ་གྲོག་རྣམ་པ་བཀྲ་ཤིས་བདེ་ལེག་ཞུ་ ང་འདིར་ཡུང་དོན་ནི་མཁས་འདོད་ཀྱི་རྩོམ་པ་པོ་མིན་ལ་ཐ་ན་དག་བསྙེན་ཚིག་བསྒྲུབ་སོག་སྦྱོང་མྱོང་མེད་པའི་མི་རྒན་ཞིག་ཡིན་ལ་ཡི་གེ་མ་དག་པ་ག་ཚོད་བྱུང་ན་བཀའ་སྐྱོན་མི་གནང་ཞུ་
ད་ལེན་་ཀླུ་མྱོན་ལགས་ཀྱི་དབུ་ཞའི་དཀོར་གླིང་དུས་གོ་ཚུལ་འདོད་ཚུལ་མི་འདྲ་བ་མང་ རང་གི་གོ་ཐོས་ལ་མཁན་པོ་ཟླ་ཟེར་ནས་ཞྭ་མོ་སེར་པོ་འདི་བླ་ཆེན་དགོང་པ་རབ་གསལ་ཁམ་ནས་བོད་ལ་ཕེབ་དུས་ལས་ལྷག་སྐྱབ་ག྄ི་ཆད་དུ་སྐུ་ཆིང་དེ་ཉིས་སྟེབ་ཚེམ་ནས་དབུ་ཞྭ྄་བཟོས་པ་ཐོས་ མཁན་ཞྭ་རྣ་རིང་ནི་རྒྱ་གར་ནས་ཕྱི་ནང་གཉིས་ཆོས་བཙོད་བྱེས་སྐབས་མུ་སྟེག་མ་ཐོབ་ནམ་སྤན་ཊི་མི་གསལ་མི་དྲན་ག་གེ་མོ་ཞིག་ལ་མཁའ་འགྲོས་ལུང་བསྟེན་ལ་སོང་ཁྱེད་གྱིས་ཤིང་ཚེར་མ་་འོ་སེ་ཡིས་ཚེར་མའི་ཤུན་ལྤག་བཤུས་ནས་ཞྭ་མོ་རྩེ་་མནོ་ཞིག་ཚེམ་ལ་ཞྭ་རྩེ་ཁོ་ལ་གཏད་ནས་རྩོད་ཤིག་གསུང་ནས་རྩོད་པས་མུ་སྟིག་པ་ཕམ་པར་གྱུར་སྐད་ ཞྭ་མོའི་རྣ་བ་རིང་པོ་ཚེར་མ་སྐོ་དུས་ཤིང་ཤུན་མཉམ་དུ་གོག་པའི་དཔེ་རེད་གསུང་ རྗེ་རིན་པོའི་དབུན་ཞྭ་ནི་སྲིན་མོ་ཞིག་གི་མོ་མཚནབསྟེན་ནས་བསྟེས་ཏངན་གཡང་སུ་བློང་ནས་དབུ་ལ་གསོལ་བ་རེད་གསུང་ སྟོད་འགག་ནི་ས་སྤན་ནས་ཨ་ནེའི་ནུ་མ་རྐུང་ཐབ་གྱིས་ཚེམ་པ་རེད་གསུང
སྨན་མོ་ལགས། དཔྱད་མ་ཤེས་ན་ཡང་ཀློག་ཤེས་པ་གནང་དགོས། ངས་རྗེ་རིན་པོ་ཆེས་སྟོད་འགག་དང་རྩེ་ཞྭ་སོགས་གསོལ་འབྱེད་ཆེ་པོ་གནང་བར་གསལ་པོ་རེད་ཞུས་པ་ལས་རྗེ་རིན་པོ་ཆེས་སྟོད་འགག་དང་རྩེ་ཞྭ་སོགས་སྲོལ་འབྱེད་ཤུགས་ཆེ་གནང་ཚུལ་ཞུས་མེད་པས་ནང་འགལ་དེའི་རིགས་ངར་ཡོངས་དོན་མེད་དོ། ༼
གསོལ་དང་སྲོལ་གྱི་ཆེད་པར་གཟིགས།༽ ཚེ་རིང་རྒྱུ་མ།
སྤོབས་མཐས་‘‘སྟོད་འགག་འདི་བོན་གྱི་སྟོན་པ་གཤེན་རབ་གྱིས་ན་བཟའ་ཡིན་ཟེར་བ་དེ་མི་བདེན་པ་འདྲ། སྔོན་མ་བཞེངས་སྲོལ་ཡོད་པའི་སྟོན་པ་གཤེན་རབ་ཀྱི་སྐུ་བརྙན་དེས་སྟོད་འགག་མནབ་མི་འདུག་ལ་དེང་དུས་སུ་བཞེངས་བཞིན་པའི་སྟོན་པ་གཤེན་རབ་ཀྱི་སྐུ་བརྙན་དེ་ཚོ་ཡང་སྟོད་འགག་མནབ་ཡོད་མཁན་ཞིག་བཟོས་མི་འདུག་’’ཅེས་བཤད་པ་ལྟར་ན་སྤོབས་མཐའ་ལ་རྩ་སྐྱོན་ཡོད་པའི་བཟོ་འདྲ་ཞིག་འདུག བོན་ལུགས་ལ་སྟོན་པའི་སྐུ་འདྲ་དང་བྲིས་ཐང་སོགས་བཞེངས་སྐབས་སྟོན་པ་ལོངས་སྐུའི་ཆས་ཅན་དང་སྤྲུལ་སྐུའི་ཆས་བྱད་གཉིས་བཞེངས་ཚུལ་མི་འདྲ་བ་ཅུང་ཡོད། གལ་སྲིད་སྟོན་པ་སྤྲུལ་སྐུའི་ཆས་ཅན་བཞེངས་སྐབས་སྟོད་འགག་སོགས་བོན་གཞུང་ཁུངས་མ་རྣམས་ལས་གསལ་བའི་ན་བཟའ་གོས་དྲུག་གསོལ་བསྡད་པ་ཞིག་བཞེངས་སྲོལ་དེ་གནའ་ནས་ད་བར་ཡོད་ཅེས་བཤད་ཆོག དེ་ལ་‘‘སྟོན་པ་ཁྲི་གཙུག་རྒྱལ་བ་’’ཞེས་གོང་དུ་མཁས་དབང་ལ་སྟོད་པས་གསུངས་པ་བཞིན་སྟོན་པ་རབ་ཏུ་བྱུང་བའི་རྗེས་ཀྱི་མཚན་དེ་ཡིན། ད་དུང་ཡིད་མ་ཆེས་ན་བལ་ཡུལ་བོན་གྱི་སྐུ་འདྲ་བཟོ་སའི་ལྷ་བཟོ་ཚོའི་རྩར་སོང་དང་སྟོན་པ་སྤྲུལ་སྐུའི་ཆས་ཅན་གྱི་སྐུ་བརྙན་དང་བྲིས་ཐང་གང་འདོད་འདོད་མཇལ་ཐུབ། དེ་དཔེ་མཚོན་ཙམ་ལས་སྤྱིར་བཏང་བོན་གྱི་དགོན་སྡེ་ཞིག་ཡིན་ཕྱིན་སྟོན་པ་སྤྲུལ་སྐུའི་ཆས་ཅན་གྱི་སྐུ་བརྙན་དང་བྲིས་ཐང་སོགས་ཕལ་ཆེར་མེད་མི་སྲིད་སྙམ།
དེ་མིན་སྟོན་པ་ལོངས་སྐུའི་ཆས་ཅན་ལ་ཞི་རྒྱན་བཅུ་གསུམ་ལས་སྟོད་འགག་དེ་འདྲ་མེད་པ་བདེན་པ་རེད། ཁྱོད་ཀྱིས་མཐོང་བ་དེ་དག་ཆོས་གོས་རྣམ་གསུམ་ལས་མེད་པའི་ཤག་ཐུབ་བམ་ཡང་ན་སྟོན་པ་ལོངས་སྐུའི་ཆས་ཅན་གང་རུང་གི་སྐུ་བརྙན་ཡིན་ཞིག་ཡིན་སྲིད་པ་རེད། གཅིག་བྱས་ན་ཕྱོགས་ལྷུང་གི་དྲི་མས་རང་བརྒྱུད་བསྡམས་པས་མཁྲིས་ནད་ཅན་གྱིས་དུང་ལ་སེར་པོར་མཐོང་བ་ལྟར་ཡང་ཡིན་སྲིད། མ་གཞི་ཁྱོད་ཀྱིས་སྔོན་མ་དང་ད་ལྟ་གང་ལ་ཡང་བོན་གྱི་སྟོན་པའི་སྐུ་བརྙན་བཞེངས་སྐབས་སྟོ ད་འགག་ཡོད་པ་ཞིག་བཞེངས་སྲོལ་མི་འདུག་ཅེས་ཁ་ཚོན་བཅད་ནས་བཤད་པ་ནི་དངོས་གནས་སྨྱོ་ཧམ་རང་ལས་མ་འདས།
ཡང་ཁྱོད་ཀྱིས་‘‘སྟོད་འགག་འདི་གང་ལྟར་ཡང་རྒྱ་བལ་སོགས་ཚ་བའི་ལུང་པ་ཞིག་ནས་ཡར་དར་ཡོང་བ་ཞིག་ལས་བོད་རང་གི་སྔར་སྲོལ་གྱི་ཆས་གོས་ཤིག་ཡིན་ས་མ་རེད། འདི་ལ་ཕུ་དུང་དང་གོང་བ་མེད་སྟངས་ལ་བལྟས་ན་བསིལ་ཞིང་གྲང་བའི་བོད་ཡུལ་གྱི་གདོད་མའི་གྱོན་ཆས་ཤིག་མ་ཡིན་པ་ཤེས་ནུས་པ་ཞིག་རེད།’’ཅེས་གནམ་གཤིས་ཚ་གྲང་སོགས་ལ་འཚམ་མིན་གྱིས་ས་གནས་དེའི་གའི་མིས་གྱོན་སྲོལ་ཡོད་མེད་བཤད་ཀྱི་ཡོད་ན། རྒྱ་གར་ཚ་བའི་ལུང་པར་ཞྭ་མོ་མི་དགོས་པས་ཐོག་མར་ཁྱེད་རང་ཚོའི་རྒྱན་དྲུག་མཆོག་གཉིས་སོགས་སུ་གྲགས་པའི་རྒྱ་གར་གྱི་པཎ་གྲུབ་དག་གི་སྐུ་བརྙན་གྱི་དབུ་ལ་བཀོན་པོའི་ཞྭ་སེར་སྣེ་རིང་དག་མར་ཕུད་དེ་གཞི་ནས་སྐད་ཆ་བཤད་རོགས།
