ནང་ཆེན་བཀྲ་ཤིས་ནས།
རང་རིགས་ཀྱི་ཆོས་དང་རིག་གཞུང་སྐད་དང་ཡིག་གེ་ལ་མོས་པ་སྤྲོ་བའི་གངས་ཅན་པའི་སྙན་ལམ་དུ།
འདས་པའི་ལོ་རྒྱུས་ལ་གཞིགས་ན་ཁ་བ་རི་པའི་རླུང་རྟ་ཤར་གླིང་ལ་དཔའ་མཛངས་ཀྱིས་ཁྱབ་ནས་ཆོས་སྲིད་གང་ཐད་ནས་གཟི་བརྗིད་དང་སྤོབས་པ་བྱེད་རིན་དུ་ལོ་རྒྱུས་ལས་གསལ་ཀྱང་དེ་ནི་འདས་པའི་ལོ་རྒྱུས་ཞིག་ཡིན། ད་ལྟ་དུས་རབས་ཉེར་གཅིག་པར་བལྟས་ན་མི་རིགས་གཅིག་དང་རིག་གཞུང་ཞིག་འཛམ་གླིང་འདིར་འཚོ་གནས་ཐུབ་མིན་ཁ་ཚོན་ཆོད་དཀའ་བའི་ཐེ་ཚོམ་གྱི་གནས་སུ་གནས་སུ་གྱུར་ཡོད། དེའི་ཕྱིར་བོད་མི་ཆེ་ཕྲ་ཀུན་གྱིས་རང་རེས་སྐད་དང་རིག་གཞུང་འདི་མི་ནུབ་པར་དར་རྒྱས་སུ་སྤེལ་བ་ནི་མ་བསྒོས་པའི་འོས་འགན་སུ་མཐོང་། གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་ཀྱི་ཆོས་སྲིད་དང་རིག་གཞུང་ནི་བོད་མི་རེ་ངོ་རེ་ལ་ལས་འགན་ཡོད་པའི་བཀའ་སློབ་ཕེབས་ཡོད། དེར་བརྟེན་ཕྲན་ནས་རང་འཕྲིའི་ལས་འགན་དུ་བྱས་ནས་རང་ལ་དུས་ཚོད་དང་དཔལ་འབྱོར་སོགས་རྒྱ་ཆེར་མེདརང་གི་ལས་དཀའི་ལག་བབ་ལས་འགྲོ་སོང་དང་དུས་ཚོད་མང་པོ་གཏང་ནས་ཀུ་ཤུའི་རྟགས་ཅན་གྱི་ལག་བཟུང་ཁ་པར་དང་གློག་ཀླད་ནང་དཔེ་ཆ་འདོན་ཀློག་ཐུབ་པ་འདི་ནི་ཆེས་སྟབས་བདེ་བ་དང་། དུས་རབས་མཐུན་པའི་གསར་ཐོན་དང་། ཁུར་ཡངས་པ་སྤུས་ལེགས་པ་ཅན་ཞིག་ཡིན་། ལྷག་ཏུ་བོད་ཀྱི་རིགས་གཞུང་འདི་མི་ཉམས་པ་དང་གོང་འཕེལ་དར་ཁྱབ་ཏུ་འགྲོ་བ་དང་། རང་རེ་བོད་རིགས་རྣམས་ཀྱང་འཛམ་གླིང་སྔོན་ཐོན་ཀྱི་མི་རིགས་ནང་བཞིན་ཤེས་ཡོན་ལ་སྟབས་བད྄ེ་བ་དང་ཆ་རྐྱེན་ཕུན་སུམ་འཚོགས་པར་ལོངས་སྤྱོད་ཐུབ་པའི་ཆེད་(བོད་ཀྱི་གློག་རྡུལ་དྲྭ་དེབ་) (Tibetan E-Books at www.tibetanebooks.com)ཞེས་པ་ཞིག་གསར་དུ་བཟོས་ཡོད་། དེ་ཡང་་གློག་རྡུལ་དྲྭ་དེབ་ནང་ཡོད་པའི་དེབ་རྣམས་རིན་མེད་ཀྱིས་ཕབ་ལེན་བྱེད་ཆོག