ད་རུང་ཡོད་དང་ཟླ་གམ་ནི་གུ་རུ་ཟ་ཧོར་མའི་ཆ་ལུག་ཡིན་དུས་སྔོན་བོད་ནས་ལོག་ཤེས་ཅན་འགའ་ཤེས་དགག་པ་ཡོད་ བོད་གཞུང་ནས་ཕྱོག་མཐའ་ཁག་གི་བླ་ཆེན་ཁག་ལ་དུས་ངན་བཟློགས་རྟག་ཞུས་སྐབ་མཁྱེན་རྩེ་ཆོས་ཀྱིས་བློ་གྲོས་ནས་རྟག་བབས་ལ་ཇོ་ཁོང་ནང་ལ་གུ་རུ་སྣང་སྲིད་ཟིལ་གནོན་སྐུ་བཞེང་དགོས་གསུང་དུས་ རྒྱ་འདྲེ་ཁོག་ཞུག་གི་མི་དྲག་བླ་དྲག་དེ་ཚོས་གུ་རུ་སྤན་གྲུབ་མ་ཡི་ཆ་བྱེད་ཅན་གཞིང་ནས་ མཁྱེན་རྩེ་རིན་པོ་ཆེ་ལ་ལྷར་ཡང་དགོང་དཀོར་ཞུ་དུས་བསྐྱབས་མགོན་རིན་པོ་ཆེ་སྐུ་འཁོར་ཧྲག་བསྡུས་ཞིག་ཉེན་ཡོལ་ལས་ཐར་ གཞན་རྟེན་འབྲེལ་དེ་ཙམ་མོ་གསུང་ངོ་། ཁ་སྔོན་ཀླུ་མྱོན་ནས་བ་ཡུལ་འཕགས་ཤིང་གི་བོན་དགོན་དེ་ནང་དགོན་ཆད་མེད་ཞིག་བསྒྲུབ་སོང་ དེ་འདྲར་ཡིན་ཟོ་མི་འདུག་ད་དུང་མཚེ་བ་ཆོས་སུ་བརྩི་བ་ཡོད་ཚོད་འདུག་གང་ལག་ཞེ་ན་འཕག་ཤིང་གིས་དོ་པོ་གྲ་བ་ཞིག་ད་དུང་ང་ཚོའི་དགོན་དུ་དུས་ཆོན་ཞིག་ལ་བྱ་ཏེ་རྐེ་བཅད་ནས་དམར་མཆོད་བྱེད་ཀྱིས་འདུག་ཟེར་ དེ་ནི་བསང་བ་ཧ་ཅང་དམ་པོ་རེད་གསུང་སོང་ངོ ང་དང་པོ་ཧི་མ་ལ་རྒལ་དུད་ཁོ་ཚོའི་ལུང་པའི་མི་ཞིག་འདིས་ཕྱོག་ལ་བོན་ནག་ཡོད་ཟེར་ག་འདྲ་བྱེད་དམ་དྲིས་པས་ཁོས་འདི་འདྲར་ལབ་བྱུང་ ཁོ་ཚོའི་ཕ་མ་སོག་མི་ཤི་དུས་རོ་མེ་བསྲེག་ཏོངས་ནས་ཐ་བ་དེ་དང་དུག་གཉིན་མཉམ་དུ་བསེ་ནས་སྲོག་ཆག་བྱ་དང་བྱིའུ་ཆུ་གནས་ཕྱོག་གང་བྱིན་ཐུབ་ཐུབ་ལ་བྱིན་ནས་དེ་ཤི་ཚད་དག་ཞིང་ལ་བསྐེ་བ་འདོད་ཟེར་རོ་ སྔོན་མ་བེ་རི་རྒྱལ་པོ་བདུད་ཡིན་མིན་ལབ་སོང་ང་ཚུས་ཕ་ཡུལ་ནས་བདུ་དུ་བརྩི་གིས་འདུག་གང་ལག་བྱེར་ན་བེ་རུ་རྒྱལ་བོད་ཟླ་བདུན་པའི་ཚེས་བཅུ་ལྔ་ལ་སྤྲོང་རོ་དེ་ཆབ་མདོའི་རྫ་ཆུ་ཟམ་འོག་མནན་དུས་དེ་ནད་གཟུངཟླ་བདན་པའི་ཚེས་བཅུ་ལྔ་ཉི་ལོ་ཐོག་སེད་གྱིས་ཡོད་ ཞིབ་པར་ཤེད་མདོད་ཡོད་ཚེ་རག་རིམ་ཙམ་ཤེས་ཀྱིས་པས་ཞིབ་པ་བཤད་ཆོག་ཞུ ཡི་གེ་མ་དག་པས་དགོང་དག་ཞུ་།
གྲོགས་མཆོག་ཚ་ཕྲུག་རྒྱལ་ལགས་ཀྱིས་བསམ་ཚུལ་གསུངས་པར་བཀའ་དྲིན་ཆེ། ཡིན་ན་ཡང་། ཁྱེད་ཀྱིས་:དགེ་ལུགས་པའི་གདན་ས་ཆེ་ཁག་གསུམ་དང་རྒྱུད་གྲྭ་སྟོད་སྨད་གཉིས། དེ་བཞིན་བཀྲིས་ལྷུན་པོ་སོགས་གཙོས་པའི་དགེ་ལུགས་པའི་གདན་ས་གྲྭ་ཚང་ཁག་ཏུ་སྟོད་འགག་དང་རྩེ་ཞྭ་སོགས་མེད་པར་ཚོགས་དང་ཆོས་རར་འགྲོ་མི་ཆོག། སྟོད་འགག་མི་གྱོན་པའི་གྲྭ་པ་རིགས་ལ་དགེ་ལུགས་པའི་གྲྭ་པ་མ་རེད་ཞེས་བཤད་སྲོལ་ཡང་ཡོད། དགེ་ལུགས་པ་མིན་པས་རྙིང་མ་དང་ས་སྐྱ་གཀའ་རྒྱུད་བོན་པོ་བཅས་སུ་གྲྭ་པའི་སྟོད་འགག་ཞེས་པའི་འགག་ཐུང་དེ་བཞེས་དང་མི་བཞེས་གྱིས་གྲྭ་ཚོགས་སུ་འགྲོ་ཆོག་མེད་ཀྱིས་སྐད་ཆ་ཞིག་རྩ་བ་ནས་མེད། དེས་རྗེ་རིན་པོ་ཆེས་སྟོད་འགག་དང་རྩེ་ཞྭ་སོགས་གསོལ་འབྱེད་ཤུགས་་ཆེ་གནང་བར་གསལ་པོ་རེད།:གསུངས་པ་ལྟར་ན། ངས་གང་བཤད་བཞིན་པའི་དོན་དེ་ཡག་པོ་ཞིག་གོ་ཡོད་དམ་སྙམ་པའི་ཐེ་ཚོམ་བྱུང་། གུས་པས་བཤད་བཞིན་པའི་གསོལ་འབྱེད་ཞེས་པ་ནི་སྔོན་ན་བྱུང་མེད་པ་ཞིག་གསར་དུ་སུས་བྱས་པ་དང་། མགོ་ཁུངས་ག་བར་ཐུག་མིན་བཅས་བཤད་བཞིན་པ་མ་གཏོགས་དེ་དར་ཁྱབ་ཆེན་ཆུང་གི་སྐོར་བཤད་ཀྱི་མེད། དེས་ན་ཁྱེད་ཀྱིས་བོན་སྟོན་གཤེན་རབ་ཀྱི་ན་བཟའ་གོས་དྲུག་ནང་གི་སྟོད་འགག་ལས་སྔོན་ཞིག་གྲུབ་མཐའ་འམ་ཆོས་ལུགས་པ་ཞིག་གི་ལོ་རྒྱུས་དང། བླ་ཆེན་དགོངས་པ་རབ་གསལ་གྱིས་བོན་གྱི་མཁན་པོར་མ་བསྟེན་པའི་གོང་ན་སྟོད་འགག་ཡོད་པ་ཁ་གསལ་ཁུངས་དག་ཅིག་ཡོད་ན། ང་ཚོས་དེ་ལ་ཐོག་མར་གསོལ་འབྱེད་པ་པོ་ཞུ་ཆོག་ཅིག་དེ་ལ་ཁུངས་གཏུགས་པ་ལས་བོན་གྱི་གྲུབ་མཐའ་ལ་ཁུངས་གཏུགས་དགོས་དོན་གང་ཡང་མེད། རྗེ་གཙང་ཁ་བ་ཆེན་པོ་ནི་དེ་ཡི་རྗེས་ནས་བྱོན་པ་ཡིན་པས་སྟོད་འགག་དང་རྩེ་ཞྭ་དར་རྒྱས་མཛད་ཡོད་པ་བདེན་མོད་ཀྱང་གསོལ་འབྱེད་ཡིན་པ་སུས་ཀྱང་ངོས་ལེན་བྱེད་དཀའ་བ་ཡིན་ཞེས་ཁ་གསལ་གྱིས་ཞུ་འདོད་བྱུང་།།
ཨོ་ཚ་ཕྲུག་རྒྱལ་ལགས།
དགོངས་དག་ངས་ཁྱོད་ཀྱིས་ཡིག་ནོར་ཤོར་བར་བསམ་ནས་བཅོས་ཁུལ་བྱས་པ་ཡིན།
ད་དངོས་དེ་ག་རང་ཡིན་ན་(གསོལ་འབྱེད་ཆེ་པོ་གནང་)ཞེས་པའི་དོན་གང་ཡིན་ནམ།ཧ་ཧ་་་་། ཡང་ཁྱོད་ཀྱིས་༼གསོལ་དང་སྲོལ་གྱི་ཆེད་པར་གཟིགས།༽ཞེས་ཁྱད་པར་མ་བྲིས་པར་ཆེད་པར་ཞེས་ཡིག་ནོར་བྲིས་འདུག་པས་ཏོག་ཙམ་མིན་ན་ང་མགོ་འཐོམ་སོང་། དེས་ན་རྗེས་སུ་ཀློག་རྒྱུ་ཡོད་པ་ཞིག་འབྲི་གལ་ཆེ།
སྨན་མོ་ལགས། ཡང་བསྐྱར་ཀློག་དག་མི་འདུག། གོང་དུ་ངས་དེས་རྗེ་རིན་པོ་ཆེས་སྟོད་འགག་དང་རྩེ་ཞྭ་སོགས་གསོལ་འབྱེད་ཤུགས་ཆེ་གནང་བར་གསལ་པོ་རེད། ཞེས་པ་དེ་ཚིག་སྡུས་པ་རེད། གླེང་གཞི་གཅིག་ལ་གོང་འོག་སྒྲིགས་ཤེས་པ་གལ་ཆེ་ཡང་། དེ་ཡང་སྐུ་ཉིད་ཀྱི་སྤྱན་གྱིས་མ་ཟིན་པ་རེད། གསོལ་དང་སྲོལ་གྱི་ཁྱད་པ་སྐོར་ངས་ཞུ་པ་ལས་ཚིག་མཛོད་ཁག་ཏུ་གཟིགས་དང་དེ་གཉིས་བར་གྱི་ཁྱད་པར་གསལ་པོ་ངེས་ཤེས་ཐོབ་ངེས།
ཚ་བ་ལུང་པའི་སྐད་ཆ་བཤད་ན་ངས་པན་ཇ་པེ་དག་གིས་མགོ་ལ་དཀྲིས་པའི་རས་འདར་པན་ཡིན་ན་དེ་དྲན་ཡོང་གི ཚ་བའི་ལུང་པ་ན་འདར་པན་མཐུག་ཐག་ཆོད་རེ་མགོ་དང་རྣ་མཆོག་ཚང་མ་བཀབ་བཞག་པ་ཞིག་དཀྲིས་ནས། འདར་ཡོམ་ཡོམ་འགྲོ་གི་ཡོད་ལ། འདི་ནི་རང་ང་སེམས་ལ་དྲན་པ་མ་གཏོགས་ཁྱོད་ཚོ་ལ་སྒྲུབ་བྱེད་དང་གནོད་བྱེད་གཏོང་གི་མེད།
ཡ་ཡ། ངས་ནི་སྟོན་པ་གཤེན་རབ་སྟོད་འགག་གོན་ཡོད་མཁན་གྱི་སྐུ་བརྙན་འདྲ་མཐོང་མ་མྱོང་། གལ་སྲིད་ཡོད་ན་དེ་རེད། སྐུ་རྟེན་རྙིང་པ་དེ་འདྲ་རེ་བསྟན་རྒྱུ་ཡོད་ན་བསྟན་ན་ཡག་པོ་རེད། དེ་མིན་བཀའ་བཀྱོན་གཏོང་རྐྱང་བྱས་བསྡད་ན་ཕན་ཐོགས་གི་མ་རེད་བ།
གོང་ནས་མང་པོ་ཞིག་གིས་ཡར་བཤད་མར་བཤད་ནས་ཁུངས་ལུང་ཡོད་པ་དང་རྒྱུ་མཚན་ཡོད་པ་ཕལ་ཆེར་མཐོང་གི་མི་འདུག། བོད་པ་ཚང་གིས་ཡོད་ཚད་ལ་ལད་ཟློས་བྱེད་པ་རྐྱང་ཨེ་ཡིན། རོ་མན་གྱི་དམག་ཞྭ་ལ་དཔེར་བླངས་ནས་བཟོས་པ་ཞིག་གཏན་ནས་མིན་པར་འདོད། དེ་ལྟར་ན་ཐོན་མིས་བོད་ཡིག་གསར་བཟོ་མཛད་པ་དེ་ཡང་རྒྱ་གར་ལ་ལད་ཟློས་བྱས་པར་ཐལ་བའི་སྐྱོན་འབྱུང་ངོ་། གྲྭ་བའི་དབུ་ཞྭ་རྔོག་ཟེ་ཅན་འདི་ལ་མཚོན་ན་བོད་ཀྱི་ཆོས་རྒྱུད་ཕལ་ཆེ་བས་སྤྱོད་པ་དང་ཡུལ་དུས་གནས་བབས་དང་དགོས་མཁོ་དང་བསྟུན་ནས་ཕལ་ཆེར་རང་བཞིན་གྱིས་བྱུང་བ་ཞིག་ཡིན་རྒྱུ་རེད། དཔེར་ན། སྔ་མོའི་དུས་སུ་བོད་ཀྱི་གྲྭ་བ་རྣམས་ཀྱིས་ཤིང་གི་ཕོར་བ་དང་ཟླ་གམ། རྐྱན། པགས་པའི་སྨད་གཡོག་དང་སྟོད་འགག ཀོ་ལྷམ་སོགས་སྤྱོད་པ་དང་། དེང་སང་རྒྱ་གར་བྱེས་ཀྱི་གདན་ས་ཁག་ཏུ་ཡུལ་དུས་གནས་བབས་དང་བསྟུན་ནས་གྲྭ་བ་རྣམས་ཀྱིས་ཧ་པན་དང་རྔུལ་ལེན་གྱོན་པ་དང་གཟན་ཐུང་གྱོན་པ་དང་མོག་དང་ཐ་ལེ། ན་རེ་ཡའི་ཆོས་རའི་གདན་ཆུང་ལྟ་བུའི་བེད་སྤྱོད་པ་འདི་རྣམས་ནི་སྲོལ་གཏོད་པ་པོ་མེད་ལ། ཡུལ་དུས་གནས་བབས་དང་བསྟུན་ནས་རང་ཤུགས་ཀྱིས་བྱུང་བ་རེད། དམ་ཆོས་འདུལ་བའི་ནང་དུ་བོད་ནང་དུ་ཀོ་ལྷམ་གྱོན་ན་ལྟུང་བ་མེད་པ་དང་རྒྱ་གར་ནང་དུ་ཀོ་ལྷམ་གྱོན་ན་ལྟུང་བ་ཡོད་པ་ནི་གནམ་གཤིས་དང་ཁོར་ཡུག་དབང་གིས་རེད།
དགོངས་དག་ཚ་ཕྲུག་རྒྱལ་ང་ཡང་བསྐྱར་མགོ་འཐོམ་སོང་།
སྲོལ་འབྱེད་ཅེས་ཚིག་འདི་ངས་གཞི་ནས་ཚིག་མཛོད་ལ་བལྟ་དགོས་མེད་གོང་དུ་འགྲེལ་བཤད་ཞུས་ཚར་ཡིན།
འོན་ཀྱང་༼གསོལ་འབྱེད་ཤུགས་ཆེ་གནང་༽ཞེས་པའི་ཚིག་འདིའི་གོ་དོན་གང་ཞུས་པ་ཡིན། དེ་ལ་ཁྱོད་ཀྱིས་ད་དུང་ལན་གསལ་པོ་མི་འདུག་(ཚིག་སྡུས་པ་)ཡིན་ན་གང་འདྲ་བྱས་ནས་བསྡུས་པ་རེད། གོ་དོན་གང་རེད་ཡང་བསྐྱར་གསལ་བཤད་གནང་རོགས་ཞུ་འདོད་བྱུང་། མ་གཞི་ཁྱོད་ཀྱིས་༼ཚིག་མཛོད་ཁག་ཏུ་གཟིགས་དང་དེ་གཉིས་བར་གྱི་ཁྱད་པར་གསལ་པོ་ངེས་ཤེས་ཐོབ་ངེས།༽ཞེས་སྡིག་མོ་གནང་འདུག་པས་གོང་གི་༼གསོལ་འབྱེད་ཤུགས་ཆེ་གནང་༽ཞེས་པའི་སྐབས་ཀྱི་(གསོལ་འབྱེད་)ཅེས་པའི་ཐ་སྙད་དེ་ཚིག་མཛོད་གང་གི་ནང་ལ་འདུག་ང་གསལ་པོ་བཤད་རོགས།
ཡང་འགྲེམས་སྤེལ་བྱེད་མ་མྱོང་ཁྱེད་རང་གིས་བརྩམས་པའི་ཚིག་མཛོད་དེ་འདྲ་མ་རེད་བཱ།ཧ་ཧ་་་། སྐུ་རྩེད་ཞུས་པ་ཡིན་དཱ།
དགོངས་དག་(མ་མྱོང་བའི་)ཞེས་བཅོས་རོགས།
བགྲོ་གླེང་ཡག་པོ་གནང་རོགས།
བོད་ཀྱི་བླ་མའི་དབུ་ཞྭའི་འབྱུང་ཁུངས་བཟང་ངན་མི་ཤེས་ཀྱང་། ཆོས་བརྒྱུད་དབྱེ་འབྱེད་མི་འགྲོ་བའི་ཆེད་དུ་ཞྭ་རིགས་མི་འདྲ་བ་མི་དགོས་པའི་ཚབ་ཏུ། དགོས་པ་དེ་ནི། གཤིས་སྤྱོད་དང་ཤེས་ཡོན་གྱི་ཞྭ་གསར་གཅིག་དགོས་ངེས་འདུག་ལགས།
དྲ་གྲོགས་རྣམ་པ། སྟོན་པ་གཤེན་རབས་མི་བོ་ཆེའི་སྐུ་བརྙན་གྱི་སྟེང་ནས་སྟོད་འགག་དང་ཞྭ་མོ་དེ་འདྲ་མནབས་ཡོད་མེད་གསལ་བོ་ཞུ་ཡ་མེད། ངས་བཤད་འདོད་པ་ནི། སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པར་ཀེ་རི་སིའི་དམག་དཔོན་མེ་གྷ་སི་ཐེན་རྒྱ་གར་དུ་འབྱོར་བ་དང་། རོ་མན་གྱི་་རྒྱལ་བོ་ཝེ་ཟི་ཕད་རྗི་འན་གྱིས་རྒྱ་གར་གྱི་ཅ་དངོས་མང་བོ་ནང་འདྲེན་བྱས་པའི་ལོ་རྒྱུས་ཡོད། དེ་ནས་ལོ་བརྒྱ་ཕྲག་གཉིས་ཀྱི་རྗེས་སུ་ཨ་རབ་ཏ་སུག་པམ་མ་སྟག་གཟིག་འོལ་མོ་ལུང་རུངས་ནས་ཕེབས་པའི་གཤེན་སྟོན་དག་གིས་གངས་དཀར་ཏི་སེའི་ཕྱོགས་ལ་རང་གི་གྲུབ་མཐའ་སྤེལ་བ་རེད། སྐབས་དེར་གཤེན་རབས་མི་བོ་ཆེ་ནས་རོ་མན་་གྱི་ཞྭ་མོ་དེ་འདྲ་གྱོན་མྱོང་ཡོད་མེད་གང་ལྟར་ཡང་འཁོར་གཡོགས་ཚོའི་ཁྲོད་ན་གྱོན་མཁན་ཡོད་མི་སྲིད་པ་མིན། ཡིན་ན་ཡང་ངས་དེ་འདྲར་མི་སེམས་དེ་འདི་ལ་རྒྱ་གར་པནྡི་ཏའི་ཞྭ་མོར་འབོད་ལ་བལྟས་ན་རྒྱ་གར་ལ་དཔེ་བ་ལྟས་པ་ཞིག་ཨེ་ཡིན་ནམ་སྙམ། ཚེར་མ་ལྟ་བུའི་རྩེ་རྣོ་བས་རྩོད་པ་བྱེད་སྐབས་སུ་གོན་ན་རྟེན་འབྲེལ་ཆེ་བར་བཤད་པ་དང་ཡི་དམ་འི་ལུང་བསྟན་ཡང་ཡོད་པར་གྲགས། རིག་པས་དཔྱད་ན་ཡང་བོད་ཀྱི་གྲང་ངར་དང་བསྟུན་ནས་ལེགས་ཆ་བླངས་མེད་པས་རོམན་གྱི་ཞྭ་མོ་ལ་དཔེ་བལྟས་པ་མིན་ལས་ཆེས་སོ། ཇོ་ཞྭ་ནི་གནས་ཚུལ་གཞན་ཞིག་རེད། ། བོད་རང་གིས་གསར་བཟོ་བྱས་སམ་སྙམ།
དགོངས་དག་ཞུ། བྱང་ཨ་རི་ལ་བྲེལ་བ་ཆེ་དྲག་པས། ལས་ཞོར་དང་འབྲི་ཞོར་བྱས་ནས་ཡིག་ནོར་མང་པོ་ཕྱིན་འདུག ལྷག་ཏུ་སྲོལ་གཏོད་དང་སྲོལ་འབྱེད་ཞེས་པར།༼ གསོལ་འབྱེད་༽བྲིས་འདུག་པས་དེ་ནོར་བ་རེད།
ཐམས་ཅད་རྒྱ་གར་ནས་བྱུང་རབས་ཤོད་སྟངས་འདི་ལ་ཡི་རངས་ཞུ་ཐབས་བྲལ།
ཚན་རིག་པས་སྔར་ཡིན་ན་འགྲོ་བ་མི་ཡི་འབྱུང་ཁུངས་ལྷོ་ཨབ་རི་ཁ་སོགས་ནས་ཡར་མཆེད་པར་བཤད། ད་ཆ་འགྲོ་བ་མི་ལས་སོགས་སེམས་ཅན་གྱི་འབྱུང་ཁུངས་ཡང་བོད་ནས་མར་མཆེད་པའི་བཤད་སྲོལ་ཞིག་དར་ཡོང་གི་འདུག
ཉེ་དུས་རང་བོད་ཀྱི་ས་ཆ་ནས་སེམས་ཅན་བསེ་རུའི་གཟུགས་བརྙན་ལས་སོགས་བརྙེད་པར་འཛམ་གླིང་འཁྱགས་རོམ་གྱི་དུས་སུ་བྱུང་བ་ཞིག་དང་མི་ལོ་ས་ཡ་གཉིས་དང་ཕྱེད་ལྷག་ཕྱིན་པའི་བསྡོམ་རྒྱབ་འདུག དེ་ལ་རྒྱུ་མཚན་ཞིག་ཀྱང་འདུག་སྙམས། འཛམ་གླིང་གི་ས་གཞིས་མཐོ་ཤོས་ནི་བོད་ཡུལ་འདི་ཉིད་ཡིན་པ་དང། མཚོ་དབྲི་བ་ཡང་དང་པོ་ན་སྟེང་ནས་མས་རིམ་བཞིན་དུ་དབྲི་སྟེ་མཐར་འགྲོ་བ་མི་ཆགས་པའང་སྟེང་ནས་མས་རིམ་བཞིན་དུ་མཆེད་པ་ཡིན་པར་བསམ་བློ་གཏོང་གཞི་ཞིག་ཏུ་འདུག་སྙམས།