འདི་ནི་དེང་སང་བརྡ་འཕྲིན་དུས་རབ་དང་འགྲོགས་ནས། བོད་ཀྱི་རིག་གཞུང་འདི་རྒྱ་ཁྱབ་དང་དར་རྒྱས་སྟབས་བདེ་ཡར་རྒྱས་སུ་འགྲོ་བའི་ཆེད་དུ་དམིགས་ནས་བཟོས་པ་ཡིན། འདི་ནི་ངས་རང་གི་རིག་གཞུང་ལ་ཞབས་འདེབས་དང་། བོད་ཕྱི་ནང་ཀྱི་ཤ་དང་རུས་པའི་ཁྲག་རྒྱུན་གཅིག་པའི་གངས་ཅན་པ་རྣམས་ལ་ལེགས་སྐྱེས་སུ་ཕུལ་བ་ཡིན། ངས་འདི་ནས་འབོད་བསྐུལ་ཞུ་འདོད་པ་ཞིག་ལ་མི་རིགས་དང་རིགས་གཞུང་ལ་ལྷག་བསམ་དང་ཤ་ཞེན་ཆེ་བའི་བོད་རིགས་སྤུན་ཟླ་རྣམས་ནས་མཉམ་རུབ་དང་མཉམ་ལས་གནང་རོགས་ཞུ་རྒྱུ་ཡིན། དེ་ནི་ཁྱེད་རྣམས་ནས་གོང་ས་མཆོག་གི་བཀའ་སློབ་གཙོར་བྱས་པའི་ཆོས་ལུགས་རིས་མེད་དང་རིག་གཞུང་སྣ་ཚོགས་འཁོད་པའི་དེབ་ངོས་སྦྱོར་གནང་བ་དང་། དེབ་རྣམས་འདོན་ཀློག་བྱེད་རྒྱུ་དང་། མ་འོང་པར་ཡར་རྒྱས་གཏོང་བའི་ཆེད་བཀའ་སློབ་དང་ལམ་སྟོན་རྒྱབ་སྐྱོར་གནང་རོགས་ཞུ་བ་ལགས།
མཆོག་ཏུ་བཀུར་བར་འོས་པའི་ནང་ཆེན་བཀྲ་ཤིས་ལགས། ཁྱེད་ནི་ཁ་ཙམ་མ་ཡིན་པ་དོན་གནད་དང་ལག་ལེན་ལ་མཁས་པ་མ་ཟད། རང་རེ་གངས་ཅན་པའི་སྐད་ཡིག་གཙོས་པའི་རིག་གཞུང་འདི་དུས་རབས་ཀྱི་འགྲོས་སམ་བརྡ་འཕྲིན་དང་འགྲོགས་ནས་ཉིན་རེ་བཞིན་འཚོ་བའི་ཁྲོད་དང་། འཛམ་གླིང་ཟླུམ་པོ་འདིའི་སྟེང་ནས་བོད་ཡིག་ལ་དྭངས་མོས་ཡོད་པ་དང་། བོད་ཡིག་གི་སྲོག་ཤིང་འཛིན་པའི་འདུ་ཤེས་ཡོད་རིགས་ལ་བཀོལ་སྤྱོད་ཐུབ་པར་གནང་བ་འདི་ནི་བོད་ཀྱི་རིག་གཞུང་འདི་ལ་སྲོག་དབུགས་གསར་པ་ཞིག་སྦྱིན་པ་མ་ཡིན་ནམ། དེ་ནི་ཆེས་གཟི་བརྗིད་ཅན་དང་རིན་ཐང་ཅན་ཞིག་ཡིན་པས། ངས་ཁྱེད་ལ་སྙིང་ཁུངས་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
ལྷག་བསམ་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
བོད་རྒྱལ་ཁབ་དང་མི་རིགས་ཀྱི་རིག་གཞུང་ལ་ཞབས་འདེགས་ཞུ་བའི་བསམ་བློར་ནམ་ཡང་འགྱུར་བ་མེད་པར་ཤོག
རིན་མེད་ཐོག