ཡ་དྲ་གྲོགས་ཚོས་ཞྭ་མོའི་སྐོར་ལ་མང་པོ་ཞིག་གསུངས་གནང་འདུག། སྟོན་པ་གཤེན་རབ་ཀྱི་དབུ་ཞྭ་ངོ་མ་དེ་ནི་་་བོད་ཀྱི་བཙན་པོའི་རྒྱལ་རབས་རིམ་བྱོན་གྱིས་བསྣམས་པའི་་་་་དར་ལ་སེང་དཀར་མོའི་འགྱིང་ཐོད་ལ་བྱ་རྒྱལ་རྒོད་ཀྱི་ལྡེམ་ཕོད་བཙུགས་པ་ཞེས་པ་དེ་དང་་་་་་ཡང་ན་གཤེན་གྱི་རྣམ་ཐར་ཁག་གི་ནང་དུ་་་དབུ་ལ་དར་དཀར་གྱི་འགྱིང་ཐོད་ནི་བཅིང་་་་་ཞེས་པ་དེ་ཁོང་གི་ཐོག་མའི་དབུ་ཞྭ་དེ་ཡིན་པར་སེམས། དུས་ཕྱིས་མི་བྱེད་དགུ་བྱེད་མཁན་བན་དེ་ཚོས་བོད་ཀྱི་བཙན་པོའི་་་་དར་དཀར་གྱི་འགྱིང་ཐོད་་་་དེ་ཡི་ནང་དུ་བན་དེ་ཚང་གི་སྐུ་འདྲ་ཞིག་ཀྱང་ཨུ་ཚུགས་ཀྱིས་བརྗངས་བཞག་འདུག་བ།
སྐུ་འདྲ་བཞེངས་ཚུལ་ལ་དཔྱད་པ། སྔར་རྒྱ་གར་དུ་སྟོན་པའི་སྐུ་འདྲ་བཞེངས་མེད་པ་འདྲ། སནཅི་ཞེས་པའི་རི་བོ་འབིགས་བྱེད་ཀྱི་ལོགས་ཤིག་ཏུ་མཆོད་རྟེན་ཆེན་པོ་ཞིག་ཆོས་རྒྱལ་མྱ་མེད་ཀྱི་དུས་སུ་བཞེངསཔ་སྐལ་བཟང་གིས་ད་ལྟ་ཡང་མཇལ་ཐུབ། མཆོད་རྟེན་དེ་ལ་རྡོ་ལ་བརྐོས་པའི་སངས་རྒྱས་ཀྱི་མཛད་པ་དག་མཆིས། སངས་རྒྱས་ཀྱི་སྐུ་འདྲ་མེད་པར་དེའི་ཚབ་ཏུ་བྱང་ཆུབ་ལྗོན་ཤིང་བརྐོས་པ་རྣམས་ཁྱེད་རྣམས་ལས་འགའ་ཞིག་གིས་མཇལ་མྱོང་བ་ཡིན་ངེས། དེ་དུས་སངས་རྒྱས་ཀྱི་སྐུ་བརྙན་འབྲི་བ་དང་། སྐུ་འདྲ་བཞེངས་ཚུལ་མེད་པར་མངོན། དེ་ནས་རྒྱ་གར་བཙན་འཛུལ་བྱེད་མི་ནུབ་ཕྱོགས་གི་རིཀ་པ་མང་པོ་སངས་རྒྱས་ཀྱི་རྗེས་འཇུག་ཆགས་པ་ན། དེ་དག་གིས་གི་རིག་གི་ལུགས་ལྟར་སྐུ་འདྲ་ལ་ཕྱག་མཆོད་འབུལ་བྱེད་པ་ལ་སངས་རྒྱས་ཀྱི་སྐུ་འདྲ་བཞེངས། སྐུ་འདྲའི་གཙུག་ཏོར་དེ་ཡང་གི་རིཀ་ཀྱི་ལུགས་སྲོལ་ལ་མགོ་རྗེན་གྱི་སྐུ་འདྲ་མི་ལེགས་པ་རྩི་བས་སངས་རྒྱས་ལ་དབུ་སྐྲ་རིང་པོ་བཅིངས་པ་མེད་པས། དེའི་ཚབ་ལ་གཙུག་ཏོར་བྱུང་བ་ཡིན་ཞེས་ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་བྲིས་པ་བཀླགས་མྱོང་། བདེན་མིན་མི་ཤེས། དཔྱད་པར་མཛོད། བོན་རབས་ཀྱི་སྟོན་པ་གཤེན་རབས་་ཀྱི་སྐུ་འདྲ་ཐོག་མ་བཞེངས་པའི་ལོ་རྒྱུས་ཡོད་ངེས། གཅིག་ཆ་ན་རྒྱ་གར་དུ་སྐུ་འདྲ་བཞེངས་སྲོལ་མེད་པའི་སྔོན་དུ་བོད་དུ་སྐུ་འདྲ་བཞེངས་སྲོལ་ཡོད་སྲིད། དེ་ཡང་ལོ་རྒྱུས་དང་ཡིད་ཆེས་གཉིས་སོ་སོར་ཕྱེ་དགོས་པ་ལོ་རྒྱུས་སྨྲ་བ་དག་གིས་བཤད་དོ།།
ཡིད་ཆེས་ཞེ་ས་པའི་ཚབ་ཏུ། དད་པའི་རྗེས་འབྲངས་ཞེས་ཀློག་པར་མཛོད།
བོད་ནང་གི་བོད་མིའི་གྲངས་འབོར་ནི། སྤྱི་ལོ་༡༩༩༠་ལོའི་ལོ་འགོ་ནས་བོད་མི་རིགས་ཀྱི་གྲངས་འབོར་ཞིབ་གཤེར་བྱས་པ་ལྟར་ན་བོད་རང་སྐྱོང་ལྗོངས་ཁོངས་སུ་མི་འབོར་གྲངས་ཁྲི་ཉིས་བརྒྱ་དགུ་དང་། མཚོ་སྔོན་ཞིང་ཆེན་ཁོངས་སུ་བོད་མི་གྲངས་ཁྲི་དགུ་བཅུ་གོ་གཅིག །ཟི་ཁྲོན་ཞིང་ཆེན་ཁོངས་སུ་བོད་མི་གྲངས་ཁྲི་བརྒྱ་དང་བརྒྱད་ལྷག ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་མི་གྲངས་ཁྲི་སུམ་ཅུ་སོ་དྲུག་ལྷག་ཙམ། ཡུན་ནན་ཞིང་ཆེན་ཁོངས་སུ་བོད་མི་གྲངས་ཁྲི་བཅུ་གཅིག་ལྷག་ཙམ་ཡོད།
དབུང་གཙང་ཕྱོགས་ནི་མི་འབོར་མང་བ་དང་ཡུལ་གྲུ་རྒྱ་ཆེ་བས་གནའ་སྔ་མོ་ནས་བཟུང་ཡུལ་གྲུ་གཞན་དང་ཚོང་འབྲེལ་སོགས་ཀྱི་རྐྱེན་པས་སྤྱོད་ལམ་དང་སྐད་ལུགས་ཆས་གོས་སོགས་མང་དུ་འགྱུར་ཟིན་ཅིང་། ཁམས་དང་ཨ་མདོ་སོགས་སུ་སྔོན་གྱི་སྲོལ་ལུགས་མ་འགྱུར་བར་གནས་ཡོད་པ་མཁས་དབང་དགེ་ཆོས་ཚང་གིས་གསུངས་མྱོང་། དེས་ན་བོད་ཀྱི་སྲོལ་ཕལ་ཆེ་བ་དང་པོ་དབུས་གཙང་ནས་དར་བར་བརྗོད་མ་དགོས་ལ། དབུས་གཙང་ཆོས་ཀྱི་འབྱུང་ཁུངས་ཡིན་སྟབས་སྟོད་འགག་དང་གྲྭ་བའི་དབུ་ཞྭ་དེ་ཡང་དབུས་གཙང་གི་ཆོས་ཀྱི་སྲོལ་ཀ་ནས་ཁམས་དང་ཨ་མདོ་སོགས་སུ་དར་ཁྱབ་ཕྱིན་པ་སྨོས་མ་དགོས་སོ།
འདིའི་སྐོར་འདི། ཕྱོགས་ལྷུང་ཆགས་སྡང་གིས་མ་ཟིན་པའི་ལོ་རྒྱུས་ཀྱི་ཁུངས་ལྡན་ཡིག་ཆ་ཞིག་མ་རེག་ཕྱིན་རྟ་མོག་མོག་གི་སྤུ་རིས་འབྱེད་པ་བཞིན་དབྱེ་ཞིབ་བྱེད་རྒྱུ་ཧ་ཅང་དཀའ་མོ་རེད།
ཨ་རོགས་ཆ་བོ། བུ་སྟོན་རིན་ཆེན་གྲུབ་ཀྱི་རྣམ་ཐར་ཡོད་མཁན་ཨེ་ཡོད།
ངས་བསམ་ན། ཞྭ་མོ་དང་སྟོད་འགག་དེ་དག་མང་བོ་མང་བོ་ཞིག་ལ་ཁུངས་གཏུགས་ནས་བཟོས་པ་ཞིག་མིན་པ་འདྲ། ཆོས་བརྒྱུད་སོ་སོའི་བླ་མ་རྣམ་པས་རྟགས་དང་རྐྱེན་གང་རུང་རེ་ལ་བརྟེན་ནས་རང་རང་གི་ཆོས་བརྒྱུད་ལ་སྲོལ་གཏོད་བཞག་པ་གཅིག་དང་། སྔོན་གྱི་སྐྱེས་ཆེན་དམ་པ་དེ་དག་ཨ་ཕྱི་བའི་ཟོལ་གྱིས་གང་སར་ཆོས་འཚོལ་དུ་འགྲོ་བས། ལམ་དང་ནམ་གཤིས་ཀྱི་དྲོད་གྲང་སོགས་ལ་གཞིགས་ཏེ་མནབས་པའི་ཆས་གོས་དེ་དག་ཕྱིས་སུ་རྗེས་འཇུག་པ་རྣམས་ཀྱིས་རྗེས་དྲན་དང་རྗེས་འབྲངས་པའི་མཚོན་བྱེད་དུ་རྒྱས་སྤྲོས་ཅན་དུ་བསྒྱུར་པ་ཞིག་ཡིན་པར་འདོད།
ད་ལྟའི་བོད་ཀྱི་ཆོས་བརྒྱུད་ཁག་གི་ཞྭ་མོ་ལ་རིགས་མི་འདྲ་བ་དུ་མ་ཡོད་པ་ཡང་དྲ་གྲོགས་རྣམ་པས་མ་བསྙེལ་བ་གནང་རོགས།
དྲ་གྲོགས་རྣམས་ཀྱིས་ཆོས་ལུགས་ཀྱི་ཞྭ་ལྷམ་སྟོད་འགག་སོགས་ཀྱི་སྐོར་ལོ་རྒྱུས་ཀྱི་ཁུངས་ལུང་དང་། གནའ་རབ་དང་གསར་བཏོད་སོགས་ལ་འབྲེལ་བ་ཆགས་པ་དང་འབྲེལ་བ་མ་ཆགས་པ། ཆག་གཏམ་དང་མཐོ་བཤད་དམའ་བཤད་སོགས་དགོངས་ཚུལ་ལྷུགས་པོ་བྱུང་སོང་།
སྤྱིར་གནའ་བོ་བོད་མི་རང་ལ་ལྭ་བ་དང་ལྤགས་རིགས་ཀྱི་སྟོད་གོས་དང་སྨད་གོས། དེ་དག་ལ་ཕུ་ཡོད་དང་ཕུ་མེད་སོགས་ཀྱི་གྱོན་གོས་ཡོད་པ་ལས་རས་དང་དར་གོས་སོགས་ཀྱི་གྱོན་ཆས་རིགས་ནི་ཕྱིས་སུ་རྒྱ་དཀར་ནག་དང་ཚོང་འབྲེལ་མཚམས་སུ་རྒྱུ་སྤུས་དར་ནས་དེ་དག་མཛེས་བཟོ་དང་རྒྱས་སྤྲོས་སོགས་རིམ་བྱུང་གིས་ད་ཆར་རྣམ་པར་སྣ་ཚོགས་པ་འདི་བྱུང་བ་རེད།
དེ་བཞིན་བོད་ཀྱི་ཆོས་ལུགས་ཀྱི་གྱོན་ཆས་དེ་དག་ཀྱང་ཆོས་ལུགས་དེ་དག་སྲོལ་བཏོད་པས་སོ་སོའི་འདུལ་ཁྲིམས་དང་འབྲེལ་ནས་དེ་རྣམས་མཚོན་ལྡན་དང་ཕྱོགས་མཐུན་ཙམ་གསུངས་ཡོད་པ་ལས་ད་ཡོད་ཀྱི་ཆོས་གོས་འདི་དག་ཇི་བཞིན་ཞིག་བོན་བན་སྲོལ་བཏོད་པ་སངས་རྒྱས་སུས་ཀྱང་གསུངས་མེད་པར་ཚིག་ཐག་བཅོད་ནས་ཞུ་ཆོག་གོ།
སྟོད་འགག་ལ་སྟོད་གོས་ཞེས་མི་ཞུ་ལ། དམག་གྱི་གྲི་མཚན་འགོག་བྱེད་དེ་ཡང་མིན། འགག་ནི། གུ་དོག་པོའི་དོན་ལ་ཡང་འཇུག་པས་བོད་ཀྱི་གྱོན་གོས་འགག་ཐུང་ཞེས་པ་དེ་རང་གྲྭ་པས་དེར་སྟོད་འགག་ཞེས་ཞུས་པ་རེད། གྲྭ་པའི་ཞྭ་ལྷམ་སྟོད་འགག་དེ་རྣམས་བོད་ཀྱི་ཆོས་རྒྱུད་པ་རྣམས་ཀྱིས་གཅིག་གིས་གཅིག་ལ་དཔེ་ལྟོས་ནས་རིམ་འགྱུར་གྱི་གྱོན་པ་ལས་འདི་ཁོང་གི་སྲོལ་བཏོད་པ་རེད། དེ་ཁྱེད་ཀྱིས་སྲོལ་བཏོད་པ་རེད། ཞེས་དེ་ཡོངས་རྫོགས་ལ་སྲོལ་བཏོད་རེ་རེ་ཡོད་པ་མི་འདོད།
འོན་ཀྱང། རྗེ་བློ་བཟང་གྲགས་པས་དེ་དག་གྲྭ་ཚོགས་སུ་རྒྱུན་གོས་སམ་དགེ་འདུན་གྱི་ལོངས་སྤྱོད་ཆོག་པའི་ཡོ་བྱད་དུ་གཙིས་ཆེ་འཛིན་ནས་དགེ་འདུན་གྱི་ནང་ཁྲིམས་དང་སྦྱར་ནས་ཤུགས་ཆེ་རང་དང་དགེ་འདུན་གཞན་གྱི་ལུས་ལ་གསོལ་བ་དང་། དེ་དག་ལ་བཟོ་དབྱིབས་སྣ་ཚོགས་ཞིག་འབྱེད་པ་སོགས་བྱུང་འདུག་པས་དེ་དག་བོད་དུ་དར་གསོ་ཤུགས་ཆེ་ཤས་ནི་རྗེ་རིན་པོ་བློ་བཟང་གྲགས་པས་མཛད་པར་གསལ་པོ་རེད།
ལྷག་པར་དུ་ ༡༩༥༩ གོང་དུ་བོད་ཀྱི་བོན་པོ་གཙོས་དགེ་ལུགས་པ་མིན་པའི་ཆོས་རྒྱུད་གཞན་རྣམས་ཀྱི་གྲྭ་ཚོགས་སུ་སྟོད་གོས་ཕུ་ཅན་གྱོན་པ་ལས་སྟོད་འགག་གྱོན་མཁན་ཤིན་ཏུ་དཀོན། དེས་ག་རེ་སྟོན་གྱི་འདུག་མཁྱེན་ལྡན་རྣམ་པས་གཟིགས་ཚལ། ཆོས་གོས་དེའི་རིགས་ལ་དར་གསོ་ཆེ་བས་རིང་ལུགས་དེ་བཟང་རབ་ཞུས་པ་ཡང་མིན་པས་མཁྱེན་དགོས་སོ།
དངོས་གནས་ཚ་ཕྲུག་རྒྱལ་ལགས་ཚིག་སྡུད་ལ་མཁས་ཤིང་གནས་ལུགས་ཀྱིས་ཕྱུག་པ་ཞིག་ཡིན་མདོག་ཁ་བོ་རེད། དེས་ན་ངས་བཀའ་དྲི་ཞིག་ཞུ་རྒྱུ་ཡོད། དགེ་ལུགས་པ་ཕུད་པའི་བོན་པོ་གཙོས་པའི་ཆོས་རྒྱུད་གཞན་གྱི་གྲྭ་བས་༼༡༩༥༩༽ཡན་སྟོད་འགག་བསྣབས་སྲོལ་ཤིན་ཏུ་དཀོན་པོ་ཡོད་པར་ཁྱོད་ཀྱིས་ཇི་ལྟར་མཁྱེན་སོང་གནས་ལུགས་དང་རྒྱུ་མཚན་ཡོད་པའི་ལན་ཞིག་ལྷོད་ལྷོད་བྱ་ནས་གསུངས་རོགས།
དེ་དུས་ངས་ཁྱོད་ལ་གསལ་བཤད་ཞུ་དགོས་པ་ཁ་ཤས་ཤིག་པས་ཡོད་ངས་དེ་ལུགས་བྱ་ཡོང་།
དགོངས་དག་ཡང་བྲིས་ནོར་བྱས་སོང་༼ཁ་ཤས་ཤིག་ཡོད་པས་༽ཞེས་བཅོས་རོགས།
རྗེ་ཙོང་ཁ་པའི་སྔོན་ཏུ་། འགྲོ་མགོན་ཆོས་འཕགས་ཀྱིས་སྟོད་འགག་མནབ་ཡོད་པ་དང ། ས་སྐྱ་ལ་གོ་གནས་ཀྱི་རིམ་པ་དང་འབྲེལ་བའི་སྟོད་གོས་འདྲ་མིན་དུ་མ་བཞུགས། དེའི་སྔོན་ཏུ་རྩད་གཅོད་དང་ཞིབ་འཇུག་གནང་རོགས། །
གོང་གི་མཆན་༥༦་པས། གྲྭ་པའི་ཞྭ་ལྷམ་སྟོད་འགག་དེ་རྣམས་བོད་ཀྱི་ཆོས་རྒྱུད་པ་རྣམས་ཀྱིས་གཅིག་གིས་གཅིག་ལ་དཔེར་བལྟས་ནས་རིམ་འགྱུར་གྱི་གྱོན་པ་ལས་བྱུང་བར་གསུངས་པ་དེ་ནི་རྒྱུ་མཚན་ཡོད་པ་མཐོང
གོང་གི་མཆན་༥༩་པས། རྗེ་ཙོང་ཁ་བའི་སྔོན་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པས་སྟོད་འགག་མནབས་ཡོད་པར་གསུངས་པ་བདེན་པ་རེད། ད་དུང་རང་རེའི་བོན་གྱི་བླ་མ་དག་གིས་ཀྱང་སྟོད་འགག་སྔོན་པོ་ཅན་དང་ཤམ་མཐའ་སྔོན་པོ་ཅན་མནབས་པ་དེ་དག་ལ་དཔེར་བལྟས་ནས་ས་རྙིང་ཀར་དགེ་དག་གི་ཆོས་རྒྱུད་འཛིན་པ་རྣམས་ཀྱིས་སྟོད་འགག་དང་ཤམ་ཐབས་དེ་ལྟ་བུ་གྱོན་པ་ཡིན་སྲིད། སྔ་མ་སྔ་མ་ལ་དཔེར་བལྟས་ནས་ཕྱི་མ་ཕྱི་མ་བྱུང་བ་ལོས་ཡིན། ས་བབས་ཀྱི་དབང་གིས་གནམ་གཤིས་དྲོ་གྲང་དང་འགྲིམ་འགྲུལ་སོགས་ཀྱི་དབང་གིས་རྒྱ་གར་དང་ཤྲི་ལང་ཀ་དང་འབར་མ་སོགས་ལ་དཔེ་བལྟ་ས་ཞིག་མ་བརྙེད་པ་ཡིན་རྒྱུ་རེད། དེ་མིན་ན་བོད་ཀྱི་བླ་གྲྭ་རྣམས་ཀྱིས་བཞེས་པའི་ན་བཟའ་འདི་དག་གཞན་དང་ཐུན་མོང་མ་ཡིན་པ་དང་མི་མཚུངས་བ་ཞིག་ཡིན་དགོས་དོན་ཅི། ཐ་ན་བསང་གཏོང་བ་དང་དར་ལྕོག་འཛུགས་པ། གཏོར་མ་བཟོ་སྟངས། མཆོད་རྟེན་བཞེངས་སྟངས། ཞྭ་མོ་སོགས་ཚུན་ཆད་ནས་བོན་པོས་ཤན་མ་ཞུགས་པ་ཞིག་ཧ་ལམ་འཇོག་དཀའ།
ཐ་ན་བསང་གཏོང་བ་དང་དར་ལྕོག་འཛུགས་པ། གཏོར་མ་བཟོ་སྟངས། མཆོད་རྟེན་བཞེངས་སྟངས། ཞྭ་མོ་སོགས་ཚུན་ཆད་ནས་བོན་པོས་ཤན་མ་ཞུགས་པ་ཞིག་ཧ་ལམ་འཇོག་དཀའ། ཞེས་གསུངས་པ་འདི་བདེན་ཤས་ཆེ་བ་མི་འདུ་གམ།
གང་ལྟར་མཁས་པ་རྣམ་པས་བགྲོད་གླེང་སྣ་ཚོགས་ཤིག་གནང་ཡང་དོན་ལ་འབབས ་ས་ནི་བོད་རང་གི་རིག་གཞུང་གི་མགོ་ཁུངས་གང་ལ་ཐུག་ཡོད་པ་ཚང་མས་མཁྱེན་གསལ་ལྟར་སྟོད་འགག་གི་མགོ་ཁུང་རྒྱ་གར་རང་ཡིན་པ་ཆོས་འདུལ་བའི་གཞུང་ལས་རྔུལ་ལེན་དང་ཞེས་པ་ལས་བྱུང་ལ་དེའི་རྗེས་བོད་རང་གི་མཁས་པ་རྣམ་པས་དེ་ལ་དཔེ་བྱས་ནས་རྒྱས་སྤྲས་བྱས་ཡོད་པ་སྨྲོས་མ་དགོས་པ་ཞིག་རེད། ཞ་མོ་རྣོག་ཙེ་མ་འདི་ནི་ཆོས་རྒྱུན་རེ་ལ་མདོག་མི་འདྲ་བ་རེ་ཡོད་པ་བཞིན་དེ་ལས་ཀྱང་སྲོལ་འབྱེད་མཁན་ཚོས་གསར་གཏོད་རེ་བྱེད་ཀྱིན་ཡོད་པའང་མཚོན་ལ་རེ་འགའ་ནི་རྒྱལ་བོ་དང་མི་སྣ་གྲགས་ཅན་རེ་ཡིས་ཕུལ་དབུ་ལ་ནབས་པ་སྲོལ་ལྟ་བུར་སོང་བའང་ཡོད་པར་མཐོང་གང་ལྟར་འདི་ལ་བཤད་པ་མང་ཡང་རྗེས་སུ་ཁོམ་ན་ང་ཚོས་ཡ་ད་མ་ཁོམ་ཐ།