ཚོང་གི་ངོ་བོ་མི་བསྒྱུར་རོགས་ཞེས་འབོད་སྐུལ་ཐོག་མ་ནས་ཞུ་འདོད་བྱུང་།
རྗེས་སུ་ཡི་རུང་དང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། ལྷག་དོན་དུ་དྲ་ཚིགས་འདི་ལ་ཇི་ལྟར་འཇུག་དགོས་མིན་དང་ལྟ་ཀློག་དང་ཕབ་ཞུ་བྱེད་པའི་ཆ་རྐྱེན་སོགས་གང་ཅིའི་ཐད་དུ་ལམ་སྟོན་ཞིག་ཡོད་ན་དེ་ལས་ཀྱང་ཡག་གི་ལགས།
བཀའ་དྲིན་ཆེ་བཀྲིས་ལགས། ངས་ཁྱེད་ཀྱི་གློག་རྡུལ་དྲ་དེབ་ལས་དེབ་ཆ་ཚང་ཕབ་ལེན་བྱེད་ཐུབ་སོང་། དེབ་ཁ་ཤས་ལ་དག་ཆའི་ཐོག་ནས་ནོར་འཁྲུལ་ཅུང་ཟད་ཡོད་ས་འདུག་པས་ཕྱིས་སུ་བསྒྱུར་བཅོས་བྱེད་ཐུབ་ན་དགེ་མཚན་ཆེ་བར་མངོན་ཞུ་རྒྱུ་དང་། ད་དུང་དེབ་མང་ཙམ་མཁོ་བསྒྲུབ་དང་གསར་བཅུག་གནང་རྒྱུའི་བཀའ་དྲིན་མ་ཆུང་ཞུ་རྒྱུ་བཅས།
ལེགས་སྐྱེ་འབུལ། མུན་མཐུད་དེ་གནང་རོགས་ཞུ་་་་་་་་་་ཕོ་ཕ་བཟང་བུ།
ཡར་ཐོན་ཅན་གྱི་ལེགས་སྐྱེས་རེད་འདུག་ལགས།
བཀྲ་ཤེས་ལགས། ཁྱེད་ཀྱི་བྱ་བ་འདི་ནི་ང་རང་ཚོ་བོད་ལ་མཚོན་ན་བརླབས་ཆེན་྄གྱི་བྱ་བ་ཞིག་རེད་འདུག། འདི་འདྲ་བའི་དེང་རབས་ཀྱི་ཚན་རྩལ་གྱི་བྱ་བ་གསར་ཏུ་གཏོད་པ་འདི་ནི་བོད་འཛངས་པའི་གྲལ་ལ་འཇོག་ན་མ་ཆོག་པ་མེད་འདྲ། ད་ནི་བོད་པ་རྣམས་སེམས་མ་ཤི། འདི་འདྲ་བའི་བོད་པ་རྣམས་ཉིན་རེ་བཞིན་ཇེ་མང་དང་ཇེ་དར་རེད་འདུག སྨོན་ལམ་དང་བཀྲ་ཤེས་སོགས་ཀྱིས་བོད་ཀྱི་སྐད་ཡིག་དེང་དུས་བརྡ་འཕྲིན་དང་འགྲོགས་ནས་སྲོག་དབུགས་གསར་པ་སྦྱིན་སོང་། ང་རང་བོད་ཀྱི་སྐད་ཡིག་ལ་དུང་བའི་བོད་པ་ཞིག་ཡིན་པའི་ཆ་ནས་། སྙིང་ཁུངས་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་། མ་འོང་པར་མུ་མཐུད་ནས་ཡར་རྒྱས་དང་རྒྱུན་སྐྱོངས་གནང་རོགས།།