གོང་དུ་མཆན་ཨང་༼༦༡༽མིག་བརྒྱད་པས་(ཞྭ་མོ་སོགས་ཚུན་ཆད་ནས་བོན་པོས་ཤན་མ་ཞུགས་པ་ཞིག་ཧ་ལམ་འཇོག་དཀའ་)གསུངས་པ་དངོས་གནས་བདེན་པ་རེད།
རྒྱུ་མཚན་དེའི་ཕྱིར་གནའ་ནས་ད་བར་ལྷོ་རྒྱུད་དང་རྒྱུད་ཐུབ་བསྟན་འཛིན་པ་ཚོས་བོད་རྒྱུད་ཐུབ་བསྟན་རིང་ལུགས་འདི་ཡང་དག་མིན་རབས་དང་། ཤག་ཐུབ་ཀྱི་བསྟན་པ་དངོས་གནས་མིན་རབས་སོགས་དགག་པའི་ཕུང་ཚོགས་འདི་སྤྲོས་དང་སྤྲོ་བཞིན་ཡོད་པ་རེད།
དགོངས་དག་(རྒྱ་རྒྱུད་)ཅེས་བཅོས་རོགས།
རྒྱ་གར་གྱི་ལོ་རྒྱུས་སྨྲ་བ་དག་གིས་རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་ཀུན་ལ་གྲངས་ཅན་པའི་གྲུབ་མཐའི་ཤན་ཞུགས་པ་ཡོད་ཅེས་སྨྲའོ།།
རྒན་ལ་དྭགས་པས་གསུངས་པ་དེ་བདེན་པ་ཡིན་ས་རེད། ཟླ་བ་གྲགས་པའི་དབུ་མ་འཇུག་པ་ན་ཡང་། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག། ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་བརྟགས།། དེའི་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས།། མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་གྱུར། ། གསུངས་འདུག་ལ། ཀུན་མཁྱེན་འཇམ་བཞེད་ཀྱི་གྲུབ་མཐའ་ན་ཡང་། ཚེ་ལོ་དཔག་མེད་དུས་སུ་སེར་སྐྱ་ཡིས།། གྲངས་ཅན་གཞུང་བརྩམས་དེའི་བདག་རྣམ་དབྱེ་ལ།། སྒྲོ་བཏགས་མི་འདྲས་མི་སྟེགས་ལུགས་མང་གྱེས།། གསུངས་འདུག བདག་འདོད་ཚུལ་དེ་ཐོག་མར་དྲང་སྲོང་སེར་སྐྱས་ཁྱད་ཆོས་ལྔ་ལྡན་ཞིག་བཤད་པའི་རྗེས་སུ་གྲུབ་མཐའ་ཚང་རེ་རེས་དཔྱད་པ་བྱས་ནས་རང་རང་ལ་གྲུབ་དོན་ཞིག་རྙེད་པ་ཡིན་ཚོད།
ཁོ་ཚོས་ག་རེ་འདོད་ན་མ་འདོད་ན་དེང་སང་མང་ཤོས་ཤིག་ས་སྟེང་ན་ཡོད་ཚོད་མི་འདུག དཔེར་ན་བྱེ་སྨྲ་སྡེ་བ་བཅོ་བརྒྱད་ནང་བཞིན་རེད།
ཨ་ལགས་གླུ་སྨྱོན་ཚང་གིས་དཔྱད་གཞི་དང་དོགས་གཞིར་བཀོད་པའི་བོད་ཀྱི་གྲྭ་བའི་དབུ་ཞྭ་རྔོག་ཟེ་མ་འདིའི་སྐོར་ལ་ཁུངས་ལུང་ཡོད་པའི་ཐག་ཆོད་ཅིག་དང་ཐེ་ཚོམ་ཆོད་མ་སོང་།
དེ་ཐག་མི་ཆོད་པ་གང་ཡང་ཡོད་པ་མ་རེད། དང་པོ་གནའ་སྔོན་མ་སྔོན་མ་ཞིག་ལ་བོན་པོས་བྱ་པུད་ཤུད་སྟེགས་རིང་གི་མགོ་ནས་བླངས་པ་རེད། དེ་ནས་བོད་ཀྱི་བན་དེ་རྣམས་ཀྱིས་བོན་པོ་ལས་བླངས་པ་རེད། དེ་ནས་རོན་མན་གྱིས་དམག་མི་རྣམས་ཀྱིས་བོད་ཀྱི་བན་བོན་ལས་བླངས་པ་རེད།
དེ་ལས་པད་མ་ཁམ་པེ་ཟེར་བའི་ཞྭ་མོ་དེ་གང་ནས་བླངས་མིན་ལ་དཔྱད་པ་བཏང་ན་ཡག་ས་རེད། ད་དུང་ཀརྨ་པའི་ཞྭ་ནག་པོ་ལག་པས་བསྐྱོར་བསྡད་ན་མ་གཏོགས་འཕུར་འགྲོ་བའི་ཞྭ་མོ་དེ་གང་ནས་བླངས་མིན་སོགས་ལ་དཔྱད་པ་བཏང་ན་ཡག་ས་རེད།
ཀླུ་སྨྱོན། ཡོད་ནི་རེད། དེང་སང་རྒྱ་གར་གྱི་ཆོས་ལུས་དེ་ཚོ་ཡོད་ནི་རེད། ལྷོ་ཕྱོགས་ནས་གྲོང་དང་གྲོང་གསེབ་དག་ཏུ་སོང་ན་ཆོས་ལུགས་མི་འདྲ་བ་སྣ་མིན་སྣ་ཚོགས་ཡོད་པ་རེད། མེ་འཁོར་ནང་ནས་ལྷོ་ཕྱོགས་ནས་བྱང་ཕྱོགས་དང་བྱང་ཕྱོགས་ནས་ལྷོ་ཕྱོགས་ལ་བརྒྱངས་བཞག་ན་ཅང་མཐོང་ནི་མ་རེད། རྗེས་མ་ང་མཉམ་དུ་འགྲོ་དང་ངས་ཁྱོད་ལ་ཁ་ཤས་སྟོན་ཆོག ཧིན་རྡུ་ཟེར་བ་དེ་ཁྱོད་ཀྱིས་ག་ས་གང་ནས་མཐོང་གི་རེད། དེ་ནས་གཅེར་བུ་བ་ནི་ལྷོ་ཕྱོགས་ན་ཁེངས་བསྡད་ཡོད་པ་རེད། ལྭ་བ་དཀར་པོ་བཀོན་ནས་མགོ་ལ་རལ་བ་ཕྲ་མོ་ཕག་པིའྀ་སྔ་མ་ལྟ་བུ་ཞིག་བཞག་བཞག་པ་ཞིག་འདུག ད་དུང་སོ་མེ་ཟེར་བ་ཞིག་འདུག དེ་ནི་རིགས་མཐོ་ཤོས་དེ་ཡིན་པ་འདྲ་ཆོས་ལུགས་གཅིག་པུ་མིན་པ་འདྲ། ད་དུང་དགོང་དྲོ་རྒྱ་མཚོ་ལ་མཆོད་འབུལ་བྱེད་པའི་རལ་བ་སྟུག་པོ་ཅན་གྱི་ས་ཏོ་བྷ་བྷ་དེ་འདྲ་སྒོ་བ་ན་ཡོད། ད་དུང་བྱིས་པ་ལ་ཛ་དྲག་གི་ན་ཚ་བྱུང་ན་བྱ་བྱེའུ་སོགས་སྐེ་གཅོད་པའི་ཆོས་ལུགས་ཀྱང་ལྷོ་ཕྱོགས་ན་ཡོད། ད་དུང་ཁ་ཆེ་ནི་བཤད་མི་དགོས་པ་རེད། ནང་པ་ནི་བྷང་བྷེ་ཕྱོགས་ན་མང་། ད་དུང་པན་ཇ་པེ་ནི་གུ་རུ་སྣ་ནག་ཟེར་བ་ཞིག་ལ་མཆོད། འདི་ལྟར་གྲངས་ཀ་བརྒྱབ་ནས་ཡོང་ན་རྒྱ་གར་ན་སྔོན་གྱི་བཅུ་གཉིས་དེ་ལས་མང་རུ་སོང་མེད་ན་ཉུང་རུ་སོང་ཡོད་པ་མ་རེད། རྒྱ་གར་བྱང་ཕྱོགས་སུ་ཆ་རྒྱུས་མང་པོ་མེད། ལྷོ་ཕྱོགས་ན་ཀ་ལི་ཀ་ཏ། བྷོ་བྷེ། མ་རྡ་ར་སི། ཀར་ན་ཀྲ་ཀ མ་ཧ་ར་སི་ཏ། པུར་ན། བྷང་ལོར་སོགས་གྲོང་དང་གྲོང་ཁྱེར་ཉུལ་ནས་སོང་ན་ཆོས་ལུགས་མང་ནི་རེད་ཡ།
ཨ་རོགས་ཆ་བོ། དཔྱད་པ་དོན་ལྡན་དང་ཡིག་ཆ་ཚད་ཐུབ་རེ་འདིར་འཇོག་རྒྱུ་མེད་དམ། གལ་སྲིད་མེད་ཐག་ཆོད་ཡིན་ན་ངས་མཐའ་མའི་ཐག་གཅོད་བྱེད་རྒྱུ་ཡིན་དྰ། ཧི་ཧི་་་་་་
བོན་ལས་དཔེ་བླངས་ཟེར་བ་ཁུངས་མི་འདུག སྟོན་པ་གཤེན་རབ་ཀྱིས་མནབ་ཟེར་བ་དེ་ལ་ཁུངས་མེད་དེ་སྟོན་པ་གཤེན་རབ་ཀྱིས་རྩེ་ཞྭ་བཞེས་པ་དང་སྟོད་འགག་མནབ་པའི་སྐུ་བརྙན་བཞེངས་སྲོལ་མི་འདུག
དར་ལྕོག་ནི་དེ་ལས་ཀྱང་བོན་ལས་བྱུང་བ་གང་ཡང་མ་རེད། འཛམ་གླིང་ན་ཆོས་ལུགས་དང་འབྲེལ་མ་འབྲེལ་གང་ཡང་རུང་དར་ལྕོག་འཛུགས་སྲོལ་ཡོད་པ་རེད། དེང་སང་ཡང་རྒྱལ་ཁབ་རེ་ལ་དར་ལྕོག་རེ་ཡོད་པ་རེད། བོད་ཀྱི་དར་ལྕོག་ཀྱང་ཐོག་མར་དམག་གི་དར་ཆ་ཡིན་ཡང་རྗེས་སུ་རིམ་པས་ཆོས་ཕྱོགས་ཀྱི་མཚོན་རྟགས་ལྟ་བུ་ཞིག་ཏུ་གྱུར་སོང་བ་ཙམ་རེད། དར་ཆེན་འཛུགས་སྲོལ་ཡང་རྒྱ་གར་དུ་ཡོད་པ་པན་ཇབ་གསེར་གྱི་ལྷ་ཁང་གི་ཉེ་འཁོར་ན་ཆེ་ཐག་ཆོད་རེ་མཐོང་རྒྱུ་ཡོད་པ་དེ་རེད།