བཀྲ་ཤིས་ལགས། བཀའ་དྲིན་ཆེ། རླབས་ཆེན་གྱི་བྱ་བ་རེད། དེ་བཞིན་རེ་བསྐུལ་ཞུ་རྒྱུར། སྐུ་ཞབས་བློ་བཟང་སྨོན་ལམ་ལྟར་གསར་བཏོད་ཀྱི་འཕྲུལ་རིགས་རྣམས་རིན་མེད་ཐོག་ཐོག་མཐའ་བར་གསུམ་དུ་འགྲེམ་སྤེལ་གནང་ན་དེ་བས་ཀྱང་དགེ་མཚན་ཆེ། ད་དུང་འཕྲུལ་དེབ་དེའི་ནང་དུ་ཆོས་ལུགས་ཆོས་རྒྱུད་སོ་སོའི་དགོན་པ་གྲྭ་ཚང་དང་། ཡང་ན་འབྲེལ་ཡོད་རྣམས་ལ་འབྲེལ་བ་གནང་ནས་དཔེ་དེབ་གལ་འགངས་ཅན་རིགས་གང་མང་འཇོག་ཐུབ་ན་ཕན་ཐོགས་ཆེ་སྙམ་མོ། འདི་ནི་རྒྱབ་སྐྱོར་དང་བསམ་ཚུལ་གཉིས་ཀ་ཡིན།
གློག་རྡུལ་དྲྭ་དེབ་འདི་འདྲ་གསར་བསྐྲུན་ཐུབ་པའི་བྱ་བ་འདི་ནི་བོད་ཀྱི་རིག་གཞུང་ལ་དགོས་མཁོ་ཤིན་ཏུ་ཆེ་བའི་རླབས་ཆེན་གྱི་བྱ་བ་ཞིག་ཡིན་པས། བཟོ་པ་པོ་ལ་བཀའ་དྲིན་ཆེ་ཞུ།
ནང་ཆེན་བཀྲིས་མཆོག་ལ་
བཀྲིས་བདེ་ལེགས་གྲངས་མེད་དང་བཅས་གནའ་དེང་ཟུང་འབྲེལ་གྱི་དེབ་གསར་གང་མང་འཇོག་གནང་རྒྱུར་བཀྲིན་མ་ཆུང་ཞུ།
དེབ་སྐྱེལ་ག་ཚོད་བྱས་ཀྱང་ངོས་ལེན་བྱེད་ཀི་མི་འདུག ལམ་སྟོན་ཡོད་ན་དུས་ཚོད་རེད།
དཔེ་དེབ་གང་ཡིན་བལྟ་ཀློག་ལ་སྟབས་བདེ་དང་ཕན་ཐོག་ཧ་ཅང་ཆེ་བས། ནང་ཆེན་ལགས་སུ་བཅོས་མིན་ཐུགས་རྗེ་ཆེ་ཞུ།
ནང་ཆེན་བཀྲ་ཤིས་ལགས་ཐུགས་རྗེ་ཤིན་དུ་ཆེ། ངས་གང་མགྱོགས་གློག་རྡུལ་དྲ་བའི་ནང་དུ་འཛུད་བདེ་བ་ཡིག་གཟུགས་ཧི་མ་ལ་ཡའི་ཐོག་བཟོས་ཏེ་བསྐུར་ཡོང་ཨ། ཁྱེད་ཀྱིས་སྐུ་ལས་དེ་ཙམ་བསྐྱོན་པར་སྙིང་ནས་བཀའ་དྲིན་ཆེ་ཆེ་ཆེ།
ནང་ཆེན་བཀྲིས་ལགས་ལགས་སུ་སེམས་ཁོང་ནས་འཚམ་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
Hi
བོད་ཀྱི་གློག་དེབ་སྲོལ་འགྱེད་པ་ནང་ཆེན་བཀྲ་ཤིས་ལགས་སུ་ངས་སྙིང་ཐག་པ་ནས་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབ་གཅིག་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།།
དྲ་གྲོགས་ཚོ།