གཏོར་མ་བཟོ་སྲོལ་ཡང་རྒྱ་གར་གྱི་གསང་སྔགས་ལས་བྱུང་བ་རེད། བལ་ཡུལ་གྱི་ནེ་ཝར་གསང་སྔགས་པ་ཚོས་ལེགས་སྦྱར་དང་ནེ་ཝ་རིའི་སྐད་ཀྱི་སྟེང་ནས་ཆོ་ག་འདོན་ཞིང་གཏོར་མ་དང་དཀྱིལ་འཁོར་འདྲ་མིན་བཟོ་བཞིན་ཡོད་པ་གཞན་ལ་འགྲོ་མ་ནུས་ན་ཡང་མཆོད་རྟེན་འཕགས་པ་ཤིང་ཀུན་གྱི་ཉེ་འཁོར་ལ་སོང་ནས་ལྟོས་དང་གསལ་བོར་མཐོང་ནུས།
སྤོབས་པ་ཆེ་དྲགས་པས་ཐམས་ཅད་ལ་སྡོམ་ཚིག་རེ་རྒྱབ་བཞིན་པ་འདི་དག ཆུ་ཀླུང་ཆུང་ཆུང་འུར་སྒྲ་ཆེ།
ཡོན་ཏན་ཆུང་ཆུང་ང་རྒྱལ་ཆེ།
དེ་འདྲ་ཞིག་མིན་ནམ་སྙམས།
མེད་ན་མེད་པའི་བསྒྲུབ་བྱེད་ཅིག་འགོད་དགོས། དེ་མིན་འཕགས་པ་ཤིང་ཀུན་གྱི་གཡས་གཡོན་སོགས་སུ་སྡོད་མཁན་དག་གིས་བྱེད་ཀྱི་འདུག་ཟེར་ནས་སྒྲུབ་བྱེད་བཀོད་པ་དེ་ཡིས་བསྒྲུབ་ནུས་སམ།
དེ་ལྟར་ན་ནང་ཆོས་དེ་བལ་ཡུལ་ནས་བྱུང་བ་ཡིན་ནམ། འཕགས་པ་ཤིང་ཀུན་གྱི་གཡས་གཡོན་གྱི་ཏ་མང་དང་གྷུ་རུང་དེ་ཚོས་བྱེད་ཀྱིན་འདུག་ཟེར་ནས་རྒྱུ་མཚན་འགོད་རིགས་སམ།
དེ་བཞིན་འཕྲེང་བའི་འབྱུང་ཁུངས་ཀྱང་ལ་ཡུལ་ཡིན་ནམ། དེ་ཚོས་འཕྲེང་བ་འདྲེན་བཞིན་འདུག
འཐུང་ཇའི་འབྱུང་ཁུངས་ཀྱང་དེ་ནས་ཡིན་ནམ། དེ་ཚོས་ཇ་འཐུང་གི་འདུག་རིང་པོར་འགྲོ་དགོས་པ་མི་འདུག་དེ་ཚོར་ལྟས་ན་ཤེས་ཐུབ།
ཏ་མང་གུ་རུང་གང་ཡང་ལབ་ཀྱིན་མེད། དེ་ཚོ་བོད་བརྒྱུད་ནང་བསྟན་པ་རེད། ནེ་ཝར་བྷུདྡྷའི་ལུགས་འཛིན་པ་དེ་ཚོ་ཟེར་གྱིན་ཡོད། ནེ་ཝར་སངས་རྒྱས་པ་ཟེར་བ་འདི་ཆོས་བརྒྱུད་རང་རྐྱ་བ་ཞིག་རེད། བོད་བརྒྱུད་ནང་བསྟན་དང་འབྲེལ་བ་ཡོད་པ་མ་རེད། བལ་ཡུལ་གྱི་སངས་རྒྱས་པའི་ཆོས་བརྒྱུད་ཆེན་པོ་གསུམ་དུ་བགྲང་བའི་ཡ་གྱལ་ཞིག་རེད། དེ་ཚོ་གསང་སྔགས་པ་ཡང་རེད། དེ་ཚོས་སྔགས་ཀྱི་ཆོ་ག་ཚང་མ་ལེགས་སྦྱར་དང་ནེ་ཝ་རིའི་སྐད་ཀྱི་སྟེང་དུ་འདོན་བཞིན་པ་རེད། གཏོར་མ་བཟོ་སྲོལ་སྤྱི་དང་ལྷག་པ་ཡང་དཀར་གཏོར་གྱི་རིགས་མང་པོ་ཞིག་བཟོ་བཞིན་འདུག ཁོང་ཚོས་གཏོར་མའི་ཆོ་ག་བྱེད་སྟངས་ནི་ང་རང་ཚོའི་གཏོར་མ་ཆ་གསུམ་དང་ཧ་ཅང་འདྲ། དེ་དང་འདྲ་བ་རྒྱ་གར་གྱི་ཡུལ་དུ་ཡང་མང་པོ་མཐོང་སོང་།
ཁོང་ཚོས་དེ་དང་དེ་བྱེད་ཀྱིན་འདུག་པས་དེ་དག་ཆ་མཐུན་པ་ཐམས་ཅད་དེ་དག་ལས་བྱུང་བ་ཡིན་པར་སྨྲ་ནུས་སམ།
་ལེགས་སྦྱར་དང་ནེ་ཝ་རིའི་སྐད་ཀྱི་སྟེང་དུ་ཡོད་པ་ཐམས་ཅད་དེ་དག་ལས་བྱུང་དགོས་སམ།
ཡང་ན་ལེགས་སྦྱར་དང་ནེ་ཝར་རིའི་སྐད་རྙིང་དགོས་པ་དང་བོད་སྐད་དང་ཞང་སྐད་ལས་སོགས་གསར་དགོས་པའི་རྒྱུ་མཚན་ཅི་ཞིག་ཡོད་དམ། རྟག་ཏུ་ངེད་ཚོས་གཞན་ལ་འགྲམ་ཆུ་ལྡང་བ་ལས་རང་གི་རིག་གཞུང་སྐད་ཡིག་ཆོས་ལུགས་ཐམས་ཅད་གཞན་ནས་བྱུང་བར་སྒྲུབ་པའི་ངལ་བ་ལས་བོད་ཀྱི་ཐམས་ཅད་གཞན་ལས་བྱུང་བའམ། རྒྱ་གར་ལས་བྱུང་རབས་བཤད་པའི་སྲོལ་འདི་རིགསལ་ཡིད་ཐང་ཤིན་ཏུ་ནས་ཆད་སོང། ད་དུང་བོད་དོན་ནི་བོད་ཀྱི་ཆོས་དང་རིག་གཞུང་གི་ཆེད་དུ་རྩོད་ཀྱིན་ཡོད་ཅེས་མ་ཎི་འདོན་པ་ནང་བཞིན་བཤད་བཞིན་འདུག་གང་ཤེས།
རྩོད་རྒྱུ་ཅི་ཞིག་ལྷག་ཡོད་མེད།
འབྲུག་དང་ལ་དྭགས། རྟ་མང་། ཤར་བ། སྤི་ཏི། གར་ཞྭ་སོགས་ཀྱི་ནང་ཆོས་ནི་བོད་ནས་མཆེད་པ་སྟེ། ཐ་ན་གཟན་དང་ཤམས་ཐབས་གྱོན་སྟངས་སོགས་བོད་དང་གཅིག་མཚུངས་ཡིན་པས་སོ།། དཔེར་ན་དགེ་ལུགས་པའི་ཞྭ་མོ་སྣེ་རིང་གི་རྩེ་རྣོ་བ་དང་གཏོར་མའི་རྩེ་རྣོ་བ་བོན་པོའི་ཤན་ཤུགས་ཡིན་རྒྱུ་རེད།
བགྲང་ཕྲེང་ལ་ཕྲེང་བའི་ངོ་བོ། ཕྲེང་བའི་རྒྱུ། ཕྲེང་བའི་རྒྱུན་ཐག ཕྲེང་བའི་གྲངས་ཚད། ཆེ་ཆུང་གི་ཚད། ཕྲེང་བའི་མདོ་འཛིན། སྤང་བྱའི་ཕྲེང་བ། ཕྲེང་བའི་དབྱེ་བ། ཕྲེང་བ་འཆང་ཚུལ། ཕྲེང་བ་འདྲེན་ཚུལ། ཕྲེང་བའི་མཚོན་དོན། ཕྲེང་བའི་དགོས་ཆེད། ཕྲེང་བའི་ཕན་ཡོན། བཅས་ཡོད། ༼ཕྲེང་བའི་རྒྱུ་ནི།༽ པདྨའི་ཕྲེང་བཤད་ལས། རྒྱུ་ནི་རབ་ལ་རིན་པོ་ཆེ།།འབྲིང་ནི་ཤིང་གི་འབྲས་བུ་སྟེ།།ཐ་མ་ཤིང་དང་ས་རྡོ་དང་།།སྨན་གྱི་ལྡེ་གུའི་ཕྲེང་བའོ།།༼ཕྲེང་བའི་རྒྱུན་ཐག་ནི༽ལང་ཚོ་དང་ལྡན་པའི་བུ་མོ་གཞོན་ནུ་མས་བཀལ་བའི་སྐུད་པ་ཞི་བའི་ཕྲེང་བ་ལ་བལ་སྐུད་དཀར་པོ། རྒྱས་ཕྲེང་ལ་རས་སྐུད་སེར་པོ། དབང་ཕྲེང་ལ་དར་སྐུད་དམར་པོ། དྲག་ཕྲེང་ལ་གྲི་ཤིར་ཐེབས་པའི་རྒྱུས་པ་དང་རྒྱུ་མ། པགས་རིགས་ཀྱི་རྒྱུན་དགུ་སྒྲིལ། ལས་སྣ་ཚོགས་ཀྱི་ཕྲེང་བ་ལ་ཚོན་སྣ་ལྔ་སྒྲིལ་གྱི་སྲད་བུ་དགོས་པ་པདྨའི་ཕྲེང་བཤད་ལས་གསུངས། ༼ཕྲེང་བའི་མདོ་འཛིན་ནི།༽ཞི་བ་དཀར་ཞིང་དབྱིབས་ཟླུམ་པོ། རྒྱས་ལ་སེར་པོ་དང་དབྱིབས་རྒྱ་མདུད་ཅན། ཡང་ན་མཆོད་རྟེན་རིས། དབང་ལ་དམར་པོ་དང་དབྱིབས་ལེབ་ལ་ཟླ་གམ། ནར་མོ་ཉིད་ཀྱང་རུང་། དྲག་པོ་ལ་ནག་པོའི་ཆ་དང་དབྱིབས་ཟུར་གསུམ། ༼ཕྲེང་བ་འདྲེན་ཚུལ༽རྡོ་རྗེ་མཁའ་འགྲོ་ལས། ཞི་བ་ལ་ནི་མཛུབ་མོ་བཞག། རྒྱས་ལ་གུང་མོ་འགལ་བར་བྱ།།དབང་དུ་བྱ་བ་སྲིན་ལག་གསུངས།།མཐའ་མ་ལ་ནི་མངོན་སྤྱོད་བྱ།།གང་དུ་བགྲང་བའི་གནས་ནི། པདྨའི་ཕྲེང་བཤད་ལས། ཞི་བ་ལ་ནི་སྙིང་ཁར་བགྲང་།།རྒྱས་པ་ལྟེ་བའི་ཐད་དུ་སྟེ།།དབང་ལ་ཕྲེང་བ་གསང་གནས་ཐད།།འགུག་པའི་འདུན་པས་བགྲང་བར་བྱ།།དྲག་པོ་སྐྱིལ་ཀྲུང་བསྣོལ་མཚམས་སུ།།པུས་མོའི་སྟེང་དུ་བགྲང་བར་བྱ།།སྣ་ཚོགས་ལས་ལ་གང་བདེར་བྱ།།ཞེས་གསུངས་སོ།།