གོང་གི་དྲ་དེབ་རྣམས་ཤིན་ཏུ་ལེགས་མོད། ད་དུང་དེ་དག་ལས་སྤུས་ཚད་བརྡབ་འགྱུར་གྱིས་མཐོ་བ། རྒྱབ་ཤ་དང་བཟོ་རྩལ་ཕུལ་དུ་བྱུང་བ། བརྗོད་དོན་ཟབ་པ། ཡི་གེ་དག་པ། གློག་དེབ་རེ་རེའི་ནང་དུ་འཚོལ་བདེའི་དཀར་ཆག་རྒྱས་པར་འཁོད་པ། ཐ་ན་དེབ་བསྐྱེལ་ཙམ་ཡང་མི་དགོས་པར་ཐད་ཀར་ཕབ་ལེན་ཆོག་པའི་གློག་དེབ་མང་པོ་ཞིག་གཤམ་གྱི་དྲ་ཐོག་ཏུ་ཡོད་པས། རྣམ་པ་ཚོས་གཟིགས་རོགས་ཞུ།
གུས་པས་གློག་དེབ་དེ་དག་ཕབ་ལེན་བྱེད་ཚར་ཡིན། ངོ་མ་ཡིད་དབང་འཕྲོག་པ་ཞིག་འདུག
http://www.rigzod.org/index.php?option=com_content&view=article&id=112:2011-12-22-17-40-41&catid=1:2011-09-01-18-24-37&Itemid=108
མཇུག་ཏུ་དྲ་དེབ་འདི་བཟོ་མཁན་སྐུ་ཞབས་རིག་པའི་རྡོ་རྗེ་ལགས་སུ་སྙིང་ནས་བཀའ་དྲིན་ཆེ་ཞེས་ཞུ་བ་དང་སྦྲགས་མུ་མཐུད་དུ་ཕྱག་ལས་རྒྱུན་སྐྱོང་ཡོང་བར་གསོལ་འདེབས་ཞུ་བ་ཡིན།
ཕྲན་ནས་གློག་རྡོལ་དྲ་དེབ་ནང་ནས་དེབ་ཚང་མ་ཕབ་ལེན་བྱས་ཚར་ནས་ཀློག་བཞིན་པ་ཡིན། དངོས་གནས་ཧ་ཅང་དགེ་མཚན་ཆེན་པོ་འདུག དུས་རབ་ཀྱི་རྗེས་བྱིན་པ་གནང་འདུག སེམས་སྟེང་ནས་ཁྱེད་ལ་བཀའ་དྲིན་ཆེ་ཞུ།
བཀྲེས་བདེ་ལེགས།
ནང་ཆེན་བཀྲ་ཤིས་ལགས་ཐུགས་རྗེ་ཆེ། མུ་མཐུད་ཤི་མ་གསོན་གྱི་མི་རིགས་འདི་སེམས་ལ་གཟུང་རོགས།
ནང་ཆེན་བཀྲ་ཤིས་ལགས་ཐུགས་རྗེ་ཆེ། མུ་མཐུད་ཤི་མ་གསོན་གྱི་མི་རིགས་འདི་སེམས་ལ་གཟུང་རོགས།
ཤིན་ཏུལེགས།
ལྷག་བསམ་ལ་མུ་མཐའ་མེད་པའི་ངས་ཀྱང་འདིར་རྒྱུད་དེ་ཐུགས་རྗེ་ལེགས་འབུལ་ཞུ་བཞིན་ཡོད།
ནང་ཆེན་བཀྲ་ཤིས་ལགས་ལ་ཐུགས་རྗེ་ཆེ་ཞུ། ཞལ་གྲོ། ཡག་པོ་འདུག།
ཆོས་ལྡན་བོད་པ་རྣམས་ཀྱིས་ཞལ་འདོན་དང་དེབ་ཀློག་པ་ཕན་ཐོག་ཆེ་པོ་འདུག། ཕ་བཟང་གི་བུ་། ཐུགས་རྗེ་ཆེ།།
བཀའ་དྲིན་ཆེ ཡག་པོ་འདུག
ནང་ཆེན་བཀྲ་ཤིས་ལགས རེ་བ་ཞུ་རྒྱུ་ཞིག་ལ ཁྱོད་ཀྱི་འདིའི་ནང་དུ་མང་དུ་གྲགས་པའི་རྩོམ་དེབ་དང་མང་ཚོགས་ཆེས་དགའ་བའི་དགེ་ཆོས་ཀྱི་དེབ་མང་ན་ཤིན་ཏུ་ལེགས དམིགས་བསལ་བོད་ནང་གི་དེབ བཀའ་དྲིན་ཆེ།
བེད་སྤྱོད་བྱེད་ཐབས་ལ་ལམ་སྟོན་ཞིག་གནང་རོགས།