དྲ་གྲོགས་རྣམ་པ་ཐུགས་རྗེ་ཆེ། ང་ནི་བོད་གཞི་ལུས་པ་ཞིག་ཡིན་ཚང་མ་ལ་བཀྲ་ཤིས་ བདེ་ལེགས་ཞུ། ངས་འདིར་ཨ་ལགས་ཀླུ་སྨྱོན་ཚང་གིས་གྲ་བའི་ཞ་དང་རོ་མན་དམག་ ཞ་ཞེས་པ་ལ་བོད་རང་གི་ངག་བརྒྱུན་དང་ཁུང་རེ་ཡོད་མེད་ལ་དཔྱད་གཞིའི་མཆན་ཞིག་ བཀོད་འདོད་བྱུང་། ཡིན་ཡང་དཔྱད་གཞི་འདི་དྲ་ཐོག་ལ་ཐོན་མ་ཐོག་ནས་མཐོང་ཡང་ད་ བར་དུ་ཁོམ་ལུང་མ་བྱུང་ཐ། ང་ཚོའི་དགེ་རྒན་ཚང་གིས་གསུང་བ་ལྟར་མི་ཁོམ་པ་དགུ་བ་ ཞིག་གིས་མནར་སོང་བས་རེད་དགོས་དག་ཞུ། སྤྱིར་ང་ཚོ་གྲ་བ་ཚོའི་འགྲོ་འདུག་ཉལ་ ཆགས་ཀྱི་སྤྱོད་ལམ་ཐམས་ཐད་ཆོས་འདུལ་བ་དང་མཐུན་དགོས་པར་ཡང་ཡང་གསུང་གི་ཡོད་པ་རེད་ལ། ལྷག་པར་གྲ་བའི་གྱོན་གོས་དེ་ཡང་འདུལ་བ་དང་མཐུན་དགོས་པ་ཞུ་མ་ དགོས་ལྟ་བུ་ཞིག་རེད། འདུལ་གཞུང་དུ་གོས་ཀྱི་གཞི་དང་ཞེས་གསུང་ཡོད་པ་རེད། ང་ཚོ་གྲ་བའི་གྱོན་ཆོས་ཚང་མ་འདུལ་བ་དང་མཐུན་ལ་འདུལ་བ་དང་འབྲེལ་ཡོད་པ་རེད་ཞུ་ཀི་ཡིན། འདུལ་བ་ན་སྤྱིར་གཏང་དམིགས་གསལ་གྱི་ཁྱད་པར་མང་བོ་ཡོད་པར་མ་ཟད་ གནང་བའི་རྗེས་སུ་བཀག་པ་བཀག་པའི་རྗེས་གནང་བའི་མཚན་གཞི་ཡང་ཡོད་པ་རེད། ད་དུང་སྟོན་པ་ཐུགས་རྗེ་ཅན་སྐུ་མྱ་ངན་འདའ་ཁར་འདུལ་བ་རུང་མཐུན་གྱི་གཞི་གསུང་ཡོད་པ་རེད་དེ་ལ་རུང་མཐུན་དང་མི་རུང་མཐུན་སྦྱོར་རྒྱུ་ཡོད་པ་རེད་ཞུས་པ་ཡིན། ང་ཚོའི་གྲ་བའི་ ཞ་དང་ཟླ་གམ་དེ་གཉིས་ཡང་འདུལ་བ་རུང་མཐུན་གྱི་གཞི་དང་སྦྱར་ནས་རྗེ་ཐམས་ཅད་ ་མཁྱེན་པས་དགའ་ལྡན་སྒྲུབས་མཆོད་ཆེན་མོའི་སྐབས་སུ་གནང་བ་ལྟ་བུ་ཞིག་རེད། དེ་ཡང་རུང་མཐུན་སྦྱར་ས་ནི་དབྱར་གྱི་རས་ཆེན་ཞེས་པ་ཡིན་པར་མཐོང་དེ་ནི་དགེ་སློང་གི་ འཚོ་བའི་ཡོ་བྱེད་བཅུ་གསུམ་ནང་ན་ཡོད་པ་རེད། གྲ་བ་ཚོའི་ཞ་ནི་བཀག་པའི་རྗེས་སུ་ གནང་བ་ལྟ་བུ་ཞིག་ཡིན་པ་དཔེར་ན་རྒྱ་གར་པན་ཆེན་ཚོས་ནབས་པ་པན་ཞ་ལ་དཔེ་བྱས་ནས་གསར་གཏོད་གནང་བ་ལྟ་བུ་ཡིན་པར་སེམས། དེ་ཡང་ཟླ་གམ་གྱི་མཚོན་དོན་ནི་ ངག་རྒྱུན་ལ་ཟླ་གམ་བསྡུད་མགོ་བརྒྱད་ཅུ་ཞེས་པའི་སྲོལ་ཡོད་པ་བཞིན། ཉན་ཐོས་སྒོམ་ ལམ་རྡོ་རྗེ་ལྟ་བུའི་ཏིང་ངེས་འཛིན་གྱི་སྤང་བྱ་ཁམས་གསུམ་ས་དགུའི་ཀུན་དཀྲིས་ཉོན་ མོངས་ཆེན་པོ་དགུ་དགུ་བརྒྱད་ཅུ་གྱ་གཅིག་ཡོད་པ་ལ་དཔེ་བྱས་ནས་གསར་གཏོད་གནང་ཡོད་པ་རེད། ཟླ་གམ་ལ་བསྡུད་བརྒྱད་ཅུ་གྱ་གཅིག་དགོས་པ་དང་ཁ་གནོན་གོང་དཀྲིས་ ལ་རྡོ་རྗེ་གོང་ཆུང་ཞེས་གསུང་གི་ཡོད་པ་བཞིན་བསྡུད་གྱ་གཅིག་ཀུན་དཀྲིས་ཆེན་པོ་གྱ་ གཅིག་དང་གོང་དཀྲིས་རྡོ་རྗེ་གོང་ཆུང་དེའི་གཉེན་པོ་སྒོམ་ལམ་རྡོ་རྗེ་ལྟ་བུས་བཅད་ཡོད་ པའི་དཔེ་མཚོན་ཡིན་པར་གོ་ཐོས་བྱུང་། གྲ་ཞ་རྔོག་སུག་མ་ཡི་མེ་ལོང་ངོས་མཉམ་པ་ནི ་མེ་ལོང་ལྟ་བུའི་ཡེ་ཤེས་སོགས་ཡེ་ཤེས་ལྔའི་མཚོན་དོན་ཡིན་ལ་རྔག་སུག་ལ་མ་མཐའ་སྐུད་པ་སྟོང་གི་མགོ་དགོས་ལ་དེ་ནི་སངས་སྟོང་གི་མཚོན་དོན་ཡིན་པར་གསུངས། ཞའི་ མེ་ལོང་གིས་ཡེ་ཤེས་ལྔ་མཚོན་ལ་རྔོག་མས་སངས་རྒྱས་མཚོན་གྱིན་ཡོད་པ་རེད། དེ་ ཡང་འཇམ་དཔལ་མཚན་བརྗོད་ལས། སངས་རྒྱས་ཡེ་ཤེས་ལས་བྱུང་ཞིང་། །ཡེ་ཤེས་ ལས་བྱུང་དེ་ལ་འདུད། །ཅེས་གསུང་བ་བཞིན་ཡིན་པར་སེམས། ད་ནི་ཞ་ཟླག་གཉིས་ ཀས་གང་བསྟན་ཟེར་ན་སོར་སྐྱེས་ས་ནས་སངས་རྒྱས་སའི་བར་གྱི་སྤོང་གཉེན་གཉིས་དང་འབྲས་བུ་ཆོས་སྐུ་དང་བཅས་པ་བསྟན་ཡོད་པར་སེམས།དེ་ལ་དྲ་གྲོགས་རྣམ་པས་དཔྱད་ པར་འཚལ། གྲ་བ་དང་ཞ་མོ་ལ་ཝ་བཏགས་མི་ཡོང་གི་དགོངས་དག། སྟོད་འགག་ རྗེས་ནས་བཤད། ཚང་མ་ལ་སླར་མཇལ་ཞུ།
དྲ་གྲོགས་ཚོ་བདེ་མོ་དེ་རིང་ཁོམ་ཐ།ད་ནི་སྟོད་འགག་ལ་ཁྱེད་རྣམ་པས་ལོ་གཉིས་ལ་དཔྱད་ཀྱང་འབབས་ས་དམག་གོས་དང་བོན་གོས་རེད་ཟེར་བ་ཧ་ལམ་ནོར་སོང་ནི་མིན་ནམ་ བསམ་སོང་། ནང་བསྟན་གྲ་བའི་གྱོན་གོས་ཚང་མ་ཆོས་འདུལ་བ་དང་མཐུན་དགོས་ ཞེས་པ་དེ་ཡིན། སྟོད་འགག་དེ་ཡང་འདིས་མཆན་ཉེར་བདུན་པ་ཚ་ཕྲུག་རྒྱལ་ཟེར་བའི་ དཔྱད་པ་དེ་ལ་རྒྱ་ཆའི་བརྒྱ་ཐམ་པའི་ཡི་རངས་དང་རྒྱབ་བསྐྱོར་ཡོད། ངས་ཀྱང་འདིར་ བཤད་འདོད་པ་ནི་སྟོད་འགག་གི་མགོ་ཁུངས་ནི་དགེ་སློང་གི་འཚོ་བའི་ཡོ་བྱེད་བཅུ་ གསུམ་ལས་རྔུལ་གཟན་ལ་༼ལྷ་ས་བས་རྔུལ་ལེན་ཟེར་༽རུང་མཐུན་སྦྱར་ཏེ་རྗེ་ཐམས་ ཅད་མཁྱེན་པས་སྟོད་འགག་དམར་སེར་རྒྱན་དྲུག་གསར་སྟོད་གནང་བར་སེམས་ལ་ གསུང་རྒྱུན་ལའང་དེ་ལྟར་ཡོད། རྒྱན་དྲུག་ནི་གོང་ནས་བརྩིས་ཡོད་ལ་འདིར་ཡང་མི་འདྲ་ བའི་རྩི་གཏང་ཞིག་བགྲང་ན། ༡ ཤེས་རབ་སྒོ་རྒྱན། ༢ ཕོ་རོག་མིག་རྒྱན། ༣ མི་ཏིག་འཕྲེང་རྒྱན་འདི་ལ་སྦྲུལ་ནག་འཁྱུས་རྒྱན་ཟེར་མཁན་ཡང་ཡོད། ༤བུམ་པའི་ལྟོ་ རྒྱན། ༥ གླང་ཆེན་མཆེ་བའི་རྒྱན། ༦ སེང་གེའི་རྣ་རྒྱན་ཞེས་ཀྱང་ཆོག་ལ་རྟ་མཆོག་རྣ་ རྒྱན་ཞེས་ཆོག་པར་བཤད། དེ་ལ་ནི་དམར་སེར་རྒྱན་དྲུག་ཅེས་བྱའོ་ཞེས་བཤད་ཆོག་གོ། དུས་ཀྱི་དབང་དུ་བྱས་ན་དགེ་ས་བཀའ་རྙིང་སྔོན་ནས་དར་ཡོད་པ་ཞུ་མ་དགོས་པ་མཁྱེན་གསལ་ལྟར་ཡིན་ནོ། རྒྱན་རེ་རེ་ལ་མཚོན་དོན་རེ་རེ་ཡོད་པ་ཞུ་མ་དགོས་པར་མཁས་པ་ རང་རང་སོ་སོ་ནས་དཔྱད་པ་གནང་ན་ཤེས་འགྲོ་བས་རྟོག་སླའོ། ཡང་དམག་གི་གྱོན་ གོས་ཞིག་མིན་པའང་འདིའི་རུང་མཐུན་སྦྱར་གཞིས་ཀྱང་ཤེས་སླའོ། ད་ནི་མཁས་པ་སོ་ སོས་བླུན་པོའི་ཆུ་སྣ་གར་འཁྲིད་མི་བྱེད་པར་རང་ལུགས་ཤིག་འཛིན་པར་མཁྱེན་ནོ།།བཀྲ་ཤིས་བདེ་ལེགས།